འཕྱོངས་རྒྱས་གྲོང་ཚོ། ཡང་ན། ཟླ་བ་སྒྲོལ་མ།(ཞར་བཀོད་གཅིག་ཡོད)

ལྷ་རྒྱལ་འོད།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-21
ནས་འབྲུ་སེམས་ཀྱིས་བཙགས་རྗེས
སྙིང་གི་མདའ་སྐུད་དེ་རླུང་གིས་བཅད་སོང
སྙིང་ཉེ་བའི་མྱ་ངམ་ཐང་འདི་ཁྱོད་ཀྱི་ཕ་ཡུལ་རེད

ཁྱོད་མེད་ན  ཆང་ལ་སྐྱུར་མདོག་ཁ་བོ་ཞེ་དྲག་འདུག
ཁྱོད་ལ་སྟོང་སང་སང་གི་ཟླ་བའི་གྲོང་ཚོ་འདི་ལས་མེད་ནའང
དུ་ཁུང་ལས་སེམས་པ་སྲོ་ཤེས་པའི་ཉི་འོད་དེ་ང་ལ་དྲོངས་ཤིག

ཆང་འདི ཡང་ན ཆང་འདིའི་ཕབས་རྟ་འདི
ཁྱོད་ཀྱི་མིག་ཆུའི་ཡོན་ཆབ་རེད་བཞག
ཡང་ན  ཉི་མ་དྲུག་གི་སྡུག་བསྔལ་ཞུན་མར་གྱུར་ཏེ
ངའི་དཀར་ཡོལ་ཏུ་འཁྱིལ་བ་རེད

ཆང་གི་གསེང་དུ་བཅུག་པའི་བརྩེ་དུང་གི་མངར་ཁ་རེད
ཁྱོད རླུང་དང་ཆར་གྱིས་བསྒུལ་བའི་སྙེ་མ་ཞིག་གི་རྣམ་ཤེས་རེད

སྨིན་མ་འཁྱོག་པོར་བྲིས་པའི་ཆང་མ་ཞིག་གིས
ང་ལ་ཆང་ཕོར་ཡང་ཡང་བཏེགས་བྱུང
ཆང་འདི   སྐྱེ་བ་གསུམ་ལ་རིང་བཟི་བའི
ང་ཡི་རྣམ་ཤེས་ཀྱི་ཕུགས་ལ་དྲངས་སོང

སྐར་མ་བྱེ་བ་ཕྲག་བརྒྱ།
               
ཨ་སྔོན་དུ ཕྱེད་ཀ་མེད་པའི་ཟླ་བ་གཅིག་པུ་བྲིས
ལུས་པོ་མུན་པ་ཕྱེད་ཀའི་ནང་ཟགས་པ་བྲིས

འཇིག་རྟེན་ནས་“འབྲུག་མོའི་གནས་ལམ”མཐོང་བས
དྲི་བ་ཆེ་ཞིག་གི་ནག་ཉེས་སེམས་སུ་ཆུ་རྒོད་བཞིན་གདུ

ས་སྲོད་ཀྱི་རྟ་བ་དེའི་རྒྱབ་ཏུ་ཁྲག་གི་གྲིབ་མ་མཐོང་བས
ངས་ཕ་མེས་ཀྱི་ཇག་ལམ་རང་གི་རྐང་འོག་ལས་ཤོར་བ་ཚོར

ཆོབ་ཚ་བའི་གཤིས་ཀ  ལུས་སྟེང་ནས་བསེར་བུས་ཁུར་རྗེས
ས་སྲོད་དང་ཐོ་རེངས་ལས་གྲབས་གཤོམ་མཁན་དེ་ང་རེད་མི་འདུག

མཚན་མོས་བཙགས་པའི་ནང་སེམས་ཀྱི་མུན་པ་དཀར་བོ
བཞུར་མཚམས་ཆད་པའི་གཙང་བོ་ཞིག་ལྟར་ལྷིང་འཇགས་ཁོ་ན་སྲུང

ད་ལྟའི་ཁ་དོག་འདི་རི་མོའམ་རེ་ལྡེ་ནག་པོ་ཞིག་དང་འདྲ
ནང་སེམས  མྱ་ངན་གྱིས་གཅུད་འོང  དུས་ཚོད་ནི་ལྕེབས་ཐག་དེའོ

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འཕྱོངས་རྒྱས་གྲོང་ཚོ། ཡང་ན། ཟླ་བ་སྒྲོལ་མ།(ཞར་བཀོད་གཅིག་ཡོད)

2021-11-21 ལྷ་རྒྱལ་འོད།(ལྷ་ས) ཀློག་གྲངས། མཆན ཡོད།
ནས་འབྲུ་སེམས་ཀྱིས་བཙགས་རྗེས
སྙིང་གི་མདའ་སྐུད་དེ་རླུང་གིས་བཅད་སོང
སྙིང་ཉེ་བའི་མྱ་ངམ་ཐང་འདི་ཁྱོད་ཀྱི་ཕ་ཡུལ་རེད

ཁྱོད་མེད་ན  ཆང་ལ་སྐྱུར་མདོག་ཁ་བོ་ཞེ་དྲག་འདུག
ཁྱོད་ལ་སྟོང་སང་སང་གི་ཟླ་བའི་གྲོང་ཚོ་འདི་ལས་མེད་ནའང
དུ་ཁུང་ལས་སེམས་པ་སྲོ་ཤེས་པའི་ཉི་འོད་དེ་ང་ལ་དྲོངས་ཤིག

ཆང་འདི ཡང་ན ཆང་འདིའི་ཕབས་རྟ་འདི
ཁྱོད་ཀྱི་མིག་ཆུའི་ཡོན་ཆབ་རེད་བཞག
ཡང་ན  ཉི་མ་དྲུག་གི་སྡུག་བསྔལ་ཞུན་མར་གྱུར་ཏེ
ངའི་དཀར་ཡོལ་ཏུ་འཁྱིལ་བ་རེད

ཆང་གི་གསེང་དུ་བཅུག་པའི་བརྩེ་དུང་གི་མངར་ཁ་རེད
ཁྱོད རླུང་དང་ཆར་གྱིས་བསྒུལ་བའི་སྙེ་མ་ཞིག་གི་རྣམ་ཤེས་རེད

སྨིན་མ་འཁྱོག་པོར་བྲིས་པའི་ཆང་མ་ཞིག་གིས
ང་ལ་ཆང་ཕོར་ཡང་ཡང་བཏེགས་བྱུང
ཆང་འདི   སྐྱེ་བ་གསུམ་ལ་རིང་བཟི་བའི
ང་ཡི་རྣམ་ཤེས་ཀྱི་ཕུགས་ལ་དྲངས་སོང

སྐར་མ་བྱེ་བ་ཕྲག་བརྒྱ།
               
ཨ་སྔོན་དུ ཕྱེད་ཀ་མེད་པའི་ཟླ་བ་གཅིག་པུ་བྲིས
ལུས་པོ་མུན་པ་ཕྱེད་ཀའི་ནང་ཟགས་པ་བྲིས

འཇིག་རྟེན་ནས་“འབྲུག་མོའི་གནས་ལམ”མཐོང་བས
དྲི་བ་ཆེ་ཞིག་གི་ནག་ཉེས་སེམས་སུ་ཆུ་རྒོད་བཞིན་གདུ

ས་སྲོད་ཀྱི་རྟ་བ་དེའི་རྒྱབ་ཏུ་ཁྲག་གི་གྲིབ་མ་མཐོང་བས
ངས་ཕ་མེས་ཀྱི་ཇག་ལམ་རང་གི་རྐང་འོག་ལས་ཤོར་བ་ཚོར

ཆོབ་ཚ་བའི་གཤིས་ཀ  ལུས་སྟེང་ནས་བསེར་བུས་ཁུར་རྗེས
ས་སྲོད་དང་ཐོ་རེངས་ལས་གྲབས་གཤོམ་མཁན་དེ་ང་རེད་མི་འདུག

མཚན་མོས་བཙགས་པའི་ནང་སེམས་ཀྱི་མུན་པ་དཀར་བོ
བཞུར་མཚམས་ཆད་པའི་གཙང་བོ་ཞིག་ལྟར་ལྷིང་འཇགས་ཁོ་ན་སྲུང

ད་ལྟའི་ཁ་དོག་འདི་རི་མོའམ་རེ་ལྡེ་ནག་པོ་ཞིག་དང་འདྲ
ནང་སེམས  མྱ་ངན་གྱིས་གཅུད་འོང  དུས་ཚོད་ནི་ལྕེབས་ཐག་དེའོ

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།