གྱེས་བྲལ།
___ བཞུད་སོང་བའི་བགྲེས་མོ་དེར།
རྟག་བརྟན་གྱི་སྨོན་ཚིག་ཅིག་ཕུལ་ཁོམ་མ་བྱུང
གཡར་བའི་ལུས་པོ་དེ་ཤུལ་ཏུ་བཞག་འདུག
སེམས་འདི་གང་ཞིག་ཏུ་ལུས་སོང་བ་འདྲ་བའི
སེམས་འདི་གང་ཅི་ཞིག་གིས་ཁྱེར་སོང་བ་འདྲ་བའི
བཟོད་དཀའ་བའི་ན་ཟུག་དྲག་པོ་དེ་དག
ལུས་སོང་བའི་འུ་ཅག་དང་ཉེ་བར་བཅར་འདུག
གྱེས་བྲལ་ཞེས་པ་དེ སྐྱེ་འཆི་ཞེས་པ་དེ
རྨི་ལམ་ཞིག་ཡིན་ན་ཤིན་ཏུ་དགའ་ཨང
བཞུད་ཟིན་པའི་ལོ་ཟླ་རེ་རེ
གློག་བརྙན་ནང་གི་འགུལ་རིས་བཞིན་འཕག་བྱུང
ཤིན་ཏུ་སྙིང་ཉེ་ཞིང་ཡི་གར་འོང
ཚོད་ཚོད་ལ ཁྱིམ་གཞི་འདི་མིག་ཆུ་རུ་གྱུར་འདུག
ཚོད་ཚོད་ལ ཁྱིམ་གཞི་འདི་ངུ་སྐད་ཀྱིས་གྲུབ་འདུག
དེ་ནི འདར་བཞིན་པའི་ཚེ་སྲོག་གི་སྐུད་པ་དེ
དུམ་བུར་ཆད་སྟངས་ཤིག་རེད་འདུག
ད་ནི མིག་ཆུ་དེ་སྐམ་ཐབས་མེད་ཀྱང
དུས་ཚོད་ཀྱིས་སྐམ་པར་བྱ་དགོས
ད་ནི ན་ཟུག་བཟོད་ཐབས་མེད་ཀྱང
དུས་ཚོད་ཀྱིས་བྱིལ་བྱིལ་གནང་སྲིད
ད་ནི ད་ནི
བསྐྱུར་བའི་ལུས་པོ་དེ་དང
བཞག་པའི་ཁ་ཆེམས་དེ་གཉིས་ལས་ཅི་ཡང་མེད
མཐའ་མཇུག
ངས་དཀོན་མཆོག་ལ་གསོལ་བ་བཏབ་ནས
ཁྱོད་རང་ཆས་དགོས་པའི་ལམ་དེ་བདེ་ཞིང་སྐྱིད་ཤོག་ཅེས་པ་དེའོ
༢༠༢༡-༡༢-༡༣ཉིན།
རྩོམ་སྒྲིག་པ། དབང་མོ།
རྟག་བརྟན་གྱི་སྨོན་ཚིག་ཅིག་ཕུལ་ཁོམ་མ་བྱུང
གཡར་བའི་ལུས་པོ་དེ་ཤུལ་ཏུ་བཞག་འདུག
སེམས་འདི་གང་ཞིག་ཏུ་ལུས་སོང་བ་འདྲ་བའི
སེམས་འདི་གང་ཅི་ཞིག་གིས་ཁྱེར་སོང་བ་འདྲ་བའི
བཟོད་དཀའ་བའི་ན་ཟུག་དྲག་པོ་དེ་དག
ལུས་སོང་བའི་འུ་ཅག་དང་ཉེ་བར་བཅར་འདུག
གྱེས་བྲལ་ཞེས་པ་དེ སྐྱེ་འཆི་ཞེས་པ་དེ
རྨི་ལམ་ཞིག་ཡིན་ན་ཤིན་ཏུ་དགའ་ཨང
བཞུད་ཟིན་པའི་ལོ་ཟླ་རེ་རེ
གློག་བརྙན་ནང་གི་འགུལ་རིས་བཞིན་འཕག་བྱུང
ཤིན་ཏུ་སྙིང་ཉེ་ཞིང་ཡི་གར་འོང
ཚོད་ཚོད་ལ ཁྱིམ་གཞི་འདི་མིག་ཆུ་རུ་གྱུར་འདུག
ཚོད་ཚོད་ལ ཁྱིམ་གཞི་འདི་ངུ་སྐད་ཀྱིས་གྲུབ་འདུག
དེ་ནི འདར་བཞིན་པའི་ཚེ་སྲོག་གི་སྐུད་པ་དེ
དུམ་བུར་ཆད་སྟངས་ཤིག་རེད་འདུག
ད་ནི མིག་ཆུ་དེ་སྐམ་ཐབས་མེད་ཀྱང
དུས་ཚོད་ཀྱིས་སྐམ་པར་བྱ་དགོས
ད་ནི ན་ཟུག་བཟོད་ཐབས་མེད་ཀྱང
དུས་ཚོད་ཀྱིས་བྱིལ་བྱིལ་གནང་སྲིད
ད་ནི ད་ནི
བསྐྱུར་བའི་ལུས་པོ་དེ་དང
བཞག་པའི་ཁ་ཆེམས་དེ་གཉིས་ལས་ཅི་ཡང་མེད
མཐའ་མཇུག
ངས་དཀོན་མཆོག་ལ་གསོལ་བ་བཏབ་ནས
ཁྱོད་རང་ཆས་དགོས་པའི་ལམ་དེ་བདེ་ཞིང་སྐྱིད་ཤོག་ཅེས་པ་དེའོ
༢༠༢༡-༡༢-༡༣ཉིན།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།