ལྷ་སའི་སྐྱིད་ཆུར་ཚིག་གསུམ་དྲིས།

སྨྱུག་སྨྱོན།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-12-13
སྟོན་མཐའི་དུས་ཚིགས་ཀྱི་ཉིན་མོ་འདིར
ལྷགས་རླུང་ངར་མ་ཞིག་གིས་ལྷ་སའི་ངོ་གདོང་བཀྲུས
དུས་ཀྱི་རླུང་བུ་དེ་སྐྱིད་ཆུའི་ངོགས་ནས་འཕུར་དུས
སེམས་པ་འཁྱམ་པོ་འདི
ཁབ་ལེན་གྱི་རྡོ་བ་སྔོན་པོས་ཡོངས་སུ་ཉར

ལོ་རྒྱུས་ཀྱི་ལྟེབ་ངོས་སུ
བག་ལ་ཉལ་བའི་གཤེར་གཟུགས་བང་རིམ་ཅན་ཞིག
གནའ་བོའི་མི་རིགས་ཞིག་གི་ཆ་ཤས་སུ་གྲུབ་སྟེ
མ་སྐྱེས་ཨ་མའི་ཞལ་རས་གཡར་ནས
དལ་བུར་ས་ཆེན་འདིའི་ལྷུམས་སུ་བཞུགས

གནམ་གཤིས་ཀྱི་འཕོ་འགྱུར་སྣ་ཚོགས
ཁྱོད་ཀྱི་ཉི་ཟླའི་འོག་གི་ངོ་གདོང་ལས་མཇལ་ཐུབ་བམ
ཁ་སང་གི་དྲན་ཤིང་དེ་དག་གང་དུ་ཕྱིན་སོང
ཁྱོད་ཀྱི་ཉེ་འགྲམ་ནས་གྲག་འོང་བའི་རྨིག་སྒྲ་དེ་དག
རལ་གྲི་དང་གླེགས་བམ་ལ་འཁེན་པའི་རྣམ་ཤེས་དེ་དག
བྲན་གཡོག་ཁྲི་མ་འབུམ་གྱིས་དམར་ཟིངཟིང་གི
རྐང་ལག་གིས་བརྩིགས་པའི་ཆུ་རགས་དེ་དག

སླར་ཡང དེ་རིང་གི་ཁུད་དུ་ལོག་དུས
འཛུགས་སྐྲུན་དང་དྲ་རྒྱས་བསྡམས་པའི་ཁྱོད་ཀྱི་སྒྱུ་ལུས
ད་དུང ཁ་དོག་དང་བྲོ་བ
སྒྲ་དབྱངས་དང་བཞུར་དྲི
དེང་རབས་ཁོ་ནར་སྙེགས་པའི་ཐ་སྙད་ནད་པ་ཞིག་ཡིན་ནམ

ཆེས་གུ་དོག་པའི་མཐོ་སྒང་གི་གནའ་གྲོང་འདིའི་དབུས་ན
ཕོ་བྲང་པོ་ཏ་ལ་དེ་ཉིད་ནམ་ཡང་ཁྱོད་ཀྱི་ཁ་གཏད་དུ་འགྱིང
ཁྱོད་ཀྱི་མིག་ཟུང་གིས་ལྷ་སའི་གནམ་སར་སྙོབ་དོན་ཅི
ཡོད་ཚད་གློག་མིག་གིས་བཤེར་བའི་དུས་རབས་འདིར
ཡང་སྙིང ཁྱོད་ལ་མཐོང་ཐོས་མྱོང་རེག་ཅི་ཞིག་བྱུང
དབུས་ཀྱི་ལྷ་སའི་སྐྱིད་ཆུ

ཁྱོད་ནི་སྐྱིད་པའི་མིག་ཆུ་ཁོ་ན་ཡིན་ནམ
                 ༢༠༢༡/༡༡/༣ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷ་སའི་སྐྱིད་ཆུར་ཚིག་གསུམ་དྲིས།

2021-12-13 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
སྟོན་མཐའི་དུས་ཚིགས་ཀྱི་ཉིན་མོ་འདིར
ལྷགས་རླུང་ངར་མ་ཞིག་གིས་ལྷ་སའི་ངོ་གདོང་བཀྲུས
དུས་ཀྱི་རླུང་བུ་དེ་སྐྱིད་ཆུའི་ངོགས་ནས་འཕུར་དུས
སེམས་པ་འཁྱམ་པོ་འདི
ཁབ་ལེན་གྱི་རྡོ་བ་སྔོན་པོས་ཡོངས་སུ་ཉར

ལོ་རྒྱུས་ཀྱི་ལྟེབ་ངོས་སུ
བག་ལ་ཉལ་བའི་གཤེར་གཟུགས་བང་རིམ་ཅན་ཞིག
གནའ་བོའི་མི་རིགས་ཞིག་གི་ཆ་ཤས་སུ་གྲུབ་སྟེ
མ་སྐྱེས་ཨ་མའི་ཞལ་རས་གཡར་ནས
དལ་བུར་ས་ཆེན་འདིའི་ལྷུམས་སུ་བཞུགས

གནམ་གཤིས་ཀྱི་འཕོ་འགྱུར་སྣ་ཚོགས
ཁྱོད་ཀྱི་ཉི་ཟླའི་འོག་གི་ངོ་གདོང་ལས་མཇལ་ཐུབ་བམ
ཁ་སང་གི་དྲན་ཤིང་དེ་དག་གང་དུ་ཕྱིན་སོང
ཁྱོད་ཀྱི་ཉེ་འགྲམ་ནས་གྲག་འོང་བའི་རྨིག་སྒྲ་དེ་དག
རལ་གྲི་དང་གླེགས་བམ་ལ་འཁེན་པའི་རྣམ་ཤེས་དེ་དག
བྲན་གཡོག་ཁྲི་མ་འབུམ་གྱིས་དམར་ཟིངཟིང་གི
རྐང་ལག་གིས་བརྩིགས་པའི་ཆུ་རགས་དེ་དག

སླར་ཡང དེ་རིང་གི་ཁུད་དུ་ལོག་དུས
འཛུགས་སྐྲུན་དང་དྲ་རྒྱས་བསྡམས་པའི་ཁྱོད་ཀྱི་སྒྱུ་ལུས
ད་དུང ཁ་དོག་དང་བྲོ་བ
སྒྲ་དབྱངས་དང་བཞུར་དྲི
དེང་རབས་ཁོ་ནར་སྙེགས་པའི་ཐ་སྙད་ནད་པ་ཞིག་ཡིན་ནམ

ཆེས་གུ་དོག་པའི་མཐོ་སྒང་གི་གནའ་གྲོང་འདིའི་དབུས་ན
ཕོ་བྲང་པོ་ཏ་ལ་དེ་ཉིད་ནམ་ཡང་ཁྱོད་ཀྱི་ཁ་གཏད་དུ་འགྱིང
ཁྱོད་ཀྱི་མིག་ཟུང་གིས་ལྷ་སའི་གནམ་སར་སྙོབ་དོན་ཅི
ཡོད་ཚད་གློག་མིག་གིས་བཤེར་བའི་དུས་རབས་འདིར
ཡང་སྙིང ཁྱོད་ལ་མཐོང་ཐོས་མྱོང་རེག་ཅི་ཞིག་བྱུང
དབུས་ཀྱི་ལྷ་སའི་སྐྱིད་ཆུ

ཁྱོད་ནི་སྐྱིད་པའི་མིག་ཆུ་ཁོ་ན་ཡིན་ནམ
                 ༢༠༢༡/༡༡/༣ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།