མཚན་ཕྱེད་ཅིག་ལ་སྨྲེང་བ།(ཞར་བཀོད་གཅིག་ཡོད)

ངས་ཉི་ནུབ་ཀྱི་མཚམས་སུ་ལྟ་མི་ཕོད།
ངའི་དྲི་མ་ནག་རོག་གེ་བ།
སུ་ཞིག་གིས་དྲུད་དེ་ཐག་རིང་ལ་སོང་ནས།
སླར་སྒོ་རྩར་བསླེབས་འདུག

ས་སྲོད་ཀྱི་ཀློང་དུ་མིག་ཟུང་བཙུམས་ནས།
བྲང་གཞུང་གི་གདུང་བས་ནམ་མཁའ་སིལ་བུར་བཅག

ད་དུང་གདུང་བ་ལྷག་མ་རྣམས་ཀྱིས།
གྱང་རའི་ངོས་སུ་ཡིག་འབྲུ་ཁ་ཤས་བྲིས་ཏེ།
ཕུང་པོ་འདི་གཅོང་རོང་ལ་ཕུད།

ང་ཡི་མིག་ཟུང་ལོང་བ་གྱུར་ན་ཡང་།
མལ་ས་འཁྱག་པ་ནང་ནས་ཁྱོད་ལ་ལྟ་སྙིང་འདོད།
            ༢༠༢༡/ ༡༢/ ༢༢ 

སེམས་ཀྱི་གཏིང་ན་ཟུག་པའི་མི་དེ། 

                                                                                    ---ཡང་ན་ཡུམ་ཆེན་ཆོས་དགའ་དྲན་པ།

དྲན་པ་མགོ་ཐོག་ལ་མི་འདུག
ཆར་ནང་ལའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག

དྲན་པ་མིག་ནང་ལ་མི་འདུག
ལྕེ་ཐོག་ལའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག

དྲན་པ་བར་ཐག་གི་གསེབ་ན་མི་འདུག
ཐག་རིང་ལའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག

དྲན་པ་མཚམས་སྤྲིན་གྱི་ཀློང་ན་མི་འདུག
ཆུ་འཁྱག་པ་ནང་ལའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག

དྲན་པ་ཁེར་རྐྱང་གི་ཁྲོད་དུ་མི་འདུག
གློ་སྙིང་གི་བར་ནའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག
          ༢༠༢༡/༡༢/༥ 

རྩོམ་སྒྲིག་པ། དབང་མོ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཚན་ཕྱེད་ཅིག་ལ་སྨྲེང་བ།(ཞར་བཀོད་གཅིག་ཡོད)

2022-03-19 སྦྲ་འཚོ།(ཉག་རོང) ཀློག་གྲངས། མཆན ཡོད།
ངས་ཉི་ནུབ་ཀྱི་མཚམས་སུ་ལྟ་མི་ཕོད།
ངའི་དྲི་མ་ནག་རོག་གེ་བ།
སུ་ཞིག་གིས་དྲུད་དེ་ཐག་རིང་ལ་སོང་ནས།
སླར་སྒོ་རྩར་བསླེབས་འདུག

ས་སྲོད་ཀྱི་ཀློང་དུ་མིག་ཟུང་བཙུམས་ནས།
བྲང་གཞུང་གི་གདུང་བས་ནམ་མཁའ་སིལ་བུར་བཅག

ད་དུང་གདུང་བ་ལྷག་མ་རྣམས་ཀྱིས།
གྱང་རའི་ངོས་སུ་ཡིག་འབྲུ་ཁ་ཤས་བྲིས་ཏེ།
ཕུང་པོ་འདི་གཅོང་རོང་ལ་ཕུད།

ང་ཡི་མིག་ཟུང་ལོང་བ་གྱུར་ན་ཡང་།
མལ་ས་འཁྱག་པ་ནང་ནས་ཁྱོད་ལ་ལྟ་སྙིང་འདོད།
            ༢༠༢༡/ ༡༢/ ༢༢ 

སེམས་ཀྱི་གཏིང་ན་ཟུག་པའི་མི་དེ། 

                                                                                    ---ཡང་ན་ཡུམ་ཆེན་ཆོས་དགའ་དྲན་པ།

དྲན་པ་མགོ་ཐོག་ལ་མི་འདུག
ཆར་ནང་ལའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག

དྲན་པ་མིག་ནང་ལ་མི་འདུག
ལྕེ་ཐོག་ལའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག

དྲན་པ་བར་ཐག་གི་གསེབ་ན་མི་འདུག
ཐག་རིང་ལའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག

དྲན་པ་མཚམས་སྤྲིན་གྱི་ཀློང་ན་མི་འདུག
ཆུ་འཁྱག་པ་ནང་ལའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག

དྲན་པ་ཁེར་རྐྱང་གི་ཁྲོད་དུ་མི་འདུག
གློ་སྙིང་གི་བར་ནའང་མི་འདུག
དྲན་པ་སེམས་ཀྱི་གཏིང་རིང་ན་འདུག
          ༢༠༢༡/༡༢/༥ 

རྩོམ་སྒྲིག་པ། དབང་མོ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།