སྙིགས་མའི་ཤེས་པ།
གཅོམ་བསྐྱུངས་ལས
ཞེ་གཅོད་པའི་ཚིག་ལ་སྙིང་ཚིམ་མཁན་བྱུང
གཏན་འབེབས་བྱས་པའི་ནམ་མཁའི་འོག་ཏུ
ཤེས་པ་ཉམས་པའི་བར་དུ་སྐྱེལ་མཁན་སླེབ
རྒྱུ་སྐར་དེ་དག་རྩིས་བཏབ་པ
རྩད་ནས་འཆུག་པ་མིན་གྲང
ཞིབ་ཚགས་མ་བྱིན་པའི་ཐ་སྙད་དག་གིས
རྡོ་བ་དག་གིས་ངག་འབྱིན་པར་བྱས
འཚུབ་ཆ་ཆེ་བ་རང་བྱུང་ཡང
གཞན་གྱིས་ཚོར་བ་ནི་ཆེར་མི་སྣང
མངོན་སུམ་དང་བསྟུན་དྲགས་པས
སྔ་སོར་གྱི་རྨི་ལམ་ཞིག་རལ་དུ་གྱུར
ཚམ་ཚོམ་དུ་འགྲོ་བའི་བསམ་པ་བཏང་བ་ནས
སྐྱེ་བོ་གཏམ་འདོད་ཅན་དེ་ཚོ
གཉིད་དུ་འཕྲི་ཙམ་སོང་ན་སྙམ
བསྙོན་འདིང་བའི་དོན་སོགས་འཕྲལ་འཕྲལ་བྱུང་ཡང
བཅོམ་རྡིབ་ཡེ་མེད་པའི་འཇམ་པ་རང་ཅིག་བྱུང་ཟེར
མཐའ་ཡས་པ་མཐོང་ལམ་སྒྲིབ་བྱེད་དུ་གྱུར
༢༠༢༢་༣་༢༥ཉིན་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།