མི་སྡུག་པར་བཟོས་རྗེས།(ཞར་བཀོད་བཞི་ཡོད)

དཀར་མོ།(བོད་ལྗོངས་སློབ་གྲྭ་ཆེན་མོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-04-07
གྲང་ངར་གྱིས་བཙས་པའི་དགུན་ཁ་ཞིག་ཐང་ལ་ལྷུང་།
སྨག་རུམ་ནང་ཐང་མར་བརྡལ་བའི་སྣང་བའི་མེ་ཏོག་རྙིད།

རླུང་གིས་ཁུར་བའི་ལོ་མ་དག་སླར་ཡང་སྡོང་མགོར་ཐོགས།
དགོང་ཁའི་མཚམས་སྤྲིན་ལ་མི་སྡུག་པའི་ཁ་དོག་བྱུགས།

རླུང་དང་འཁོར་བའི་བྲག་ཅར་བརྒྱུས་པའི་ཞེན་པའི་གཟུགས།
ཞེ་ཡི་གཏད་སོ་དང་ལས་ཀྱི་མེ་ལོང་ངོར་མི་གཙང་བ་འབྱར་བ།
སྡུག་བསྔལ་བརྗོད་པར་གོམས་པའི་གོ་ཁ་ཞིག་ཏུ་འགྱུར་བར་སྐྲག

རྒོ་བས་འཕྲུལ་གྱི་གར་མའི་ལྭ་འདབས་སུ་གཉིད་ཅོག་བརྒྱབ།
ངལ་དུབ་ཀྱིས་མནར་བའི་གྲིབ་མ་དག་མགོ་རྔ་མེད་པར་བཟོས་རྗེས།
རྨི་ལམ་གྱི་བདེ་བ་ག་ཙམ་ཞིག་མུན་པའི་ལམ་དུ་ཞུགས།

ཁྱོད་རང་དྲན་ཚུལ།

སྡོད་ཁང་ནང་བྱི་དོར་བྱས་རྗེས
ས་རྡུལ་མང་པོ་ངལ་བས་སྐྱོད
རང་དབང་གི་ནམ་མཁའ་སྙེག
ཙོག་ཙེའི་སྟེང་གི་འདྲ་པར་རྙིང་བ་དེ་ཚོ
འཚོ་བའི་གྲུབ་ཆ་ཡིན་པས
ཡིད་ཀྱི་རྦ་རླབས་མཁའ་ལ་རྩེན་པར་ནུས
        འཆི་བ།
                                                         
བརྙན་རས་ངོས་སུ་བུད་མེད་ཅིག་སྒེའུ་ཁུང་འགྲམ་དུ་ཙོག་པུར་བསྡད
སྐྱ་རེངས་ཤར་བ་ནས་སླར་ཡང་སྐར་མ་འཆར་བའི་བར་དུ་བསྡད

ར་སྐོར་དུ་རྒས་འཁོགས་ཤིག་ཉི་མར་ལྡེ་ཞིང་གཉིད་ཀྱིས་གཙེས
ཞེ་ཡི་སྣང་བར་འཚོ་བའི་གཟུགས་ཅན་དག་ལ་རྣམ་པར་འཁྲེང
གྲིབ་མའི་སེང་རས་རྨི་ལམ་གྱི་དག་ཞིང་ཡིན་པར་ཆ་འཇོག་བྱས

སྡེ་དཔོན་གྱི་བག་མའི་མཛེས་ཀོང་སྙིང་དུ་སྡུག་པ་ཙག་གིས་འཁེངས
འཚོ་བའི་རྣམ་འགྱུར་ལ་གདམ་ཀ་མེད་པར་ཡིད་ཆེས་གྱིས
རུས་པའི་གཏིང་དང་ཞེ་ཡི་བསྟི་གནས་སུ་ཆགས་པ་རློམ་པར་སྐད

སྒེའུ་ཁུང་གྱི་སེར་ཀ་ལས་མཆོད་མེ་དང་བུད་མེད་ཀྱི་དཔུང་བ་མངོན་ཙམ
ར་སྐོར་གྱི་རྒས་འཁོགས་རུས་ཐལ་སྤར་མོ་གང་དུ་གྱུར་བ་རླུང་ལ་སྤུར
བག་མའི་འཛུམ་ཀོང་གཉེར་མས་བསྒྲིབས་པ་འཚོ་བའི་རྣམ་འགྱུར་ཉིད

ལམ་བར་དུ།

གློག་འོད་འོག་ཏུ
ལམ་འགྲམ་གྱི་སྡོང་ལོའི་སྟེང་ཁྱེད་ཀྱི་གཟུགས་བརྙན་གྲུབ
མེ་ཏོག་གི་ལན་བུ་མང་པོ་འཐོར
ཁ་པར་གྱིས་པར་སྒོ་ཡང་ཡང་གཟས་སྟེ
དྲན་པའི་རྟེན་དུ་ཉར
  
སྒྱུ་མའི་གར།

མི་སེམས་ནི
ཆུ་ཡི་རླབས་བཞིན
འཇའ་ཡི་གཟུགས་ལྟར
སྒྱུ་མའི་གར་ལ་རྩེན
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མི་སྡུག་པར་བཟོས་རྗེས།(ཞར་བཀོད་བཞི་ཡོད)

2022-04-07 དཀར་མོ།(བོད་ལྗོངས་སློབ་གྲྭ་ཆེན་མོ) ཀློག་གྲངས། མཆན ཡོད།
གྲང་ངར་གྱིས་བཙས་པའི་དགུན་ཁ་ཞིག་ཐང་ལ་ལྷུང་།
སྨག་རུམ་ནང་ཐང་མར་བརྡལ་བའི་སྣང་བའི་མེ་ཏོག་རྙིད།

རླུང་གིས་ཁུར་བའི་ལོ་མ་དག་སླར་ཡང་སྡོང་མགོར་ཐོགས།
དགོང་ཁའི་མཚམས་སྤྲིན་ལ་མི་སྡུག་པའི་ཁ་དོག་བྱུགས།

རླུང་དང་འཁོར་བའི་བྲག་ཅར་བརྒྱུས་པའི་ཞེན་པའི་གཟུགས།
ཞེ་ཡི་གཏད་སོ་དང་ལས་ཀྱི་མེ་ལོང་ངོར་མི་གཙང་བ་འབྱར་བ།
སྡུག་བསྔལ་བརྗོད་པར་གོམས་པའི་གོ་ཁ་ཞིག་ཏུ་འགྱུར་བར་སྐྲག

རྒོ་བས་འཕྲུལ་གྱི་གར་མའི་ལྭ་འདབས་སུ་གཉིད་ཅོག་བརྒྱབ།
ངལ་དུབ་ཀྱིས་མནར་བའི་གྲིབ་མ་དག་མགོ་རྔ་མེད་པར་བཟོས་རྗེས།
རྨི་ལམ་གྱི་བདེ་བ་ག་ཙམ་ཞིག་མུན་པའི་ལམ་དུ་ཞུགས།

ཁྱོད་རང་དྲན་ཚུལ།

སྡོད་ཁང་ནང་བྱི་དོར་བྱས་རྗེས
ས་རྡུལ་མང་པོ་ངལ་བས་སྐྱོད
རང་དབང་གི་ནམ་མཁའ་སྙེག
ཙོག་ཙེའི་སྟེང་གི་འདྲ་པར་རྙིང་བ་དེ་ཚོ
འཚོ་བའི་གྲུབ་ཆ་ཡིན་པས
ཡིད་ཀྱི་རྦ་རླབས་མཁའ་ལ་རྩེན་པར་ནུས
        འཆི་བ།
                                                         
བརྙན་རས་ངོས་སུ་བུད་མེད་ཅིག་སྒེའུ་ཁུང་འགྲམ་དུ་ཙོག་པུར་བསྡད
སྐྱ་རེངས་ཤར་བ་ནས་སླར་ཡང་སྐར་མ་འཆར་བའི་བར་དུ་བསྡད

ར་སྐོར་དུ་རྒས་འཁོགས་ཤིག་ཉི་མར་ལྡེ་ཞིང་གཉིད་ཀྱིས་གཙེས
ཞེ་ཡི་སྣང་བར་འཚོ་བའི་གཟུགས་ཅན་དག་ལ་རྣམ་པར་འཁྲེང
གྲིབ་མའི་སེང་རས་རྨི་ལམ་གྱི་དག་ཞིང་ཡིན་པར་ཆ་འཇོག་བྱས

སྡེ་དཔོན་གྱི་བག་མའི་མཛེས་ཀོང་སྙིང་དུ་སྡུག་པ་ཙག་གིས་འཁེངས
འཚོ་བའི་རྣམ་འགྱུར་ལ་གདམ་ཀ་མེད་པར་ཡིད་ཆེས་གྱིས
རུས་པའི་གཏིང་དང་ཞེ་ཡི་བསྟི་གནས་སུ་ཆགས་པ་རློམ་པར་སྐད

སྒེའུ་ཁུང་གྱི་སེར་ཀ་ལས་མཆོད་མེ་དང་བུད་མེད་ཀྱི་དཔུང་བ་མངོན་ཙམ
ར་སྐོར་གྱི་རྒས་འཁོགས་རུས་ཐལ་སྤར་མོ་གང་དུ་གྱུར་བ་རླུང་ལ་སྤུར
བག་མའི་འཛུམ་ཀོང་གཉེར་མས་བསྒྲིབས་པ་འཚོ་བའི་རྣམ་འགྱུར་ཉིད

ལམ་བར་དུ།

གློག་འོད་འོག་ཏུ
ལམ་འགྲམ་གྱི་སྡོང་ལོའི་སྟེང་ཁྱེད་ཀྱི་གཟུགས་བརྙན་གྲུབ
མེ་ཏོག་གི་ལན་བུ་མང་པོ་འཐོར
ཁ་པར་གྱིས་པར་སྒོ་ཡང་ཡང་གཟས་སྟེ
དྲན་པའི་རྟེན་དུ་ཉར
  
སྒྱུ་མའི་གར།

མི་སེམས་ནི
ཆུ་ཡི་རླབས་བཞིན
འཇའ་ཡི་གཟུགས་ལྟར
སྒྱུ་མའི་གར་ལ་རྩེན
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།