སྲང་ལམ་ནས་མི་ཞིག་ལ་སྒུག་པ།(སྙན་ཚོམས)

ཞྭ་ནག་པ།(གསེར་རྟ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-04-07
༡ མ་རྙེད་པའི་ཚོར་བ།

རླུང་བུ་ཅི་ཙམ་འདར་ཡང
ང་ལ་འཁྱག་སྣང་མི་འདུག
མཚན་མོ་འདིའི་སྲང་ལམ་བར་ནས
ངས་ཁྱོད་རང་གཅིག་པོར་བསྒུག་ཡོད

སྙིང་ཉེ   མཚན་མོ་འདི་ཅི་ཙམ་འཁྱག་ཀྱང
ཁྱོད་ཀྱིས་ནང་སེམས་ཀྱིས་ང་རང་སྲོ་ཡོད་པ་ཚོར་ན
ངས་འཁྱག་སྣང་ཟེར་བའི་ཚོར་བ་དེ་བཙལ་རུང་མ་རྙེད

སྐར་མ་བརྒྱ་དང་ཉི་ཤུར
ངས་ཁྱོད་རང་སྲང་ལམ་ནས་བསྒུག་བཞག
དེ་ནི་ཅི་ཡང་མིན་དེ   
ངས་ཁྱོད་རང་ཉིན་ཞག་སྟོང་དང་དགུར་བརྒྱར
ཁེར་རྐྱང་གི་ན་ཟུག་གྱོན་ནས་བསྒུགས་མྱོང
༢ སྲང་ལམ་གྱི་སྙན་ངག་པ།

སྙན་ངག་པ་ཞིག་གིས
མཚན་མོའི་སྲང་ལམ་དུ
སྙིང་ཉེ་བའི་རང་གི་མཛའ་མོར་བསྒུག་འདུག

ཁོ་ལ་སྐྱོ་སྣང་མི་འདུག་ཟེར
བརྩེ་དུང་གི་མེ་ལྕེ་རེ་རེས
ཁོ་དང་ཁོའི་མཛའ་མོ་བསྲོས་ཡོད
༣ འཇིག་རྟེན་གྱི་རྒྱ་ཁྱོན།

འཇིག་རྟེན་འདི་རྒྱ་ཆེ་ལ་རྒྱ་ཡང་ཆུང
འཇིག་རྟེན་འདི་རྒྱ་ཆེ་བས
ང་ཡིས་ཁྱོད་རང་ཅི་ཙམ་བཙལ་རུང
འུ་གཉིས་དུས་ཚོད་གཅིག་གི་ནང་དུའང
འཕྲད་ཐབས་མི་འདུག

ཡང་ན  འཇིག་རྟེན་འདི་རྒྱ་ཆུང་བས
འུ་གཉིས་སྐད་ཅིག་གིས
མེ་སྟག་བཞིན་འཕྲད་པར་བྱས་ཏེ
མི་ཚེ་རིང་མོ་ཞིག་ཀྱང་མཉམ་གཅོད་བྱ་དགོས་བྱུང

འཇིག་རྟེན་འདི་རྒྱ་ཆེ་ལ་རྒྱ་ཡང་ཆུང
འཇིག་རྟེན་འདི་རྒྱ་ཆེ་བས
ངས་ཉིན་ཞག་སྟོང་དང་དགུ་བརྒྱར
ཁྱོད་དང་འཕྲད་པར་སྒུག་དགོས་བྱུང་མྱོང

འཇིག་རྟེན་འདི་རྒྱ་ཆུང་བས
འུ་གཉིས་སྐར་འབྲུ་བཞིན
ཁྱོད་ཀྱི་ཕོར་བའི་ནང་དུ་གསོན་པར་བྱས་ཏེ
མི་ཚེ་རིང་མོ་ཞིག་ཀྱང་མཉམ་གཅོད་བྱ་དགོས་བྱུང
             ༢༠༢༢-༣-༡༥མཚན་མོར།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྲང་ལམ་ནས་མི་ཞིག་ལ་སྒུག་པ།(སྙན་ཚོམས)

2022-04-07 ཞྭ་ནག་པ།(གསེར་རྟ) ཀློག་གྲངས། མཆན ཡོད།
༡ མ་རྙེད་པའི་ཚོར་བ།

རླུང་བུ་ཅི་ཙམ་འདར་ཡང
ང་ལ་འཁྱག་སྣང་མི་འདུག
མཚན་མོ་འདིའི་སྲང་ལམ་བར་ནས
ངས་ཁྱོད་རང་གཅིག་པོར་བསྒུག་ཡོད

སྙིང་ཉེ   མཚན་མོ་འདི་ཅི་ཙམ་འཁྱག་ཀྱང
ཁྱོད་ཀྱིས་ནང་སེམས་ཀྱིས་ང་རང་སྲོ་ཡོད་པ་ཚོར་ན
ངས་འཁྱག་སྣང་ཟེར་བའི་ཚོར་བ་དེ་བཙལ་རུང་མ་རྙེད

སྐར་མ་བརྒྱ་དང་ཉི་ཤུར
ངས་ཁྱོད་རང་སྲང་ལམ་ནས་བསྒུག་བཞག
དེ་ནི་ཅི་ཡང་མིན་དེ   
ངས་ཁྱོད་རང་ཉིན་ཞག་སྟོང་དང་དགུར་བརྒྱར
ཁེར་རྐྱང་གི་ན་ཟུག་གྱོན་ནས་བསྒུགས་མྱོང
༢ སྲང་ལམ་གྱི་སྙན་ངག་པ།

སྙན་ངག་པ་ཞིག་གིས
མཚན་མོའི་སྲང་ལམ་དུ
སྙིང་ཉེ་བའི་རང་གི་མཛའ་མོར་བསྒུག་འདུག

ཁོ་ལ་སྐྱོ་སྣང་མི་འདུག་ཟེར
བརྩེ་དུང་གི་མེ་ལྕེ་རེ་རེས
ཁོ་དང་ཁོའི་མཛའ་མོ་བསྲོས་ཡོད
༣ འཇིག་རྟེན་གྱི་རྒྱ་ཁྱོན།

འཇིག་རྟེན་འདི་རྒྱ་ཆེ་ལ་རྒྱ་ཡང་ཆུང
འཇིག་རྟེན་འདི་རྒྱ་ཆེ་བས
ང་ཡིས་ཁྱོད་རང་ཅི་ཙམ་བཙལ་རུང
འུ་གཉིས་དུས་ཚོད་གཅིག་གི་ནང་དུའང
འཕྲད་ཐབས་མི་འདུག

ཡང་ན  འཇིག་རྟེན་འདི་རྒྱ་ཆུང་བས
འུ་གཉིས་སྐད་ཅིག་གིས
མེ་སྟག་བཞིན་འཕྲད་པར་བྱས་ཏེ
མི་ཚེ་རིང་མོ་ཞིག་ཀྱང་མཉམ་གཅོད་བྱ་དགོས་བྱུང

འཇིག་རྟེན་འདི་རྒྱ་ཆེ་ལ་རྒྱ་ཡང་ཆུང
འཇིག་རྟེན་འདི་རྒྱ་ཆེ་བས
ངས་ཉིན་ཞག་སྟོང་དང་དགུ་བརྒྱར
ཁྱོད་དང་འཕྲད་པར་སྒུག་དགོས་བྱུང་མྱོང

འཇིག་རྟེན་འདི་རྒྱ་ཆུང་བས
འུ་གཉིས་སྐར་འབྲུ་བཞིན
ཁྱོད་ཀྱི་ཕོར་བའི་ནང་དུ་གསོན་པར་བྱས་ཏེ
མི་ཚེ་རིང་མོ་ཞིག་ཀྱང་མཉམ་གཅོད་བྱ་དགོས་བྱུང
             ༢༠༢༢-༣-༡༥མཚན་མོར།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།