སླར་མཇལ་བ།

སྨྱུག་སྨྱོན།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-04-13
              —བུད་མེད་གྲོགས་མོBལ་བྲིས་པ།

དུས་ཚོད་ཀྱི་སྒལ་ཚིགས་སུ་ཡུན་རིང་བརྐོས་པའི་བརྩེ་འདང་གི་ཐེར་ཟུག
འཚོ་བའི་གོ་རིམ་གྱི་ཁྲོད་ན་རྡོ་བའི་མེ་ཏོག་བཞིན་འཚེར

གཞོན་སྐྱེས་ཀྱི་མེ་ལྕེ་འབར་བའི་སློབ་པ་ལམ་གྱི་ཚེ
སློབ་གླིང་གི་གྲུ་ཟུར་ན་བྱིས་བློའི་སྣང་བས
ཡོད་ཚད་རྨི་ལམ་སྐྱིད་པོ་ཞིག་ལ་འཁྲུལ་ཏེ
སེམས་ཀྱི་ཉི་མ་སོ་སོར་ལྡེས

སླར་ཡང  དྲན་ཤིང་གིས་ཟིན་པའི་སློབ་གླིང་དེར་མཇལ
ཆེས་ཐུང་བའི་དུད་ཚོད་ཀྱི་ཁུད་ན
བརྩེ་འདང་གི་སེམས་པ་རིམ་གྱིས་བརླན
མེ་ལྕེ་དང་མེ་ལྕེ་བསྲེས་པ་བཞིན
ཆར་ཟིམ་དང་ཆར་ཟིམ་འདྲེས་པ་བཞིན

ལ་དགུ་ཀླུང་དགུས་ཆོད་ཀྱང
མི་ཚེའི་སྐས་རིམ་གྱིས་བསྐལ་ཡང
ཐོག་མའི་དམར་ཆུང་གི་ཞེ་བློ
ནམ་ཡང་གླིང་གཞན་བསྐོར་བའི་ཉི་ཟླ་ལྟར་འཁོར་བྱུང

དབུས་ཀྱི་ཉི་མ་ལྷ་ས
ཇོ་ཤཱཀ་རྣམ་གཉིས་བཞུགས་ས
ཡར་ཀླུང་འཕྱིང་བ་སྟག་རྩེ
ཆུ་བོ་རྣམ་གཉིས་འབབ་ས

ལྕགས་ལམ་དང་མྱུར་སྐྱོད་གཞུང་ལམ་གྱི་ཤར་གཏོང་ལས
གཞིས་རྩེ་ནི་ལྷ་སའི་ལྷོ་ནུབ་ཀྱི་གྲོང་སྡེ་ཆེ་གྲས་ཤིག
གཞིས་རྩེ་ནས་པོ་ཏ་ལ་ཡུད་ཀྱིས་མཇལ་ཐུབ་ལ
བར་སྐོར་ཀྱི་ཆང་ཁང་ཡང་ཡང་ཡང་བསྐོར་ནུས

གཞིས་རྩེ་ནས་ལྷ་ས
ལྷ་ས་ནས་གཞིས་རྩེ
སེམས་ཀྱི་རྟ་ཕོའི་བྲེལ་ལམ་ཐུང་ངུ་ཞིག

མཚན་མོ་ལྟར་གཏིང་ཟབ་ཅིང
གངས་རི་བཞིན་དྭངས་པའི་བཞིན་བཟང་མ
       ༢༠༢༢/༡/༡༡ཉིན་ལྷ་སར་སྦྱར།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སླར་མཇལ་བ།

2022-04-13 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
              —བུད་མེད་གྲོགས་མོBལ་བྲིས་པ།

དུས་ཚོད་ཀྱི་སྒལ་ཚིགས་སུ་ཡུན་རིང་བརྐོས་པའི་བརྩེ་འདང་གི་ཐེར་ཟུག
འཚོ་བའི་གོ་རིམ་གྱི་ཁྲོད་ན་རྡོ་བའི་མེ་ཏོག་བཞིན་འཚེར

གཞོན་སྐྱེས་ཀྱི་མེ་ལྕེ་འབར་བའི་སློབ་པ་ལམ་གྱི་ཚེ
སློབ་གླིང་གི་གྲུ་ཟུར་ན་བྱིས་བློའི་སྣང་བས
ཡོད་ཚད་རྨི་ལམ་སྐྱིད་པོ་ཞིག་ལ་འཁྲུལ་ཏེ
སེམས་ཀྱི་ཉི་མ་སོ་སོར་ལྡེས

སླར་ཡང  དྲན་ཤིང་གིས་ཟིན་པའི་སློབ་གླིང་དེར་མཇལ
ཆེས་ཐུང་བའི་དུད་ཚོད་ཀྱི་ཁུད་ན
བརྩེ་འདང་གི་སེམས་པ་རིམ་གྱིས་བརླན
མེ་ལྕེ་དང་མེ་ལྕེ་བསྲེས་པ་བཞིན
ཆར་ཟིམ་དང་ཆར་ཟིམ་འདྲེས་པ་བཞིན

ལ་དགུ་ཀླུང་དགུས་ཆོད་ཀྱང
མི་ཚེའི་སྐས་རིམ་གྱིས་བསྐལ་ཡང
ཐོག་མའི་དམར་ཆུང་གི་ཞེ་བློ
ནམ་ཡང་གླིང་གཞན་བསྐོར་བའི་ཉི་ཟླ་ལྟར་འཁོར་བྱུང

དབུས་ཀྱི་ཉི་མ་ལྷ་ས
ཇོ་ཤཱཀ་རྣམ་གཉིས་བཞུགས་ས
ཡར་ཀླུང་འཕྱིང་བ་སྟག་རྩེ
ཆུ་བོ་རྣམ་གཉིས་འབབ་ས

ལྕགས་ལམ་དང་མྱུར་སྐྱོད་གཞུང་ལམ་གྱི་ཤར་གཏོང་ལས
གཞིས་རྩེ་ནི་ལྷ་སའི་ལྷོ་ནུབ་ཀྱི་གྲོང་སྡེ་ཆེ་གྲས་ཤིག
གཞིས་རྩེ་ནས་པོ་ཏ་ལ་ཡུད་ཀྱིས་མཇལ་ཐུབ་ལ
བར་སྐོར་ཀྱི་ཆང་ཁང་ཡང་ཡང་ཡང་བསྐོར་ནུས

གཞིས་རྩེ་ནས་ལྷ་ས
ལྷ་ས་ནས་གཞིས་རྩེ
སེམས་ཀྱི་རྟ་ཕོའི་བྲེལ་ལམ་ཐུང་ངུ་ཞིག

མཚན་མོ་ལྟར་གཏིང་ཟབ་ཅིང
གངས་རི་བཞིན་དྭངས་པའི་བཞིན་བཟང་མ
       ༢༠༢༢/༡/༡༡ཉིན་ལྷ་སར་སྦྱར།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།