ལྟར་སྣང་གི་རླུང་།(ཞར་བཀོད་གཅིག་ཡོད)
རླུང་བུ་ཤུར་ཤུར།
ཤ་གསེང་རུས་གསེང་ལ་འཚང་།
མིག་ནང་ལ་བུད།
གློ་རྩ་ནས་གཅུ་ལོག་རྒྱབ།
ཆང་རག་སྤྱད།
ཆགས་གཏམ་བཤད།
ཨུ་ཚུགས་གིས་གཡུག
བྱེད་ནུས་ཐོ་རེ་བ་དག
ཡོན་ཏན་ཨ་ཙ་མ་དག
དབང་ཤེད་ཀྱིས་སྤུར།
ཕྱིར་བལྟས་མེད་པར་ག་ས་ག་རུ་སྤུར།
རླུང་བུ་གཡུག་སྟངས་རྫོབ་པས།
མེ་ཏོག་གི་ཡུ་བ་བཅག
རྩི་ཏོག་གི་མགོ་བོ་བཅད།
ལྟ་བ་མཐུན་ན།
རླུང་བུ་འཇམ་པར་གྲགས།
རྒྱུ་འབྱོར་ཧྲགས་ན།
རླུང་བུ་ཞི་བར་སྨྲ།
གང་ལྟར་ལྟར་སྣང་ལ།
ང་ཡང་རླུང་སྟེ།
རླུང་ཡང་ང་།
བདག་གཞན་བྲལ་བའི་རླུང་།
སེམས་ནས་གཡོས་ཏེ་སེམས་ལ་གཡུག
ས་ནས་གཡོས་ཏེ་གནམ་ལ་གཡུག།
ལུགས་རྙིང་གི ༢༠༢༡.༨.༩ཉིན།
འོན་པའི་གཏམ།
བུ་མོ་མལ་ལས་ལངས་པས།
ཐུན་གསུམ་དུ་བས་དཀྲོགས་སོང་།
སྐར་འོད་རབ་རིབ་བར་ན།
མོ་རང་ཁེར་བུ་འདུར་གྱིས།
ལོ་ལོན་གཉིས་ཀྱི་གཉིད་ལབ་ཐན་ཐུན།
བྱིས་པ་དེའང་འགུལ་ཙམ་འགུལ་ཙམ།
ཐབ་འགོའི་ཟངས་དེམ་གྱི་གླུ་དབྱངས་ཧ་ཅང་སྙན།
ཐབ་རྩའི་བྱི་ལ་ཡི་སྔུར་དབྱངས་ཧ་ཅང་འཇམ།
མེ་འོད་འབྲོ་མ་འདར་ཀྱི་བུ་མོ་ཧ་ཅང་མཛེས།
སྐེད་པ་ལྡེམ་ཙམ་ལྡེམ་ཙམ།
བཞོ་ཟེའུ་ལྷེམ་ཙམ་ལྷེམ་ཙམ།
འོ་ཐིགས་ཟེགས་མ་གཏོར་བས་ནམ་མཁའི་ལྷ་ཡང་དགྱེས་སོང་།
འོ་དྲི་སྤང་ལ་འཐིམས་པས་སྤང་གྱི་མེ་ཏོག་མགུ་སོང་།
མཛུབ་ཆུང་གར་ལ་མཁས་བའི་བུ་མོ་ཧ་ཅང་མཛེས།
ཧ་ཅང་ཧ་ཅང་མཛེས།
ཕྱིར་མིག་ཨེན་ཙམ་བསྐྱོན་དང་།
གནག་མོ་རི་ལ་འདེད་དུས་ཀྱི་རི་གླུ་དེ།
སྨུག་པ་ལང་ལོང་གསེབ་ཀྱི་སྐད་ངག་སྙན་མོ།
འུར་སྐྱ་གཡུག་ཙམ་གཡུག་ཙམ།
ནོར་གནག་འགུལ་ཙམ་འགུལ་ཙམ།
ལྷམ་ཆུང་ཟིལ་བས་བཀྲུས་ན་བུ་མོ་སྙིང་ལ་རྗེའོ།།
ལུགས་རྙིང་གི༢༠༢༡.༨.༢༣ཉིན།
རྩོམ་སྒྲིག་པ། ལྷ་སྐྱིད།
ཤ་གསེང་རུས་གསེང་ལ་འཚང་།
མིག་ནང་ལ་བུད།
གློ་རྩ་ནས་གཅུ་ལོག་རྒྱབ།
ཆང་རག་སྤྱད།
ཆགས་གཏམ་བཤད།
ཨུ་ཚུགས་གིས་གཡུག
བྱེད་ནུས་ཐོ་རེ་བ་དག
ཡོན་ཏན་ཨ་ཙ་མ་དག
དབང་ཤེད་ཀྱིས་སྤུར།
ཕྱིར་བལྟས་མེད་པར་ག་ས་ག་རུ་སྤུར།
རླུང་བུ་གཡུག་སྟངས་རྫོབ་པས།
མེ་ཏོག་གི་ཡུ་བ་བཅག
རྩི་ཏོག་གི་མགོ་བོ་བཅད།
ལྟ་བ་མཐུན་ན།
རླུང་བུ་འཇམ་པར་གྲགས།
རྒྱུ་འབྱོར་ཧྲགས་ན།
རླུང་བུ་ཞི་བར་སྨྲ།
གང་ལྟར་ལྟར་སྣང་ལ།
ང་ཡང་རླུང་སྟེ།
རླུང་ཡང་ང་།
བདག་གཞན་བྲལ་བའི་རླུང་།
སེམས་ནས་གཡོས་ཏེ་སེམས་ལ་གཡུག
ས་ནས་གཡོས་ཏེ་གནམ་ལ་གཡུག།
ལུགས་རྙིང་གི ༢༠༢༡.༨.༩ཉིན།
འོན་པའི་གཏམ།
བུ་མོ་མལ་ལས་ལངས་པས།
ཐུན་གསུམ་དུ་བས་དཀྲོགས་སོང་།
སྐར་འོད་རབ་རིབ་བར་ན།
མོ་རང་ཁེར་བུ་འདུར་གྱིས།
ལོ་ལོན་གཉིས་ཀྱི་གཉིད་ལབ་ཐན་ཐུན།
བྱིས་པ་དེའང་འགུལ་ཙམ་འགུལ་ཙམ།
ཐབ་འགོའི་ཟངས་དེམ་གྱི་གླུ་དབྱངས་ཧ་ཅང་སྙན།
ཐབ་རྩའི་བྱི་ལ་ཡི་སྔུར་དབྱངས་ཧ་ཅང་འཇམ།
མེ་འོད་འབྲོ་མ་འདར་ཀྱི་བུ་མོ་ཧ་ཅང་མཛེས།
སྐེད་པ་ལྡེམ་ཙམ་ལྡེམ་ཙམ།
བཞོ་ཟེའུ་ལྷེམ་ཙམ་ལྷེམ་ཙམ།
འོ་ཐིགས་ཟེགས་མ་གཏོར་བས་ནམ་མཁའི་ལྷ་ཡང་དགྱེས་སོང་།
འོ་དྲི་སྤང་ལ་འཐིམས་པས་སྤང་གྱི་མེ་ཏོག་མགུ་སོང་།
མཛུབ་ཆུང་གར་ལ་མཁས་བའི་བུ་མོ་ཧ་ཅང་མཛེས།
ཧ་ཅང་ཧ་ཅང་མཛེས།
ཕྱིར་མིག་ཨེན་ཙམ་བསྐྱོན་དང་།
གནག་མོ་རི་ལ་འདེད་དུས་ཀྱི་རི་གླུ་དེ།
སྨུག་པ་ལང་ལོང་གསེབ་ཀྱི་སྐད་ངག་སྙན་མོ།
འུར་སྐྱ་གཡུག་ཙམ་གཡུག་ཙམ།
ནོར་གནག་འགུལ་ཙམ་འགུལ་ཙམ།
ལྷམ་ཆུང་ཟིལ་བས་བཀྲུས་ན་བུ་མོ་སྙིང་ལ་རྗེའོ།།
ལུགས་རྙིང་གི༢༠༢༡.༨.༢༣ཉིན།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།