ཁྱིམ།(ཞར་བཀོད་གཉིས་ཡོད)

སྐྱོ་སྐྱོ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-04-21

དྲན་པའི་བག་ཆགས་ཟབ་མོ
འདི་ནས་སོང་ཡང་ཐོན་ཐབས་མེད་པ
ལག་པའི་བསྙབ་ཀྱང་ཟིན་ས་མེད་པ
སྐྱེ་བ་སྔོན་མ་ཡིན་སྙམ་དེའི་ནང་དུ
ཉི་མ་རི་ནས་འཕགས
ཟླ་བ་མཚོ་ལ་ཤར
སྐར་ཚོགས་ཀྲིག་ཀྲིག་འཚེར
མི་གཉིས་ཁང་རྙིང་གོག་པོའི་ནང་དུ་འཛོམས
ལན་རེར་ཆུང་མ་ཁུ་བོར་འགྲོགས་ནས
སོ་འབལ་སྨན་པའི་གམ་ལ་སྙེག
ལན་རེར་ཁྱོ་ག་ཤ་འཚོང་ཁང་དུ
སྐམས་ཀྱི་རྐང་ཤ་ཉོ་བར་འགྲོ
མཚན་མོར་ཁོམ་དུས་མེ་ལྕེབས་རེ་ཟུང
སྒྲོན་མེའི་མཚར་སྡུག་ལང་ཚོར་རོལ
སྒྲོན་མེའི་འོད་ཁྱིམ་འོག་ཏུ
མི་གཉིས་གསོན་པའི་བརྡར་ལབ་གླེང་མང
ཕྱི་རུ་ཆར་ཞོད་ཤག་ཤག
ཝ་མཆུའི་སྣེ་ནས་ཆུ་མིག་རྡོལ
རང་ཁྱིམ་བྱ་ཚང་དྲོན་མོ་གཉིད་དུ་ཡུར།
       12/04/2022
 
མཐོང་སྣང་།
 
ངས་བཞི་མདོར་བལྟས
མི་ཚོགས་ཡར་མར་བཞུར
ངས་སེམས་ལ་བལྟས
མི་གཉིས་སོ་སོར་སོང
ནམ་མཁའ་སྔོ་ཞིང་གཡའ་དག་ནའང
ཉི་འོད་དྲོ་ཞིང་རྡུལ་འཇམ་ནའང
མེ་ཏོག་གིས་ཕྱེ་ལེབ་དྲན་པ་ཚན་ཆེ་ནའང
 
ངས་བཞི་མདོར་བལྟས
ངོ་ཤེས་རྙིང་བ་ཞིག་ཐེངས་གཉིས་མཐོང
ངས་སེམས་ལ་བལྟས
རྒྱུས་མེད་པའི་རང་ཉིད་མཐོང
ནམ་མཁའ་སྤྲིན་གྱིས་གཡོགས
ཉི་འོད་ལྷགས་པས་གདུང
མེ་ཏོག་དང་ཕྱེ་ལེབ་རླུང་གིས་གཏོར།
        07/03/2022
 
ལས་བསྐོས་རི་མོ།
 
དགུན་གྱི་ཉི་མ་ནི
བྱིས་པའི་ལག་གི་ཐལ་གོར་ཚ་མོ
དྲོད་ཕྲན་ཙམ་དེས་སེམས་པ་བསྲོ་ཐབས་བྲལ
དགུན་གྱི་ཁ་བ་ནི
ཁྱོད་དྲན་པའི་མཚན་མོ་དག་བྱེ་མར་འཐག་འདྲ
དྲན་གདུང་གི་འདབ་མ་བམ་བརྩེགས་དེས
སའི་འདེགས་ཤུགས་ཀྱང་མར་གནོན
 
ལོ་ཟླའི་ཁ་ཆར་ཟེགས་མ་ཐེར་འབུམ
རྡོ་བྲག་རྩི་ཤིང་རི་བོ་འགྱུར་ཚར
ད་ལྟ་ངེད་གཉིས་ཁ་ཆད་དེ
ཁང་ཆུང་གཅིག་གི་ལྕམ་འོག་ན་མེད
ཆུ་སྟེང་གྲོང་ཁྱེར་ཝེ་ཉི་སིར་ཡང་མེད
སྐར་ཕྲན་གདོང་གཏུག་གི་མེ་སྟག་བཞིན
བདག་མེད་དབྱིངས་སུ་གཙུབ
 
དེ་བས་གཞོན་གྲོགས་ཁྱོད་ཀྱང
མེ་ཡོག་གིས་བྲུས་པའི་མེ་འབྲུ
རྒྱབ་ནས་མཆེད་པའི་རྡོག་སྒྲ
སྤྱན་འདབས་གཡོ་བའི་སྨེ
རྟུག་པ་ཕྱིས་པའི་རྡོའོ། །
       13/01/2022

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁྱིམ།(ཞར་བཀོད་གཉིས་ཡོད)

2022-04-21 སྐྱོ་སྐྱོ།(རྨ་ཆུ) ཀློག་གྲངས། མཆན ཡོད།

དྲན་པའི་བག་ཆགས་ཟབ་མོ
འདི་ནས་སོང་ཡང་ཐོན་ཐབས་མེད་པ
ལག་པའི་བསྙབ་ཀྱང་ཟིན་ས་མེད་པ
སྐྱེ་བ་སྔོན་མ་ཡིན་སྙམ་དེའི་ནང་དུ
ཉི་མ་རི་ནས་འཕགས
ཟླ་བ་མཚོ་ལ་ཤར
སྐར་ཚོགས་ཀྲིག་ཀྲིག་འཚེར
མི་གཉིས་ཁང་རྙིང་གོག་པོའི་ནང་དུ་འཛོམས
ལན་རེར་ཆུང་མ་ཁུ་བོར་འགྲོགས་ནས
སོ་འབལ་སྨན་པའི་གམ་ལ་སྙེག
ལན་རེར་ཁྱོ་ག་ཤ་འཚོང་ཁང་དུ
སྐམས་ཀྱི་རྐང་ཤ་ཉོ་བར་འགྲོ
མཚན་མོར་ཁོམ་དུས་མེ་ལྕེབས་རེ་ཟུང
སྒྲོན་མེའི་མཚར་སྡུག་ལང་ཚོར་རོལ
སྒྲོན་མེའི་འོད་ཁྱིམ་འོག་ཏུ
མི་གཉིས་གསོན་པའི་བརྡར་ལབ་གླེང་མང
ཕྱི་རུ་ཆར་ཞོད་ཤག་ཤག
ཝ་མཆུའི་སྣེ་ནས་ཆུ་མིག་རྡོལ
རང་ཁྱིམ་བྱ་ཚང་དྲོན་མོ་གཉིད་དུ་ཡུར།
       12/04/2022
 
མཐོང་སྣང་།
 
ངས་བཞི་མདོར་བལྟས
མི་ཚོགས་ཡར་མར་བཞུར
ངས་སེམས་ལ་བལྟས
མི་གཉིས་སོ་སོར་སོང
ནམ་མཁའ་སྔོ་ཞིང་གཡའ་དག་ནའང
ཉི་འོད་དྲོ་ཞིང་རྡུལ་འཇམ་ནའང
མེ་ཏོག་གིས་ཕྱེ་ལེབ་དྲན་པ་ཚན་ཆེ་ནའང
 
ངས་བཞི་མདོར་བལྟས
ངོ་ཤེས་རྙིང་བ་ཞིག་ཐེངས་གཉིས་མཐོང
ངས་སེམས་ལ་བལྟས
རྒྱུས་མེད་པའི་རང་ཉིད་མཐོང
ནམ་མཁའ་སྤྲིན་གྱིས་གཡོགས
ཉི་འོད་ལྷགས་པས་གདུང
མེ་ཏོག་དང་ཕྱེ་ལེབ་རླུང་གིས་གཏོར།
        07/03/2022
 
ལས་བསྐོས་རི་མོ།
 
དགུན་གྱི་ཉི་མ་ནི
བྱིས་པའི་ལག་གི་ཐལ་གོར་ཚ་མོ
དྲོད་ཕྲན་ཙམ་དེས་སེམས་པ་བསྲོ་ཐབས་བྲལ
དགུན་གྱི་ཁ་བ་ནི
ཁྱོད་དྲན་པའི་མཚན་མོ་དག་བྱེ་མར་འཐག་འདྲ
དྲན་གདུང་གི་འདབ་མ་བམ་བརྩེགས་དེས
སའི་འདེགས་ཤུགས་ཀྱང་མར་གནོན
 
ལོ་ཟླའི་ཁ་ཆར་ཟེགས་མ་ཐེར་འབུམ
རྡོ་བྲག་རྩི་ཤིང་རི་བོ་འགྱུར་ཚར
ད་ལྟ་ངེད་གཉིས་ཁ་ཆད་དེ
ཁང་ཆུང་གཅིག་གི་ལྕམ་འོག་ན་མེད
ཆུ་སྟེང་གྲོང་ཁྱེར་ཝེ་ཉི་སིར་ཡང་མེད
སྐར་ཕྲན་གདོང་གཏུག་གི་མེ་སྟག་བཞིན
བདག་མེད་དབྱིངས་སུ་གཙུབ
 
དེ་བས་གཞོན་གྲོགས་ཁྱོད་ཀྱང
མེ་ཡོག་གིས་བྲུས་པའི་མེ་འབྲུ
རྒྱབ་ནས་མཆེད་པའི་རྡོག་སྒྲ
སྤྱན་འདབས་གཡོ་བའི་སྨེ
རྟུག་པ་ཕྱིས་པའི་རྡོའོ། །
       13/01/2022

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།