ཕ་ཡུལ་གྱི་ཆར་བ།

ཅོ་བྱང་སྐར།(ཁྲིན་ཏུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-05-11

ཉིན་སྲིབ་ཀྱི་གསོམ་སྡོང་དང་ཤུག་སྡོང་སོགས་བསིལ་རླུང་གིས་སྒུལ་བཞིན།        
དབྱངས་ཅན་མའི་པི་ཝང་ལྟ་བུའི་གདངས་དབྱངས་སྙན་མོ་ཞིག་རུ་སྡེ་འདིར་ཁྱབ་ནས་ཡོང་།
གནམ་མཐའི་སྤྲིན་དཀར་དམ་དུམ་དེས་མཚམས་སྤྲིན་གྱི་ལྭ་རིང་ཞིག་དལ་གྱིས་གྱོན་ནས།
དམར་སེར་འདྲེས་མའི་འོད་སྣང་ཞིག་གཞིས་ཀ་འདིའི་མཁའ་དབྱིངས་ནས་འཆར།
གཞོན་དུས་ཀྱི་ལང་ཚོ་དང་བྱིས་དུས་ཀྱི་ཨ་མཚར།
རྒས་དུས་ཀྱི་རེ་བཅོལ་སོགས།
འོད་ཀྱི་ཟེགས་མ་དེས་ཕྱོགས་བཞིར་བསྐྱལ།

དོ་ནུབ་ནི།
ས་སྒང་འདིའི་ཤར་ཕྱོགས་མཚམས་སུ་གཞིས་ཆགས་པའི་གནའ་སྡེ་འདི་རུ།
དེ་སྔོན་སྐྱེ་མ་མྱོང་པའི་བག་ཆགས་ལྷོད་པོ་ཞིག །
རླུང་བུའི་ཤུར་སྒྲ་དེ་རྒྱང་རིང་རྒྱང་རིང་དུ་རྒྱུ་བར་གྱུར།
ཆར་ཟམ་ཟིམ་ཁྲོད་དུ་སྲིན་འབུ་མེ་འཁྱེར་གྱིས་གཞིས་ཀ་འདི་ལ་འོད་སྣང་གཞན་ཞིག་བསྩལ་འདུག །
གོ་ལ་འདིའི་བདེ་བ་ཡོད་ཚད་རིལ་རིལ་འདྲ་ལ་འཇོང་འཇོང་ཡང་འདུག་པས།
ཁྱེད་ཀྱི་ལག་ཟུང་གཙང་མས་དམ་དུ་འཛིན་རོགས། ཅིས་ཀྱང་དམ་དུ་འཛིན་རོགས།
 
བྱིས་དུས་ཀྱི་གྱ་ཙེ་གོམ་ཙེ་དེ་དག །
ལྷད་མེད་གསེར་གྱི་རིན་ཐང་དང་འདྲ་བས།
སྤྲིན་ནག་གི་འཁྲུགས་ལོང་མེད་སའི་ཨ་སྔོན་མཐོན་པའི་དབྱིངས་རིམ་དང་།
ནུབ་རླུང་གི་ཤུར་སྒྲ་དབེན་སའི་ལྷོད་འཇགས་དོག་མོའི་རུམ་ཁུག་གྱི་ཆ་རྐྱེན་འཛོམས་ན།
ཉི་འོད་མཁའ་ནས་འཆར་ངེས་ལ་ཟླ་འོད་མཐོང་ནས་འཛུམ་ངེས་རེད།
དེ་ཡང་ཆེས་རྒྱུས་མེད་འདྲ་ལ་ཆེས་རྒྱུས་ཡོད་འདྲ་བའི་ཚ་རླབས་ཤིག་དང་བསིལ་སྦྱིན་ཞིག
ངང་ངམ་ཤུགས་ཀྱིས་ཕེབས་ཡོང་ངེས་རེད།
 
གཞིས་ཁྱིམ་འདིའི་ནང་རོལ་ན།
ཨོྃ་ཡིག་ཐོད་ལ་བཀུར་པའི་དྲིན་ཆེན་མ་ལོས།
དལ་ལྷོད་ལྷོད་ཀྱིས་སྨྱུག་མའི་འཁར་བ་གྲོགས་སུ་བསྟེན་ནས།
ཉི་འོད་ཀྱི་དྲོད་ཁོལ་དང་ཟླ་ཚེས་ཀྱི་བསིལ་གྲིབ་ལ་ལྷད་མེད་ཀྱི་སྨོན་ལམ་ཞུ་བཞིན་འདུག
ས་གཞི་ལ་བརླན་བཤེར་འཛོམས་པས་འབྲི་དང་མཛོ་མོའི་ངུར་དབྱངས་སྙན་ལ།
རྟ་དང་ནོར་ལུག་གི་མཆོངས་རྩལ་རྒོད་པས་བུ་དང་བུ་མོ་ཡི་འཛུམ་མདངས་ཡག །
དེ་ནི་མ་ཡུམ་སུ་ཞིག་གི་མིག་ཟུང་ན་འཁྱིལ་བའི་ཆེས་སྐྱིད་པའི་དུས་ཚིགས་ཤིག །
 
ཆར་ཟམ་ཟིམ་ཁྲོད་རུ་སྡེ་འདིའི་རྒྱབ་ཕྱོགས་སུ་ལངས་ནས།
ཐ་མག་རྐང་གཅིག་ཧུབ་ཀྱིས་རྔུབ་ནས་སླར་ཡང་རུ་སྡེ་འདིར་ལྟ་དུས།
མེས་པོ་སུ་ཞིག་གི་མཛད་རྗེས་ལས་ཐོན་པའི་སྲོལ་རྒྱུན་གྱི་གོམས་སྲོལ་མ་ཉམས་པའི།
རྒན་བཀུར་དང་གཞོན་བྱམས། བསང་གསོལ་དང་རླུང་རྟ།
ཡབ་ཡུམ་སུ་ཞིག་གི་གཤིས་ཀ་ལས་འཁྲུངས་པའི་དཔྱིད་རླུང་ནེམ་པོའི་ཕྱག་ཟུང་ལྟ་བུའི།
འོ་ཇ་དང་མར་རྩམ། ཀ་ར་དང་སིལ་ཏོག །
གཞོན་པ་སུ་ཞིག་གི་ཀུན་སྤྱོད་ལས་འཁྲུངས་པའི་ཨ་འགྲིག་ཆ་འགྲིག་གི་ཨ་ལོང་ལྟ་བུའི།
མཐུན་སྒྲིལ་གྱི་དམ་ཚིག མདུན་སྤྱོད་ཀྱི་གོམ་སྒྲ །
 
ཕ་ཡུལ་གྱི་ཆར་བ།
ལོ་དེ་དག་ལ་ཁུ་སིམ་མེར་རྨི་ལམ་གྱི་ཞིང་ཁམས་འགྲིམས་པའི་ང་དང་ཁྱེད།
ཁྲུས་ལ་རོལ་བའི་པད་རྫིང་གི་པདྨའི་འདབ་ལོ་དང་ཁ་དོག་ལ་སྒུག་ཡུན་རིང་མོད།
དྲི་ཞིམ་ལྷ་སྤོས་ཀྱིས་གཞིས་ཀ་འདིའི་འགྲོ་དྲུག་སེམས་ཅན་ལ།
དག་གཙང་གི་མཆོད་ཆང་བཏེགས་ནས་རྨི་ལམ་ལས་དཀྲོགས་པར་བྱས།
ད་ནི།
ང་དང་ཁྱེད་ཀྱིས་ཟམ་ཟིམ་ཆར་ཆུའི་ཁྲོད་ནས། མི་ཚེ་ལ་སྙན་ངག་འབྲི་དགོས།
ང་དང་ཁྱེད་ཀྱིས་ཟམ་ཟིམ་ཆར་ཆུའི་ཁྲོད་ནས། མི་ཚེ་ཡི་གད་རྒྱངས་བསྒྲག་དགོས།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕ་ཡུལ་གྱི་ཆར་བ།

2022-05-11 ཅོ་བྱང་སྐར།(ཁྲིན་ཏུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།