སྒྱུ་འཕྲུལ་གྱི་སྒྲུང་།(ཞར་བཀོད་གཉིས་ཡོད)

ཞྭ་ནག་པ།(གསེར་རྟ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-06-25
དུས་དེ་ནས
ཁྱོད་རང་ངའི་སྙིང་ཁར་ཚེར་མ་བཞིན་ཟུག་སོང

སྙིང་ཉེ་བའི་ན་ཟུག་དྲག་པོ་རེ་རེ
སྐྱེ་བ་བརྒྱ་ཡི་རྨི་ལམ་བཞིན་ཧ་ཅང་ཞིམ

ངག་ཀྱལ་གྱི་བྱེ་ཐང་མཐའ་དག
གཙང་བོ་བཞིན་འདར་ཡོང་བ་ནི
ཁྱོད་རང་ང་ལ་ཤིན་ཏུ་སྙིང་ཉེ་ཚུལ་དེ་རེད

འུ་གཉིས་ཁོ་ན
རྟོགས་བཏགས་ཀྱི་མེ་ལོང་ཞིག་ཏུ
ཁ་རོག་གེར་བློས་བསླངས་བྱས་རྗེས
              ༢༠༢༢-༦-༢༣ལ།

འུ་གཉིས་ཁོ་ནར་དབང་བའི་སྙན་ངག


ཧ་ཅང་རིང་བར་མ་སེམས
ཉི་མ་ནི་ཁྱོད་ཀྱི་ལག་མཐིལ་དུ་ཡོད་པས
དངངས་སྐྲག་སྐྱེས་དགོས་དོན་གང་ཡང་མེད

ཟླ་དྲུག་པའི་མེ་ཏོག་རེ་རེ
སེམས་པའི་འཆར་ཡན་གྱི་ཀློང་ནས
ཁྱོད་ལ་སྔ་མོ་ནས་ཕུལ་ཟིན 

དེ་ནི་བརྩེ་བ་མཚོན་ཚུལ་ཙམ་མོ

ས་སྲོད་ཅིག་ཏུ
འུ་གཉིས་ཁྲུང་ཁྲུང་བཞིན་འཕུར་ཏེ
ཁྲུང་ཁྲུང་བཞིན་གང་ཞིག་ཏུ་སླེབས་ཟིན་པས
དུས་དེ་ནས   ངའི་སྨོན་ལམ་ཡོད་ཚད
མེ་ཏོག་ཁྱོད་ཁོ་ནར་བཏབ་པ་ཡིན
              ༢༠༢༢-༦-༡༣ལ།

སི་ཏཱ།

མེ་ཏོག་གིས་རྣམ་ཤེས་གཡོ་བར་མ་བྱེད
ང་ལ་དེ་འདྲའི་དངངས་སྐྲག་ཅིག་ཡོད་དོན་མི་འདུག
རྫ་བུམ་དུ་བཅུག་པའི་སྐྱེ་དངོས་མཐའ་དག
ཤིན་ཏུ་དྭངས་ཤིང་གཙང

སི་ཏཱ
མེ་ཏོག་དེ་ནང་སེམས་སུ་བཞུགས་སམ
ང་ཡི་ལག་པ་འདིས་རེག་ཐབས་མི་འདུག

སྐྱོ་སྣང་གི་ན་བུན་སྐད་ཅིག་གིས་ཡལ་རྗེས
སེམས་པ་འདི་ཉི་འོད་བཞིན་ང་ཡིས་ལུས་སེམས་སུ་ཁྱབ

མཚན་མོའི་སྐར་མའང་འདར་དོན་མེད་དེ
ངས་ཁྱོད་ཀྱི་སེམས་པ་འདི
གཙང་བོ་བཞིན་བཅུས་ཏེ
རྒྱང་རིང་གི་ལྷ་ལ་བཅོལ་ཡོད་པས
ད་ནི  ད་ནི  འུ་གཉིས་ལ་སྐྱོ་སྣང་ཞིག་གང་ན་ཡོད་ཨང
                        ༢༠༢༢-༥-༡༩ཞོགས་པར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒྱུ་འཕྲུལ་གྱི་སྒྲུང་།(ཞར་བཀོད་གཉིས་ཡོད)

2022-06-25 ཞྭ་ནག་པ།(གསེར་རྟ) ཀློག་གྲངས། མཆན ཡོད།
དུས་དེ་ནས
ཁྱོད་རང་ངའི་སྙིང་ཁར་ཚེར་མ་བཞིན་ཟུག་སོང

སྙིང་ཉེ་བའི་ན་ཟུག་དྲག་པོ་རེ་རེ
སྐྱེ་བ་བརྒྱ་ཡི་རྨི་ལམ་བཞིན་ཧ་ཅང་ཞིམ

ངག་ཀྱལ་གྱི་བྱེ་ཐང་མཐའ་དག
གཙང་བོ་བཞིན་འདར་ཡོང་བ་ནི
ཁྱོད་རང་ང་ལ་ཤིན་ཏུ་སྙིང་ཉེ་ཚུལ་དེ་རེད

འུ་གཉིས་ཁོ་ན
རྟོགས་བཏགས་ཀྱི་མེ་ལོང་ཞིག་ཏུ
ཁ་རོག་གེར་བློས་བསླངས་བྱས་རྗེས
              ༢༠༢༢-༦-༢༣ལ།

འུ་གཉིས་ཁོ་ནར་དབང་བའི་སྙན་ངག


ཧ་ཅང་རིང་བར་མ་སེམས
ཉི་མ་ནི་ཁྱོད་ཀྱི་ལག་མཐིལ་དུ་ཡོད་པས
དངངས་སྐྲག་སྐྱེས་དགོས་དོན་གང་ཡང་མེད

ཟླ་དྲུག་པའི་མེ་ཏོག་རེ་རེ
སེམས་པའི་འཆར་ཡན་གྱི་ཀློང་ནས
ཁྱོད་ལ་སྔ་མོ་ནས་ཕུལ་ཟིན 

དེ་ནི་བརྩེ་བ་མཚོན་ཚུལ་ཙམ་མོ

ས་སྲོད་ཅིག་ཏུ
འུ་གཉིས་ཁྲུང་ཁྲུང་བཞིན་འཕུར་ཏེ
ཁྲུང་ཁྲུང་བཞིན་གང་ཞིག་ཏུ་སླེབས་ཟིན་པས
དུས་དེ་ནས   ངའི་སྨོན་ལམ་ཡོད་ཚད
མེ་ཏོག་ཁྱོད་ཁོ་ནར་བཏབ་པ་ཡིན
              ༢༠༢༢-༦-༡༣ལ།

སི་ཏཱ།

མེ་ཏོག་གིས་རྣམ་ཤེས་གཡོ་བར་མ་བྱེད
ང་ལ་དེ་འདྲའི་དངངས་སྐྲག་ཅིག་ཡོད་དོན་མི་འདུག
རྫ་བུམ་དུ་བཅུག་པའི་སྐྱེ་དངོས་མཐའ་དག
ཤིན་ཏུ་དྭངས་ཤིང་གཙང

སི་ཏཱ
མེ་ཏོག་དེ་ནང་སེམས་སུ་བཞུགས་སམ
ང་ཡི་ལག་པ་འདིས་རེག་ཐབས་མི་འདུག

སྐྱོ་སྣང་གི་ན་བུན་སྐད་ཅིག་གིས་ཡལ་རྗེས
སེམས་པ་འདི་ཉི་འོད་བཞིན་ང་ཡིས་ལུས་སེམས་སུ་ཁྱབ

མཚན་མོའི་སྐར་མའང་འདར་དོན་མེད་དེ
ངས་ཁྱོད་ཀྱི་སེམས་པ་འདི
གཙང་བོ་བཞིན་བཅུས་ཏེ
རྒྱང་རིང་གི་ལྷ་ལ་བཅོལ་ཡོད་པས
ད་ནི  ད་ནི  འུ་གཉིས་ལ་སྐྱོ་སྣང་ཞིག་གང་ན་ཡོད་ཨང
                        ༢༠༢༢-༥-༡༩ཞོགས་པར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།