ཁྱོད་ནི་གླུ་ཞིག་རེད།(ཞར་བཀོད་གཉིས་ཡོད)

དབྱངས་གསལ་མེ་ཏོག(ནག་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-07-12



ཁྱོད་ནི་གླུ་ཞིག་རེད།
དུས་ཚོད་འགོག་ཐུབ་པའི་གླུ་ཞིག
མ་འོངས་པའི་སྐད་ཆ་བཤད་ཤེས་པའི་གླུ་ཞིག

ཁྱོད་ནི་གླུ་ཞིག་རེད།
སྤྲོ་སྣང་འཕེལ་ཐུབ་པའི་གླུ་དབྱངས་ཤིག
རྣམ་ཤེས་འབར་ཐུབ་པའི་གླུ་ཞིག

ཁྱོད་ནི་གླུ་ཞིག་རེད།
འདོད་རྔམ་ཆེ་བའི་གླུ་དབྱངས་ཤིག
ཚེ་སྲོག་ཕུན་སུམ་ཚོགས་པའི་གླུ་ཞིག

ཁྱོད་ནི་གླུ་ཞིག་རེད།
རང་མཐོང་རང་གཅོག་གི་གླུ་ཞིག
རང་ལ་ཡིད་ཆེས་ཡོད་པའི་གླུ་ཞིག
            དགོངས་པ་མ་ཚོམ།

དགོངས་པ་མ་ཚོམ།
སྒྲོན་འོད།  དགོང་ཚོགས།  རོལ་དབྱངས།
ང་ལ་མི་དགོས།

དགོངས་པ་མ་ཚོམ།
ཐལ་མོའི་རྡེབ་སྒྲ། མེ་ཏོག་སོས་པ།  ཆང་རག
ང་ལ་ཡང་མི་དགོས།

དགོངས་པ་མ་ཚོམ།
ཁང་པ། རླངས་འཁོར། ཤོག་དངུལ།
ང་ལ་ཡང་མི་དགོས།

དགོངས་དག  དགོངས་དག
ང་ནི་ནད་པ་ཞིག་ཡིན།
འཕྲལ་བཅོས་ནད་པ་ཞིག
སྨན་པ་མ་གཏོགས་ང་ལ་ཅི་ཡང་མི་དགོས།

བྱ་འཕུར་སོང་།

                     
བྱ་འཕུར་སོང་།
སྡོང་བོའི་ཡལ་ག་སྔར་བཞིན་སྟོང་པ་རེད།
ཞོགས་པ།
ངའི་སེམས།
སྟོང་ལྷང་ལྷང་དུ་གྱུར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁྱོད་ནི་གླུ་ཞིག་རེད།(ཞར་བཀོད་གཉིས་ཡོད)

2022-07-12 དབྱངས་གསལ་མེ་ཏོག(ནག་ཆུ) ཀློག་གྲངས། མཆན ཡོད།



ཁྱོད་ནི་གླུ་ཞིག་རེད།
དུས་ཚོད་འགོག་ཐུབ་པའི་གླུ་ཞིག
མ་འོངས་པའི་སྐད་ཆ་བཤད་ཤེས་པའི་གླུ་ཞིག

ཁྱོད་ནི་གླུ་ཞིག་རེད།
སྤྲོ་སྣང་འཕེལ་ཐུབ་པའི་གླུ་དབྱངས་ཤིག
རྣམ་ཤེས་འབར་ཐུབ་པའི་གླུ་ཞིག

ཁྱོད་ནི་གླུ་ཞིག་རེད།
འདོད་རྔམ་ཆེ་བའི་གླུ་དབྱངས་ཤིག
ཚེ་སྲོག་ཕུན་སུམ་ཚོགས་པའི་གླུ་ཞིག

ཁྱོད་ནི་གླུ་ཞིག་རེད།
རང་མཐོང་རང་གཅོག་གི་གླུ་ཞིག
རང་ལ་ཡིད་ཆེས་ཡོད་པའི་གླུ་ཞིག
            དགོངས་པ་མ་ཚོམ།

དགོངས་པ་མ་ཚོམ།
སྒྲོན་འོད།  དགོང་ཚོགས།  རོལ་དབྱངས།
ང་ལ་མི་དགོས།

དགོངས་པ་མ་ཚོམ།
ཐལ་མོའི་རྡེབ་སྒྲ། མེ་ཏོག་སོས་པ།  ཆང་རག
ང་ལ་ཡང་མི་དགོས།

དགོངས་པ་མ་ཚོམ།
ཁང་པ། རླངས་འཁོར། ཤོག་དངུལ།
ང་ལ་ཡང་མི་དགོས།

དགོངས་དག  དགོངས་དག
ང་ནི་ནད་པ་ཞིག་ཡིན།
འཕྲལ་བཅོས་ནད་པ་ཞིག
སྨན་པ་མ་གཏོགས་ང་ལ་ཅི་ཡང་མི་དགོས།

བྱ་འཕུར་སོང་།

                     
བྱ་འཕུར་སོང་།
སྡོང་བོའི་ཡལ་ག་སྔར་བཞིན་སྟོང་པ་རེད།
ཞོགས་པ།
ངའི་སེམས།
སྟོང་ལྷང་ལྷང་དུ་གྱུར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།