ཁོ་ཚོར་ལེ་བདའ་མ་བྱེད་རོགས།

སྨྱུག་སྨྱོན།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-07-12
              — གཞུང་ཞབས་པའི་རྒྱུགས་ཚད་ལས་འཕྲོས་པ།

རྡོ་ལེབ་ཚ་མོའི་སྟེང་གི་གྲོག་མ་ཁྲི་སྟོང
གཅོང་རོང་གཟར་པོའི་ངོས་ཀྱི་སྟག་གཟིག་འབུམ་ཕྲག
ཁ་མིག་ནས་ཁྲག་དྲི་བྲོ་ཞིང་འདུར་རྒྱུག་ལ་བྲེལ་མོད
མཇུག་མཐའི་འཕྲང་ལམ་ལས་ཐར་བ་རེ་རེ་གཉིས་གཉིས

མཁའ་དབུགས་དེ་གུ་དོག་པས་ཡིན་ནམ
གློག་དམར་ཉིད་དབལ་ཚ་བས་ཡིན
ཡུལ་ལྗོངས་འདིའི་རྒྱབ་ལྗོངས་སྟུག་པས་སམ
དབྱར་གཞུང་འདིའི་ཁུད་ན་སྦྲང་ཆར་འཚོལ་མཁན
ཁྱོད་དང་ང་ཁོ་ན་ཅི་ལ་ཡིན

བར་སྣང་དང་ས་གཞི་གླན་པའི་ཁུ་བྱུག་བཞིན་སྒྲོག་དགོས
མེ་ཏོག་ལྡུམ་རའི་ནང་གི་ཕྱེ་མ་ལེབ་བཞིན་འཕུར་དགོས
མཚན་མུན་གྱི་ཁུ་སིམ་དཀྲོག་པའི་སྲིན་བུ་མེ་འཁྱེར་བཞིན་འབུངས་དགོས
གཡའ་གསེང་དང་གངས་གསེང་ནས་སྟག་སེང་བཞིན་འགྲེང་དགོས

ཁ་སང་གི་ཁ་བའི་ཡུལ་ལྗོངས་ལ་ཉན་འཇོག་གི་རྟ་ཁ་གློད་དམ
དེ་རིང་གི་སེ་འབྲུའི་རོ་ལ་འཐམ་འཁྱུད་ཇི་ལྟར་ཕོད
སང་ཉིན་གྱི་རྨི་ལམ་ལྗང་ཁུ་དེ་ད་དུང་སྦྲུམ་ཟིན་ནམ
ཡོད་ཚད་ལ་ཁ་ལོ་སྒྱུར་མཁན་དེ ནམ་ཡང
རང་ཉིད་ཡིན་པ་ཤེས་སུ་འཇུག་དགོས

རྒྱུགས་རའི་ཕྱི་ནང་ལ་ཆར་པ་ཞེ་དྲགས་འབབ་ཀྱི་འདུག
ཆར་པ་དང་ཆར་པའི་དབར་ནས་ཁྲག་ཐིགས་བཞུར་འོངས
ཁྲག་ཐིགས་དེ་དག་ནི་མ་འོངས་པའི་མཐོ་སྒང་འདིའི
རྡོ་བ་རེ་རེ་དང ལྗང་པ་རེ་རེ་ཡིན་ཀྱང་ཐང
ཕ་ས་འདི་ནི་མ་གཞི་ནས་རྡོ་ཡི་གྲོང་ཁྱེར་ཞིག་མིན་ནམ།

སྣུམ་ནག་གི་གཞུང་ལམ་སྣོན་མཁན་དེ་ཁྱོད་ཅག་དང
གཞུང་ལམ་གྱི་གྲུ་ཟུར་ཡིད་ཀྱིས་འཐག་མཁན་དེ་ངེད་ཅག
            ༢༠༢༢/༧/༡༠ཉིན་གཞིས་རྩེར་སྦྱར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁོ་ཚོར་ལེ་བདའ་མ་བྱེད་རོགས།

2022-07-12 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
              — གཞུང་ཞབས་པའི་རྒྱུགས་ཚད་ལས་འཕྲོས་པ།

རྡོ་ལེབ་ཚ་མོའི་སྟེང་གི་གྲོག་མ་ཁྲི་སྟོང
གཅོང་རོང་གཟར་པོའི་ངོས་ཀྱི་སྟག་གཟིག་འབུམ་ཕྲག
ཁ་མིག་ནས་ཁྲག་དྲི་བྲོ་ཞིང་འདུར་རྒྱུག་ལ་བྲེལ་མོད
མཇུག་མཐའི་འཕྲང་ལམ་ལས་ཐར་བ་རེ་རེ་གཉིས་གཉིས

མཁའ་དབུགས་དེ་གུ་དོག་པས་ཡིན་ནམ
གློག་དམར་ཉིད་དབལ་ཚ་བས་ཡིན
ཡུལ་ལྗོངས་འདིའི་རྒྱབ་ལྗོངས་སྟུག་པས་སམ
དབྱར་གཞུང་འདིའི་ཁུད་ན་སྦྲང་ཆར་འཚོལ་མཁན
ཁྱོད་དང་ང་ཁོ་ན་ཅི་ལ་ཡིན

བར་སྣང་དང་ས་གཞི་གླན་པའི་ཁུ་བྱུག་བཞིན་སྒྲོག་དགོས
མེ་ཏོག་ལྡུམ་རའི་ནང་གི་ཕྱེ་མ་ལེབ་བཞིན་འཕུར་དགོས
མཚན་མུན་གྱི་ཁུ་སིམ་དཀྲོག་པའི་སྲིན་བུ་མེ་འཁྱེར་བཞིན་འབུངས་དགོས
གཡའ་གསེང་དང་གངས་གསེང་ནས་སྟག་སེང་བཞིན་འགྲེང་དགོས

ཁ་སང་གི་ཁ་བའི་ཡུལ་ལྗོངས་ལ་ཉན་འཇོག་གི་རྟ་ཁ་གློད་དམ
དེ་རིང་གི་སེ་འབྲུའི་རོ་ལ་འཐམ་འཁྱུད་ཇི་ལྟར་ཕོད
སང་ཉིན་གྱི་རྨི་ལམ་ལྗང་ཁུ་དེ་ད་དུང་སྦྲུམ་ཟིན་ནམ
ཡོད་ཚད་ལ་ཁ་ལོ་སྒྱུར་མཁན་དེ ནམ་ཡང
རང་ཉིད་ཡིན་པ་ཤེས་སུ་འཇུག་དགོས

རྒྱུགས་རའི་ཕྱི་ནང་ལ་ཆར་པ་ཞེ་དྲགས་འབབ་ཀྱི་འདུག
ཆར་པ་དང་ཆར་པའི་དབར་ནས་ཁྲག་ཐིགས་བཞུར་འོངས
ཁྲག་ཐིགས་དེ་དག་ནི་མ་འོངས་པའི་མཐོ་སྒང་འདིའི
རྡོ་བ་རེ་རེ་དང ལྗང་པ་རེ་རེ་ཡིན་ཀྱང་ཐང
ཕ་ས་འདི་ནི་མ་གཞི་ནས་རྡོ་ཡི་གྲོང་ཁྱེར་ཞིག་མིན་ནམ།

སྣུམ་ནག་གི་གཞུང་ལམ་སྣོན་མཁན་དེ་ཁྱོད་ཅག་དང
གཞུང་ལམ་གྱི་གྲུ་ཟུར་ཡིད་ཀྱིས་འཐག་མཁན་དེ་ངེད་ཅག
            ༢༠༢༢/༧/༡༠ཉིན་གཞིས་རྩེར་སྦྱར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།