ཕྱིར་དྲན་ཁག་གསུམ།

འཇམ་དཔལ།(དར་ལག) 琼迈文学网 2022-11-25

              ༡  གཞི་ཐང་གི་དྲན་པ།   

གཞི་ཐང་ནས་གླང་ཤིང་ཞོན་ཏེ་རྟ་ཡིན་ཁུལ་བྱས
གཞི་ཐང་ནས་པ་ལགས་དྲན་ཏེ་འགྲུལ་པ་ཚོར་སྐད་ཆ་ཡང་ཡང་དྲིས
གཞི་ཐང་ནས་ང་རང་ལོ་དྲུག་ལ་སོན

གཞི་ཐང་ནས་བླངས་པའི་པར་ནག་ཅིག་ཏུ
ངས་“གོས་ལུ་”དམར་སྐྱ་ཞིག་གྱོན་ནས
ལྷད་མེད་ཀྱི་འཛུམ་མདངས་བསྟན་འདུག
 
ད་ལྟ།  གཞི་ཐང་ནི་རྩྭ་ཆུ་གཉིས་འཛོམས་ཀྱི་ས་ཆ་ཡིན།
བྱེ་འགོག་རྩ་འདེབས་ཀྱིས་གཞི་ཐང་གི་ཨ་བྲ་ཕམ་པར་རྒྱབས་སོང
ས་སྲུང་ལྕགས་དྲྭ་རིང་མོས་གཞི་ཐང་དབྱར་འཚེར་ལྟར་མཛེས་པར་བྱས
 
མིན།  གཞི་ཐང་ནས་སྣུམ་ལམ་རིང་མོ་ཞིག་ཐག་རིང་དུ་འཐེན་ཡོད
སྣུམ་ལམ་འདི་སྡེར་ནང་དང་གྲོང་ཁྱེར་བར་གྱི་འབྲེལ་ལམ་ཡིན
 
རེད་དེ།  གཞི་ཐང་ནས་བདག་གིས་ཨ་ཕྱི་དྲན་འོང
ཚེ་ཡི་འཕེན་པ་རྫོགས་པའི་ཨ་ཕྱི་དྲན་འོང
 
               ༢  རྟ་གོང་གི་མགར་སྐོར།
 
ཕུ་མང་ཞོལ་མ་ནས་མགར་སྐོར་བར་དུ་ལེ་བར་སུམ་ཅུ་ཡོད
འགྲིམས་འགྲུལ་གྱི་གཞུང་ལམ་མེད་དུས་སུ
རྟ་གོང་ནས་ཉིན་དཀར་གཅིག་ལ་འགྲོ་དགོས
 
ཆུང་དུས་ཤིག་ཏུ
པ་ལགས་ཀྱིས་ང་རང་རྟ་ཐོག་ཏུ་ཙོག་ཙོག་བྱས་ནས་བཅིངས
ངེད་གཉིས་མི་རེའི་རྟ་རེ་ཞོན་ཏེ་མགར་སྐོར་དུ་སོང
མགར་སྐོར་ས་ཆར་སྨན་པ་བསྟེན་དུ་སོང
དེ་དུས་ངས་མགར་སྐོར་ནི་ཧ་ཅང་ཐག་རིང་ཞིག་ཏུ་སྣང
 
རེད་དེ
ད་ལྟ་རླངས་འཁོར་གྱིས་སྐར་མ་སུམ་ཅུ་ལས་མི་དགོས  
 
               ༣ ཁྱུ་ར་ཞོལ་མ་དང་དེང་རབས་འབྲོག་པ།
 
ང་ཡི་སྤོ་བོའི་ཕ་ཁྱིམ་ཁྱུ་རའི་ནང་དུ་ཡོད་པ་བཞིན
 གློ་སྐོར་ཀྱང་ཁྱུ་ར་ཞོལ་མའི་གཡས་གཡོན་དུ་ཆགས་ཡོད
བརྡ་འཕྲིན་དུས་རབས་ནི་སྔོན་ཆད་དང་མི་འདྲ
སྔོན་ཆད་བཞིན་འཕྲིན་བརྡ་འཚོལ་བར་རྟ་ཞོན་ཏེ་གཞུང་ལམ་བར་འགྲོ་མི་དགོས
གླང་འོར་གྱི་རི་སྐེད་ནས་ཐག་རིང་གི་འཕྲིན་པ་འབྱོར་ཐུབ
ཐག་རིང་དུ་སྐད་ཆ་བསྐུར་ཐུབ
 
ཀྱག་ཀྱོག་གི་རྫ་ལམ་བརྒྱུད་ནས
རྫ་འགྲམ་གྱི་འབྲོག་ཁྱིམ་ཞིག་ཏུ་སླེབས་ཚེ
ཁོ་ཚོས་རང་ཁྱིམ་ནས་པྲོག་དབྱིབས་ནད་དུག་གི་གསར་འགྱུར་ཐད་གཏོང་ལ་བལྟས་ཡོད
 
གླང་འོར་ནང་དུ་གཡུ་རྒྱལ་འདན་མའི་མཁར་ཁྲོ་སྦུབས་བྱ་བ་ཡོད་ཅེས
གནུབས་ཟུར་མཁན་པོས་ལུང་གིས་ཀྱང་ཟིན
 
“ང་དང་ང་ངོ་མ་ཤེས་ན།།
མཁར་ཆེན་ཤར་ལུང་རི་དྲུག་ནས།།
གཡུ་རྒྱལ་འདན་མ་བྱང་ཁྲ་ཡིན།། ”
 
གློ་སྐོར།   ས་ཁྲའི་སྟེང་ནས་བཙལ་ཀྱང་མི་རྙེད་པའི་གློ་སྐོར
གློ་སྐོར།  གཡག་ཁྱུ་དེད་ཅིང་སྒོ་ཁྱི་འདོགས་པའི་དེང་རབས་ཀྱི་འབྲོག་པ་དེ་དག་་་་
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕྱིར་དྲན་ཁག་གསུམ།

2022-11-25 འཇམ་དཔལ།(དར་ལག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།