རྐང་རྩེད་སྤོ་ལོ།
—འཛམ་གླིང་གསེར་བུམ་རྩོད་པའི་མཛེས་སྡུག་ལ་བལྟས་པ།
ང་ཚོས་རང་ནུས་ཡོད་ཚད་བཀོལ་ཏེ་ཁྱོད་རང་ཁྱོད་ཚང་གི་སྒོ་ཁར་བསྐྱལ་ཡང་།
ཁྱོད་ཚང་གི་སྒོ་ཁྱི་བཙན་པོ་དེས་ཁྱོད་རང་ལ་བདའ་ལུང་བདའ་བྱེད།
ཁྱོད་ལ་པྲོག་གསར་གློ་ཚད་འགོས་ཡོད་པ་ཨེ་ཡིན་ནམ།
མཐོང་ཙམ་ཉིད་ནས་དགྲ་རུ་ལྟ་ཞིང་རྡོག་རྒྱག་གྲངས་མེད་ཀྱིས་ཕྱི་རུ་གཡུག་འགྲོ
ཁྱོད་ནི་ཇི་འདྲའི་ལས་ངན་ཞིག་རེད་ཨང་།
བལྟས་བལྟས་རིག་རིག་ལ་མི་རྣམས་ཀྱི་རྩེ་སྤྱད་ཁོ་ནར་གྱུར།
ཕར་ཕྱོགས་ཀྱིས་རང་གི་གདུག་རྩུབ་ཡོད་ཚད་ཁོ་རང་ཁོ་ནའི་སྟེང་དུ་བཀོལ།
ཁྱོད་རང་སྙིང་རྗེ་བའི་ལུག་གུ་ཞིག་དང་འདྲ་བར་ཕར་ལྡིང་དང་ཚུར་ལྡིང་བྱས།
ཕར་ལ་ལྡིང་ན་བྲོས་སོང་ན་ཡང་རྡོག་རྒྱག་གཅིག
ཚུར་ལ་བྲོས་ནས་ལྡིང་ཡོང་ན་ཡང་རྡོག་རྒྱག་གཅིག
མི་ཚོགས་ཀྱི་མིག་ཟུང་མང་པོས་ཁྱོད་རང་ཁོ་ན་འཚོས་ནས་ཡོད་ཅིང་།
ཁྱོད་ཀྱིས་སྤོབས་པ་དང་ང་རྒྱལ་གྱིས་སུ་ཚང་གི་གསེར་ཁྲི་གནོན་པར་རེ་སྒུག་བྱེད།
ཡིན་ནའང་ཁྱོད་ཀྱིས་འབྲོ་རྒྱུ་ལས་ཅི་ཡང་ཤེས་ཀྱིན་མི་འདུག
ཐེངས་མང་པོར་ཁྱོད་རང་ངེད་ཚང་གི་སྒོ་ཁར་བསྐྱལ་ནས་ཐོན་ཡོང་།
ང་ཚོས་ཀྱང་རང་ནུས་ཡོད་ཚད་ཀྱིས་འགོག་སྲུང་བྱས་ཤིང་།
རྡོག་རྒྱག་གྲངས་མེད་ཀྱིས་ཁྱོད་རང་ཕྱི་རུ་དེད།
གཅིག་བྱས་ན་ཁྱོད་ཀྱིས་ཉིང་སྐྱུར་བརྟག་དཔྱད་ཀྱང་བྱས་མེད་སྐད
ཁྱོད་ནི་འཇིག་རྟེན་འདིའི་རྩོད་རྡོ་གཅིག་པུ་སྟེ།
སུ་ཚང་གི་ཕུག་ཁྱིམ་ལ་ཐོན་ཚེ། དེ་ཚང་གི་ཐབ་ལྷ་མནོལ་བར་འགྱུར་ལ།
དེ་ཚང་གཞི་ནས་རྒུད་པའི་ལམ་དུ་ཞུགས་ཏེ་ཕུང་བར་འགྱུར་རོ།
འཛམ་གླིང་གསེར་བུམ་ཞེས་ཡག་པོ་ཡག་པོ་ཞིག་ལབ་རུང་།
ང་ལ་མཚོན་ལ་ཡག་རྒྱུ་ཞིག་གཏན་ནས་མ་བྱུང་།
རྒྱལ་ཁབ་འདི་འདྲ་མང་པོ་ཞིག
མི་རིགས་འདི་འདྲ་མང་པོ་ཞིག
མི་ཚོགས་འདི་འདྲ་མང་པོ་ཞིག་གི་སྔུན་ནས།
ངོ་ཚ་དང་ལ་རྒྱ་ཅི་ཡང་མེད་པར།
སོ་ནག་ཉི་མ [1] ངུས་བྱུང་།
ཀླུ་ཚང་ཚེ་ལོ [2] ངུས་བྱུང་།
ངས་རླབས་ཆེན་གྱི་མི་སྣ་གཉིས་ཀྱི་རྒུད་པའི་གོ་རིམ་དེ་བལྟས་ཏེ།
འཇིག་རྟེན་འདིར་དངོས་གནས་ངོ་ཚ་མི་འདུག་བསམ་བྱུང་།
༢༠༢༢-༡༢-༡༡ ཉིན་རྩེ་ཁོག
མཆན། [1] [2] སོ་ནག་དང་ཀླུ་ཚང་ནི་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་གི་སྡེ་བ་གཉིས་ཡིན། རྩེ་ཁོག་གི་གྲུག་ཞེན་པ་ཚོས“ནེས་མར”དང་“c ལོ གཉིས”ལ་དེ་ལྟར་རང་གི་སྡེ་བའི་མི་ཞིག་གི་ངོས་ནས་བརྩེ་སེམས་མཚོན་པར་བྱེད།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།