ལྷིང་འཇགས་ཀྱི་ཀློང་ནས་གཅུང་པོ་རྙེད་བྱུང་།

བཀྲ་ཤིས་ཕུན་ཚོགས།(དགེ་མང) 琼迈文学网 2024-08-06
མཆིད་ཤགས་འབུལ་མི་ཤེས་པའི་ཁྱེད་རང་།
ལྷིང་འཇགས་སུ་གནས་ཡོད་པ་འདྲ་ཡང་།
ཉི་འོད་མཐོང་མ་མྱོང་བའི་འོ་དོད་རྒོད་པོ།
ནམ་ཡང་ཐོས་འཛིན་གྱི་བུ་ག་ནས།
འཇགས་སུ་མེད་པར་གྲག་བྱུང་།

ངས་ཁྱེད་རང་སླར་ཡང་རྙེད་བྱུང་།
ལྷིང་འཇགས་ཀྱི་ཀློང་ནས་རྙེད་བྱུང་།

མུན་ནག་གི་རྔམས་ཀ་མཐུག་པའི་མཚན་མོ་འདི།
ལྷིང་འཇགས་ཡིན་དྲགས་པས།
ང་ལ་ཁྱེད་རང་དྲན་པའི་བར་སྟོང་ཞིག་གནང་བྱུང་།

ངས་ཁྱེད་རང་གི་མིག་ཟུང་མཐོང་བྱུང་།
ནང་དུ་འོད་མདངས་འཚེར་བཞིན་པ་མཐོང་།
འོད་ཟེར་ཕྲ་མོ་དེར་ཞིབ་ཀྱིས་བལྟས་པར།
དེ་ནི་མེ་ལྕེ་ཞིག་རེད།
འཁོར་བ་ལ་ཆོ་མེད་པར་སྐྱེས་པས།
ཞེ་འགྱོད་དང་།
སྡང་སེམས་ཀྱིས་འབར་བཞིན་པའི་མེ་ལྕེ་ཞིག་རེད།

དོ་ཞག་ལྷིང་འཇགས་ཡིན་དྲགས་པས།
ངས་ཁྱེད་རང་དྲན་བྱུང་།
དྲན་གདུང་གི་བརྡབ་གསིག་རེ་རེས།
ང་ལ་འཆི་བ་དྲན་དུ་བཅུག་སོང་།
གཅུང་པོ་ལགས།
ང་ཁྱོད་དང་སླར་ཡང་མཛའ་ན་བསམ་བྱུང་།
ངས་ཁྱོད་ཀྱི་འཇགས་སུ་མེད་པའི་འོ་དོད་དང་།
རྒྱུ་མཚན་མེད་པའི་དགོད་སྒྲ་ཐོས་ན་འདོད།

གློ་རྡེག་ཏུ།
དེ་ལྟར་སྨྲ་བ་མེད་པར་གྱེས་སོང་བའི་ཁྱེད་རང་།
ན་ནིང་གི་དཔྱིད་དཔལ་བཞིན།
གློ་རྡེག་ཏུ་ཡལ་སོང་བའི་ཁྱེད་རང་།
ཟླ་བ་འཆར་ཐེངས་རེར།
ངས་འཛུམ་ཀོར་ཀོར་གྱི་བྱད་བཞིན་དྲན་བྱུང་།
ལྷིང་འཇགས་ཡིན་ཐེངས་རེར།
ངས་འཇགས་སུ་མེད་པའི་འོ་དོད་དྲན་བྱུང་།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷིང་འཇགས་ཀྱི་ཀློང་ནས་གཅུང་པོ་རྙེད་བྱུང་།

2024-08-06 བཀྲ་ཤིས་ཕུན་ཚོགས།(དགེ་མང) ཀློག་གྲངས། མཆན ཡོད།
མཆིད་ཤགས་འབུལ་མི་ཤེས་པའི་ཁྱེད་རང་།
ལྷིང་འཇགས་སུ་གནས་ཡོད་པ་འདྲ་ཡང་།
ཉི་འོད་མཐོང་མ་མྱོང་བའི་འོ་དོད་རྒོད་པོ།
ནམ་ཡང་ཐོས་འཛིན་གྱི་བུ་ག་ནས།
འཇགས་སུ་མེད་པར་གྲག་བྱུང་།

ངས་ཁྱེད་རང་སླར་ཡང་རྙེད་བྱུང་།
ལྷིང་འཇགས་ཀྱི་ཀློང་ནས་རྙེད་བྱུང་།

མུན་ནག་གི་རྔམས་ཀ་མཐུག་པའི་མཚན་མོ་འདི།
ལྷིང་འཇགས་ཡིན་དྲགས་པས།
ང་ལ་ཁྱེད་རང་དྲན་པའི་བར་སྟོང་ཞིག་གནང་བྱུང་།

ངས་ཁྱེད་རང་གི་མིག་ཟུང་མཐོང་བྱུང་།
ནང་དུ་འོད་མདངས་འཚེར་བཞིན་པ་མཐོང་།
འོད་ཟེར་ཕྲ་མོ་དེར་ཞིབ་ཀྱིས་བལྟས་པར།
དེ་ནི་མེ་ལྕེ་ཞིག་རེད།
འཁོར་བ་ལ་ཆོ་མེད་པར་སྐྱེས་པས།
ཞེ་འགྱོད་དང་།
སྡང་སེམས་ཀྱིས་འབར་བཞིན་པའི་མེ་ལྕེ་ཞིག་རེད།

དོ་ཞག་ལྷིང་འཇགས་ཡིན་དྲགས་པས།
ངས་ཁྱེད་རང་དྲན་བྱུང་།
དྲན་གདུང་གི་བརྡབ་གསིག་རེ་རེས།
ང་ལ་འཆི་བ་དྲན་དུ་བཅུག་སོང་།
གཅུང་པོ་ལགས།
ང་ཁྱོད་དང་སླར་ཡང་མཛའ་ན་བསམ་བྱུང་།
ངས་ཁྱོད་ཀྱི་འཇགས་སུ་མེད་པའི་འོ་དོད་དང་།
རྒྱུ་མཚན་མེད་པའི་དགོད་སྒྲ་ཐོས་ན་འདོད།

གློ་རྡེག་ཏུ།
དེ་ལྟར་སྨྲ་བ་མེད་པར་གྱེས་སོང་བའི་ཁྱེད་རང་།
ན་ནིང་གི་དཔྱིད་དཔལ་བཞིན།
གློ་རྡེག་ཏུ་ཡལ་སོང་བའི་ཁྱེད་རང་།
ཟླ་བ་འཆར་ཐེངས་རེར།
ངས་འཛུམ་ཀོར་ཀོར་གྱི་བྱད་བཞིན་དྲན་བྱུང་།
ལྷིང་འཇགས་ཡིན་ཐེངས་རེར།
ངས་འཇགས་སུ་མེད་པའི་འོ་དོད་དྲན་བྱུང་།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།