དགོན་པར་འགྲོ་ཁར་དགའ་རོགས་ལ་སྤྲིངས་པ།

ཨ་རིག་དགེ་མཐོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-20

    བརྗོད་དོན་སྙིང་བསྡུས།འཇིག་རྟེན་གཏམ་དཔེ་ལ།༼བཏང་ན་རྫ་མ་ཆག་འགྲོ།མ་བཏང་ན་ལག་པ་འཚིག་འགྲོ༽སྤྱི་ལོ་༡༩༨༧་ལོའི་ནམ་ཟླ་ཧ་ཅང་གྲང་ཞིང་འཁྱག་པའི་ཉིན་མོ་ཞིག་ལ་ངེད་ཚང་གི་ཕ་རྒན་སྡེ་བའི་འཚོགས་འདུ་ཞིག་ལ་སྡེ་དཔོན་གྱིས་ཁ་བཀོད་ལྟར་སོང་།འཚོགས་འདུ་གྲོལ་རྗེས་ངོ་གདོང་ལ་སྐྱོ་ཉམས་དང་བཅས་ཁྱིམ་དུ་འཛུལ་ཏེ་ཞི་ལི་སློབ་གྲྭར་འགྲོ་དགོས་བྱུང་།ཨ་མས་དེའི་སྐོར་ཞིབ་ཏུ་འདྲི་མ་ཕོད་པར་ཉན་པར་ལས་རེད་ལས་རེད་ཅེས་ཨ་ཕས་ཁ་སྤུའི་ནང་དུ་མཛུབ་མོ་བཞག་ཏེ་སང་ཉིན་འགྲོ་དགོས་པས་ཟ་མ་དང་ཅ་ལག་བསྡུ་བསོགས་རྒྱོབས།དགོང་མོ་ང་ཨ་ཕས་རུམ་སྟེ་ཁ་ཏ་བསླབ་བྱ་འདི་ལྟར་བྱས་སོང་།ཁྱེད་སློབ་གྲྭར་འགྲོ་མི་དགོས་པའི་ཐད་དུ་ཐབས་ཤེས་གང་མང་འཐེན་ཡིན།འོན་ཀྱང་དེ་ནི་ལྡོག་ཐབས་མེད་པའི་སྔོན་ལས་ཤིག་རེད།ད་ནི་སྡེ་བའི་སློབ་ཆུང་ལ་སོང་དང་བདུན་ཕྲག་རེའི་རྗེས་སུ་སྐོར་རྒྱག་ཡ། ད་དུང་ཀ་ར་དང་རྩེད་སྤྱད་ཅི་དགོས་ན་ཉོ་ཡ་ཞེས་པའི་ཨ་ཕའི་སྐད་ངག་འཇམ་པོ་དང་། སྐད་ཆ་སྐྱིད་པོ་དེ་ཚོ་ནམ་རྒྱུན་ཡིན་ན་རྣ་བས་ཐོས་དཀའ་བ་ཞིག་རེད་མོད།དགོང་མོ་དེར་ང་ལ་མཚོན་ན་དམྱལ་བ་སྐྱེ་རྒྱུའི་མགྲོན་བརྡ་འབྱོར་བ་བཞིན་མཚན་གང་ལ་ངུས་ཡིན།ཕྱི་ཉིན་ཨ་ཕས་རྟ་རྒན་ལ་སྒ་སྲབ་བསྐོན་ཏེ་ང་འཕོངས་ལ་བཞག་ནས་སློབ་གྲྭའི་ཕྱོགས་སུ་ཆས།སློབ་གྲྭ་ནས་ཨ་མ་དང་ཁྱིམ་མཚེས་རྩེད་རོགས་བྱིས་པ་ཚོ་དྲན་ཏེ་ངུས་པ་ཐེངས་ཤིག་ག་ལ་ཡིན།བྱིས་པ་བསམ་མེད་འགས་ཐུབ་ཚོད་བཏང་སྟེ་རྣ་ཅོག་ནས་འཐེན་དུས་ལྷན་དུ་དྲན།དེ་ལྟར་ལོ་ཟླ་རིམ་གྱི་འདས་དུས་ང་སློབ་གྲྭར་འགྲོ་རྒྱུར་དོ་སྣང་ཆེ་རུ་ཕྱིན།ལོ་གསུམ་གྱི་རྗེས་སུ་སློབ་འབྲིང་དུ་རྒྱུགས་འཕྲོད།སྐབས་དེར་ལས་ཀྱི་དབང་གིས་བྲག་དམར་སྡེ་བའི་བསོད་སྒྲོན་དང་ངེད་གཉིས་མདུན་ཅོག་གཅིག་ཏུ་ཁེལ།ཉིན་རེ་བཞིན་དགེ་རྒན་ཚོས་འཁྲིད་པ་མོས་བརྒྱ་ཆའི་ལྔ་བཅུ་ཙམ་ཡང་ཤེས་ཀྱིན་མི་འདུག                                           
       ངས་མོ་ལ་སློབ་ཁྲིད་དག་རང་སྦྱོང་སྐབས་དང་ས་ཟུར་ནས་སྦྱང་རོགས་བྱས་པས་མོ་ཇེ་ངར་དུ་སོང་བ་དང་།ངེད་གཉིས་ཀྱི་ཉིན་རེའི་སློབ་སྦྱོང་བྱེད་སྟངས་ཚང་མ་མོས་ཕ་མ་གཉིས་ལ་མ་གསང་བར་བཤད་འདུགདེ་ནས་བཟུང་མོའི་ཕ་མ་གཉིས་ཀྱིས་ཁྱིམ་ཚང་གཅིག་གི་བུ་ཕྲུག་ལྟར་ཟས་སྐལ་སོགས་མཉམ་སྟེར་བྱེད་པ་ནི་ངའི་སེམས་ན་ད་དུང་གསལ།ངེད་གཉིས་ཀྱི་བརྩེ་དུང་དེ་ནང་ཆོས་ནས་བཤད་པའི་ཉོན་མོངས་དང་བྲལ་བའི་བརྩེ་སེམས་དྭངས་མ་ཞིགལོ་ཟླ་རིམ་གྱིས་འདས་དུས་ངེད་གཉིས་ཀྱི་བརྩེ་སེམས་འཇིག་རྟེན་གྱི་དུང་སེམས་ཀྱི་ངོ་བོར་འགྱུར་སོང་ལ། ན་ཚོད་དང་འགྲོགས་ནས་བརྩེ་བ་ཇེ་ཟབ་ཏུ་འགྲོ་སོང་།    
        ཉིན་རེའི་ནང་དུ་ཕན་ཚུན་མ་མཐོང་ན་སེམས་པ་མི་སྐྱིད་པའི་ཚོད་དུ་བསླེབས།དེ་ལྟར་འགྲོགས་འགྲོགས་ཀྱི་མཐའ་མར་རང་ཁྱིམ་དུ་སོང་སྟེ་གཉེན་བསྒྲིགས་རྒྱུ་བྱས།ངས་སྟག་ཤར་ར་ཞིག་གི་རང་ཚུགས་ལྟ་བུ་འཛིན་ཁུལ་བྱས་ཏེ་དགུན་གནས་ནས་ཕྱིར་སློབ་གྲྭར་མངགས་ཀྱང་མ་སོང་།སྐབས་དེའི་ངའི་ཕ་མའི་རྣ་སྡུག་དེ་གླེང་ན་རྫོགས་མཐའ་མེད།ཉིན་བཅུའི་རྗེས་མོ་ལ་སྐོར་རྒྱག་འདོད་ཀྱང་དངུལ་གྱི་དཀའ་ངལ་ཡོད་པས་ཕུ་བོ་ལ་ངེད་གཉིས་ཀྱི་གཉེན་སྒྲིག་སྐོར་བཤད་དགོས་བྱུང་།ཕུ་བོའི་ལག་ནས་སྒོར་མོ་འགའ་ཁྱེར་ཏེ་སྐོར་རྒྱག་གི་སོང་བ་དང་།སློབ་གྲྭར་ཐོན་ལ་ཉེ་དུས་སྔོན་གྱི་བྱ་བཞག་ཐམས་ཅད་དྲན་ནས་བྲེལ་འཚུབ་ཀྱིས་རྟ་ལ་ལྕག་གིས་བྲབས་ཏེ་རྒྱུགས།སློབ་གྲྭའི་འཛིན་གྲྭ་འཚོགས་ཡོད་པས་ཁ་ཐུག་ཏུ་མ་སོང་བར་སྒུག་ནས་བསྡད།བར་སྐབས་ཤིག་ནས་འཛིན་གྲྭ་གྲོལ་བ་དང་སློབ་བུ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་རྩེད་ཐང་དུ་སླེབས། སྐབས་དེར་ང་ལ་མཚོན་ན་རྐུན་མ་བཞིན་དགེ་རྒན་ཚོའི་མཐོང་སར་འབུད་མ་ཐུབ།ཏོག་ཙམ་ནས་སློབ་གྲོགས་ཤིག་ལ་སྐད་གཏོང་རྒྱུའི་གོ་སྐབས་ཤར།ཁོ་བརྒྱུད་ནས་མོ་ལ་སྐད་བཏང་མ་ཐག་མོ་བྲེལ་མྱུར་ངང་བརྒྱུགས་ཡོང་སྟེ་ང་ལ་འཐམས་ནས་ཁྱེད་ཀྱིས་ང་བསླུས་ཚར་བ་རེད་བསམ།ད་ལྟའི་ངའི་སྔུན་གྱི་འདི་ནི་ཁྱོད་ངོ་མ་ཨེ་ཡིན་ན་ཞེས་མིག་ཆུ་དང་ལྷན་དུ་འཐམས།སྐབས་དེར་ང་ངོ་ཚ་ནས་སློབ་གྲོགས་དེ་ལ་བཀའ་དྲིན་ཆེ་འདི་ཁྱེད་ཀྱིས་ཁྱེར་ཞེས་སྒོར་གསུམ་སྤྲད་པ་ཡིན།སློབ་གྲོགས་ཀྱང་དགའ་བཞིན་སྤྲོ་བཞིན་ཕྱིར་སློབ་གྲྭའི་ཕྱོགས་སུ་གོམ་པ་སྤོས།ངེད་གཉིས་ཀྱིས་རྟ་ལ་འཕོང་བྱས་ཏེ་ཕར་ཕྱོགས་ཀྱི་རྩེ་ཆུའི་འགྲམ་དུ་རྟ་ཁ་གཅུས།རྩེ་ཆུའི་ཁ་ནས་སྡུག་གཏམ་དང་སེམས་གཏམ་གང་མང་ཞིག་བཤད་རྗེས་གཉེན་སྒྲིག་སྐོར་གླེང་མགོ་བརྩམས།མོས་ང་ལ་ཁྱེད་ཀྱིས་སེམས་ཐག་བཅད་པ་ངས་ཤེས་སོང་ལ།ངས་ཀྱང་སྔོན་མའི་སྐད་ཆ་ལ་འགྱུར་བ་མི་གཏོང་ཁོ་ཐག་ཡིན།ད་ནི་ང་སློབ་གྲྭ་ནས་ཐོན་ཏེ་ཆང་ས་རྒྱག་རྒྱུ་བྱེད་ཡ་ཞེས་འཛུམ་ཆུང་དང་བཅས་བཤད་པ་ན།ངས་དེ་ལྟར་མི་འོས་ཚུལ་མང་བོ་ལབ་ཀྱང་ཕན་འབྲས་མེད་པས་ཕྱིར་སློབ་གྲྭའི་ཚོང་ཁང་གི་ཕྱོགས་སུ་བསྐྱོད།ཚོང་ཁང་ནས་ཀ་ར་དང་སིལ་ཏོག་གང་འཚམ་ཞིག་ཉོས་ནས་རྟ་ལ་འཕོངས་བྱས་ཏེ་ཁོང་ཚང་གི་ལམ་ཁུར་ཞུགས།དགོང་མོ་དེར་མོ་ངས་ཁྲིད་ནས་ཡོང་བ་གསང་བ་བྱེད་རྒྱུ་དང་ང་ཕྱིར་ངེད་ཚང་ལ་འགྲོ་རྒྱུའི་གྲོས་ཁ་མཐུན།ངེད་གཉིས་ཀྱི་ཁྱིམ་ཚང་ལ་རྫུན་གྱིས་འཁོར་ལོ་ཆུང་ཆུང་ཞིག་བསྐོར་བ་སུ་ཡིས་ཤེས།མཚན་མོ་རེ་རེར་འབྲོག་སྒོ་ཁྱིའི་ཟུག་སྐད་དང་ལྷན་དུ་ང་མོ་ཐུག་གི་སོང་བ་ནི་ཅི་འདྲའི་སྐྱིད་པོ་ཞིག་དང་།མཚན་མོའི་ལྷན་འཛོམས་ཀྱི་དུས་ཚོད་ནི་ཅི་འདྲའི་ཐུང་བ་ལ།ལོ་ཟླའི་འཁོར་འགྲོས་བར་ནས་ཐོག་མའི་དམ་བཅའི་སྐོར་ལ་གྲོས་བྱས།ངེད་ཚང་ལ་གཉེན་སྒྲིག་གི་སྐོར་དང་པོར་བཤད་རྒྱུ་དང་དེའི་རྗེས་ཁོ་ཚང་ལ་བཤད་རྒྱུའི་འཆར་གཞི་དེ་ངེད་གཉིས་ཀྱིས་བློ་ཐག་བཅད།ང་སྐྲག་སྐྲག་ནས་ཕ་རྒན་ལ་སྐད་ཆ་དེ་བཤད་དུས་ཁོ་ངར་ལངས་ཏེ་ཁྱི་མོ་དེས་ངའི་ཞི་ལི་སློབ་གྲྭར་འགྲོ་མ་བཅུགས་པ་དང་།ཁྱོའི་གཡོ་སྒྱུ་དེའི་སྐོར་ང་ལ་བཤད་མི་དགོས་རང་གི་ཨ་མ་ལ་ཤོད་ཟེར་ནས་སྒོའི་ཕྱི་ལོགས་སུ་བུད་སོང་།ང་ནི་ཤུལ་དུ་ཐབ་གའི་རྩིབ་ན་ཚོང་གི་མ་རྩ་བརྡིབས་པ་ལྟར་སེམས་སྡུག་གི་ནང་དུ་ལྷུང་།དེའི་དགོང་མོའི་ངེད་ཚང་ནི་དམག་འཁྲུག་བརྒྱབས་ཤུལ་གྱི་རྒྱལ་ཁབ་གཉིས་ལྟར་རང་རང་ས་ན་དོགས་སོན་གྱིས་ལྷག དགོང་མོའི་ཟ་མ་ཟ་འདོད་ཀྱི་ཡིད་ག་འགག་སོང་ལ།ཨ་ཕ་ཟེར་བའི་དྲིན་ཆེན་པོ་དེ་ཡང་མིན་པ་ལྟ་བུར་ཆགས།ངས་ཕམ་ཁ་ཆེན་པོ་ཞིག་ཁུར་བཞིན་ཉལ་ཁང་གི་ནང་དུ་འཛུལ་ཏེ་ཕུ་བོ་ལ་སྐད་ཆ་རྣམས་མ་གསང་བར་བཤད།དེ་དུས་ངའི་ཡོད་ཚད་ལ་མེ་ཤོར་བ་ལྟ་བུར་འགྱུར་ཏེ་མོ་ལ་ཅི་ཟེར་རྒྱུའི་ཕྱོགས་སུ་བསམ་གཞིག་བཏང་།རང་སེམས་གསོ་བའི་ཐབས་ལམ་ཞིག་དང་མོ་རང་གི་བློ་སེམས་བདེ་ཐབས་ལ་འབད་སྤྱད་ཅིག་ལ་མནོ་བསམ་བཏང་།མཚན་མོའི་རྨི་ལམ་ལ་བརྟགས་ནས་ཐག་གཅོད་རྒྱུ་ལྟ་བུ་ཞིག་ཡིད་ལ་སྒོམ་སྟེ་གཉིད་དུ་ཤོར།རྨི་ལམ་ལས་ངས་དུང་དཀར་པོ་ཞིག་འབུད་ཀྱིན་ཡོད་པ་རྨིས།ད་དུང་དགོན་པ་ཞིག་ན་ཨ་མ་ངེད་གཉིས་བསྐོར་བ་འགྲོ་བཞིན་པ་རྨིས་སོང་ལ། ནམ་ལང་ལ་ཉེ་དུས་ཅི་ཡིན་འདི་ཡིན་མེད་པའི་རྨི་ལམ་མང་བོ་ཞིག་རྨིས་སོང་།འཇའ་ཚོན་ལྟ་བུའི་རྨི་ལམ་རྣམས་ཕུ་བོ་ལ་བཤད་པ་དང་།ཕུ་བོས་འདང་རྒྱག་མི་དགོས་པར་ལས་དབང་ཟེར་བ་ལ་ལྡོག་ཐབས་མེད་པའི་སྐོར་བཤད་ནས་མཁས་ཉམས་ལྟ་བུ་བཏོན་ཏེ།ངའི་འདོད་པ་ལྟར་ན་ཁྱེད་རང་གྲྭ་བ་བྱོས། མོ་ཡང་དགའ་རྒྱུ་རེད་ལ་ཕ་མ་གཉིས་བཤད་མ་དགོས་པ་རེད།ཁྱེད་རང་གི་མདུན་ལམ་ལ་དེ་ལས་ལྷག་ཅིག་གང་དུ་ཡོད།ངས་བསམ་བློ་ནན་མོ་བཏང་དུས་དགོང་མོའི་ནམ་སྟོད་ཀྱི་རྨི་ལམ་དང་ཕུ་བོའི་སྐད་ཆ་དེ་གཉིས་ཧ་ཅང་གི་བློར་འབབ་པའི་སེམས་ཐག་བཅད་དེ་གྲྭ་བ་བྱེད་རྒྱུ་དྲན། ངས་གཏམ་བཟང་ལྟ་བུའི་སྐད་ཆ་དེ་དག་ཁྱེར་ཏེ་ཁྱིམ་ལ་སོང་དུས།ཕ་རྒན་ནི་ལུག་ཁྱུའི་ནང་དུ་སྤྱང་ཀི་བརྒྱུགས་པའི་ཉིན་མོ་དང་མཚུངས་པར་ངོ་གནགས་ནས་འདུག  ང་ཁྱིམ་དུ་ཐོན་མ་ཐག་འདི་ཚོ་གཉོར་ནས་ལག་ཆག་དུས་དྲིན་ཆེན་ལ་དྲིན་ལོག་བྱེད་ཀི་ཟེར་ནས་ཡར་བརྩི་བྱས།ངས་མགོ་ལ་འཕུར་འཕུར་བྱེད་ཞོར་ཁ་སང་གི་དེ་རྫུན་ཡིན།དེ་ལས་གཞན་ཞིག་བཤད་རྒྱུ་ཡོད། ཨ་ཕའི་ངོ་གདོང་ནི་དབྱར་ཁའི་ཆར་བ་འབབ་མཚམས་བཞག་རྗེས་ཀྱི་གནམ་མོ་ལྟར་གློ་བུར་དུ་འཛུམ་གྱིས་ཁེངས།གཅེས་ལོ་དེ་ལས་གཞན་བཤད་རྒྱུ་ཅི་ཡོད་ན་ཤོད་དང་ངས་བགག་འགོག་མི་བྱེད།ང་གྲྭ་བ་བྱེད་རྒྱུ་ལབ་དུས་ཨ་ཕ་སྔར་ལས་ཀྱང་དགའ་སྟེ་ཨ་མ་ལ་འོ་མ་ཞིག་མཆོད་དང་དཀོན་མཆོག་གསུམ་པོ་འདི་ཨེ་བདེན་ན།ཨ་ཕ་དགའ་ན་ཡང་ངའི་སེམས་ན་བཟོད་གླགས་མེད་པའི་ན་ཟུག་ཅིག་དང་དུང་སེམས་ཤིག་གིས་འཚང་ཁ་རྒྱག་བཞིན་འདུག ང་སྡོད་མ་ཚུགས་ནས་ཉལ་སའི་ཕྱོགས་སུ་བརྒྱུགས།ཉལ་ཁང་ནས་ཕུ་བོའི་ཐ་མོག་འཐེན་ཤུལ་ན་ཡོད་པའི་ཤོག་བུ་འགའི་སྟེང་དུ་བསོད་སྒྲོན་ལ་འདི་ལྟར་བྲིས།བསོད་སྒྲོན་ཁྱོད་བདེ་མོ།ངེད་གཉིས་ཀྱི་བརྩེ་དུང་ནི་དྭངས་གཙང་གི་ཆུ་བོ་ལྟར་ལྷད་མ་ཞུགས་ཀྱང་། ཕ་མའི་བཀའ་བཙན་ནི་ལྡོག་ཐབས་མེད་པའི་ལས་དབང་དམར་པོ་ཞིག   ངེད་གཉིས་ཀྱི་གཉེན་བསྒྲིག་རྒྱུ་ནི་ངའི་ཨ་ཕའི་སེམས་ཀྱི་སྡུག་བསྔལ་འཕར་མ་ཞིག་དང་།ངའི་ཨ་མའི་མིག་ལམ་གྱི་ཚེར་མ་ལྟ་བུ་རེད།ངའི་རང་སེམས་འོ་མའི་རྒྱ་མཚོའི་ནང་དུ་ཁྱོད་ལས་གཞན་པའི་གསེར་ཉྭ་ཞིག་མེད་ཀྱང་། དྲིན་ཆེན་ཕ་མ་ལས་ལྷག་ཅིག་འགྲོ་བ་མིའི་རིགས་ལ་སུ་ཞིག་ཡོད།ཆུང་གྲོགས་དགའ་མ་ཁྱེད་དང་ངེད་གཉིས་ཀྱི་དམ་བཅའ་ནི་དེ་བས་ཀྱང་གལ་ཆེ།འཇིག་རྟེན་གཏམ་དཔེ་ལ།༼བཏང་ན་རྫ་མ་ཆག་འགྲོ།མ་བཏང་ན་ལག་པ་འཚིག་འགྲོ༽ཞེས་པའི་ས་མཚམས་ཤིག་ན་ང་ལྷག་ཡོད།ཁ་སང་གི་ཉིན་མོ་ང་ལ་མཚོན་ན་དམག་འཁྲུག་ཅིག་གི་ཉིན་མོ་རེད།ངའི་བསམ་བློའི་ནང་གི་དམག་འཁྲུག་འདི་མ་ལྡོག་ན་ངའི་ཚེ་སྲོག་དང་འབྲེལ་བའི་བྱ་བ་མང་བོ་ཞིག་ས་ལ་འཐིམས་འགྲོ་བར་ངེས། བསོད་སྒྲོན།ཁྱོས་ང་ལ་ཁྲེལ་མེད་མ་ཟེར།ཁྱོས་ང་ལ་ལེ་འདེད་མ་གནང་།ཁྱོས་ངའི་ཕྱོགས་སུ་བསམ་བློ་མ་གཏོང་།ང་གཙང་བོ་ཞིག་གི་ཕར་རོལ་ཏུ་བདེ་འཚམས་ངང་ཕྱིན་ཡོད།གསེར་མདོག་གི་དགོན་པ་ཞིག་ནས་ངས་ཁྱེད་ལ་སེམས་གཏིང་ནས་འགྱོད་བཤགས་བྱེད།བསོད་སྒྲོན།ཁྱོའི་སེམས་མ་ཕམ།ང་ཁྱེད་ཚོ་ཚང་མ་ལ་དུང་ཞེན་ཟབ་པས་ངས་ཁྱེད་ཚོ་ལ་མགོ་བསྐོར་མི་གཏོང་།ངས་བློ་ཐག་བཅད་དེ་སྐྲ་ལོ་གཏུབ་ཏེ་བུད་སོང་།ངས་བརྩེ་དུང་གི་མིག་ཆུ་དྲོན་མོ་ཞིག་ཁྱེར་ནས་སོང་ཡོད།ངས་ཁྱེད་ཀྱི་སྐྲ་ལོ་ལོའི་ལན་བུ་རེ་རེ་དང་གདོང་གི་ཞལ་རས་དཀར་པོ།ད་དུང་འཁུར་འཚོས་དམར་པོ་ཟུང་ཡིད་ལ་སྒོམ་སྟེ་ཡོད།ཕྱི་མ་མི་དགོས་པར་ཚེ་འདི་ནས་ཕན་ཚུན་གྱི་སྐད་ངག་ཐོས་ཐུབ།ཁྱོད་བདེ་མོ་སྐྱིད་པོ་བྱོས།ངེད་གཉིས་ལ་སྔོན་ལས་ཟད་སོང་བས་ང་ལ་བྱ་ཐབས་འདི་ལས་མ་མཆིས།ངའི་སེམས་ནས་ཁྱོད་མི་བརྗེད་ཀྱང་ཁྱོས་ང་ལ་ཕྱིར་འཁོར་ནས་འཕྲིན་ཡིག་མ་སྐུར། ཁྱོས་ང་ལ་ཡིད་ཆེས་བྱས་ཏེ་རང་ཉིད་ཀྱི་ཁ་ཡ་ན་ཟླ་ཞིག་བཙལ་རོགས།     བདེ་མོ།སང་ཉིན་ང་དགོན་པར་བུད་འགྲོ།ཞེས་ཟླ་ཚེས་བཟང་བོ་ལ་འཇམ་དཔལ་རྡོ་རྗེས་མིག་ཆུ་དང་ལྷན་དུ་རང་གི་ལས་དབང་ལ་ཁེངས་ར་བྱེད་བཞིན་བྲིས།དེ་ནས་བཟུང་ངས་དེའི་སྐོར་གླེང་ན་མི་འདོད་ཀྱང་།དེ་རིང་འདིར་མཛའ་འཕྲིན་འགྲན་བསྡུར་ཞིག་ཡོད་རབས་དང་སྙིང་གི་ཚིལ་ལུ་ཟེར་ནས་འགའ་རེས་བྲིས་པ་མཐོང་རྗེས་རང་ཉིད་ཀྱིས་བརྒྱུད་མྱོང་བའི་བརྩེ་སེམས་རགས་བསྡུས་ཤིག་ཡིག་ཐོག་ཏུ་ཕབས་པ་ཙམ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགོན་པར་འགྲོ་ཁར་དགའ་རོགས་ལ་སྤྲིངས་པ།

2011-02-20 ཨ་རིག་དགེ་མཐོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།