ཁ་བའི་ལས་དབང༌།

        གཟའ་ཉི་མའི་ཉིན་ཞིག་ལ་ཁ་བ་གློ་བུར་དུ་བབས་བྱུང་བས་ཁོར་ཡུག་ཀུན་ཏུ་དངུལ་དཀར་གྱི་འཇིག་རྟེན་ཞིག་ཏུ་བསྒྱུར།  ང་མལ་ལས་ལངས་ཏེ་སྒོར་ཕྱིར་དུས །  ངའི་སེམས་ལ་སྔར་མེད་ཀྱི་སུན་སྣང་ཞིག་བསླང་བྱུང༌། ཡོད་ཚད་ལ་ཞེད་སྣང་ཞིག་གམ་སྐྱོ་སྣང་ཞིག   མ་གཞིར་ང་ལ་ཉིན་དེར་བཀོད་སྒྲིག་ལེགས་པོ་ཞིག་ཡོད་ནའང༌།    ཁ་བས་བཀོད་སྒྲིག་དེ་དག་གནས་མེད་དུ་འཁྱམ་པར་བྱས །    རེ་ཐག་ཡོངས་སུ་ཆད་ནས་སླར་ཡང་མལ་དུ་མི་ལོག་ཐབས་མེད་བྱུང༌།
      མགོ་སྔའི་ཐོག་གི་ཆུ་ཚོད་ཀྱིས་ཐག་སྒྲ་ལས་སེམས་ལ་གནོད་སྣང་ཞིག་ཤར་ཡང་སླར་ཡང་རྨི་ལམ་གྱི་ཞིང་ཁམས་སུ་ཡུར ། རྨི་ལམ་དུ་རྨིས་བཞིན་པའི་ཡུལ་ལྗོངས་དེར་ཁ་བ་བབས་མེད་ལ ། ཉི་འོད་འཇམ་པོ་ཞིག་དང་རླུང་བུ་དལ་མོར་ཞིག་གི་འོག་ན།  ངའི་སེམས་པ་མོས་འདུན་དྲག་པོ་ཞིག་གིས་སྣེ་ཁྲིད་དེ། ངའི་སྔོན་དུ་འགྲོ་བཞིན་པའི་མི་ཚོགས་ཀྱི་དབུས་ན ། རྒྱབ་གཟུགས་གཞན་དང་མི་མཐུན་པའི་བུད་མེད་ཞིག་གིས་གར་གྱིས་སྟངས་སྟབས་བསྒྱུར་བཞིན་བྲེལ་འཚུབ་ངང་སྔུན་དུ་བགྲོད ། དེ་ནི་མི་ཚོགས་ཀྱི་རྒྱབ་གཟུགས་དང་གཏན་ནས་མི་མཚུངས་བས་སེམས་པ་གཅིག་ཏུ་འཕྲོག་པའི་མཛེས་མ་ཞིག  ངས་མོའི་ངོ་མདངས་རིག་ཅི་ཐུབ་བྱས་ཀྱང་མོ་རང་མི་ཚོགས་དབུས་སུ་གར་སོང་ཆ་མེད་དུ་གྱུར །  ལམ་གྱི་སྲང་མདོ་རེ་རེ་ནས་ངས་མི་ཚོགས་ཀྱི་དབུས་སུ་ཐག་ཉེ་དང་ཡང་ན་ཐག་རིང་ལ་མིག་གིས་ཧྲིག་ཧྲིག་ངང་ཕྱོགས་ཀུན་ལ་བལྟས་ཀྱང་མོ་རང་གར་སོང་ཆ་མ་འཚལ །   ང་རང་ཡང་ མགོ་བོ་སྨད་ནས་རང་ཁྱིམ་གྱི་རྐང་ལམ་ཕྲ་མོ་དེ་མི་བརྒྱུད་ཐབས་མེད་བྱུང་ །    ཁྱིམ་དུ་སླེབས་འཕྲལ་གཏན་འཇོག་ཁ་པར་གྱི་སིལ་སྒྲ་གྲགས་བྱུང༌།  ང་རང་རེ་ཞིག་ཧད་དེ་ལུས །   སུ་ཞིག་གིས་ཁ་པར་ཨང་གྲངས་དེ་ཤེས་སོང་སྙམ་བཞིན་དལ་མོར་ཁ་པར་ ལ་ཉན།    དེ་ནི་འབྲིང་རིམ་སྐབས་ཀྱི་སློབ་གྲོགས་ཟླ་བ་རེད །  ངའི་གཏན་འཇོག་ཁ་པར་གྱི་ཨང་གྲངས་ཁྱོད་ཀྱིས་ཇི་ལྟར་ཤེས་སོང་བ་ཡིན་ཞེས་དྲིས་ཚེ །  ཁོས་འཛེམ་དོགས་ཅི་ཡང་མེད་པའི་སྒོ་ནས་འདི་ལྟར་བཤད ། དེ་ནི་ཁྱོད་ཀྱི་མཛའ་མོ་ཀུན་དགའ་ལྷ་མོས་བཤད་པ་ཡིན ། ཁོ་མོའི་མིང་ཐོས་ཚེ །   ཡིད་ལ་མོའི་ཀུན་སྤྱོད་དང་གཤིས་ཀ་སོགས་མེ་ལོང་བཞིན་དུ་སྣང་ངོར་འཆར །  ཁོས་ང་ལ་ཅི་ཞིག་བཤད་སོང་བའང་ཧ་མ་གོ་བར་ཁ་པར་མར་བཞག་ཏེ་འབོལ་ཁྲིའི་ཐོག་ཏུ་བརྩེ་དུངས་ཞེས་བའི་སྒོ་བྱང་དེ་ཡིད་ལ་འཁོར་བྱུང་།
        ༢༠༠༨ལོའི་ཟླ་༦པའི་ཚེས་༡༧ཉིན་གྱི་མཚན་མོ་ཞིག་ལ །  སྒོ་བྱང་དུ་བརྩེ་དུངས་ཞེས་པའི་ཆང་ཁང་མག་མོག་ཞིག་གི་ཁོར་ཡུག་དེ་དྲན་བྱུང༌།  མ་གཞིར་ཀུན་དགའ་ལྷ་མོ་ཆང་རག་གི་བཟི་ཁ་ལས་ཐོག་མར་གནས་དེ་ནས་ངོ་ཤེས །  སྐབས་དེར་མོ་རང་བཟི་སོང་བས་སེམས་ཀྱི་གསང་བ་ཡོད་ཚད་ང་ལ་བཤད་སོང་བ་འདྲ། ངས་ཀྱང་མོ་ལ་སེམས་སྡུག་རོགས་དང་ཤོག་བས་མོའི་མཁུར་ཚོས་སྟེང་གི་མཆི་མ་ཐེངས་ འགར་ཕྱིས །     ཁ་པར་ཨང་གྲངས་སོགས་ཕན་ཚུན་ལ་བཤད་རྗེས་ཆང་རག་གི་ཤེར་ཕོར་གཅིག་གིས་གཅིག་ལ་གདོང་གཏུགས་པ་བགྲང་གིས་མི་ལང༌། སྐྱེས་པ་ཞིག་ཡིན་ནའང་ང་རང་ཆང་གིས་ར་རོ་ལྟར་དུ་གྱུར།    ཕྱི་ཉིན་ནམ་ལངས་བར་ཅི་ཡིན་ཆ་མ་འཚལ་བས་མགྲོན་ཁང་གང་དུ་ཉལ་ཡོད་པའང་མ་
ཤེས།  མགོ་བོ་ན་ཞིང་སེམས་པ་རྨོངས་བར་གྱུར་ནས་རེ་ཞིག་གན་རྐྱལ་མི་ཉལ་ཐབས་མེད་བྱུང༌། ཡུད་ཙམ་ལ་འདང་རྒྱག་ནན་མོ་ཞིག་གི་མཐར། མདང་དགོང་གི་བྱ་བ་དག་ཡིད་ལ་གཅིག་རྗེས་གཉིས་མཐུད་དུ་ཤར ། 
         ཟླ་བ་གཉིས་གསུམ་གྱི་རིང་ལ་ངེད་གཉིས་བར་གྱི་འབྲེལ་བ་དེ་ཆད་མྱོང་ལ་སེམས་ཀྱི་སྐྱིད་སྡུག་ཡོད་ཚད་ཕན་ཚུན་ལ་ལབ་གླེང་སྣ་ཚོགས་བྱས་མཐར། ཆང་ཁང་དམར་པོའི་སྒོ་བྱང་ལྟར་བརྩེ་དུངས་ཞེས་པའི་ཐ་སྙད་དེའང་ངེད་གཉིས་ཀྱི་བར་ལ་བྱུང་།  ཞོགས་པ་ཞིག་ལ་མོས་ཁ་པར་ཀྱི་སྐུད་ལམ་ལས་མགྲིན་པ་སྔངས་ཞོར་དང་ཤུ་སྒྲ་འབྱིན་ཞོར ། མོས་ངེད་གཉིས་བར་ལ་གྲུབ་འབྲས་མེད་ཅེས་ཚིག་འབྲི་མི་ཉུང་བ་ཞིག་གིས་སེམས་ངོགས་ལ་ཁབ་ཙག་བྱེད་པ་བཞིན་རྣག་གིས་
ཁེངས ། རྒྱུ་མཚན་གང་མང་ཞིག་དྲིས་ཀྱང་ལན་མ་སློག   ཡོད་ཚད་ནས་ཡོད་ཚད་ལས་དབང་རེད་ཅེས་ཁ་པར་གྱིས་སྐུད་ལམ་བཅད་སོང་།  ཉིན་དེ་ནས་བཟུང་སྣང་ངོར་ཅི་ཡང་དབེན་པས་གོམ་ཁ་ཡང་ཆང་གིས་བརྒྱགས་ཚར་བའི་ར་བཟི་ཞིག་དང་འདྲ།  དེ་ལྟར་འཚོ་བ་ལ་སྙིང་བོ་དབེན་ཞིང་ལང་ཚོ་ལ་རྒུད་ཤུགས་ཚབས་ཆེན་ཐེབས་ནས་ཟླ་བ་ཁ་ཤས་ཀྱང་འདས་སོང་། ཡིནའང་མོ་རང་སེམས་ཁོང་ནས་བོར་མ་མྱོང་ལ་འབོར་ཡང་མི་སྲིད །  རྒྱུ་མཚན་མོ་རང་ངའི་བརྩེ་དུངས་ཞེས་པའི་ཐ་སྙད་དེ་རུམ་དུ་བཅུག་པའི་ཐོག་མའི་མཚན་བྱང་ཡིན །
   མི་ཚོགས་དབུས་ཀྱི་རྒྱབ་གཟུགས་དང་ཀུན་དགའ་ལྷ་མོའི་རྒྱབ་གཟུགས་གཉིས་སེམས་ལ་ཅིག་ཅར་དུ་ཁེན་པར་སྣང་བས་སེམས་པ་རྨོངས་བའི་དྲ་རྒྱར་ཚུད ། གློ་བུར་དུ་ཏིང་ཏིང་ཞེས་པའི་སྒྲ་ཞིག་དང་མིང་གིས་འབོད་བཞིན་ཁྱིམ་ནང་དུ་མི་ཞིག་འཛུལ་བས་གཉིད་ལས་བསླངས །  མལ་ཁང་གི་སྒེའུ་ཁུང་དཀྱིལ་ནས་ཕྱིར་རོལ་དུ་ཡང་ལྟ་བྱས་མཐར །  ཁ་བ་སྔར་བཞིན་འབབ་པས་ཇེ་མཐུག་ནས་ཇེ་མཐུག་ཏུ་གྱུར་ཟིན །
    ཞོགས་པའི་རྨི་ལམ་ཡོད་ཚད་ཁ་བ་དེར་དབང་བས་ལས་དབང་བཙན་པོ་ཞིག་གིས་སེམས་པ་བཙོན་དུ་བཅུག་ཟིན་པ་དང་འདྲ། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བའི་ལས་དབང༌།

2010-05-01 ཚུལ་ལྡན ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།