མི་དང་ཁྱི། ༢

3

སྨག་ཡོངས་སུ་རུབ་འདུག ཨ་ཁུ་བཟོད་པའི་ཆུང་མ་སྦྲའི་གཡོན་ཁྱིམ་གྱི་པགས་གདན་ལེབ་མོ་ཞིག་གི་སྟེང་དུ་ཀུམ་པོར་གཉིད་ནས་ཡུན་རིང་འགོར་ཡོད་ཚོད་ཡིན།ངའི་གན་ན་གཉིད་དུ་ཡུར་བའི་ལས་གྲོགས་ཀྱིས་སྔུར་བ་ཡང་མོ་ཞིག་འཐེན་གྱིན་གདའ། ཕྱི་རོལ་གྱི་གནམ་གཤིས་ཧ་ཅང་འཁྱག་ངེས། སྦྲ་ནང་དུ་ཆུ་ཐིགས་པའི་སྒྲའང་གཞི་ནས་ཐོས་རྒྱུ་མི་འདུག

མཚན་མོ་དེར།ཁྱིམ་སྦུག་ན་ལྷེམ་ལྷེམ་བྱེད་པའི་མཆོད་མེའི་འོད་སྣང་མོག་པོ་དེའི་འོག་ཏུ། ཨ་ཁུ་བཟོད་པས་ང་དང་ཁ་བརྡ་རིང་མོ་ཞིགགི་མགོ་འདི་ལྟར་བརྩམས། “ངོ་མ། བཤད་ན་ཡིད་ཆིས་ཡོང་དཀའ་ཡ།ལོ་འདི་འགར་སྔ་གཞུག་ཏུ་ང་ཚོའི་སྡེ་བའི་ཁྱི་ལྔ་བཅུ་ཙམ་རྐུན་མས་བརྐུས་སོང་།”

“ལྔ་བཅུ་ཙམ་མམ།”ང་ངོ་མ་ཧ་ལས་སོང་།“འོ་ལེ།དགུན་ཐོག་གཅིག་ལ་ཧ་ལམ་ཁྱི་བཅོ་ལྔ་ཙམ་བརྐུས་འགྲོ།”ཨ་ཁུ་བཟོད་པས་མལ་སའི་ནང་ཁ་བུབ་ཏུ་སྡོད་པའི་ང་ལ་བལྟས་ཙམ་བྱས་ཏེ་མགོ་བོ་འཕྲེད་དུ་གཡུག་ཞོར“ངོ་མ། ཁྱི་རྐུན་དེ་ཚོས་ཁ་སོས་ཀྱིན་མི་འཇུག”ཟེར།

“ཁྱེད་ཚང་གི་ཁྱི་ཡང་བརྐུས་སོང་ངམ།”ངས་དེ་ལྟར་དྲིས་པར། ཨ་ཁུ་བཟོད་པས་མུ་མཐུད་དུ “བརྐུས་སོང་། ན་ནིང་དགུན་ཁར་བརྐུས་སོང་། ཁྱི་ནག་ནག་ཡ་མེད་ཅིག་ཡོད། འབྲུག་བྱམས(ངའི་ལས་གྲོགས་ཀྱི་མིང)ཀྱིས་ཤེས་པ་ཡིན། ཁྱི་དེ་ཁྱི་གུ་ཡིན་དུས་ངས་ཁུ་བོ་མཐོ་རིས་པོ་ཚང་གི་ཁྱེར་ཡོང་བ་ཡིན། ལྷས་ཁྱི་དེ་འདྲ་ངོ་མ་བཀོན་ཡ”ཟེར།

“ཁོ་ཚོས་ཁྱི་བརྐུས་ནས་ཅི་བྱེད་ཀྱིན་ཡོད་པ་རེད”སྐབས་དེར་ངས་ཨ་ཁུ་བཟོད་པ་ལ་དེ་ལྟར་དྲིས།

“སུས་ཤེས། བཤད་སྒྲོས་ལ་ཕྱི་རྒྱལ་དུ་འཚོང་གིན་འདུག་ཟེར། ད་དུང་ཁྱི་གཅིག་སྒོར་ཁྲི་མང་བོར་ཚོངས་པ་རེད་ཟེར།དེ་འདྲ་སྲིད་དམ།”ཨ་ཁུ་བཟོད་པས་ཆིག་ལབ་ལྟ་བུའི་དྲི་བ་དེ་འདྲ་ཞིག་བཏོན་བྱུང་།ངས་སྔས་འོག་ཏུ་བཅུག་པའི་ཐ་མག་རྐང་ཞིག་ཨ་ཁུ་བཟོད་པར་བྱིན་པ་ཡིན། ཁོ་མལ་སའི་ནང་ནས་ཙོག་པུར་བསྡད་རྗེས། སྔས་ལ་བཞག་པའི་སྟོད་ལྭའི་ཨམ་ཕྲག་ལས་མེ་ཆ་བླངས་ཤིང་སླར་ཡང“ངོ་མ།ཡུལ་ངན་ནམ་ངན་ཞིག་ལ་ཟླ་ལྷག་ཅིག་ཅེས་པའི་དཔེ་ལྟར།ལོ་འདི་འགར་སྤྱང་ཀིའི་གནོད་པ་ཇེ་ཐུ་ནས་ཇེ་ཐུ་རེད། ད་ལྟ་ང་འུ་ཐུག་ནས་ཤོག་སྦག་ཉོས་ཡོང་བ་ཡིན།ཡིན་ནའང་ད་ཆ་སྤྱང་ཀི་ཤོག་སྦག་ལ་དྲེད་འདུག འེ། ཁྱི་རྐུ་མཁན་དེ་ཚོས་ཁ་སོས་སུ་མི་འཇུག་ཁོ་ཐག་རེད”ཟེར།

“ཨ་ཁུ། ཁྱོད་ཚོས་གྱོན་དོན་ཞུ་གཏུག་མ་བྱས་སམ།”ངས་དེ་ལྟར་དྲིས།

“ལོས་བྱས།ཐེངས་གང་མང་ལ་བྱས་པ་ཡིན”

“འོ་ན”

“ཁོ་ཚོས་ནམ་རྒྱན‘ང་ཚོས་ཏག་ཏག་ལ་གྱོན་དོན་དེར་རྩད་གཅོད་པའི་སྒང་ཡིན’ཟེར།ཡིན་ནའང་ལོ་གཉིས་གསུམ་གྱི་རིང་ལ་ཁོ་ཚོས་ཁྱི་བརྐུས་པའི་དོན་དག་གཅིག་ཀྱང་ཐག་གིས་མ་ཆོད།དྲང་མོར་བཤད་ན།ཁོ་ཚོས་ཁྱི་ཤ་ཟ་བ་མ་གཏོགས་ཅི་ཡང་མི་སྒྲུབ་པ་རེད།”ཨ་ཁུ་བཟོད་པ་འཚིག་པ་ཟོས་པ་འདྲ། ཁོས་མཛུབ་མོའི་བར་གྱི་ཐ་མག་ཤུགས་ཀྱིས་འཇིབ་རྔུབ་ཅིག་བྱས་རྗེས།སླར་ཡང་“ན་ནིང་དགུན་ཁར་ང་ཚོས་ཁྱི་རྐུ་མཁན་ཞིག་བཟུང་ནས་ཁོ་ཚོར་སྤྲད་ཀྱང་། ཁོ་ཚོས་ཉིན་རེ་གཉིས་ལ་བཀག་རྗེས་བཏང་བ་རེད།”

“བཏང་སོང་།”

“འོ་ཡ།”

“ད་ཅི་རེད་དམ།”

“ཁོ་ཚོས་དན་རྟགས་ཤིག་མི་རྙིད་ཟེར།”

“དན་རྟགས་ཤིག་མི་རྙེད་ཨེ།”

“འོ་ལེ།”སྐབས་དེར།སྦྲའི་མ་སྦུག་གི་སྒྱེའུ་དེ་ལས་ཁྱི་གུས་ངུ་ཟུག་འགའ་བྱས་པས།ངེད་གཉིས་ཀྱི་ཁ་བརྡའི་མཚམས་རེ་ཞིག་ཆད་སོང་།ཨ་ཁུ་བཟོད་པས་ཀྱི་ལེར་ཉན་ནས་ཅུང་ཙམ་སོང་རྗེས། ཧ་ཅང་རྒྱུས་མངའ་ཡོད་པའི་ཚུལ་གྱིས“ཁོས་རང་གི་ཨ་མ་དྲན་གྱིན་འདུག སྙིང་རེ་རྗེ། ངས་ཁྱེར་ཡོང་དུས་དེའི་མིག་ཕྱེ་ནས་རིང་པོ་ལོན་མེད”ཟེར།

 “ཁོ་འཁྱགས་དྲགས་པས་མིན་ནམ།”ངས་དེ་ལྟར་བཤད་པར་ཨ་ཁུ་བཟོད་པ “ཧིན་ཧིན། ག་ལ་སྲིད། དེ་ཁྱོད་ཚོ་དང་འདྲའམ།”ཞེས་གད་མོ་བགད་པས། ང་ཡང་དབང་མེད་དུ་གད་མོ་ཤོར་སོང་། ངེད་གཉིས་ཀྱི་དགོད་སྒྲས་ངའི་ལས་གྲོགས་ཀྱི་གཉིད་ཀྱང་དཀྲོགས་སོང་བ་འདྲ། ཁོ་ཁ་ལོ་ཕར་འཁོར་ནས་མལ་ཐུལ་གྱི་སྣེ་མོས་མགོ་བོ་བཏུམས།

“རྐུམ་མ་དེ་ཁྱོད་ཚོས་བཟུང་བ་ཡིན་ནམ།”རེ་ཞིག་འགོར་རྗེས་ངས་སྐད་དམའ་མོས་སླར་ཡང་ཨ་ཁུ་བཟོད་པར་དེ་ལྟར་དྲིས།“ཕལ་ཆེར་ངེད་ཚང་གི་ཁྱི་རྒན་བརྐུས་ནས་ཉིན་གཉིས་གསུམ་ལས་མ་འགོར།ཏག་ཏག་ལ་ཚེས་བཅོ་ལྔའི་དགོང་མོ་ཞིག་ཡིན།ཉིན་སྔོན་མར་ད་དུང་ཁ་བ་ཞིག་ཀྱང་བབས་ཡོད།ནུབ་དེར་ནོར་བྷེ་་ཚང་གི་ཁྱི་རྒན་ཡང་ཨེན་ཙམ་གྱིས་བརྐུས་སོང་། འོ། ཁྱོད་ཀྱིས་ཤེས་རྒྱུ་མ་རེད། ནོར་བྷེ་ཚང་ནི་ངེད་ཚང་དགུན་མཚེར་གྱི་ཁྱིམ་མཚེས་ཡིན།”ཨ་ཁུ་བཟོད་པས་སྔས་གོང་གི་སྟོད་ལྭ་གཡང་ཤམ་དུ་གྱོན་རྗེས་ཡང་བསྐྱར་མུ་མཐུད་དུ་“དགོང་མོ་དེར། ཁོ་ཚང་ཉལ་ནས་ཅུང་མ་འགོར་པར། ཁྱི་རྒན་གྱིས་ངུ་ཟུག་ཙམ་བྱས་སོང་ཟེར། ནོར་བྷེའི་བུ་ལྷ་མགོན་གྱིས་ཅི་ཡིན་སྙམ་ནས་སྒོ་ལ་བུད་དུས་་་་་”ཨ་ཁུ་བཟོད་པས་བཤད་མཚམས་རེ་ཞིག་བཞག་ནས“ཧིན་ཧིན། ཁྱོད་ཀྱི་རྣ་བར་འགྲོ་མི་སྲིད།”ཟེར།

“ཡ། ཅི་རེད།”

“ཁོ་ཚང་གི་ཁྱི་རྒན་མོག་ལྡང་མི་ཆ་མེད་འགས་ཁྲིད་ནས་འགྲོ་བཞིན་འདུག་ཟེར”

“ཁྲིད་ནུས་སམ།”

“འོ།”“ཁྲིད་ནས་འགྲོ་བཞིན་འདུག་ཟེར།

ངོ་མ་དགོད་བྲོ་ཡོང་།ལྷ་མགོན་དར་ཅིག་ལ་ཧོན་ཐོར་སོང་ཟེར།”

“འོ།”

“ཁོ་ལ་ཅི་ཁག ཁོ་ཚང་གི་ཁྱི་དེ་བཙན་པོ་ཡ་མེད་ཅིག་ཡིན་ཡ། སྤྱིར་སྡེ་བ་འདིར་དེ་འདྲའི་ཁྱི་ཞིག་མེད། ངོ་མ་མེད།”

“དེ་ནས།”

“དེ་དུས་ངེད་ཚང་གི་རིག་ཐོའང་ཡུལ་ན་ཡོད།འོ།རིག་ཐོ་ནི་ངའི་བུ་ཡིན།ཁོ་ད་ལྟ་གཡང་ལུང་དགོན་པ་ན་ཡོད།ནུབ་དེར་ནོར་བྷེ་ཕ་བུ་ཚོ་དང་ང་ཚོས་ཁྱི་རྐུ་མཁན་བདས་ནས་ཕལ་ཆེར་ནམ་ཕྱེད་ཡོལ་སོང་།མཐར་གཞུང་ལམ་འགྲམ་གྱི་ས་དོང་ཞིག་ཏུ་རྒད་པོ་ཞིག་ལག་ཏུ་ཚུད”

“རྒད་པོ་ཞིག”

“འོ་ཡ།ཕལ་ཆེར་ལོ་ལྔ་བཅུར་བུད་ཡོད་ཚོད་རེད། སྤྱིར་ཁོ་ཚོར་མི་གསུམ་ཡོད་མོད། གཞན་གཞིས་པོས་གཞུང་ལམ་དུ་བཞག་པའི་རླངས་འཁོར་བསྐོར་ནས་བྲོས་སོང་།ང་ཚོའི་དགུན་མཚེར་གཞུང་ལམ་དང་ཐག་ཤིན་ཏུ་ཉེ། འེ། རུ་བ་གཞུང་ལམ་དང་ཉེ་དྲགས་ན་ངོ་མ་མི་ལེགས།”ཨ་ཁུ་བཟོད་པས་དེ་ལྟར་འཆད་ཞོར་ལ་མགོ་བོ་གཡུག་གཡུག་བྱེད་ཅིང་།དེ་ནས་སླར་ཡང“ཁོས་མིག་ཆུ་འདོན་གྱིན་ངུ་འབོད་བྱེད་པའི་ངང་ཚུལ་དེ་ད་ལྟའང་ངའི་མིག་ལམ་དུ་ཤར་ཡོང་”ཟེར།

“སུས་་་་”

“རྒད་པོ་དེས་་་་་་”

“རྒད་པོ་དེས་ཨེ་་་་་”

“འོ་ལེ།རྒད་པོ་དེ་ངོ་མ་ཉམ་ཆུང་ཞིག་འདུགཁོས་བཤད་པ་ལྟར་ན་བྲོས་ནས་ཤོར་པའི་མི་དེ་གཉིས་ཀས་ཁོའི་རླངས་འཁོར་གླས་ཡོང་བ་ཡིན་ལ། ཁོས་ད་བར་དུ་དེ་གཉིས་ཁྱི་རྐུ་མཁན་ཡིན་པ་ངོ་མ་མ་ཤེས་ཟེར་ཞོར་ལ། ‘ད་ནི་ངའི་རླངས་འཁོར་ཡང་གཡོ་ཁྲམ་གྱིས་བསྐོར་སོང་། ངས་བཟའ་ཟླ་བུས་ཕྲུག་གི་ཁ་ཇི་ལྟར་གསོ་ཨང་།’ཞེས་ངུ་ངག་བཏོན་སོང་།”

 “ཁོས་ཁྱོད་ཚོས་རྫུན་བཤད་ན་མགོ་སྐོར་བཏང་བ་ཡིན་ངེས”

“སུས་ཤེས།”

“དེ་ནས”

“ཕྱི་ཉིན།ང་ཚོས་སྡེ་བའི་ཁྱི་རྐུ་མས་བརྐུས་ཚད་ལ་བརྡ་བཏང་བས།ཕྱི་དྲོ་མི་བཞི་བཅུ་ཙམ་འདུས།ཉིན་དེར་ཁ་ཅིག་གིས‘ངེད་ཚང་གི་ཁྱི་རྒན་ཁྲིད་ཤོག’ཅེས་རྒད་པོར་གཤེ་གཤེ་བཏང་མོད།ད་ནི་ངས་ཇི་ལྟར་སྔར་བཞིན‘ངོ་མ་ང་ཁ་ལོ་པ་ཡིན་ཡ།དེ་ནི་ངས་ཇི་ལྟར་བཤད་ན་ཁྱོད་ཚོ་ཡིད་ཆེས་སམ’ཞེས་ངུ་ཁ་རླུགས།”

ཕྱི་རོལ་ནས་ལུག་ཁྱུར་མཐའ་ཞོགས་ཤིག་བརྒྱབ་པས།ཨ་ཁུ་བཟོད་པ་མལ་ལས་ལངས་ཏེ་རྐང་རྗེན་དུ་ཕྱིར་བུད། རུས་པའི་གསེང་ནས་གྲང་འདར་ཞིག་བྱུང་།

“ཅི་ཞིག་རེད”ཨ་ཁུ་བཟོད་པ་ཁྱིམ་དུ་འཛུལ་པ་དང་ངས་དེ་སྐད་དྲིས།

“འབྲི་རྒན་ཞིག་ཤོར་འདུག”

ཨ་ཁུ་བཟོད་པས་དེ་ལྟར་བཤད་པས་ངའི་སེམས་གཞི་ནས་བདེ་ལ་བབ།

“དེ་ནས།”ངས་དེ་ལྟར་ཁ་བརྡའི་མུ་མཐུད།

“དེ་ནས་ཨེ།”ཨ་ཁུ་བཟོད་པས་ཡུད་ཙམ་ལ་འདང་ཞིག་བརྒྱབ་རྗེས།“འོ།ཁོས་དེ་ལྟར་ང་ཚོར་ཅི་ཡང་ངོས་ལེན་མ་བྱས་པས།ས་རུབ་ཁ་ཙམ་ལ་མི་མང་བོ་ཞིག་རྒད་པོའི་སྟེང་ལ་འཚིག་པ་ཟོས་བྱུང་། ཁ་ཅིག་གིས་རྒད་པོ་དེ་ནོར་བྷེ་ཚང་གི་ཁྱི་རྒན་གྱི་སྐེ་ལ་སྦྲེལ་རྒྱུ་ཟེར།དེ་དུས་ནོར་བྷེ་ཚང་གི་ཁྱི་རྒན་གྱིས་ཁ་གྲག་ཐུབ་ཀྱིན་མི་འདུག”

“ཅིའི་ཕྱིར།”

“ཁོ་ཚོས་ཁྱི་རྒན་ལ་བཟི་སྨན་མཚར་བོ་ཞིག་བླུད་ཡོད་ངེས།ཁྱི་རྒན་ད་དུང་ཡང‘ཁ་དམ’འདུག”ཨ་ཁུ་བཟོད་པས་ངའི་གདོང་ལ་བལྟས་ཙམ་གྱིས“ཡིན་ནའང་ ང་ཚོས་དེ་ལྟར་བྱ་རུ་མ་བཅུག མི་ལུས་རིན་པོ་ཆེ་ཁྱིའི་སྐེ་རུ་སྦྲེལ་ག་ལ་རུང་ཨང”ཟེར།

ངས་ཅི་ཡང་མ་བཤད་པར་མགོ་ལྕོག་ལྡེམ་ཙམ་བྱས།“ཕྱི་ཉིན།ང་ཚོས་རྒད་པོ་དེ་ཁོ་ཚོ་སྤྲད་པ་ཡིན།ཁོ་ཚོཚས‘ཁྱོད་ཚོ་ཕྱིར་སོང་དང་། ང་ཚོས་འདྲི་གཅོད་བྱ་ངེས’ཟེར”

དུས་དེར། ཕྱི་རོལ་ནས་ལུ་གུའི་འབའ་སྒྲ་འགའ་བསྟུད་མར་གྲག་བྱུང་བས། ཨ་ཁུ་བཟོད་པ་ཡར་ལངས་ནས་སློག་པ་གཡང་ཤམ་གྱིས་སྒོ་ལ་བུད། ཡུད་ཙམ་ནས་ཁོ་ཕྱིར་ཡོང་ཞིང“ཨ་ཆི་ཆི། ཅི་འདྲར་འཁྱག་པ་ལ་ཨང་། དོ་ནུབ་ལུག་འདི་ཚོ་ལྷས་ནས་མི་འདུག་ཁོ་ཐག་རེད། ངས་སྦྲ་སྒོ་འདི་ཕྱེད་ཙམ་བཀྱགས་ན་ཁྱེད་གཉིས་འཁྱག་ཨེ་འགྲོ”

ཟེར།

“མི་འཁྱག་མི་འཁྱག”ངས་དེའི་མུར་དེ་ལྟར་ལན་བཏབ་པ་ཡིན།

“རེད།ད་རེད།”ཨ་ཁུ་བཟོད་པ་ཕྱིར་མལ་སའི་ནང་དུ་བསྡད་པ་དང་།སྔས་འགྲམ་དུ་བཞག་པའི་ལག་སྒྲོན་དེ་ཕྱེད་ཙམ་ཕྱེ་བའི་སྦྲ་སྒོ་ལས་ཕྱི་རོལ་གྱི་ལུག་ཁྱུར་བཀར་ཙམ་བྱས་རྗེས་དེ་ལྟར་ཟེར། སྐབས་དེར། ལག་སྒྲོན་གྱི་འོད་སྣང་ཁྲོད་ཁ་བ་སྔར་བཞིན་འབབ་ཀྱིན་འདུག་ལ།ལུག་ཁྱུ་ན་མིག་ཟུང་མང་བོ་ལྗང་ཀྲིག་ཀྲིག་འཚེར་གྱིན་གདའ། “དེའི་རྗེས་སུ།”ང་ཨ་ཁུ་བཟོད་པའི་ཁ་བརྡར་ཉན་འདོད་ཀྱི་སྤྲོ་བས་བརྟས་པས།སླར་ཡང་དེ་ལྟར་དྲིས་པ་ཡིན། “དེའི་རྗེས་སུ་ཨེ།”ཨ་ཁུ་བཟོད་པས་མུ་མཐུད་དེ་བཤད་རྒྱུར།“དེའི་རྗེས་སུ། ང་རྫོང་སྤྱི་བདེ་ལས་ཁུངས་སུ་བསླེབ་དགསོ་པའི་བརྡ་ཞིག་འབྱོར། དེ་དུས་ང་གཡང་ལུང་དགོན་པ་ན་ཡོད་པས། ཕྱིར་ཁྱིམ་དུ་བསླེབས་དུས་ཕལ་ཆེར་བརྡ་འབྱོར་ནས་ཉིན་འགའ་འགོར་ཡོད་ཚོད་རེད། ཐེངས་དེར་རྒན་མོས་‘འུ་ཚང་གི་ཁྱི་རྒན་རྙེད་འདུག ཁྱོད་མྱུར་མོར་ལེན་དུ་ཤོག་ཅེས་པའི་བརྡ་ཞིག་འབྱོར་སོང’ཕྱི་ཉིན། ང་སྔ་མོ་ལམ་ལ་ཆས་པ་ཡིན།”ཨ་ཁུ་བཟོད་པས་ཐ་མག་རྐང་ཞིག་ལ་མེ་བསྒོས་རྗེས། “འེ། ངའི་ཁྱི་རྒན་དེ་ངོ་མ་ལས་ངན་ཞིག་རེད”ཟེར།

 “དེ་ཅི་ལ།”ངས་ཧ་མ་གོ་བར་དེ་ལྟར་དྲིས།

“རྫོང་མཁར་དུ་བསླེབས་པ་དང་ང་འཕྲལ་མར་ཁོ་ཁོ་བཙལ་དུ་སོང་བ་ཡིན།ཁྱོད་ཀྱིས་དམག་ཁོ་ཁོ་ཤེས་སམ།”ཨ་ཁུ་བཟོད་པས་ང་ལ་དེ་ལྟར་དྲིས།

“མི་ཤེས།”ངས་དེ་ལྟར་བཤད་པར། ཨ་ཁུ་བཟོད་པས“ཁོ་ཁོ་ཟེར་བ་ང་ཚོ་སྡེ་བའི་ཡིན། ཉིན་དེར་ང་ཁོ་ཁོ་ཚང་གི་ཁྱིམ་དུ་འཛུལ་པ་ན།ཁོ་ཁོས‘ཨ་ཁུ་བཟོད་པ་ཁྱོད་ད་བར་དུ་མི་ཡོང་བ་ཅི་ཡིན།ངས་ཁྱོད་ལ་མྱུར་དུ་ཤོག་ཅེས་བརྡ་བཏང་བ་མ་འཕྲོད་དམ།ད་ཅི་བྱ ངས་ངོ་མ་ཤེས། ཨ་ཁུ་བཟོད་པ། དགོང་མོ་དེར་ངས་ཆང་འཐང་ཞོར་ལ་ཁོ་ཚོ་དང་མཉམ་དུ་ཤའང་འགྲངས་ཚད་ཅིག་ཟོས་པ་ཡིན། ཕྱི་ཉིན་ད་གཟོད་ཁོ་ཚོས་ང་ལ་དྲང་མོར་བཤད་བྱུང་། ང་ངོ་མ་ཞེ་མེར་ལངས་ཡོང’ཟེར།སྐབས་དེར་ཁོས་ཅི་ཞིག་འཆད་ཀྱིན་ཡོད་པ་ངས་ངོ་མ་ཧ་མ་གོ”

“འོ། ཅི་བྱང་བ་རེད།”ངས་ཨ་ཁུ་བཟོད་པའི་ཚིག་འཚམས་བཅད་ནས་དེ་ལྟར་དྲིས།

“ཁོ་ཚོས་ངའི་ཁྱི་རྒན་ཟོས་སོང”ཟེར།

“ཟོས་སོང་།སུས།”

“ཝེ། ཁྱོད་ཀྱིས་མལ་ཐུལ་དེ་ཡར་སྟོད་ལ་ཁོབས་དང་།”ཨ་ཁུ་བཟོད་པས་དེ་ལྟར་བཤད་པས། ངས་རང་གི་རྒྱབ་ཏུ་གོས་རྐྱང་ཞིག་ལས་ཅི་ཡང་མེད་པ་གཞི་ནས་ཚོར།སྐབས་དེར་ང་ལ་གྲང་འདར་ཞིག་བྱུང་བ་ཨ་ཁུ་བཟོད་པས་ཚོར་ནས།“ཁྱོད་དྲོས་འཁྱག་ལ་འགྲོ་རྒྱུ་རེད”ཟེར་ཞོར་སླར་ཡང་མེ་ཆ་ཐེངས་འགར་བརྡབས་རྗེས་ཐ་མག་རྐང་ཞིག་ལ་མེ་བསྒྲོན། ཁོང་གིས་ཐ་མག་རྔུབ་འཐེན་བྱེད་པའི་སྐད་ཅིག་མ་དེ་ལ།ངས་མུན་ནག་ཁྲོད་གཉེར་རིས་ཀྱིས་ཁེབས་པའི་རྒན་པོ་ཞིག་གི་ངོ་གདོང་གསལ་བོར་མཐོང་བྱུང་།ལོ་ཟླས་ཧྲལ་ཧྲུལ་དུ་ཟོས་པའི་བཞིན་རས་དེ་ནི་ངའི་སེམས་ཁོང་གི་ཅི་ཞིག་དང་ཅི་འདྲར་འདྲིས་ཤིང་ཉེ་བ་ཨང་།

“ཉིན་དེར།ང་ཡུན་རིང་ཞིག་ལ་རང་གི་རྣ་བར་ཡང་ཡིད་མི་ཆེས།”ཨ་ཁུ་བཟོད་པས་སླར་ཡང“རྗེས་སུ་ཁོ་ཁོས་ང་ལ་གསལ་བོར་བཤད་བྱུང་། ཐེངས་དར་ཁོ་ཚོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྱི་ལྔ་དྲུག་ཙམ་བརྐུས་ནས་འབྲོ་བའི་རླངས་འཁོར་ཞིག་བཟུང་བར་མ་ཟད། རི་སྡེ་སོ་སོར་ཁྱི་ངོས་འཛིན་དང་ལེན་དུ་ཡོང་དགོས་པའི་བརྡ་ཡང་དུས་ཐོག་ཏུ་བཏང་བ་ཡིན་ཟེར། རྗེས་སུ་ངེད་ཚང་མ་གཏོགས་བདག་པོ་གཞན་ཚང་མ་ཁྱི་ལེན་དུ་བསླེབས་བྱུང་ཟེར། ཐེངས་དེར། ང་དགོན་པ་རུ་འདུག་ཡུན་རིང་སོང་། འེ།”ཨ་ཁུ་བཟོད་པས་གློ་བུར་ཤུགས་རིང་ཞིག་ཕྱུང་།

 “་་་་་་་”

“ཁོ་ཁོ་ལ་ངོ་མ་ཁག་མེད།”ཨ་ཁུ་བཟོད་པས་སླར་ཡང་ཆིག་ལབ་ལྟ་བུའི་སྐད་ཆ་དེ་འདྲ་ཞིག་བཤད་བྱུང་།

“ཁོ་ཁོ་ལ།”ངས་ཅི་ཡིན་ཆ་མ་འཚམ་པར་དེ་ལྟར་དྲིས།

“འོ་ལེ། ཐེངས་ཤིག ཁོ་ཚོས་ཁོ་ཁོ་ལ་ཆང་འཐུང་དུ་ཤོག་ཅེས་མགྲོན་འབོད་བྱས་སོང་ཟེར།”

“སུས།”

“ཁོའི་ལས་གྲོགས་ཚོས།”

“ལས་གྲོགས་ཚོས་སམ།”

“འོ་ལེ། ཁོ་ཁོ་ནི་མི་དྲང་མོ་ཞིག་ཡིན། ཁོས་ང་ལ‘ངས་ངོ་མ་མ་ཤེས། ཨ་ཁུ་བཟོད་པ། དགོང་མོ་དེར་ངས་ཆང་འཐུང་ཞོར་ལ་ཁོ་ཚོ་དང་མཉམ་དུ་ཤའང་འགྲངས་ཚད་ཅིག་ཟོས་པ་ཡིན།ཕྱི་ཉིན་ད་གཟོད་ཁོ་ཚོས་ང་ལ་དྲང་མོར་བཤད་བྱུང་། ང་ངོ་མ་ཞེ་མེར་ལངས་ཡོང་’ཟེར།”

“དེ་ཅིའི་ཕྱིར།”ངས་ཧ་མ་གོ་བར་དྲིས།

 “ཁ་ཚོས་ངའི་ཁྱི་རྒན་ལྐོག་ཏུ་བསད་རྗེས།ཁོ་ཁོ་ལ་སྦ་གསང་བྱས་ནས་ཁྱི་ཤ་ཟ་རུ་བཅུག་པ་རེད།” “ངོ་མ། ཁྲམ་པའི་ལས་ཀ་ཤ་སྟག་རེད།”

“འེ།ད་ནི་ཐབས་ཤེས་ཅི་ཡོད།རྗེས་སུ་ང་ཕྱིར་ཡོང་ནས་མཆོད་མེ་རྐོང་བུ་གང་བསྒྲོན་པ་ཡིན།ངས་དེ་ཙམ་ལས་ཅི་ཞིག་སྒྦུབ་བམ།འེ།ངའི་ཁྱི་རྒན་ངོ་མ་ལས་ངན་ཞིག་རེད་ཡ།”ཨ་ཁུ་བཟོད་པས་དེ་ལྟར་ཟེར། དེའི་རྗེས་སུ། ངས་ཅི་ཡང་མ་ཤོད། ངོ་མ་ཅི་ཡང་མི་ཤོད།

 4

ནམ་ཕྱེད་ཡོལ་ཟིན། ཨ་ཁུ་བཟོད་པའང་གཉིད་དུ་ཡུར་ཟིན་པ་འདྲ།ཕྱི་རོལ་ན་ད་དུང་ཁ་བ་འབབ་ཀྱིན་ཡོད་ངེས། ཁྱིམ་སྦུག་གི་མཆོད་མེ་དེ་དུས་ནམ་ཞིག་ལ་གཟིམས་པ་ངས་མ་ཚོར།ད་ལྟ་འཇིག་རྟེན་འདིའི་ཡོད་ཚད་དབུགས་ཀྱི་རྒྱུ་བ་ཆད་པ་ལྟར་ཁུ་སིམ་སིམ་དུ་གནས་ལ། སྐབས་དང་སྐབས་སུ། རླུང་གྲང་མོ་གྲང་མོ་ཞིག་ཕྱེད་ཙམ་ཕྱེ་བའི་སྦྲ་སྒོ་ལས་ཁྱིམ་དུ་ལྡང་ཡོང་། …..

རྩོམ་ཁུངས། ༢༠༠༨ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་དང་ཁྱི། ༢

2009-11-16 དམིགས་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།