ལྕགས་ཕོར།

རྨ་ཆུའི་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-16

                                                                                      ༡
         གནས་དེ་ནི་བོད་ཡུལ་གྱི་གྲོང་གསེབ་ཅིག་རེད།ལོ་རབས་ལྔ་བཅུ་བའི་ནང་ཕུབ་པའི་རྒྱ་ཁང་ཤར་མ་འགའ་ཡོད་ལ། སྔོན་ཆད་འཚོགས་འདུ་ཚོགས་ས་ཡིན་ཞིང༌། ད་བར་ཁྱིམ་ཚང་སོ་སོའི་དོ་རྩོག་ས་ཡིན།དེ་བཞིན་བེ་སང་རྣམས་གནས་སྐབས་སྔར་བཞིན་འབྲོག་ལས་ཀྱི་འཚོ་བའི་ཁྲོད་དུ་བསྡད་འདུག  ལས་བྱེད་པ་སྐོར་ཞིག་གིས་ལྕགས་ཀྱི་ཕོར་བ་གྲུ་བཞི་སྣ་རུ་ཅན་རེ་རེ་བཟུང་ནས་གཞུང་ཁང་དུ་ཁ་ལག་ཟ་རུ་སོང༌།ཁོ་ཚོ་ཡང་གྲལ་བསྒྲིག་ནས་འགྲོ་དགོས་པ་རེད། གཞུང་ཁང་གི་ཟ་མའི་བྲོ་བ་ཞིམ་པོ་གང་སར་ཁྱབ་ནས་ཡོད། ཟ་ཁང་དེ་བཙུགས་རྗེས་ཕག་པ་འགའ་ཡང་གང་ཞིག་ནས་དེད་འོང༌།ཕག་ཤ་ཟོས་རྗེས་འབྲོག་པ་ཚོ་རེ་ཞིག་ཞེ་མེལ་བའི་སྣང་བ་འཁོར། ཡིན་ཡང་ལྕགས་ཕོར་ལག་ཏུ་བཟུང་བ་ནས་དེར་གྲལ་བསྒྲིག་དགོས་པ་རེད།རང་འགུལ་གྱིས་གྲལ་དུ་འཁོད་མཁན་མང་ཤོས་རེད། ཁོ་ཚོ་ནི་རང་གི་གོམ་པ་སྤོ་རྒྱུར་དོ་སྣང་བྱེད་མཁན་གྱི་མི་དྲེད་པོ་དག་རེད་ཟེར་ཡང་ཆོག།
                                                                                     ༢
         དུས་ཇེ་ཡག་ཏུ་སོང་བ་དང་ཁོ་ཚོ་རྒྱུན་པར་ས་སྲོད་ལ་གསར་དུ་བརྒྱབ་པའི་ཆང་ཁང་ངམ་ཇ་ཁང་དེའི་སྲག་སྐྱིབས་སུ་འཛོམས་ཡོང༌།ཆང་ཁང་དེ་ནི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་ལྟར་འུར་གྱི་གང་འདུག  མི་དེ་དག་གི་ཁྲོད་ཀྱི་མིང་ལ་གོ་རྟོགས་ཅན་ཟེར་བས་་ཚར་ཐལ།ངོ་མ་ཚར་ཐལ་་ཞེས་པ་ན། སྟོད་ཐུང་ཅན་གྱིས་་མི་དེ་ནི་བོད་རིགས་རྣལ་མ་ཞིག་རེད་་ཟེར། མི་དེའི་གྱོན་པའི་སྟོད་ཐུང་གི་སྟེང་ལ་གཡག་མགོའི་བཟོ་གྲུབ་ཀྱི་རི་མོ་ཞིག་ཡོད་ལ།རི་མོའི་འོག་ཏུ་དབྱིན་ཡིག་གིས་སྒྲ་བསྒྱུར་བྱས་ཏེ་་གཡག  གཡག  གཡག ་་ཅེས་བྲིས་ཡོད་ཅིང༌། གལ་ཏེ་ཕི་གླིང་བ་ཞིག་གིས་བཏོན་ཚེ་སྐད་གདངས་མི་དག་པར་འོག་རླུང་གི་་་གཡག་་ལ་མི་ནོར་བའི་ངེས་པ་ཡང་མེད། དེ་ལ་གཡུ་འབྲུག་གིས་ཐེ་ཚོམ་དང་བཅས་ལན་དུ་་་སུ་ཡིས་ཤེས་་་ཞེས་པ་ན་སླར་ཡང་སྟོད་ཐུང་ཅན་གྱིས་ལན་དུ་་་ངོ་མ་ཟེར་བ་ཡིན་་ཟེར།སྐབས་དེར་གཡུ་འབྲུག་གིས་ཅི་ཡང་ལན་མ་བྱིན། གཞོགས་ཀྱི་སྤུ་སེར་གྱིས ་་ དེང་སང་མི་ལ་རློམ་རྒྱུ་ཞིག་ག་བར་ཡོད། མི་མགོ་ལ་སྒྱེ་འགེབས་རྒྱུ་རེད་་ ཟེར། སྨ་ར་ཅན་གྱིས་མིག་ཤེལ་གདོང་རྩེར་འདེད་ཞོར ་་ སྙན་ངག་གི་སྐྱག་པ་བྱེད། དེ་ནི་སྡར་མ་སྐྱག་ཤོར་ཚོའི་དོར་མ་རེད།ད་དུང་དགྲ་ཤ་རྩོད་དགོས་ཟེར། ཡིག་ནག་ཅིག་གིས་འབུ་སྣག་ཅིག་གི་ཚབ་ཡང་མི་ཡོང ་་ ཟེར། ཁམས་དྭངས་ཀྱིས ་་ སྙན་ངག་དང་སྐྱག་པ་གཉིས་མཉམ་དུ་བཞག་ན་ཏག་ཏག་ཁམས་དྭངས་རྒྱུ་མེད་གིདེ་ནི་ངོ་མ་སྐྱག་བཤད་རེད ་་ ཟེར། སྨ་ར་ཅན་མྱུར་དུ་ཁོང་ཁྲོ་ལངས་བྱུང༌། ་་ཨ་རུ་བ་དེ་ཚོ་ངོ་མ་སྔོན་ཐོན་རེད།  འཇིག་རྟེན་འཕུར་གྲུ་རུ་སྤྱོད་ཁང་གཉིས་བཟོས་ཡོད།གཅིག་ནི་ཨ་རུ་རྒྱལ་ཁབ་ཀྱི་ཡིན་ཞིང༌། གཅིག་ཤོས་ནི་ཨུ་རུ་སུའི་སྤྱོད་ཁང་རེད ་་ ཟེར། འགོ་རྔ་མེད་པའི་སྐད་ཆ་དེ་ནི་ཡིད་སྡུག་གིས་བཤད་པ་རེད།དེ་ལྟར་ཁམས་དྭངས་ཀྱིས ་་ རྩོམ་རིགས་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། དེ་ལ་དག་སྣང་སྒོམ་དགོས ་་ ཟེར། བན་བུན་དུ་གནས་པའི་མཁའ་དབུགས་དེ་ནི་བཟི་བཞིན་པའི་ཁོ་ཚོ་དང༌།ཡང་ན་བཟི་ཚར་བའི་མི་རབས་ཤིག་གི་འཇིག་རྟེན་གྱི་དུས་ཚོད་ཡིན་ན་འདྲ། ཁོ་ཚོའི་དུས་ཚོད་ནི་སུ་ལའང་ན་ཟུག་མེད་པར་བཞུར་གྱིན་ཡོད།དེ་ནི་ལས་བྱེད་པའི་གཟའ་སྤེན་པ་རང་རེད།།
                                                                                        ༣
             རང་ཕྱོགས་ཀྱི་ལོ་རྒྱུས་སུ་གསལ་བ་ལྟར་ན་ཁོ་ཚོའི་སྡུག་བསྔལ་དང་ཕམ་ཁ་ནི་བདེན་པ་ཡིན་ཟེར།བཟང་དང་ཕན་བཏགས་པའི་སྐོར་གྱི་ཤོག་ངོས་རྣམས་བསུབ་ཅི་ནུས་བྱེད་རྒྱུ་ཡིན་ཟེར། དེ་བཞིན་རུ་ཕྱོགས་གཞན་གྱི་ཆབ་སྲིད་པ་རྣམས་ཀྱིས་མགྲིན་གཅིག་ཏུ་་དེ་ནི་རྫུན་མ་ཡིན་ཞིང༌། ཁོ་ཚོས་བསྒྲིག་པའི་དེབ་དེ་བདེན་པ་ཡིན་་ ཟེར། གང་ལྟར་ཁ་བརྡ་དེ་དག་གི་ནང་དོན་མཐར་གཏུག་པའི་བདེན་པ་དེ་གང་འདྲ་ཞིག་རེད།ན་ཆུང་གྲོགས་པོ་ཚོས་གྲ་དག་པའི་སློབ་ཁང་དུ་ཉིན་གཅིག་ལ་རྒྱུ་མཚན་གཅིག་པ་ལ་འབྲི་ཚུལ་མི་འདྲ་བའི་གཏམ་རྒྱུད་གཉིས་གཉིས་ལ་ཉན་དགོས་བ་རེད།རུ་ཕྱོགས་གཉིས་ཀྱི་ཁ་རྩོད་དེས་རིམ་ཆར་འབྲུག་སྐད་ལྟར་ལྡིར་ནས་གནམ་ས་གཡོ་བར་བྱས། ཁོ་རང་རྨི་ལམ་དེ་ནས་གློ་བུར་དུ་སད་པ་ན་ད་དུང་གནམ་ལངས་མེད།དེ་བཞིན་མུ་མཐུད་དུ་མི་འདོད་བཞིན་རང་གི་རྨི་ལམ་དེའི་མཇུག་བསྐྱངས།ཆེ་བཤད་ཁྲོད་འཛུལ་མཁན་གྱི་མི་དེའི་སྐོར་བཤད་མཁན་ནི་མ་གཞི་བོད་རིགས་འགའ་ཡིན་ན་འདོད་ཀྱང༌།སྐབས་དེར་བོད་རིགས་རྣམས་ཡང་བསྐྱར་ཉ་ཤ་ཟ་རུ་སྔ་མོ་ནས་ཕྱིན་སོང༌། ཤུལ་དུ་ཡོད་པ་ནི་ཟ་ཐུར་སྐམ་པོ་ཆ་གཅིག་དང༌།དེང་རབས་ཀྱི་ལྕགས་ཕོར་གྲུ་བཞི་མ་ཞིག་རེད། དོན་ལ་ཟ་ཐུར་དེ་དང་ལྕགས་ཕོར་གྱི་བདག་པོ་རྩ་འཛུགས་ལ་གནང་བ་ཞུས་ཏེ་གཞི་རིམ་དུ་བུད་སོང༌།གང་ལྟར་ཉ་ཟ་རུ་སོང་བའི་གནས་ཚུལ་དེ་ཨ་མེས་ཀྱི་གོ་རྗེས་རླུང་ཁམས་མ་དེངས་པར་གློ་ལུ་བརྒྱབ། ཨ་མེས་ཀྱིས་སྡིགས་མོལ་བྱེད་ཞོར་དུ་རང་གི་ཤིང་ཕོར་སྣུམ་ཕྱིས་བརྒྱབ།ཤིང་གི་ཕོར་བ་དེ་ལ ་་རྩབ་ཅན་་ ཡང་ཟེར། ངོ་མ་གནའ་རྫས་ཤིག་ཀྱང་ཡིན། ཨ་མེས་ཀྱིས་ཤིང་ཕོར་དེ་ལག་རྩེར་བཀྱགས་ནས་་ཀན་ལྟོས་དང༌། དེའི་ངོས་ཀྱི་རི་མོ་ནི་གཡུ་འབྲུག་རང་འཁྱིལ་རེད ་་ ཅེས་རང་གི་གམ་གྱི་ཚ་བོ་ལ་བསྟན། ཚ་བོས་མིག་ཟིམ་ཟིམ་གྱིས་བལྟས་པ་ན་ཅི་ཡང་མ་མཐོང་པར་་ ཅི་ཡང་མི་རིགས ་་ ཞེས་པ་ན། ཨ་མེས་ཀྱིས ་་བསོད་ཟད་་ ཟེར། གླང་རྫི་ཡིན་པའི་ཁོ་ཚོ་ཕྱིར་སླེབས་ཚེ་གཏམ་རྒྱུད་དེའི་སྣ་གཙོ་བོ་རྣམས་འཛིན་བཟུང་བྱས་ཚར་འགྲོ  ཚ་བོས་དེ་བཞིན་མུ་འབྲེལ་བརྙན་འཕྲིན་རིང་མོ་ལེའུ་བརྒྱད་ཅུ་ཅན་ཞིག་ལ་ལྟ་བཞིན་ཡོད།བོད་ཡིན་པའི་ཁོ་ཚོ་ཡང་ཚོར་བ་ཅི་ཡང་མེད་པར་མལ་དུ་ཉལ་ངེས་ཤིང༌། ཁོ་ཚོ་ས་སྲོད་ལ་རྒྱུན་པར་ཐང་ཆད་འདུག རྒྱུ་མཚན་ནི་ཁོ་ཚོས་གློ་བུར་དུ་ཕེབས་པའི་སྐུ་མགྲོན་ཚོ་དང་མཉམ་དུ་ཆང་དམ་བུ་འགའ་ཡར་འཇོག་བྱས་པས་མ་ཡིན་ནམ།བོད་ཡིན་པའི་ཁོ་ཚོ་ངོ་མ་ཐང་ཆད་འདུག ཁོ་ཚོས ་་བསམ་བློ་གཙང་མ་ཡིན་དགོས་་ ཟེར། ལན་དུ ་་ཅེས་ལན་ཕྱིན། ད་ལྟ་ངོ་མ་ཚང་མ་བཟི་འདུགད་ལྟ་ངོ་མ་བོད་ཡིན་པའི་ཁོ་ཚོ་སྔ་མོ་ནས་གཉིད་ཀྱི་གཏིང་རིམ་དུ་ལྷུང་འདུག ཁོ་ཚོའི་རྨི་ལམ་ཡང་གཞུང་ལས་ཁང་གི་གྱང་ལྡེབས་ལ་ཡིག་ཆ་སྦྱར་དགོས་པ་རང་རེད།གོ་རྟོགས་ཀྱི་རྗེས་ཁ་གཡང་སྒྲོག་དགོས་པ་ཡིན་མོད། སྔོན་ཆད་དང་འདྲ་བར་སྐད་སིང་མཐོན་པོར་འགྱོགས་དགོས་པ་མ་རེད། ཁོ་ནི་རེ་བ་ཡོད་པའི་བོད་རིགས་ཤིག་ཡིན་མོད།ལོ་འགའ་ལ་རྩ་འཛུགས་ཀྱིས་མཐོང་ཆེན་མ་བྱས་པ་འམ་སྐབས་ཤིག་ལ་བདག་པོ་མེད་པར་བསྐྱུར་འདུག ཁོས ་་ང་ལ་ད་ནི་ཁ་ཡ་བྱེད་མཁན་འབུ་སྣག་ཅིག་ཀྱང་མི་འདུག  འདི་ལྟར་ལངས་ཚོ་སྟོང་ཟད་གཏོང་རྒྱུ་ཡིན་ནམ་་ ཞེས་རྒྱུན་པར་ཁེར་བཤད་བརྒྱབ། སྒོ་ནང་དུ་ཡར་ཡོང་མཁན་ནི་གོ་རྟོགས་ཅན་རེད། ཁོ་ཁང་བའི་ནང་ཡར་འཛུལ་ཞོར་དུ ་་ཚར་འདུགངོ་མ་ཚར་ཡག་བྱས་འདུག ་་ ཟེར། ཨ་མེས་ཀྱིས་ཁོའི་སྐད་ཆ་དེ་གོ་རྗེས ་་ ཞི་ལི༌། འཇིག་རྟེན་ལ་གསར་རྙིང་གཉིས་ཡོད།ང་ནི་རྙིང་བ་རེད། ཁྱེད་ཚོ་གསར་བ་རེད། གསར་བ་ཚོའི་ཅི་བྱེད་ང་ལ་དགོས་པ་མེད། ཤིང་ཕོར་འདི་ལ་ལྟོས་དང༌། འདིའི་ངོར་གཡུ་འབྲུག་རང་འཁྱིལ་བབས་ཡོད།འདི་མི་རབས་གསུམ་འདས་ཡོད ་་ ཟེར། གོ་རྟོགས་ཅན་གྱིས་ཨ་མེས་ལ་བལྟས་ཏེ ་་ ངས་མི་རབས་གསུམ་བཤད་ཀྱི་མེད། རྒྱལ་རབས་དྲུག་བཤད་ཀྱིན་ཡོད་་ ཟེར།། 
                                                                                            ༤
             ་་ བསམ་བློའི་སློབ་གསོའི་གསབ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་འཁོར་བརྒྱད་ལོན་པའི་དགའ་སྟོན་འཚོགས་འདུ་་ གྲོལ་རྗེས་ཁོ་ཚོ་ཕྱིར་ལོག  ལམ་བར་ནས་རང་རང་གི་བྱ་བའི་ཉམས་མྱོང་བརྗེ་རེས་བྱས།ཁོའི་མགོ་ལ་ཕྱིང་ཞྭ་ལེབ་མོ་ཞིག་གྱོན་ཡོད་ཅིང༌། སྨ་ར་འཐར་འཐོར་ཞིག་འགྲིག་ལམ་ཅི་ཡང་མེད་པར་སྐྱེས་ཡོད། དེ་ལ་བཞར་གྲི་ཞིག་གིས་གཙང་དག་ཅིག་བྱ་དགོས་པའི་བསམ་འཆར་སྔ་མོ་ནས་ཡོད་ནའང་ད་བར་དུ་གོ་སྐབས་མ་བྱུང༌།ཉིན་དེར་ཁོས་ཁོ་རང་རྒྱ་མོ་གསུམ་གྱ ་་སྐྲ་བཞར་་ ཁང་དུ་ཁྲིད་དེ་ཁ་ལག་གཙང་མ་ཞིག་འཁྲུད་དུ་བཅུག ཞོར་དུ་ཚོང་ར་ཉུལ་དུ་ཡང་སོང༌།ཁོ་གཉིས ་་ཞྭ་མོ་ཆེད་འཚོང་ཚོང་ར་་ ནས་ཕྱིར་སླེབས་དུས་ཁོས་སྔོན་ཆད་ཀྱི་ཕྱིང་ཞྭ་ལེབ་མོ་དེ་བརྗེས་འདུག དེ་ནི་བློ་ཡུལ་ལས་འདས་བ་ཞིག་རེད།འབངས་ནི་སྤྱི་བཏང་བ་ཞིག་ལ་མཚོན་ན་ཞྭ་མོ་གང་ཡིན་ཞིག་གྱོན་ནའང་རྒྱུན་ལྡན་ཞིག་ཡིན་མོད། ཁོའི་ཕྱིང་ཞྭ་ལེབ་མོ་དེ་གྱོན་ནས་མི་ལོ་ཉེར་བཞི་འདས་ཡོད།ཁོ་བཙོན་ཁང་ན་ཡོད་དུས་ཕྱིང་ཞྭ་དེ་ཁོ་ན་ལ ་་འབྲོག་པའི་དྲི་མ་བྲོ་་ ཟེར། བཙོན་འཇུག་གི་གནད་དོན་ནི ་་རྐུ་་ རེད།ད་ལྟ་ཕྱིང་ཞྭ་ལེབ་མོ་རྙིང་རལ་དུ་འགྱུར་ནས་ཁུང་བུ་ཕྲ་མོ་འགའ་ཡང་རྟོལ་ཡོད་ནའང༌། ཁོས་རང་གི་ཕྱིང་ཞྭ་ལེབ་མོ་དེ་ནི་མགོ་སྐྱི་ཇི་བཞིན་གང་སར་གྱོན་ནས་ཡོད།མཉམ་ལས་ཁང་གི་ལས་ཀའི་དུས་སུ་ཁ་རྒོད་ཀྱིས ་་ཚེ་བརྟན་ཨེ། ཁྱོད་ཀྱི་མགོ་ལ་ཉི་མ་ཞིག་ཤར་རྒྱུ་ཡོད་དམ་་ ཞེས་རྒྱུན་པར་ཀུ་རེ་རྩེ།ཚོང་བས་ཁོ་ལ ་་ད་ལྟ་ངོ་མ་ཞྭ་མོ་བརྗེ་རན་དུ་ཐོན་ཡོད།རང་གིས་བདམ་ན་ཆོག ཞྭ་མོ་གསར་བ་འདི་དག་ལས་གང་བློ་ལ་བབས་ན་རིན་མི་དགོས་པར་ཁྱེར་རྐྱང་བྱེད་ཆོག གྲོགས་པོ་ངོ་མ་ཁྱོད་ཀྱི་ཞྭ་དེ་བརྗེ་རན་འདུག་་ཅེས་ཏན་ཏན་ཏིག་ཏིག་གིས་བཤད་པ་ན། ཁོས་བསམ་བློ་ཅུང་ཟད་བཏང་རྗེས་ཞྭ་མོ་གསར་བ་ཞིག་ཉོ་རྒྱུར་འཐད་མོས་བྱུང་ནས་ཚོང་བ་ལ་བསམ་འཆར་བརྗེ་རེས་བྱས།ཚོང་བ་དེས་བཤད་རྒྱུར ་་ཉིན་འདི་དག་ལ་མང་ཕྱོགས་ཀྱིས་ཞྭ་མོ་མཆུ་རིང་ཉོ་ཡི་འདུག ཁ་སང་མི་ཞིག་གིས་རྒྱ་གར་ལེབ་མོ་ཞིག་ཉོས་སོང༌།ངས་བལྟས་ན་ཁྱོད་ཀྱིས་རྒྱ་ཞྭ་ཕྱིར་སློག་ཅིག་གོན་ན་བཟང ་་ཟེར། ཁོས་ཡང ་་རྒྱ་ཞྭ་ཕྱིར་སློག་་ དེ་ཉོས་ནས་གོན།
                                                                                            ༥
               ཁོ་ཚོ་སོང་བའི་རྗེས་སུ་སྲི་མོ་ལགས་ཀྱི་ལས་ཀ་ཅུང་ཟད་ཇེ་ཉུང་དུ་ཕྱིན་ནས་་སྒྲོལ་ཐུང་་ འདོན་པའི་ཁོམ་སྐབས་ཤིག་བྱུང༌། དེ་ནི་གྲོང་གསེབ་ཀྱི་སྟོན་ཁ་ཞིག་རེད། སྲི་མོའི་བསྐོལ་བའི ་་རྒྱ་ཐུག་་ ལ་རྫོང་གི་ལས་བྱེད་པ་ཚོས་་ཞིམ་མངར་ལྡན་་ ཞེས་བསྟོད་བསྔགས་བྱས། སྲི་མོ་ལ་བསྟོད་བསྔགས་བྱས་པ་དེས་ཁོ་མོ་སེམས་དགའ་ནའང༌། ལས་བྱེད་པ་ཚོས་་་རྒྱ་ཐུག་་ འཐུང་བའི་སྐབས་སུ ་་རྒྱ་སྒོག་རློན་ཟ་བྱས་པས་་ སྲི་མོའི་ཡིད་དེ་འདྲ་མ་རངས། ཁོ་ཚོ་རྫོང་མཁར་ནས་ལམ་ལ་འབུད་ཁར་རྫོང་གི་འགོ་བ་དེས་་ཞང་ནང་དུ་ཚད་ལྡན་ཟ་ཁང་གཅིག་ཀྱང་མེད་པས། བྲོ་ཁ་ལས་བྱེད་པ་རངརང་གིས་བཟུང་ནས་འགྲོ་དགོས་་ ཟེར། དེ་ལྟར་བཤད་ཀྱིན་པའི་སྐབས་སུ་རྒྱ་ལྷ་བཞིན་ཤ་མདོག་དཀར་བའི་ལས་བྱེད་ཚོས་་ཉལ་གོས། ཤིག་དང་སྲོ་མ། འབྲོག་ཁྱི། སྤྱོད་ཁང་་ སོགས་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་ཀྱིན་འདུག འགོ་བ་དེས ་་བློ་མཐུན་ཚོ།ལས་དོན་འདི་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། ངེས་པར་དུ་གྲུབ་འབྲས་ཆེན་པོ་ལེན་དགོས་་ ཟེར། ཁོ་ཚོ་གང་ལྟར་སོས་ཁ་འབབ་ཞོད་ཆེ་བའི་ས་སྲོད་ལ་ཞང་ནང་དུ་འབྱོར།ལག་ཏུ་ཡིག་ཆ་འགའ་བཟུང་འདུག འབྲོག་པ་ཤ་གྱོང་གིས་འཇེབ་འཁོར་གྱི་སྔུན་བཀག་སྟེ་་ ཨེ། མོ་ཐོའི་གཡིས་བཙོང་རྒྱུ་ཨེ་ཡོད་་ཟེར། བོད་མི་ལས་བྱེད་པ་དེས་ལན་དུ ་་ང་ཚོ་ཚོང་བ་མིན། ལས་བྱེད་པ་ཡིན་་ ཞེས་བཤད། འབྲོག་པ་ཤ་གྱོང་གིས ་་ཨོ་་ཞེས་ལན་བྱིན་དེ་སོང༌། ཁོ་ཚོ་ནི་སྔོན་ཆད་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་འགའ་ཡིན་ཞིང༌། ད་ལྟ་ལས་བྱེད་པ་ཤ་སྟག་ཡིན།དེ་དག་ལས་ཅུང་ཟད་རེ་བ་ཡོད་པ་དེས ་་དམིགས་ཡུལ་ཅི་ཡང་མེད། དོ་དགོང་ཉལ་ས་ཞིག་ཡོད་ན་ཆོག སང་ཉིན་ཞང་ནང་ནས་བཀོད་བསྒྲིག་བྱ་རྒྱུ་རེད་་ཟེར། ཁྱིམ་བདག་རོག་ཐོས ་་ཉལ་ས་ལོས་ཡོད། སྟེང་ཤོད་ལ་ཕེབས་ན། ཨ་་་་་་ཡག་མོ། ཤ་ཚོས་་ ཟེར། ་་ཡག་མོ་་ ནི་ཁོ་རང་གི་ཆུང་མ་རེད།རེ་བ་ཡོད་པ་དེས ་་ཤ་བཙོ་མི་དགོས། ཉལ་ས་ཞིག་ཕུད་པས་ཆོག སང་ཉིན་ད་དུང་བྱ་བ་གང་མང་ཞིག་ཡོད་པས་སྔ་སོར་ཉལ་ན་བཟང་་ཟེར། དེ་བཞིན་ཁྱིམ་བདག་རོག་ཐོས་ཁོ་ཚོ་ཁང་བའི་སྟེང་ཤོད་ལ་གདན་དྲངས། ཁོ་ཚོས་སྟན་ཁ་གང་མ་ཞིག་གི་མཐའ་རིབ་ནས་སྒོར་སྒོར་བྱས་ཏེ་་ཤོག་པེ་་ རྩེ་འགོ་ཚུགས། རོག་ཐོས་སེམས་ལ་འདི་ཚོ་གཞུང་གི་ལས་བྱེད་པ་མ་ཡིན་ནམ་སྙམ།།
                                                                                               ༦
              ལས་བྱེད་པའི་ལག་ཏུ་ཡིག་ཆ་འགའ་བཟུང་ནས་ཁང་བའི་ནང་དུ་སླེབས་ཤིང་ལག་པས་རང་གི་འཕྲལ་བ་ལ་ཐལ་ལྕགས་ཡང་མོ་འགའ་གཞུས་རྗེས་་ཡང་རེད། མེད་པོ་རྣམས་རེད། ཡར་ཡར་ལངས་རྒྱུ་རེད། ཁོ་ཚོ་ངོ་མ་གླེན་པ་རང་རེད། ཡར་ལངས་ནས་ཆ་རྐྱེན་མེད་པའི་རྒྱུ་མཚན་བཤད་འདུག་་ཟེར། སྐབས་དེར་ཞིང་ཆེན་གྱི་འགོ་བ་དེའི་བོད་སྐད་མ་གོ་བས་མེད་པོ་དེའི་སྐད་ཆ་ཅི་བཤད་འགྱ་མ་གོ་པར་གཞོགས་ཀྱི་ཞང་ཀྲང་ལ་་བེ་སང་དེས་ཅི་ཞིག་བཤད་ཀྱི་ཡོད་་ ཅེས་དྲིས་པ་ན། ཞང་ཀྲང་གིས་ཙབ་ཙབ་ངང་་ ཨོ། ཁོས་དམངས་སྲིད་ཅུའུ་ཡིས་ལོ་རེ་བཞིན་རོགས་དངུལ་ཆུ་རྒྱུག་རྒྱུག་བྱེད་ཀྱིན་ཡོད་ཟེར་་ཞེས་གསལ་བཤད་བྱས། ཞིང་ཆེན་གྱི་འགོ་བ་དེས ་་ཆུ་རྒྱུག་རྒྱུག་ཨེ་་ ཟེར། ཞང་ཀྲང་གིས ་་ཨུན་་ ཞེས་ངོ་གདོང་དམར་པོར་འགྱུར།ཞིང་ཆེན་གྱི་འགོ་བ་དེ་ཕྱིར་རྫོང་ཐོག་ལ་འཇེབ་འཁོར་ནང་བསྡད་དེ་ཤར་ཤར་དུ་བཞུད་སོང༌། ཞང་ཀྲང་གི་འགོ་ཐོག་ནས་ཁུར་བོ་ཞིག་ཕབ་པ་བཞིན་ཁམས་ཇེ་དེངས་ལ་སོང༌།ཡིན་ཡང་གོང་གི་གནས་ཚུལ་དེས་ཕྱི་དྲོ་ཞང་ཀྲང་ཁོང་ཁྲོ་གཏིང་ནས་ལངས་འདུག་སྟེ ་་ཁྱེད་ཚོས་སྐྱག་པ་ཟོ་་ ཟེར། ལས་བྱེད་གཞན་དེས་་མེས་པོའི་དུར་ས་སློག་ནས་རྒྱུ་དངོས་བཙོང་མཁན་ནི་རང་གི་ཕ་རྒན་ཡིན་འདུག་་ ཟེར། སྐད་ཆ་དེས་ཉེ་འཁོར་གྱི་མི་སྣ་ཀུན་གྱི་ཤ་གསེང་ལ་ཚ་ཤད་བརྒྱབ་པའི་ཚོར་བ་ཞིག་ཕྱིན།སྐབས་དེའི་རྐུན་མའི་ཁྲོད་དུ་བོད་མི་གཉིས་དང་རྒྱ་མི་གཅིག་ཡོད་ཟེར། བསམ་ཡུལ་ལས་འདས་པའི་དོན་དག་དེ་ཁང་ཆུང་ནང་ནས་གསལ་ཁ་མ་ཕྱེས།ཉེན་རྟོག་པའི་ཞྭ་མོ་གཞོགས་ཀྱི་མདུན་ཅོག་གྲུ་བཞི་ནར་མོ་དེའི་སྣེ་ལ་བཞག་སྟེ་གནམ་ངོར་བལྟས་འདུག དོན་ལ་ཁང་བའི་གནམ་གཅལ་ལ་བལྟས་པ་རེད།ཡིན་ཡང་ཁོའི་མིག་གཉིས་ཀ་བཙུམ་ནས་འདུག ཉེན་རྟོག་པ་དེ་ནི་ཐེ་བ་རེད། ཁོ་ནི་བོད་ངོ་མ་ཞིག་རེད། ་་ཡ་ཤོད་དང༌། ཡར་ལངས་མཁན་ལ་ད་དུང་སུ་དང་སུ་ཡོད།དྲང་མོ་བཤད་ན་སྒོར་མོ་སྟེར་རྒྱུ་ཡིན། ཏག་ཏག་ཁྱེད་ཚོ་མར་བསྡད་ན་མགོ་ཐོག་ལ་ཡང་ལྗིད་ཅི་ཡང་མི་འཇོག སེམས་ཤེས་མཁན་གཅིག་ཀྱང་མི་འདུགང་ཡང་བོད་ཡིན།་་ ཟེར། གསལ་བཤད་དེས་གནད་དོན་གྱི་མཐིལ་ཅི་ཡང་མ་རྟོལ། སྒོར་མི་ནི་ངོ་མ་སྒོར་མོ་རང་ཡིན་པས་སུ་ཞིག་དེ་ལ་མི་དགའ།འོན་ཀྱང་སྒོར་མོ་དེ་ལེན་པའི་ཐབས་ཤིག་གང་ན་ཡོད། ང་རང་ངོ་མ་གཏམ་རྒྱུད་དེ་བཤད་མཁན་གྱི་གྲས་སུ་ཚུད་མེད། དེ་ཚོ་ནི་བོད་ཀྱི་ཇག་པ་སྐོར་ཞིག་རེད།གནའ་དུས་སུ་རྟ་མཛོ་ཞོན་ཞིང༌། དེང་སང ་་མོ་ཐོ་་ ཞོན་ནས་མུ་མཐུད་དུ་ཇག་ལ་འགྲོ་བཞིན་ཡོད། ཅུང་ཙམ་འགོར་རྗེས་ཁ་ཁུ་སིམ་མེར་གནས་པའི་ཚོགས་རའི་གཞོགས་ཞིག་ནས་སྐྱག་སྤྲང་ཞིག་ཟིང་ཟིང་ངང་འཕུར་ཡོང་ནས་རས་ཀྱི་བཟོས་པའི་མེ་ཏོག་གི་འདབ་མའི་སྟེང་ལ་བབས།་་ང་ཡིན་་ སྐབས་དེར་མི་ཀུན་གྱིས་དུས་གཅིག་ཏུ་སྐད་གྲག་པའི་ཕྱོགས་དེར་བལྟས་པ་ན། དེ་ནི་རོང་ལུ་ཁ་མར་རེད། ་་ཁ་མར་་ཞེས་པ་ནི་ཁོའི་རྐུན་མིང་རེད། ་་ཁ་ལ་མར་བཀས་་ འདུག་ཅེས་པ་རང་རེད།། ་་ལྕགས་ཕོར་འདི་དུར་ས་ནས་རྙེད་པ་ཡིན་་ཞེས་ལག་པ་གཉིས་ཀྱིས་ལྕགས་ཅན་ཞིག་ཡར་བཀྱགས་བྱུང༌།།
 
                                                                                                                                                                             ༢༠༠༩ལོའི་ཟླ་༥པའི་ཚེས་༣༠ཉིན།
 
མཆན་འགྲེལ།

སྲག་སྐྱིབས་་་་་་་་་་འདིར་ཁང་བའི་བྱ་འདབ་ལ་གོ་ན་ཆོག

ལྕགས་ཕོར་་་་་་་་་ལྕགས་ཀྱི་བཟོས་པའི་ཕོར་བ།

རྩབ་་་་་་་་་་སྲ་ཤིང་རིགས་ཤིག་གི་མིང༌།

བཀས་་་་་་་་་བྱུགས་པའི་བརྡ་རྙིང༌།

ཅན་་་་་་་་་་་འདིར་་ཅ་ནེ་་ཞེས་པའི་བསྡུས་ཚིག་ལ་གོ་དགོས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྕགས་ཕོར།

2009-10-16 རྨ་ཆུའི་བསམ་གཏན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།