ནམ་མཁའི་དབྱིངས་སུ་འདར་འདར་རྒྱུ་བའི་སྐར་ཕྲན།

       “ཁྱིམ་མཚེས་ཡ་ཁྱིམ་མཚེས།  ཁྱོད་ཀྱིས་ངའི་ཕྱོགས་སུ་དོང་རིམ་པ་ཅི་ཙམ་བསྐོས་ཡོད༌།  ཁྱོད་ཀྱི་བསམ་པ།  ཁྱོད་ཀྱི་གཡོ་སྒྱུ།  ཁྱོད་ཚོས་
ང་རང་ཧོན་ལོག་འདུག་མ་བསམ།  ངས་དེ་དག་ཚང་མ་སྔ་མོ་ནས་གསལ་བོ་ཤེས་ཡོད”
            མོས་ཁེར་ལབ་ཅིག་བརྒྱབ།  མོས་ཁེར་ལབ་ཅིག་བརྒྱབ་ནས་བསྡད་པ་ན་རྒས་གཉེར་ཆགས་པའི་ ཀླད་པའི་ནང་གི་དུས་ཚོད་རེ་ཞིག་ཕྱི་ཕྱིར་
ནུར།   
  དེ་རིང་ཞོགས་པར་མོ་རང་ཁྱིམ་མཚེས་ཚང་ལ་སོང་ནས་སྒོ་བརྡུང་བ་ན་མི་ལོ་བཅུ་ལྷག་ལ་བར་དུ་གྱང་ར་ཞིག་བཞག་ནས་བསྡད་པའི་ཁྱིམ་
མཚེས་རྒན་མོས་སྒོ་ཕྱེས་བྱུང༌།  མོས་ཐོག་མར་མོ་མཐོང་མ་ཐག་ཧ་ཅང་ཆ་རྒྱུས་ཡོད་པའི་སྣང་བ་ཞིག་སྐྱེས་ནས་ཕན་ ཚུན་འཛུམ་དམུལ་དམུལ་བྱས་
ཤིང་ལག་པར་འཇུ་རེས་བྱས་ནས་ཟེར་རྒྱུར༌།
          “ཁྱིམ་མཚེས་བདེ་མོ”   
          “ཡ   ནང་དུ་ཕེབས་  ནང་དུ་ཕེབས”
          ཁྱིམ་དུ་སོང་བ་དང་ཁོང་གཉིས་ལ་བློ་ཁོག་གཅིག་པའི་ཁ་བརྡ་ཅི་ཡང་མེད་པར་ལུས།   ཡུད་ཙམ་འགོར་རྗེས་མོས་མོ་རང་ཁོང་ཚང་ལ་ཡོང་
བའི་དོན་དག་བཤད་འདོད་ཅིག་སྐྱེས་མོད་གློ་བུར་དུ་མིག་མདུན་གྱི་མི་དེའི་གདོངགི་རྣམ་འགྱུར་ལ་བལྟ་ཙམ་བྱས་པ་དང་དེ་རང་ལ་ཞེ་སེམས་
དྲང་མིན་བསམ་བཞིན་བློ་ངོར་དོགས་པ་ཆེན་པོ་ཞིག་ལངས་ནས་ཧ་ཅང་མི་སྡུག་པའི་འདས་དོན་ཞིག་ཡིད་ཀྱི་མེ་ལོང་ངོས་སུ་ཤར།
        ལོ་ངོ་སུམ་ཅུ་ལྷག་གི་ཡར་སྔོན་དུ་རིག་གནས་གསར་བརྗེ་ཟེར་བའི་དུས་འགྱུར་ཞིག་བྱུང་ནས་ཡོད་ཚད་ལ་འགྱུར་ལྡོག་བྱུང་དུ་བཅུག་བྱུང༌། 
      དུས་འགྱུར་དེའི་ངོ་བོས་མོ་ནི་སྤྱིར་བཏང་གི་མི་ཕལ་བ་ཞིག་ནས་ཉིན་གཅིག་ཞག་གཅིག་གི་རིང་ལ་སྤྱི་ཚོགས་དེའི་ཁྲོད་དུ་གོ་གནས་དང་ཐོབ་
ཐང་མི་དམན་པ་ཡོད་པའི་མི་ཞིག་ཏུ་གྱུར༌།  དེ་བས་གོ་གནས་དེའི་ཆེད་དུ་མོས་ཀྱང་མི་མི་ཉུང་བ་ཞིག་ལ་བཤུ་གཞོག་དང་བརྙས་བཅོས་བཏང་
མྱོང༌། 
     དེ་རིང་གློ་བུར་དུ་མོས་མིག་མདུན་གྱི་མི་དེ་སྔོན་ཆད་རང་གིས་ཉེས་བ་དང་ཕོག་ཐུག་བཟོས་མྱོང་བའི་མི་ཞིག་གམ་མི་དེ་ཚོར་འབྲེལ་བ་ཡོད་པ་
རེ་ཨེ་ཡིན་ནམ་སྙམ་ནས་དོན་དག་དེ་རེ་ཞིག་མོ་ལ་འདྲི་ཐག་མ་ཆོད་ལ་གློ་བུར་དུ་སྒོར་འབུད་ཐག་ཀྱང་མ་ཆོད།  དོན་དངོས་སུ་ཁྱིམ་མཚེས་བྱས་
བའི་མི་ལོ་བཅུ་ཕྲག་གི་རིང་ཁྱིམ་མཚེས་དེ་ནི་མོའི་ངོ་ཤེས་སམ་གྲོགས་པོ་ཚང་མ་དང་འདྲ་བར་འཚོ་བར་ཆ་རྒྱུས་ཡོད་ཀྱང་ངོ་ཅུང་ཙམ་ཤེས་བ་
མ་གཏོགས་གློ་སེམས་གཏོད་ཆོག་པའི་གྲོགས་པོ་ཞིག་གཏན་ནས་མིན།                                                                
       སྙིང་བོ་དང་དོན་དག་ཅི་ཡང་མེད་པའི་ཁ་བརྡའི་བར་ནས་ཁྱིམ་མཚེས་རྒན་མོས་མོའི་དཀར་ཡོལ་ནང་དུ་ཇ་གསོས་རེ་འཐེན་ཞོར་མིག་ཟུར་
གྱིས་ཡང་ཡང་འཕེན་པ་ལས་སྐད་ཆ་མང་པོ་མི་བཤད༌།   དེ་ཡིས་ལྷག་པར་མོ་ལ་རང་ཉིད་ནི་འཛུལ་མི་རུང་བའི་དྲེད་ཚང་ཞིག་ཏུ་ལྷུང་ཡོད་པའི་
སྣང་བ་ཞིག་སྐྱེས་ཤིང་མཚམས་མཚམས་སུ་ཁོང་གཉིས་ཀྱི་ཕན་ཚུན་གྱི་གདོང་གར་མཉམ་འཇོག་གིས་བལྟ་བའི་ མིག་ཟུར་འཕྲད་ཐེངས་རེར་
གཉིས་ཀའི་གདོང་དུ་དོགས་མི་བདེ་བའི་རྣམ་འགྱུར་རེ་མངོན། 
      “ ཁྱིམ་མཚེས།   ཁྱིམ་མཚེས།” 
       མོས་སླར་ཡང་ཁེར་བཤད་ཅིག་བརྒྱབ་པ་ན་མིག་ལམ་དུ་ཁྱིམ་མཚེས་རྒན་མོས་ད་ནངས་མོ་སྒོར་  བསྐྱལ་ནས་དོགས་པ་དང་བཅས་རྗེས་སུ་
བལྟས་འདུག་པའི་གཟུགས་བརྙན་ཅིག་ཤར་བས་སེམས་  ཁམས་སྔར་ལས་མི་བདེ་བར་གྱུར༌།   མོའི་སེམས་སུ་སླར་ཡང་འདས་དོན་ཅིག་ཤར་བྱུང༌།
       “ཙོས་མོ་ལྕགས་མཆུ་མ༌།  བླ་བཙོང་མ།   ཁྱོད་ད་ནངས་ངེད་ཚང་ལ་མགྲོན་པོར་ཡོང་ནས་ ད་ལྟ་འདི་ལྟར་ང་རང་བཙོང་དོན་ཅིའི་ཕྱིར་
ཡིན༌།  ཁྱོད་ལ་ངོ་མ་ལས་བདེན་རྫུན་ཞིག་མི་འདུག  ཁྱོད་བོད་མ་རེད༌། ”
     རིག་གནས་གསར་བརྗེའི་རླུང་དམར་འཚུབ་པའི་སྐབས་སུ་མོས་ལོ་ན་དྲུག་ཅུར་སོན་པའི་རྒན་པོ་ཞིག་གིས་ལག་འཁོར་ཆུང་ཆུང་ཞིག་བཟུང་
ཡོད་པ་འཛིན་བཟུང་བྱས་བ་དང་དེས་རང་ལ་གོང་གི་དེ་ལྟར་དམོད་མོ་བྱས་བས་འཐབ་རྩོད་དྲག་པོ་བྱས་ནས་བསད༌།   འོན་ཀྱང༌། དམོད་མོ་བྱེད་
པའི་ཁ་ཅན་གཅིག་བསད་པས་ཁ་ཅན་བརྒྱ་ཇེ་མང་དུ་སོང་བས་མོའི་རྣ་ལམ་དུ་ད་དུང་ཡང་དམོད་མོའི་སྒྲ་ཟིང་ཟིང་ལང་ལོང་དུ་གྲགས་ཀྱིན་འདུག་
ལ་དེ་རིང་གི་ཁྱིམ་མཚེས་ཀྱིས་ཀྱང་མོའི་རྗེས་སུ་བལྟས་ནས་འདིས་ད་རུང་ཅི་ཞིག་བཙོང་བསམ་ཡོད་དམ་ཞེས་ཁེར་བཤད་རྒྱག་བཞིན་པའི་སྣང་
བརྙན་ཞིག་ཡིད་ལ་ཤར། 
       མོ་ཕྱིར་དྲན་གྱི་མེ་ལོང་ལས་ཕྱིར་བུད་པ་ན་ཧ་ཅང་ཆེ་བའི་ཁང་བའི་ནང་དུ་མོ་གཅིག་པུ་མ་གཏོགས་སུ་ཡང་མི་འདུག་པས་གློ་བུར་དུ་མོ་ལ་
སུན་སྣང་ཞིག་སྐྱེས་པ་དང་ཁང་བ་སྔར་ལས་ཆེ་བ་   དང་ཡོད་ཚད་སྔར་ལས་ལྷིང་འཇགས་ཡིན་པའི་སྣང་བ་ཞིག་སྐྱེས།   དེ་ནས་མོས་སླར་ཡང་
“ཁྱིམ་མཚེས་ཁྱིམ་མཚེས ”ཞེས་ཁེར་ལབ་ཅིག་བརྒྱབ་ནས་བསྡད་པ་ན་སེམས་པ་ནི་བྱེ་ཐང་གིས་ཟ་བཞིན་ པ་དང་འདྲ་ལ་བྱེ་མའི་ཟེགས་མ་བཞིན་
ས་རུ་འཐོར་གྱིན་པ་དང་འདྲ༌།   གློ་བུར་དུ་མོ་ལ་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས་ལ་ཚེ་སྲོག་གི་ཁྲག་ཐིགས་རེ་རེ་སྐམ་གྱིན་པའི་སྣང་བ་ཞིག་སྐྱེ་ཞོར་དུ་
རང་དབང་མེད་པར་འདས་དོན་གྱི་བྱ་བ་དག་དྲན་ཡོང༌།
        ནམ་མཁའ་རུ་ཉི་འོད་ཟ་ཟི་ཞིག   སྤྲིན་པ་རབ་རིབ་ཞིག  ཆར་བ་མི་འབབ་ལ་རླུང་བུ་ཡང་མི་གཡུགས།   སོ་ཕག་སྐྱ་བོས་བརྩིགས་པའི་ཁང་
བ་ཞིག་གི་མཐའ་སྐོར་དུ་མི་མང་བོ་ཞིག་འདས་ནས་ འཇམ་ཅག་གེར་འདུག།  ཐག་ཉེ་རུ་བཅར་བ་ན་མོ་སྐད་ཅིག་ཇེ་གསལ་ཇེ་གསལ་དུ་གྱུར་ལ་
དེ་ནི་མོ་ ལོ་ན་སུམ་ཅུ་ལྷག་ལོན་པའི་བུད་མེད་ཅིག་རེད༌།   མོས་སྔུན་གྱི་མང་ཚོགས་ཀྱི་ནང་དུ་ཞིབ་བལྟ་ཞིག་བྱས་རྗེས་སྐད་འགོ་མཐོན་པོས་
ཟེར་རྒྱུར༌།
       “ཚང་མསཉོན་ཅིག  འདི་ལྟ་བུ་ནི་སྣ་འདྲེན་རེད༌།    བཀག་རྡོ་རེད༌།   གདོན་རྫས་རེད༌།   ང་ཚོས་ངེས་བར་དུ་མཁོ་མེད་འདི་དག་བཀོལ་
མེད་ཀྱི་ཁྲི་ལས་མྱུར་དུ་མར་ཕབ་པ་མ་ཟད་མཚང་འབྱིན་དང་བཅར་རྡུང་བྱེད་དགོས་ལ་རིག་གནས་སམ་ཆོས་ལུགས་ཡིན་ཟེར་བའི་མགོ་
སྐོར་གཏོང་བྱེད་དེ་མྱུར་བ་མྱུར་དུ་ཆུར་བསྐྱོན་ཞིང་མེར་བསྲེགས་ནས་འཇིག་རྟེན་ཐོག་འདི་ནས་རྩ་མེད་དུ་གཏོང་དགོས༌། ད་ནས་བཟུང་སེར་སྐྱ་
ཕོ་མོ་དང་རྒན་གཞོན་དར་མ་སུ་ཞིག་གིས་མ་ཎི་བགྲང་བ་དང་འཁོར་ལོ་སྐོར་བ་ཆོས་འདོན་པ་སོགས་མཐོང་བ་ལྟ་ཅི་གོ་ཐོས་ཙམ་བྱུང་ན་འདིའི་
རང་བཞིན་ཡིན་པ་སེམས་ལ་ན་བར་གྱིས།
      མོས་གོང་གི་སྐད་ཆ་དེ་བཤད་ཚར་རྗེས་ལག་གི་ལྕག་ཚན་མཐོན་པོར་ཕྱར་ཏེ་ས་རྗེན་དུ་བཤའ་ལུག་བཞིན་བཀྱིགས་པའིབླ་མ་ཞིག་ཡོད་པ་དེར་
འགའ་བྲབས་ཏེ་ཅུང་ཆད་པ་དང་གམ་དུ་མི་ཞིག་ཡོད་པ་དེར་བཀའ་ཡི་ཚུལ་དུ་འབྲབ་ཏུ་བཅུག་པ་ན་ན་བཟའ་སེར་བོ་ཅན་གྱི་བླ་མ་ཡིས་ཅུང་
ཙམ་གྱིས་ཨ་ཚ་དང་ཨ་ན་ཨ་ཁུ་དང་ཨ་མ་ཞེས་བོས་བྱུང་མོད་མང་ཚོགས་ཁུ་སུམ་མེར་ཤི་བ་ལྟར་བླ་མ་རིན་པོ་ཆེ་སྐྱོབ་ཆེད་ངག་ལས་སྐད་ཆ་ཐོན་
མཁན་གཅིག་ཀྱང་མ་བྱུང་བར་བརྟེན་བླ་མ་རིན་པོ་ཆེ་ཡང་རེ་བ་ཟད་པ་ལྟར་ཅུང་ཙམ་གྱི་རྗེས་སུ་བརྒྱལ་སོང༌། 
       “འདི་ནི་རིག་གནས་བ་དང་ཆོས་ལུགས་བ་རེ་རེའི་མཇུག་འབྲས་ཡིན་”
        མོས་ན་ཟུག་གིས་བརྒྱལ་བའི་བླ་མ་དེ་ལ་མཛུབ་མོ་བཙུགས་ནས་དེ་ལྟར་ཟེར་ཞིང་ལྕག་སྐེད་དུ་བཙུགས་ཏེ་ཁ་གདངས་མིག་གཅེར་གྱིས་ཧད་
པའི་མང་ཚོགས་ནང་དུ་གཅེར་བ་ན་མང་ཚོགས་རེ་རེས་མགོ་བོ་སྨད་དེ་ཅི་ཡང་མི་སྨྲ།
        “ཤུ  འཇིག་རྟེན་ལ་ཇི་འདྲའི་འགྱུར་ལྡོག་ཞིག་ཆེ་བ་རེད་ཨང༌།  སྐད་ཅིག་ཙམ་ལ་སྲ་ཞིང་བརྟན་པའི་ལམ་ལུགས་འགྱུར་ལ་ཧ་ཅང་རིང་བའི་
མི་ཚེ་ཚར་འདུག དོན་དངོས་རྒྱབ་གཏོད་ས་དེ་གང་ཡིན་ནམ”
        མོས་དེ་ལྟར་ཁེར་བཤད་ཅིག་བརྒྱབ་སྟེ་ཡར་ལངས་ནས་མེ་ལོང་ནང་དུ་བལྟས་བ་ན་འོད་མདངས་ཉམས་པའི་མིག་ཟུང་ཞིག་མཐོང༌།  བལ་ལྟར་
དཀར་བའི་སྐྲ་ལོ་ཞིག་མཐོང༌།  གཉེར་མས་གང་བའི་ངོ་གདོང་ཞིག་མཐོང༌།  རྒ་བས་མནར་བའི་ལུས་བོ་ཞིག་མཐོང༌། 
        “ཨ་ཧོ   ངའི་མི་ཚེ”
        སྐབས་འདིར༌།  མོས་ཁ་ཕྱིར་འཁོར་ནས་ཁང་བའི་ནང་དུ་བལྟས་བ་ན་ཁང་བའི་ནང་སྔར་བཞིན་ཆེ་ཞིང་གྲང་ཤུར་ཤུར་དུ་སྣང་ལ་ཅ་ལག་ཡོད་
ཚད་ཀྱི་སྟེང་དུ་ཡུན་རིང་བདག་མེད་དུ་གྱུར་བ་བཞིན་ ས་རྡུལ་རིམ་པ་ཞིག་ཆགས་འདུག  མོ་རང་ལོ་ན་བདུན་ཅུར་ཉེ་ན་ཡང་སྔོན་གྱི་བྱས་ཉེས་
དང་དར་རྒུད་ཀྱིས་མོའི་གམ་དུ་བུ་བུ་མོ་ཕར་ཞོག་ཐ་ན་གཉེན་ཉེ་ཡིན་ཟེར་མཁན་ཞིག་ཀྱང་མེད་པས་དུས་འདི་ཏག་ཏག་ལ་མོའི་སེམས་པ་ནི་
རང་གི་གཉེར་མས་གང་བའི་ལག་པ་ཐུག་པའི་འདབ་མ་ས་རྡུལ་གྱིས་རྙིད་ལ་ཉེ་བའི་ཁྱིམ་གྱི་རྫ་བུམ་ནང་གི་མེ་ཏོག་དེ་ཚོ་དང་འདྲ་བར་ཚེ་སྲོག་
གི་གཟི་འོད་དང་བྲལ་ཞིང་ཧ་ཅང་ཉམ་ང་བ་ཞིག་གོ 
      མོ་དལ་མོར་སྐུབས་སྟེགས་སུ་བསྡད་པ་དང་སེམས་སུ་ཡོད་ཚད་རླུང་གིས་འཁྱེར་ཞིང་ཟེགས་པའི་འཇིགས་པ་ཞིག་ལས་གཞན་འཆར་རྒྱུ་ཅི་ཡང་
མེད་པར་གྱུར༌།   མོའི་སེམས་སུ་མཐའ་སྐོར་གྱི་ག་ཅ་ཡོད་ཚད་ཀྱི་སྟེང་དུ་ས་རྡུལ་སྔར་ལས་མཐུག་པ་ཞིག་ཆགས་གྱིན་པའི་སྣང་བ་སྐྱེས་བ་དང་ཆབས་
ཅིག་རང་ཉིད་ཀྱང་སྔར་ལས་ཁེར་རྐྱང་དང་གྲོགས་མེད་ཡིན་པ་ཚོར༌།   དེ་བས་མོའི་སེམས་སུ་མི་རིང་བར་རང་ཉིད་ནི་སྡུག་བསྔལ་དང་བཅས་ཤི་
འགྲོ་བ་དང་དེ་ནས་བེམ་རོ་བྱ་ལ་སྦྱིན་མཁན་ཞིག་ ཀྱང་ཡོད་མི་སྲིད་སྙམ་ནས་འདར་བའི་ངག་ལས་“ཨ་ཧོ༌།  ང་ད་དུང་རྒས་མེད༌།  ང་ལ་ད་རུང་
རྒྱུ་ནོར་དང་ཐོབ་ཐང་གོ་ས་ཡོད་ལ་ཕ་མ་ལྟ་བུའི་ལམ་ལུགས་ཤིག་ཡོད༌།”ཞེས་ཤོར་ཞིང་སླར་ཡང་འདས་དོན་ཞིག་ཡིད་ལ་ཝ་ལེར་དྲན༌། 
        དུས་འདིར༌།   གོམ་པ་སྤོ་བ་མ་གཏོགས་ཁ་མང་བོ་མི་གྲག་པའི་མི་མང་བོ་ཞིག་སླར་ཡང་སོ་ཕག་སྐྱ་བོས་བརྩིགས་པའི་ཁང་བ་དེའི་མཐའ་
སྐོར་དུ་འདུས་བྱུང་ལ་དེ་ཡི་དཀྱིལ་དུ་སྐེད་དུ་མདའ་སྟོར་བཅིངས་ཤིང་རྒྱབ་ཏུ་མེ་མདའ་ཁུར་བ།   ལག་ཏུ་རྟ་ལྕག་ཐོགས་པའི་བུད་མེད་ལོ་ན་
སུམ་ཅུ་ལྷག་ལོན་པ་ཅིག་གིས་འཁོར་འགའ་ཁྲིད་ནས་ལོ་ན་བགྲེས་བའི་གྲྭ་རྒན་ཞིག་དང་དགུང་ལོ་གཞོན་པའི་སྤྲུལ་སྐུ་ཞིག་སྔར་བཞིན་
བཤའ་ལུག་བཞིན་བཀྱིགས་ནས་རྡོག་ཐོས་གཞུ་ཞིང་རྟ་བཞིན་ཞོན་ནས་འཐབ་རྩོད་ཡ་ང་བ་བྱས་ལ་དེ་ནས་བུད་མེད་དེས་སྐད་འགོ་མཐོན་
པོས་འདི་ལྟར༌།
       “ཚང་མས་ལྟོས་ཤིག  སྔོན་ཆད་འདི་ལ་བྱ་ལྟར་གཤོག་པ་མེད་ཀྱང་བྲུག་ཤ་འཛོམས་པས་མི་ཚད་གོམ་ལག་ལྡན་ཞིང་རྣམ་རིག་སད་པའི་གྱི་
ལང་བཅིབས་པ་ཡོད་ནའང་ད་ལྟ་འདི་ནི་ངའི་བཅིབས་པ་རེད༌།  ལྟོས་དང་རྒྱུགས་གོམ་ལག་ཇི་འདྲ་འདུག  གོང་རིན་ཐང་ཇི་འདྲ་རེད༌།  ཧ་ཧ་་་་
ཧ་ཧ་ཧ་་་་་་་ཧ་ཧ་ཧ་་་་ ”
 མོས་གྲྭ་རྒན་དེ་དང་བླ་མ་དེ་གཉིས་རེ་རེ་བཞིན་མང་ཚོགས་ཀྱི་མདུན་དུ་དྲིད་ཡོང་ནས་སྨྲ་ལྕེ་དག་ཅིང་སྐད་གསེང་མཐོ་བའི་ངང་ནས་འདི་
ལྟར་དྲིས།
 “ཡ༌། ད་ཁྱོད་གཉིས་ཀྱིས་མི་ཚང་མས་གོང་དུ་བཀུར་དགོས་ཞིང་ཟོས་ཟོས་འཐུང་འཐུང་ཐམས་ཅད་ལ་བཞེས་དང༌།   སོང་སོང་དང་བསྡད་
བསྡད་ལ་ཕེབས་དང་བཞུགས་ཟེར་དགོས་བའི་ལྤགས་པ་འདི་འཕུད་རྒྱུ་ཡིན་ནམ་ད་ལྟ་ཉིད་དུ་འཆི་རྒྱུ་ཡིན༌།   གདམས་གསེས་ཡག་པོ་ཞིག་
བྱོས” གྲྭ་རྒན་དེ་དང་བླ་མ་དེ་གཉིས་ཀྱིས་གོང་གི་སྐད་ཆ་དེ་གོ་བ་དང་ཤི་བ་ལྟར་གྱི་མིག་གིས་ཕན་ཚུན་ལ་ལྐོག་ཏུ་ཡང་ཡང་བལྟས་བ་དང་དེ་ནས་རང་
རང་གི་སྔོན་ཆད་ཀུན་གྱིས་ན་བཟའ་ཞེས་   འབོད་མྱོང་བའི་སེར་ལྭ་ཕུད་རྒྱུར་འཐད་པའི་བརྡ་ཞིག་བུད་མེད་དེ་ལ་ཤེས་སུ་བཅུག  བུད་མེད་དེས་
དེ་མཐོང་བ་དང་རྫིག་ཉམས་དང་བཅས་མང་ཚོགས་ནང་དུ་གཅེར་ནས་སྐད་གསེང་མཐོ་བའི་གད་མོ་ཆེན་པོ་ཤོར་ལ་ཁོང་རྣམ་པ་གཉིས་ལ་
བལྟས་ནས་གད་མོ་ཆེན་པོ་ཤོར༌།  དེ་དུས་དམ་པ་དེ་གཉིས་ཀྱི་མགོ་བོ་ཁྲག་གི་ཐིགས་པ་རེ་བཞུར་ཞོར་མར་སྨད་བྱུང༌།   མང་ཚོགས་སྔར་བཞིན་
འཇམ་ཅག་གེར་སྐད་ཆ་གཅིག་ཀྱང་མི་སྨྲ་ལ་མགོ་བོ་མཐོན་པོར་བཀྱགས་ནས་བུད་མེད་དེ་ལ་བལྟ་མཁན་ཡང་གཅིག་ཀྱང་མ་བྱུང༌།  དུས་ཡུན་རིང་
བོའི་རིང་ཁོ་ཚོས་ཨ་སྔོན་དགུང་གི་ཉི་མ་སེར་བོ་ མཐོང་མྱོང་བའང་གསལ་བོར་མི་དྲན༌།  བུད་མེད་དེས་ལྟོ་བ་ནང་དུ་ལྟིབ་ཞིང་སྣང་བ་བྱེ་མས་ཟོས་
བའི་མང་ཚོགས་ཀྱི་དཀྱིལ་བཤགས་ནས་ད་ཅིའི་བླ་མ་དེ་ལས་ཀྱང་སྣང་བ་མཐོ་ཞིང་ཤ་ཤེད་རྒྱས་ བའི་རྟ་དཀར་དཀར་ཞིག་ལ་ཞོན་ནས་རྡུལ་ལོང་
འཚུབ་སེ་འཁོར་དང་བཅས་བུད་སོང༌།  རྣམ་རིག་རྡིབ་པའི་མང་ཚོགས་ཀྱིས་དེའི་རྗེས་སུ་ཡིད་སྨོན་འཆོར་བ་བཞིན་ཡུན་རིང་དུ་བལྟས་ལ་དེ་ 
ནས་སྐྱ་ལྭ་མནབས་པའི་བླ་མ་དང་གྲྭ་བ་གཉིས་ལ་མིག་ཟུར་གྱིས་ཡང་ཡང་བལྟས་ནས་དོགས་མི་ བདེ་བའི་ཉམས་དང་བཅས་རང་རང་སར་གྱེས་
སོང༌།
         “ལུས་དང་ལང་ཚོ་ཚར་ཐལ།   དབང་དང་གོ་ས་ཁྱེར་ཐལ།   ཚེ་དང་བསོད་ནམས་ཟད་  ཐལ།  ཨ།   ཤུ་རེ་གོ”
          ཁང་མིག་དེ་རུ་གྲང་གྲང་ཤུར་ཤུར་དུ་བསྡད་ནས་མོས་དེ་ལྟར་ཁེར་ལབ་བརྒྱབ་ལ་ཁེར་ལབ་དེ་ནང་བཞིན་སེམས་པ་སྐྱོ་ཞིང་སྡུག་ནས་ཚེ་
སྲོག་གི་ཁྲག་ཐིགས་རེ་རེ་གོ་མེད་ཚོར་མེད་དུ་ཟད་གྱིན་ པའི་སྣང་བས་ལུས་བོའང་རིམ་བཞིན་དུ་ཧ་ཅང་གཏིང་ཟབ་པའི་འདམ་རྫབ་ཏུ་ལྷུང་བ་
བཞིན་ཡར་མི་ཐེགས་པའི་སྣམ་སྨིན་ཞིག་སྐྱེས་ནས་“ཨ  བླ་མ་རིན་པོ་ཆེ་ མཁྱེན་”ཞེས་གསོལ་བ་ཞིག་བཏབས།  མི་ལོ་བཞི་བཅུ་ལྷག་གི་རིང་ལ་
མོས་བླ་མ་ལ་གསོལ་འདེབས་བྱས་བ་ཐེངས་དང་བོ་ཡིན་ལ་བླ་མ་ནི་རིན་པོ་ཆེ་ཞིག་ཏུ་འདོད་པའང་ཐེངས་དང་བོ་ཡིན་པས་གློ་བུར་དུ་རང་གིས་ད་
ཅི་ཅི་ཞིག་བཤད་པར་ཡུད་ཙམ་ལ་ཡིད་མི་ཆེས་བར་གྱུར་མོད་རིམ་བཞིན་རང་གི་སྔར་བྱས་ཐམས་ཅད་ལ་ཞིབ་འདང་ཞིག་བརྒྱབ་དུས་གོང་གི་སྐད་
ཆ་དང་ལྡོག་པར་ལམ་ལུགས་ཀྱི་འབོད་སྐུལ་ལྟར་རིག་གནས་བཀག་འགོག་གི་ཆེད་དུ་བཅར་རྡུང་དང་འཐབ་རྩོད༌།  མཚང་འབྱིན༌།  ཐ་ན་དམར་
གསོད་སོགས་བྱས་མྱོང་བའི་བླ་མ་དང་གྲྭ་བ།  ལོ་ལོན་དང་བྱིས་པ་སོགས་དྲན་དུས་སེམས་སུ་བཟོད་པར་དཀའ་བའི་ན་ཟུག་དང་སྡུག་བསྔལ་ཞིག་
སྐྱེས་ལ་དེ་ཚོའི་སྟེང་དུ་ལྷག་པར་སྡང་སེམས་ཤིག་སྐྱེས།  དེ་ནི་ངོ་མ་མོ་རང་འཕུང་བའི་ལམ་ལུགས་ལ་སྡང་བའི་ཆེད་དུ་ཡིན་ཡང་སྲིད༌།།   
          ཉིན་གུང་གི་ཉི་མ་དྲ་མ་ལས་ནང་དུ་འཕྲོས།  འདབ་མ་ས་རྡུལ་གྱིས་གང་བའི་རྫ་བུམ་ནང་གི་མེ་ཏོག་གི་སྟེང་དུ་འཕྲོས།    མོའི་གཉེར་
རིས་ཀྱིས་གང་བའི་ངོ་གདོང་གི་ཕྱེད་ཙམ་དུ་འཕྲོས།   གྱང་ངོས་སུ་བཀལ་བའི་སྐྱ་རིས་ཀྱི་འདྲ་པར་ཞིག་གི་སྟེང་དུ་འཕྲོས།   འདྲ་པར་དེའི་སྟེང་དུ་
བལྟས་ནས་མོའི་ཤི་ལ་ཉེ་བའི་མིག་འོད་ཀྱང་གློ་བུར་དུ་སད་ནས་འདྲ་པར་དེ་ཇེ་གསལ་ཇེ་གསལ་ དུ་གྱུར་ལ་རྐང་ལག་གི་བརྐྱངས་སྐུམ་ཡང་ཅུང་
ཙམ་ཇེ་བདེ་རུ་གྱུར།
     ཞོགས་པ་དེར་ཁ་སེམས་མཐུན་མི་མཐུན་གྱི་མི་མང་བོ་མ་བོས་རང་འཁོར་གྱིས་མོ་ཚངགི་ཉེ་འདབས་སུ་འཚོགས་ཤིང་ཕལ་ཆེར་ཡིད་
སྨོན་བྱེད་པའི་ཁ་བརྡ་ཏག་ཏག་ཡིན་པར་ངེས་བའི་ཤབ་ཤུབ་ཀྱི་སྐད་ཆ་མང་བོ་བཤད་ཀྱིན་འདུག  དེའི་དུས་སུ་བག་མ་ལས་ཀྱང་ལུས་ཡོངས་
ཤོམ་གྱིས་བརྒྱན་པའི་བུད་མེད་ཅིག་རྒྱ་ཁང་སྐྱ་བོ་ཞིག་ལས་དལ་མོར་སྒོར་བུད་བྱུང༌།    མཐའ་སྐོར་གྱི་མང་ཚོགས་རྣམས་ཀྱིས་མཉམ་གཅིག་ཏུ་
མོའི་སར་བལྟས་བ་ན་མོའི་མགོ་ལ་རྒྱ་གར་ལེབ་མོ་ཟེར་བའི་ཞྭ་མོ་སྐྱ་བོ་ཞིག་དང་ལུས་སུ་སྲམ་གྱིས་གོང་རྒྱན་དང་མཐའ་རྒྱན་བྱས་བའི་འཕྲུག་ལྭ་
དམར་སྨུག་ཅིགརྐང་ལ་རྒྱ་ནག་འཇུར་རྟ་ཟེར་བའི་ཀོ་ལྷམ་ནག་པོ་ཞིག་བཅས་གྱོན་ཡོད་པས་རྟ་འདོ་བ་བརྒྱན་བརྒྱན་ཤ་ཡིས་བརྒྱན༌།  སྨན་བུ་
མོ་བརྒྱན་བརྒྱན་གོས་ཀྱིས་བརྒྱན་ཟེར་བ་ལྟར་མོ་ནི་མོ་ལོ་ཉི་ཤུ་ལོན་མ་ཐག་པའི་གཞོན་ནུ་མ་ཞིག་དང་འདྲ་བ་ལས་ལོ་ན་སུམ་ཅུའི་སྟོད་ལ་སོན་
ཞིང་སྔོན་ཆད་ཁ་ཟས་ལའང་དཀའ་མྱོང་བའི་སྐྱ་མོ་ཟེར་དེ་རེད་ཅེས་སྨྲས་ན་སུ་ཡི་རྣ་བར་འགྲོའམ།   མོ་ལ་མདུན་དུ་གོམ་པ་གང་ཙམ་སྤོ་བའི་
ཁོམ་པ་ཡང་མི་སྟེར་པར་མི་གཉིས་གསུམ་ཙམ་གྱིས་གཡས་དང་གཡོན་ནས་སྐྱོར་ཏེ་མདུན་དུ་བསུས་ཤིང་ཁ་ནས་གུས་གུས་ཞུམ་ཞུམ་གྱིས་འདི་ལྟར༌།
           “ཙོས་མོ་ཕེབས།   ཙོས་མོ་ཕེབས”
            ཙོས་མོ་ནི་རྒྱ་སྐད་བོད་སྐད་འདྲེས་མའི་མིང་ཚིག་ཞིག་སྟེ།   ཙོས་ནི་རུ་ཁག་ཅིག་གི་དོན་དང་མོ་ནི་བུད་མེད་ཀྱི་དོན་ཏེ་དེ་གཉིས་ལྷན་
དུ་སྦྱར་ན་རུ་ཁག་གཅིག་གི་འགོ་བའི་མིང་སྟེ་གནས་སྐབས་ འདིར་གོ་གནས་མི་དམན་པ་ཞིག་གི་མཚོན་དོན་ཡིན་པས་ས་འདིའི་མི་རྣམས་ཀྱིས་མོ་
ལ་བརྩི་བཀུར་བྱེད་པའི་ཚིག་ཞིག་ཏུ་བརྩི་བཞིན་ཡོད་ལ་དེ་ལྟར་མ་བོས་ན་མོ་ཡང་ཁོང་ཁྲོ་ལངས་སྲིད༌།   
            ཉིན་འགའི་སྔོན་ནས་མི་ཀུན་གྱིས་བཤད་རྒྱུར་མོ་རང་རྒྱ་ནང་དུ་བལྟ་སྐོར་དུ་འགྲོ་རྒྱུ་དང་ཕྱིར་ཐོན་དུས་གོ་གནས་སྔར་ལས་མཐོ་བ་ཞིག་
ལེན་རྒྱུ་རེད་ཟེར་བས་དུས་འདིར་མོ་ལ་ཤ་ཚ་དང་ ཉེ་རིང་ཡིན་ཟེར་བའི་སྐྱེས་ཕོ་མོ་་མངོན་ལྐོག་གཉིས་ན་ཡོང་མཁན་ཧ་ཅང་མང་ལ་དེ་རིང་སྔ་མོ་
ནས་མི་མང་བོ་ཞིག་ཐག་ཉེ་རིང་ནས་མ་བོས་རང་འཁོར་གྱིས་མོ་ཚང་གི་ཉེ་འདབས་སུ་འདུས་ནས་ ག་ཞན་གྱི་མདུན་སོར་མོ་ལ་ངོ་འཛིན་དུ་ཡོང་བ་
མིན་ཁུལ་གྱིས་ལྟད་མོ་བལྟ་རུ་ཡོང་འདྲ་བྱས་འདུག   རྒྱ་ཁང་དེ་ལས་མོ་དལ་བ་དལ་བུར་གོམ་པ་འགའ་མི་ཡི་སྐུ་གཡོག་ཞབས་ཕྱིའི་འོག་མདུན་དུ་
སྤོས་བ་དང་མི་གཞན་ཞིག་གིས་སྔོན་ནས་སྒ་ཆ་འགྲིག་ཅིང་གྲ་སྒྲིག་ལེགས་པའི་རྟ་དཀར་དཀར་མགོ་རྣ་དང་བྲུག་ཤ་འཛོམས་པ་ཞིག་ཁྲིད་ཡོང་ཞིང་
དེ་མུར་མི་དེ་ཚོས་མཛུབ་རྩེའི་མཆོད་པ་བཞིན་བཀུར་བཞིན་མོ་དལ་མོར་རྟ་ཐོག་ཏུ་བསྐྱོན་ཏེ་གཅིག་གིས་རྟ་ཁས་འཁྲིད་ཅིང་འགའ་ཞིག་གིས་རྗེས་
སུ་དེད་ནས་ལམ་ལ་ཆས། དེ་ཡི་ཤུལ་དུ་མང་ཚོགས་ལ་གྲག་འགུལ་ཅི་ཡང་མེད་པར་ཁོ་མོའི་རྒྱབ་ཕྱོགས་སུ་བལྟས་ནས་ཧད་པ་དང་ད་ལྟ་སྐྱ་ལྭ་
མནབས་པའི་བླ་མ་དང་གྲྭ་བ་མི་ཉུང་བ་ཞིག་ཀྱང་ནངས་མོ་འདིར་མོའི་སྐྱེལ་མའམ་ལྟད་མོ་བར་ཕེབས་འདུག 
          ལོ་རྒས་པའི་མོསགཉེར་རིས་ཤར་ཤུར་གྱིས་གང་བའི་མིག་ཟུང་གྱང་ངོས་སུ་བཀལ་བའི་གནམ་བདེ་སྒོ་མོ་ཆེ་རྒྱབ་ལྗོངས་བྱས་ནས་བླངས་
བའི་སྐྱ་རིས་ཀྱི་འདྲ་པར་རྙིང་བ་ཞིག་ཡོད་པ་དེར་གཏད་ནས་རང་ཉིད་ཀྱི་གཟི་འོད་འབར་བའི་དུས་སྐབས་ཡིད་ལ་དྲན་ཞིང་དེ་ནས་འདི་ལྟར་ཆིག་
ལབ་ཅིག་བརྒྱབ།
    “པེ་ཅིང༌།  པེ་ཅིང༌།”
         མོ་རང་གྲོང་ཁྱེར་དུ་སོང་ནས་ལོ་ཕྱེད་ཙམ་འགོར་རྗེས་ཕྱིར་ཐོན་བྱུང༌།   དེ་དུས་རྗེས་སུ་སྐུ་ གཡོག་ཞབས་ཕྱི་བ་ཚོ་མེད་ལ་སྔོན་གྱི་འཕྱོར་
གོས་དང་མཛེས་སྒེག་ཀྱང་མི་འདུག།  འདི་ལྟར་མོ་ནི་རྒྱ་ནང་དུ་ཐེངས་གཅིག་སོང་ནས་ཕྱིར་སླེབས་དུས་གོ་ས་དང་དབང་ཆ་མཛེས་ཉམས་སོགས་
ཤོར་ནས་སྔོན་གྱི་སྐྱ་མོར་གྱུར་འདུག་པས་སྔོན་ཆད་སྐྱེལ་མ་བྱེད་མཁན་དེ་ཚོའི་བསུ་མ་མཐོང་རྒྱུ་མེད་ པས་མི་ཚད་སོ་ཕག་སྐྱ་བོས་བརྩིགས་པའི་
རྒྱ་ཁང་ཡང་གཞུང་ལ་བླངས་ཚར་འདུག   ད་དུང་ཧ་ ལས་བ་ཞིག་ལ་དེ་སྔོན་སྐྱ་ལྭ་མནབས་པའི་བླ་མ་དང་གྲྭ་བ་དེ་ཚོས་སེར་ལྭ་མནབས་པ་མ་
ཟད་སྔར་ལས་ལྷག་པར་ཁ་འདོན་དང་མ་ཎི་འཁོར་ལོ་ལ་དུངས་དུངས་བྱེད༌། 
         དགུང་ཁའི་ཉི་མ་དྲ་མ་ལས་ནང་དུ་འཕྲོས་ཤིང་དེ་རུ་རྡུལ་ཕྲན་གྱི་ཟེགས་མ་མང་པོ་ཁྲི་མ་འབུམ་དུ་འཕྱུར༌།   མོས་རྒས་གཉེར་གྱིས་ཁེངས་བའི་
ངོ་གདོང་ལ་ཕོག་པའི་ཉི་ཐིགས་རྒས་གཉེར་གྱིས་ཁེངས་བའི་ལག་པས་གཡོལ་ཙམ་བྱས་ནས་གློ་བུར་སད་དུས་ཕྱི་དྲོར་སླེབས་ཤིང་རང་ཉིད་ 
གཅིག་པུར་གྲང་ཤུར་ཤུར་གྱི་ཁང་བའི་ནང་དུ་ཟ་མ་ཁམ་གང་དང་ཇ་ཧུབ་གང་ཡང་མ་འཐུང་བར་ཕལ་ཆེར་ཉིན་གང་བོར་ལུས་བ་ཚོར༌། དེ་ནས་
མོ་མྱུར་དུ་ཡར་ལངས་གྲབས་བྱས་བ་ན་རྐང་བ་སྦྲིད་ནས་ཚོར་བ་ཅི་ཡང་མེད་པས་དེ་མུར་ས་ལ་འགྱེལ།
         “ཨ  དཀོན་མཆོག་མཁྱེན།”
         མོས་སླར་ཡང་ཁ་ནས་གསོལ་འདེབས་ཤིག་ཤོར༌།   དེ་ནི་ཕ་མ་ལ་བུ་ཕྲུག་གིས་ངོ་ལོག་བྱས་བ་བཞིན་སེམས་སུ་དེ་མུར་ཆུ་འཁྱག་བླུགས་པ་དང་
ཁབ་ཀྱིས་གཙགས་པ་བཞིན་ཧ་ཅང་མི་སྐྱིད་པའི་སྣང་བ་ཞིག་བྱུང༌།   ལོ་རྒས་བའི་མོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡར་ལངས་བ་དང་དེ་ནས་
དྲ་མའི་མདུན་དུ་ལངས་ནས་སུ་ཞིག་ལ་བསྒུགས་ཡོད་པ་བཞིན་གཟི་འོད་ཉམས་པའི་མིག་གིས་སྲང་ལམ་དུ་ཡར་འགྲོ་མར་འོངས་བྱེད་པའི་མི་ཚོགས་
སུ་བལྟས་ནས་བསྡད།   མི་ཚོགས་སུ་མོ་ལ་ཆ་རྒྱུས་ལྡན་པའི་མི་གཅིག་ཀྱང་མི་འདུག་ལ་སྙིང་གཏམ་བཤད་སའི་མི་ཡང་གཅིག་ཀྱང་མི་འདུག་པར་
 བལྟས་ཀྱིན་བལྟས་ཀྱིན་མི་རེ་རེའི་འཛུམ་དམུལ་དམུལ་གྱི་ངོ་གདོང་འོག་ཏུ་སེམས་ནག་དང་གདུག་ རྩུབ།   ལྐོག་གཡོ་དང་ཚིག་འཇམ་སོགས་
བསྐུང་ཡོད་པ་དང་འདྲ་བས་མོ་ལ་སྔར་ལས་ལྷག་པར་འཇིགས་སྐྲག་ཅིག་སྐྱེས་ལ་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས།   ཐ་ན་འཆི་བའི་སྣང་བ་ཞིག་
ཀྱང་སྐྱེས།
         “བླ་མ་མཁྱེན    བླ་མ་མཁྱེན”
           མོས་ཁ་ནས་དེ་ལྟར་ཤོར་བ་དང་དེ་མུར་གཉེར་མས་ཁེངས་བའི་ལག་པས་རང་གི་སྐྱི་མོ་ལྷབ་ ལྷབ་ཏུ་གྱུར་བའི་ཁ་བཅད་ནས་རེ་ཞིག་
གསང་བ་ཅི་ཞིག་ཤོར་སོང་བ་ལྟར་ཅི་ཡིན་འདི་ཡིན་མེད་པར་ལུས།
           དྲ་མ་ལས་ཉི་འོད་རིམ་གྱིས་ནུབ་ཀྱི་རི་རྒྱབ་ཏུ་ཡིབ།   མོའི་ཁང་བའི་ནང་སྔར་བཞིན་གྲང་  ཞིང་དཀར་འོད་མོའི་ལུས་ཀྱི་སྟོབས་
ཤུགས་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར༌།   ད་ནངས་ནས་མོས་ཇ་དཀར་ཡོལ་གང་མ་གཏོགས་འཐུང་མེད་ནའང་ད་རུང་ཡང་ཟས་ཟ་བའི་ཡི་ག་
ཅུང་ཙམ་ཡང་མི་འདུག   མོས་རང་ཉིད་བདག་མེད་དང་ཁེར་རྐྱང་ཡིན་པའི་ན་ཟུག་དེ་ལས་བཀྲེས་ལྟོགས་ཀྱི་ན་ཟུག་སྤུ་ཙམ་ཡང་མི་ཚོར༌།   དུས་
འདིར་སྔོན་ཆད་ཀྱི་ཐོབ་དང་གོ་ས་རྒྱུ་དང་འབྱོར་བ་སོགས་དྲན་དུས་མོས་རང་ཉིད་དེ་རིང་གི་ཚད་འདི་འདྲར་ལྷུང་འགྲོ་འདང་ཡིད་ལའང་ཤར་
མ་མྱོང་བས་གློ་བུར་ཁོང་ཁྲོ་དང་ཞེ་སྡང་རབ་ཏུ་རྒྱས་ལ་སྐྱོ་བའང་ཆེན་པོ་སྐྱེས།   ཞིབ་མོར་བསམ་དུས་མོ་རང་ཆེས་སྐྲག་ས་ནི་བེམ་པོ་འདི་བདག་
མེད་དུ་རང་ཁྱིམ་ནས་རུལ་འགྲོ་བ་དེ་རེད་ལ་ཆེས་སྡང་ས་ནི་སྔོན་ཆད་ཕ་མ་དང་སྙིང་གི་ཚབ་བྱེད་མྱོང་བའི་ལམ་ལུགས་དེ་རེད།    
          རྒྱང་མིག་ཡོངས་སུ་རུབ།   མོས་འདར་མ་འདར་གྱིས་མར་མེ་ཞིག་སྦར༌།   དེ་ཡི་འོད་ཀྱིས་  གྲང་ཤུར་ཤུར་གྱི་ཁང་བའི་ནང་གི་ཅ་ལག་
ཡོད་ཚད་རབ་རིབ་ཞིག་གསལ།   མོ་སླར་ཡང་རྐུབས་སྟེགས་སུ་བསྡད༌།    དུས་འདིར་མོ་ལ་ཟ་མ་ཟ་བའི་ཡི་ག་ད་རུང་མ་མཆིས་བའམ་ཟ་མ་ཞིག་
གཡོས་སྦྱོར་བྱེད་པའི་ནུས་ཤུགས་མ་ཡོད་པ་གང་ཡིན་རང་གིས་ཀྱང་དབྱེ་བ་མི་ཤེས།   ལུས་ཡོངས་ལ་ནུས་ཤུགས་ཅི་ཡང་མེད་པར་སྣང་བ་ཞིག་ལ་
རང་ཉིད་ནི་མར་ཟགས་པའི་བྱེ་མའི་རི་ཞིག་དང་འདྲ་ལ་ཆུ་ཡི་ཐིགས་པ་རེ་རེས་སྟོང་བའི་རྫ་མའི་སྣོད་ཅིག་དང་འདྲ།
          སྟོང་སང་སང་གི་ཁང་བའི་ནང་དུ་བསྡད་ནས་མོས་ད་ནངས་ཞོགས་པའི་དོན་དག་དེ་ཡང་བསྐྱར་དྲན་བྱུང༌།  དུས་འདིར་སེམས་ནི་ཁྱི་
སྨྱོན་གྱིས་རྨུག་པ་བཞིན་བདེ་ལ་འབབ་ཐབས་ཤིག་ཡེ་ནས་མེད་སོང༌།
         ཁྱིམ་མཚེས་ཀྱི་རྒན་མོས་ཇ་བླུགས་ཞོར་དུ་མོ་ལ་དོགས་པའི་མིག་ཟུར་གྱིས་ཡང་ཡང་འཕེན་པས་མོ་རང་སྡུག་ཐུག་ནས་གྲོས་འདེབས་
ཏུ་ཡོང་བའི་སྐད་ཆ་དེའི་འགོ་གླེང་བའི་ཆེད་དུ་མོ་ལ་སྙིང་ཉེ་བའི་ཚུལ་ཇི་འདྲ་བསྟན་ནའང་མོའི་འཛུམ་པའི་སྐྱི་པགས་དེའི་འོག་ཏུ་སོལ་བ་ལྟ་བུའི་
སེམས་ཤིག་  གཡོ་སྒྱུ་དང་བཅས་བསྐུང་འདུག་ལ་མོ་རང་གཡོ་སྒྱུའི་དྲ་བ་དེར་ཚུད་པའི་ཆེད་དུ་བཙན་ཚུགས་ཀྱིས་སོ་དཀར་པགས་འཛུམ་སྟོན་
བཞིན་དང་རྒྱུ་ནོར་ལ་འགྲམ་ཆུ་ལྡང་བཞིན་འདུག་པ་དང་འདྲ་སྙམ་ནས་བཤད་ཐག་མ་ཆོད་པར་སྐྱི་མོས་གང་བའི་མགྲིན་པ་རུ་ལྕགས་ཀྱི་རིལ་
བུ་རེ་རེ་བཞིན་བཙན་ཚུགས་ཀྱིས་མར་མིད༌།
          དུས་ཚོད་ཀྱི་ཐལ་རྡུལ་མར་ཟགས།  གྲང་ཤུར་ཤུར་གྱི་མལ་ས་རུ་མོའི་རབ་རིབ་ནས་རབ་རིབ་ཏུ་འགྱུར་བའི་ཀླད་པ་རུ་ཡུན་རིང་ཤར་
བའི་ད་ནངས་ཁྱིམ་མཚེས་ལ་འདྲི་འདོད་པའི་སྐད་ཆ་དེ་འདི་ལྟར་རང་གིས་རང་ལ་དྲིས།།
          “ང་ཚོ་ཁྱིམ་མཚེས་བྱས་ནས་མི་ལོ་ཉི་ཤུ་ལྷག་འགོར་ལ་ཉེ།  དེའི་རིང་ཕན་ཚུན་ལ་ཕན་ཅི་ཡང་མ་ཐོགས་མོད་ལྷག་བསམ་དཀར་པོ་དུང་
ལྟ་བུ་ཞིག་སུ་ཡིན་རུང་ཡོད། དེ་ན་ད་ལྟ་ང་རང་ལོ་ན་མཐོ་ལ་ཁྱིམ་བཟའ་ཚང་དང་གཉེན་ཉེ་རིང་ཡང་མེད་པས་མི་རིང་བར་ཕྱི་མ་མིག་གིས་རིག་
དགོས་རྒྱུ་རེད་བསམ་བྱུང༌།  དེ་ན་ཁྱོད་ཀྱིས་ཤོད་དང་ངས་སྔ་མོ་ནས་རང་ལ་རོ་སྒམ་ཞིག་གྲ་སྒྲིག་བྱེད་འདང་ཡོད་ པས་ཁྱིམ་མཚེས་ཁྱོད་ཀྱིས་
བལྟས་ན་གང་འདྲ་བྱས་ན་ལེགས་སམ།  ཁྱོད་ནི་འཇིག་རྟེན་འདི་རུ་ངའི་སེམས་གཏམ་ཤོད་ས་གཅིག་པུ་རེད།  ངོ་མ་བཤད་པ་ཡིན།  ཤུལ་དངོས་
འདི་དག་ལ་འང་བཀོད་འཇོག་ཅིག་བྱེད་དགོས་བས་ཁྱོད་ཀྱིས་བལྟས་ན་གང་འདྲ་བྱས་ན་ལེགས་སམ།  སྔ་མོ་ནས་བླ་མ་ཞིག་ལ་འབུལ་ན་ཇི་འདྲ་
རེད།  དེ་མིན་ང་རང་ཤི་རྗེས་ཡོད་ཚད་བདག་མེད་དུ་གྱུར་ནས་སུ་ཐོབ་སུ་རྒྱལ་གྱིས་མི་མང་བོས་གཅག་གཅོག་གཏར་གཏོར་གྱིས་ཁྱེར་འགྲོ་
རྒྱུ་རེད།  ད་རུང་ཁང་བ་འདི་དང་ཡུན་རིང་ལྐོག་ཉར་བྱས་བའི་ནོམ་ཆེན་ཡང་མི་ཉུང་བ་ཞིག་ཡོད།  ཡང་མིན་ན་འདི་དག་གོང་སླ་མོ་བྱས་ཏེ་
ཁྱོད་ལ་བཙོང་ན་ཇི་འདྲ་རེད།  འོན་ཀྱང༌།  ངས་དེའི་རིན་གྱི་དངུལ་ལོར་གྱིས་ཅི་ཞིག་བྱེད་དམ།  ཨ།  ང་ད་རུང་ཚར་མེད།  ང་ལ་ད་རུང་རྒྱུ་
ནོར་དང་དབང་ཐང་དང་ལང་ཚོ་ཡང་ཡོད།  ང་ད་རུང་ཚར་མེད།  ང་ད་རུང་ཚར་མེད། ”གློ་བུར་མོའི་མིག་ལམ་དུ་ཁྱིམ་མཚེས་རྒན་མོས་མོའི་
གོང་གི་སྨྲེ་ངག་ལྟ་བུའི་སྐད་ཆ་དེ་ཐོས་ པ་དང༌།  “ཙོས་མོ་ལྕགས་མཆུ་མ་ཁྱོད་ཀྱང་མ་གཞི་བླ་མ་དང་ཆོས་ལ་དད་མཁན་ཞིག་དང་ཕྱི་མ་ལ་
སྐྲག་མཁན་ཞིག་ཡིན་པ་ཨེ་རེད་” ཟེར་ནས་ཁྲེལ་དགོད་བྱེད་ཅིང་གདོང་འཛུམ་གྱིས་ཁེངས་ཏེ་མོས་ད་དུང་ཡ་ང་དང་འུ་ཐུག་གི་གཏམ་ཅི་ཟེར་
ལ་ངན་སེམས་ཀྱིས་སྒུག་ནས་འདུག་སྲིད་སྙམ་པ་དང་ངུ་མ་དགོད་ཀྱི་སྣང་བ་ཞིག་སྐྱེས་ལ་དེ་ནས་ཞེ་སྡང་དང་བཅས་སྐྱི་མོས་གང་བའི་མིག་ཟུང་མར་
བཙུམས་པ་ན་དེ་མུར་ཀླད་པའི་ནང་གི་དྲན་པ་དང་དངོས་བོ་ཚང་མ་བརླན་ཞིང་བཤེར་བའི་སྨུག་པ་སྲབ་མོ་ཞིག་གིས་བཏུམས་ཏེ་རབ་རིབ་ཟ་ཟི་རུ་
གྱུར་ནས་མཐའ་མར་ཡོད་ཚད་ནག་འཐོམ་མེར་གྱུར།   དུས་དེར་མོའི་གྲང་ཤུར་ཤུར་གྱི་ཁང་བའི་དྲ་མའི་ཕྱི་རོལ་གྱི་ནམ་མཁའི་དབྱིངས་སུ་མིག་ཆུ་
ལྟ་བུའི་སྐར་ཕྲན་ཞིག་འདར་འདར་རྒྱུ་ཞིང་བལྟས་ཀྱིན་བལྟས་ཀྱིན་དེའི་མཐའ་སྐོར་དུ་དེ་དང་འདྲ་བར་འདར་འདར་རྒྱུ་བའི་སྐར་མའི་ཚོགས་ཀྱིས་
ནམ་མཁའི་ངོས་ཧྲིལ་བོ་གང༌།
             སུས་ཀྱང་མི་ཚོར་བའི་ངང་བོད་མི་གང་མང་ཞིག་གི་མི་ཚེ་ལྟར་མཐོ་སྒང་གི་འཇམ་ཅག་གེའི་མཚན་མོ་ཞིག་འཁར་བ་ལ་བརྟེན་པ་བཞིན་
སླར་ཡང་མི་ཡུལ་ནས་དལ་མོར་ཕར་འདའ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁའི་དབྱིངས་སུ་འདར་འདར་རྒྱུ་བའི་སྐར་ཕྲན།

2009-06-13 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།