མྱི།

      རྡོ་རྗེ་སྒོར་བུད་ནས་ནང་དུ་འཛུལ། 
   ཨེ།  ཁྱོད་ཀྱི་རྔ་མ་སྒོ་བར་དུ་བཙུར་འདུག  
   ཧ་ཧ་ཧ་་་་ གདོང་འཛུམ་དམུལ་དམུལ་དང་སྐྲ་སྣུམ་ཤིག་ཤིག་གི་མི་དེ་ཚོ་མཉམ་དུ་བགད།
   ཁོས་ལྕེ་རིང་བོ་ཞིག་སྣར་ནས་སྒོ་དལ་མོར་མར་བརྒྱབ།  དོ་ནུབ་ཀྱི་གསོལ་སྟོན་གྱི་སྟེང་དུ་རྡོ་རྗེ་རྫོང་འདིའི་ “མྱི་ངར་བ་ཚོ་” དང་ལྷན་དུ་
ཆང་རྩ་ཅན་དང་ཟས་བཅུད་ཅན་ལ་རོལ་བཞིན་ཡོད་པས་ཁོའི་སྣང་བར་མཚམས་དང་མཚམས་སུ་བདེ་སྐྱིད་དང་འཇོན་ཐང་གི་ཚོར་བ་ཞིག་སྐྱེ་
བཞིན་ཡོད་ལ་མཚམས་དང་མཚམས་སུ་ཁོའི་བྲང་གི་སྙིང་དེ་རྦབ་རྡོ་བཞིན་རྫོང་མཁར་འདིའི་བར་སྣང་དུ་ཤུགས་ཀྱིས་འདྲིལ་བཞིན་པའི་ཚོར་བ་
རེ་སྐྱེ་བཞིན་ཡོད།
  “འགོ་བ་ལགས།  ཁྱི་ཤ་ཞིག་བཞེས་ན་ཅི་འདྲ་རེད།” 
  “ཧུན།  ཁྱོས་ཅི་ཟེར།  ཁྱོས་ང་འབྲོག་རྐྱང་ཞིག་ལ་ཁྱི་ཤ་ཟོས་ཟེར་བ་འདི་ཟུར་ཟ་བྱེད་བཞིན་ཡོད་པ་ཨེ་ཡིན།” 
  “མིན་་་་་མིན་ལགས།” 
  “ཧ་ཧ་ཧ་་་་ཧ་ཧ་ཧ”   མི་ཚང་མ་བགད་བྱུང་བ་ན་ཁོ་ཡང་ངུ་བ་བཞིན་བགད་བྱུང༌།   གློག་སྒྲོན་འོག་གི་ཤ་ཚོན་པོ་དང་ཆང་བཙན་པོ། 
ད་རུང་ཟས་སྣ་མང་བོའི་འགྲམ་དུ་མི་ཚང་མས་ཕན་ཚུན་ལ་སོ་ཕྲེང་དཀར་པོའི་བར་ནས་སྐད་ཆ་སྙན་མོ་ལབ།
  རྡོ་རྗེ་ཅུང་ཙམ་བཟི་འདུག  ཁོ་མི་མང་བོའི་བར་ནས་འགོ་བའི་གམ་དུ་བཙན་གྱིས་འཚང་ནས་འགོ་བའི་དུ་བ་ལ་མེ་བསྒོ་ཞིང་འགོ་བ་ལ་སྐད་ཆ་
བཤད་ཅིང་འགོ་བ་ལ་གཞན་གྱིས་དྲངས་བའི་ཆང་འཐུང་ཅི་ཐུབ་བྱེད་པས་ཡུན་གྱིས་ངོ་མ་འགོ་བ་ལ་འཐུང་སྐལ་གཅོད་པའི་ཚུལ་དུའང་སྣང་བས་
སྐབས་ཤིག་ཏུ་འགོ་བས་ “ཁྱོད་ཀྱིས་ངའི་ཆང་སྐལ་བཅད་ནས་ཅི་བསམ་པ་ཡིན་” ཞེས་སྨྲས་པ་ན་རྡོ་རྗེས་སྐད་གདངས་དམའ་ཞིང་ཉམ་ང་བའི་
ངང་ “ངས་ཁྱོད་བཟི་འགྲོ་གི་བསམ་པ་ཡིན་ལགས་” ཤེས་སྨྲས་བ་ན་འགོ་བས་ཁྲོ་ཉམས་དང་བཅས་ཏེ་ “སྟག་ཤ་ར་ཞིག་ཡིན་དུས་ཆང་འཐུང་
བའི་དམིགས་ཡུལ་ནི་བཟི་རྒྱུ་དེ་མ་ཡིན་པར་དྭངས་རྒྱུ་དེ་ཡིན་ན་ཡུལ་ནས་རྒད་མོ་རུམ་ནས་ཉལ་མི་འདུག་པར་ཅི་བྱེད་དུ་ཡོང་བ་རེད།་” ཞེས་
བཤད་དུས་ཁོས་དེ་མུར་ “རེད་རེད་་་རེད་ལགས་” ཞེས་ཆང་ཕོར་འགོ་བ་ལ་དྲངས་བ་ན་མི་ཚང་མ་སླར་ཡང་བགད་བྱུང་བས་རྡོ་རྗེ་ཡང་
བགད་བྱུང༌།
   གསོལ་སྟོན་ཁང་དེའི་ནང་དུ་རོལ་དབྱངས་དང་གློག་སྒྲོན།  ཆང་དྲི་དང་དུད་སྨུག  སྐད་ཆ་དང་འུར་སྒྲས་ཁེངས།  རྡོ་རྗེ་སྔར་ལས་ཀྱང་
བཟི་དྲགས་འདུག  ཁོས་འགོ་བའི་བཤད་པའི་སྐད་ཆ་རེ་རེའི་རྗེས་སུ་ “རེད་རེད་རེད་”ཅེས་སྨྲས་བའི་མཚམས་ཤིག་ཏུ་འགོ་བས་ཉམས་ལེན་
པའི་ཚུལ་དུ་ “ད་བར་དུ་ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅག་ནས་འབད་བརྩོན་ཅི་འདྲ་བྱས་རུང་མི་རིགས་དང་རྒྱལ་ཁབ་ལ་ཕན་ཅི་ཡང་
མི་ཐོགས་པར་ང་ནི་ངོ་མ་མི་རིགས་འདིའི་གདོན་རྫས་དང་རྒྱལ་ཁབ་འདིའི་ཁུར་བོ་རེད་”ཅེས་སྨྲས་བ་ན་རྡོ་རྗེས་ར་བཟི་བའི་མིག་ཟུང་ཕྱེད་བཙུམ་
ཕྱེད་ཕྱེས་ཀྱིས་ “རེད་”ཅེས་སྨྲས་བྱུང་བས་འགོ་བ་དེ་མུར་ཁྲོས་ཏེ་ “རྔ་མ་ཅན་ཁྱོས་ཅི་ཟེར།  དྲིན་ཅན་ལ་དྲིན་ལོག”  ད་ལྟ་རྡོ་རྗེ་བཟི་དྲགས་པས་
ཅི་ཡིན་འདི་ཡིན་ཧ་མ་གོ་བར་གམ་གྱི་མི་ཞིག་ལ་ཡང་དང་ཡང་དུ་དྲིས་རྗེས་ད་གཟོད་དོན་དག་གི་ཧ་གོ་བས་འགྱོད་སེམས་དང་བཅས་འགོ་བ་ལ་
དགོངས་དག་ཞུས་བ་ན་འགོ་བས་ཧ་ཅང་ཁོག་རྒྱ་ཡོད་མདོག་ལ་བརྫིས་ཏེ་ “ཡ།  མི་རིགས་ཀྱི་གདོན་རྫས་དང་རྒྱལ་ཁབ་ཀྱི་ཁུར་བོས་ཁྱོད་ལ་ཆང་
གང་འདྲེན་” ཞེས་སྨྲས་བས་མི་རྣམས་སླར་ཡང་བགད་བྱུང་ལ་ཁོ་ཡང་བགད་བྱུང༌། སྐབས་དེར་ཁོས་འགོ་བའི་དགོད་ཀྱིན་པ་དང་འདྲ་བའི་སོ་
ཕྲེང་ལས་མི་གཞན་པ་དག་གི་ངོ་གདོང་ཅི་ཡང་མ་མཐོང༌།
   ཕག་ཤ   ཉ་ཤ   སྐམ་ཤ   ལུག་ཤ   སྔོ་ཚལ་འདྲ་མིན་དང་དྲི་མ་འདྲ་མིན།  མི་ལུས་འདྲ་མིན་དང་སྐད་ཆ་འདྲ་མིན།  གསོལ་སྟོན་གྱི་ཁྲོད་དུ་
རྡོ་རྗེ་འགོ་བ་མཐོང་ཐེངས་རེ་ལ་ཆུ་འཁྱགས་ཕོར་བ་གང་རེས་བྲང་ཁར་བརྒྱབ་པ་ལྟར་ཅུང་ཙམ་རེ་སད་པ་མ་གཏོགས་རང་དབང་མེད་པར་བཟི་ཡོང༌། 
ཁོ་ཅི་འདྲ་བཟི་རུང་མིག་གིས་འགོ་བས་ཆང་ཕོར་ཡར་ཨེ་འགྱོགས་ལ་བལྟས་འདུག་ཅིང་སེམས་སུ་འགོ་བ་དང་ཕོར་ཐུག་རྒྱག་པའི་གོ་སྐབས་
འཆོར་མི་ཉན་པའི་བྱ་བ་དེ་ཡིད་ལ་བཟུང་ནས་བསྡད།  འགོ་བས་རྡོ་རྗེ་ལ་བལྟས་ནས་ “ཨ་རོག་”ཅེས་སྒོའི་ཕྱོགས་སུ་མཆུ་སྟོན་ཞིག་བྱས་ནས་
ཡར་ལངས་བ་ན་རྡོ་རྗེ་དེ་མུར་ཡར་ལངས་ནས་ཁོ་བསྐྱོར་ཏེ་སྤྱོད་ཁང་གི་ནང་དུ་ཕྱིན།  ཕྱིར་ནང་དུ་སླེབས་དུས་འགོ་བའི་སྐང་སྣམ་གྱི་འདོམས་
སྒོ་ཕྱེས་འདུག་པས་རྡོ་རྗེས་བདེ་ལྕག་འཁྱུག་པོས་ད་ཅི་ཨ་རག་པི་ཙི་སྐྱོར་བྱེད་ཀྱི་མཐེ་བོང་དང་གོང་མཛུབ་བེད་སྤྱད་དེ་དེའི་སྒོ་ཟྭ་ཡར་འཐེན་བྱུང་
བ་ན་འགོ་བ་བགད་བྱུང་ལ་མི་ཚང་མ་བགད་བྱུང༌།  ཁོ་ཡང་ཅི་ཡིན་འདི་ཡིན་མེད་པར་བགད་བྱུང༌།  ཁོའི་སེམས་སུ་འགོ་བ་ལ་ཕན་ཅུང་ཙམ་ཞིག་
ཐོགས་སོང་སྙམ་ལ་རང་ཉིད་ནི་ངོ་མ་ “ཆབ་སྲིད་པ་”ཞིག་རེད་སྙམ་པའི་ཚོར་བ་ཞིག་མེ་ལྕེ་བཞིན་ཁོའི་བྲང་འོག་ནས་ཚ་ལམ་ལམ་དུ་འབར།
 གསོལ་སྟོན་ཆེན་མོ་འདི་དང་འདི་འདྲའི་སྟེང་ཨ་རག་དང་ཟས་སྣས་དུས་རྒྱུན་ཚིམ་ཞིང་བཟི་མྱོང་བའི་འགོ་བས་ཚད་མཐོ་བའི་སྐྱིད་པོ་བྱེད་སྟངས་
ལ་ཧ་ཅང་ཉམས་མྱོང་ཡོད་མདོག་གིས་བརྗིད་ཉམས་དང་བཅས་འདི་ལྟར། 
  “ཡ་རྡོ་རྗེ།  གླུ་ཞིག་ལོངས་དང༌།” 
  “འགོ་བ་ལགས།  ངས་གླུ་ལེན་མི་ཤེས།” 
  ཁོས་བོད་ལ་ཧ་ཅང་ཤེས་རྒྱ་དང་མཐོང་རྒྱ་ཆེ་བའི་ཉམས་དང་བཅས་ “ཧུན།  བོད་གངས་ཅན་པ་ཞིག་ཡིན་ན་གོམ་པ་སྤོ་ཤེས་བ་ནས་བྲོ་
འཁྲབ་ཤེས་བ་དང་སྐད་ཆ་བཤད་ཤེས་བ་ནས་གླུ་ལེན་ཤེས་བ་མ་རེད་དམ།  དེ་ན་ཁྱོད་བོད་མིན་པ་ཨེ་རེད”  དེ་དུས་རྡོ་རྗེའི་ངོ་མདངས་ཀུ་ཤུ་
ལྟར་དམར་བོའི་མདོག་ལྟར་དུ་གྱུར་ཞིང་སྐད་གདངས་རླུང་ཁའི་འཇག་མ་བཞིན་འདར་བར་བྱེད་བཞིན་གླུ་འདི་ལྟར་བླངས།
   དེ་རིང་ཉི་མ་ཡག་པ་ལ། འདི་ཏང་གི་འགོ་བ་སྐྱིད་རྟགས་རེད།
   དེ་རིང་དུས་ཚོད་བཟང་བ་ལ།  འདི་ཏང་གི་སྲིད་ཇུས་བཟང་རྟགས་རེད།
   དེ་རིང་རྟེན་འབྲེལ་འགྲིག་པ་ལ། འདི་འགོ་བ་བླ་མ་འཛོམས་རྟགས་རེད།
   དེ་རིང་ང་རང་སྐྱིད་པ་ལ། འདི་ཇ་ཆང་སྟོན་མོ་ཆེ་རྟགས་རེད།
   དེ་རིང་འདི་འདྲ་སྐྱིད་པ་ལ།། འདི་བུ་ངའི་རླུང་རྟ་དར་རྟགས་རེད།
   “ཨོ།  བཟང་གི  ཡག་པོ་རེད།  ཡག་པོ་རེད།” འགོ་བས་ཐལ་མོ་རྡེབ་བཞིན་དེ་ལྟར་སྨྲས།  རྡོ་རྗེས་ “བཀའ་དྲིན་ཆེ། བཀའ་དྲིན་ཆེ་”ཞེས་
མགོ་བོ་ནང་དུ་གུག་ཙམ་གུག་ཙམ་བྱས།  འགོ་བས་ཆང་ཕོར་ཡར་བཀྱགས་ཏེ་ “ཡ།  ད་དགའ་བའི་གླུ་དབྱངས་བླངས་ཐལ། སྐྱིད་པའི་ཆང་ཡང་
འཐུང་ཡ་”ཞེས་སྨྲས་མ་ཐག་རྡོ་རྗེས་ “ཡ་ལགས།  ཡ་ལགས་”ཞེས་འགོ་བ་ལ་རྣམ་འགྱུར་དྲང་བ་མཚོན་བྱེད་དུ་ཆང་ཕོར་བ་གང་བོ་གཙང་མར་
འཐུང་བ་དང་འཛུམ་མདངས་ཡང་ཡང་བསྟན། 
   དུད་སྨུག་དང་འུར་ཟིང༌།  ཚ་སྨུག་གི་ཁྲོད་དུ་རྡོ་རྗེས་འགོ་བ་གཅིག་པུ་མ་གཏོགས་མི་གཞན་པ་ཚོ་གཅིག་རེ་གཅིག་རེ་བྱས་ནས་བརྗེད་པར་
གྱུར་བས་སྐད་ཆ་ཉོག་པོ་ལབ་པ་སྔར་ལས་མང་བར་གྱུར།
   “འགོ་བ།  འགོ་བ།  ང་ཁྱོད་ཀྱིས་རྟ་བྱོས་ཟེར་ན་རྟ་དང་ལུག་བྱོས་ཟེར་ན་ལུག་ཡིན།  ནམ་ཡང་ཡིན།  ཁྱོད་ནི་ངའི་ཉི་མ་རེད  ཉི་མ་རེད།
”  ད་ལྟ་རྡོ་རྗེས་ “ལགས་” ཞེས་བའི་ཡིག་འབྲུ་དེ་བོར་ཡོད་ནའང་འགོ་བ་ལ་འཕྲོད་པའི་སྐད་ཆ་བཤད་རྒྱུའི་བསམ་བློ་དེ་མ་བོར་བར་སྔར་ལས་
ཇེ་མང་དུ་སོང་ཡོད་པ་མ་ཟད་སྔར་ལས་ཁོག་གི་འགོ་བ་ལ་བློ་དཀར་བའི་བསམ་བློ་དེ་ཕྱིར་མངོན་ཅི་ཐུབ་གང་ཐུབ་བྱེད་ཀྱིན་འདུག  འགོ་བས་ཀུ་
རེའི་ཉམས་དང་བཅས་ “ཡ།  དེ་ན་ཁྱོད་ཀྱིས་ཁྱི་ཞིག་བྱོས་དང་”ཞེས་སྨྲས་བ་ན་རྡོ་རྗེས་དེ་མ་ཐག་ཏུ་ངས་འབྲོག་ཁྱུ་ཟུག་ཟུག་བྱེད་ཅེས་ “འབ་
འབ་འབ་་་་་་འབ་འབ་”ཅེས་དང་ཡང་ངས་ཧ་པ་ཟུག་ཟུག་ཟུག་བྱེད་ཟེར་ནས་ “འེ་བོ་འེ་བོ་འེ་བོ་”ཞེས་ཁྱི་ཟུག་ཟུག་བྱས་ནས་འགོ་བ་ལ་སྲུང་སྐྱོབ་
ཀྱི་ཚུལ་དང་མི་གཞན་ལ་རྨུགས་པའི་ཚུལ་བསྟན་ནས་མདུན་ཅོག་ལ་བསྐོར་བ་བརྒྱབ།  དེ་དུས་མི་ཚང་མ་བགད་བྱུང༌།  ཁྱི་རྡོ་རྗེ་ཡང་བགད་བྱུང༌།
ཕྱི་རོལ་གྱི་ཟླ་འོད་འཇབ་སོབ་སོབ།  མཁའ་དབྱིངས་ཀྱི་སྐར་མ་འདར་ཡམ་ཡོམ།  རྫོང་མཁར་འདིའི་སྲང་ལམ་དུ་མི་སྐད་ཁྱི་སྐད།  རླངས་འཁོར་
གྱི་སྒྲ།   རྐང་ཐང་གི་གོམ་སྒྲ།  རྒྱང་མི་རིང་བའི་རི་སིལ་དེ་རུ་དུར་ཁྲོད་ཅིག་ཁེར་རྐྱང་དུ་ལུས། 
   རྡོ་རྗེ་བཟི་སོང༌།  ཁོས་འདི་ལྟར།  “འགོ་བ་་་་འགོ་བ་་་་འགོ་བ་གང་དུ་བུད་ཐལ།  འགོ་བ་་་་འགོ་བ།  ངས་ཁྱོད་རང་སྐྱོར་ཡ།”  ཁོས་འདི་
ལྟར་ཁེར་ལབ་བརྒྱབ་པ་ན་ཁོ་རང་སྔ་མོ་ནས་གློག་འོད་ཟ་ཟི་ཞི་ནས་ཚར་ལ་ཉེ་བ་ཞིག་བཀར་བའི་རང་ཁྱིམ་དུ་ལོག་ཚར་བ་དང་ཡི་མི་རངས་པར་
གམ་དུ་སྡོད་པའི་ཆུང་མས་གཡོ་སྒྱུ་འམ་ཟུར་ཟ་དང་བཅས་ “རྡོ་རྗེ་ཡ་རྡོ་རྗེ་ཁྱོད་ཀྱིས་དེ་རིང་འགོ་བའི་སྔོན་ནས་ཁྱི་ལད་བྱས་སོང་”ཟེར།  རྡོ་རྗེས་
འདང་ཅི་འདྲ་བརྒྱབ་རུང་མཚན་མོ་དེར་གསོལ་སྟོན་གྱི་མཇུག་ཏུ་རང་གིས་ཅི་འདྲ་བྱས་བ་གཏན་ནས་མ་དྲན།  ཁོའི་མིག་ལམ་དུ་ཤར་བའི་ཡོད་
ཚད་ནི་གློག་འོད་དང་ཤ་ཆང༌།  སྐད་ཆ་འདྲ་མིན་སྣ་ཚོགསརྩོད་གླེང་གི་ཚུལ་དུ་མཚམས་མེད་དུ་སྨྲ་བའི་མཆུ་ཏོ་དང་མི་དེ་ཚོའི་རབ་རིབ་དང་
འཛུམ་དམུལ་དམུལ་གྱི་ངོ་གདོང་རེད།
  “དེ་འདྲ་ཞིག་གང་ནས་ཡིན། དེ་རིང་གཞན་དང་མི་མཐུན་པར་ངས་ཁོའི་དུ་བ་ལ་མེ་བསྒོས་ཡོད་ལ་ཁོ་རང་བསྐྱོར་ནས་གསང་སྤྱོད་དུ་སོང་
ཡོད།  ད་རུང་ཁོའི་སྐལ་ཆང་ཡང་འཐུང་བ་ཡིན།  ད་རུང་སྐད་ཆ་ཡག་པོ་བཤད་པ་དང་བགད་པའང་ཡིན།” 
 དེ་དུས་ཆུང་མས་ཁོང་ཁྲོ་དང་བཅས་ “ཁྱོའི་སྐད་ཆ་ཡག་པོ་དེ་ཚོས་འགོ་བ་ཁྱོད་ལ་སུན་དུ་བཅུག་ལ་ཁྱོད་ལ་ཡི་ཆད་དུ་བཅུག་སོང་ཟེར་
”ཟེར་ནས་ཁ་ཕར་འཁོར་སོང༌།  རྡོ་རྗེས་ཆུང་མས་རང་མྱི་དམན་ཁྱི་འདྲ་བ་ཞིག་རེད་འདོད་ཀྱིན་ཡོད་རྒྱུ་རེད་སྙམ་ནས་ཆུང་མ་ལ་སྐྲག་ཅིང་དེ་རིང་
བཟི་ནས་སྐད་ཆ་སྐྱག་པ་འདྲ་བཤད་ཡོད་རྒྱུ་རེད་སྙམ་ནས་འགོ་བས་ཅི་བསམ་ལ་སྐྲག་ནས་མཚན་གང་བོར་གཉིད་མ་ཁུག་པར་འཁྲལ་ལེ་འཁྲུལ་
ལེར་གྱུར་ལ་མཚམས་ཤིག་ཏུ་ཁོའི་ལུས་སྟེང་ནས་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་ཞིང་མགོ་ལ་ན་ཟུག་སྐྱེས་ཏེ་མིག་ལམ་དུ་ཡོད་ཚད་མགོ་རྟིང་སློག་པ་
དང་སྣང་བ་རུ་ཡོད་ཚད་ཉིལ་བཞིན་པ་དང་སྐྲངས་བཞིན་པའི་ཚོར་བ་ཞིག་སྐྱེས་བས་སྐབས་ཤིག་ཏུ་ཁོས་བཟོད་པར་མ་ནུས་བར་ངུ་བའི་ཉམས་
དང་བཅས་ “བདེ་སྐྱིད་བདེ་སྐྱིད་སྒྲོལ་མ་ ”ཟེར་ནས་མོ་ལ་འཐམས་བྱུང༌།
  རྫོང་མཁར་འདིའི་མྱི་སྐད་དང་ཁྱི་སྐད་ཀྱི་བར་ནས་དུས་ཚོད་སྐར་མདས་ཁུར་ནས་རྒྱང་རིང་དུ་ཕྱིན།  སྟོན་གྱི་མཛེས་ལྗོངས་རེ་རེ་གཙང་བོས་
ཐེངས་མང་ཁྱེར་ནས་ཐག་རིང་དུ་ཕྱིན།
  དོ་ནུབ།  རྡོ་རྗེའི་མིག་ལམ་དུ་གློག་འོད་དེ་ལོ་ངོ་དུ་མའི་སྔོན་གྱི་གློག་འོད་ལས་འོད་མདངས་གསལ་ཞིང་བརྩེ་བ་ལྡན་པའི་ངང་ཁོའི་སྣུམ་ཤིག་
ཤིག་གི་ངོ་གདོང་དེ་སྔར་ལས་ཀྱང་སྣུམ་ཤིག་ཤིག་ཏུ་གསལ།   རྡོ་རྗེའི་སྣ་ལམ་དུ་མདུན་གྱི་ཤ་ཆང་གི་དྲི་དེ་ལོ་ངོ་དུ་མའི་སྔོན་ལས་བྲོ་བ་ཞིམ་ཞིང་
ཟས་བཅུད་འཛོམས་པའི་ངང་སྣ་མང་གིས་བསྒྲིགས་ཤིང་རྡོ་རྗེའི་སྣང་བ་རུ་མདུན་གྱི་མི་དེ་དག་ལོ་ངོ་དུ་མའི་སྔོན་གྱི་མི་དེ་ཚོ་ལས་ལུས་ཟུངས་
ཉམས་ཤིང་མགོ་བོ་སྒུར་སྒུར་དུ་སྣང༌།  
  “ཡ།  འགོ་བ་ལགས་ལ་ཆང་གང་འདྲེན།”  
  སྐབས་དེར་མི་ཞིག་གིས་གུས་གུས་ཞུམ་ཞུམ་གྱིས་ཁོའི་ཕྱོགས་སུ་ལག་པ་གཉིས་ཀྱིས་ཆང་ཕོར་བ་གང་བསྐྱོར་ནས་ཐོན། 
  “ཨུན” 
  ཁོས་གཡག་གི་ངུར་སྒྲ་དང་འདྲ་བའི་སྒྲ་དེ་དང་ལྷན་དུ་ཆང་ཕོར་བ་གང་དེ་གཡག་གི་མིད་པ་དང་འདྲ་བའི་མགྲིན་པ་རུ་མར་མིད་ནས་ “ཡ་རྡོ་
རྗེ་གླུ་ཞིག་ལོངས་”ཞེས་སྨྲས་བ་ན་ད་ཅི་ཆང་དྲངས་བའི་མི་དེས་མགོ་བོ་ལག་པས་ཕུར་ཕུར་འགའ་བྱས་ཤིང་ངོ་གདོང་གློ་བའི་མདོག་ལྟར་དུ་གྱུར་
ནས་ཉམས་དང་གདངས་ཆུང་བའི་ངང་འདི་ལྟར་བླངས།
 “ང་ཚོ་དེ་རིང་འཛོམ་འཛོམ་སྣང་བ་སྐྱིད་པ་ལ།  གཏན་དུ་འཛོམ་རྒྱུ་བྱུང་ན་སྣང་བ་སྐྱིད་པ་ལ།  གཏན་དུ་འཛོམ་པའི་མི་ལ་སྣང་བ་སྐྱིད་པ་ལ།
 སྙུང་གཞི་གུད་ཆག་མ་བྱུང༌།  སྣང་བ་སྐྱིད་པ་ལ།”   ཚིག་རྗེས་མ་ལེན་པའི་དུས་ཁོ་ཚོས་ཧ་ཅང་སྤྲོ་སྐྱིད་ལྡན་པའི་ངང་ཁོ་དང་མཉམ་དུ་བླངས་ཤིང་
མཉམ་གཅིག་ཏུ་ཐལ་མོ་བརྡབས།   ཐལ་མོའི་སྒྲ་དེའི་ཁྲོད་དུ་ཆང་ཁང་གི་ཞབས་ཕྱི་མས་ངལ་དུབ་ངང་ཤུགས་རིང་ཡང་ཡང་འཐེན། 
               ༢༠༠༥  ༨  ༦ལ་དངུལ་བུམ་རི་འདབས་སུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མྱི།

2009-06-13 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།