བརྩེ་དུང་གི་གཏམ་རྒྱུད།

    དེ་རིང་གྲོང་ཁྱེར་ནས་ཤར་ཕྱོགས་སུ་རྒྱུག་པའི་མེ་འཁོར་ཞིག་ཏུ་བསྡད་པ་ཡིན་ལ་རྗེས་སུ་གྲུ་གཟིངས་ལ་བསྡད་ནས་ཕྱིར་སློབ་གྲྭར་
ལོག་ཆོག  སྐབས་དེར་ང་སློབ་གྲྭ་ཆེན་མོ་ཞིག་གི་དགེ་རྒན་བྱས་མ་ཐག་ཡིན་ལ་ངས་ཕྱི་རྒྱལ་གྱི་གྲོགས་པོ་གཉིས་དང་མཉམ་དུ་འགྲུལ་སྐྱོད་
ཐེངས་ཤིག་བྱས་པ་ཡིན། གྲོགས་པོ་གཅིག་ནི་ཀ་ན་ཏའི་མི་སྟེ་རིགས་རྒྱུད་དཀར་པོར་གཏོགས་ཤིང༌། ཅིག་ཤོས་ནི་འཇར་པན་གྱི་བུ་མོ་ཡཱ་ཙེ་ཡིན། 
ཁོ་གཉིས་ཀྱི་འབྲེལ་བ་ཡང་སྙིང་གང་ཡིན་གསལ་ཁ་ད་དུང་ཆོད་མེད་པས་གཞན་གྱིས་བལྟས་ན་ང་ཚོ་སྐྱེས་པ་གཉིས་དང་གཞོན་ནུ་མ་ཞིག་མཉམ་
དུ་འགྲོ་བ་འདི “ལྗོངས་རྒྱུའི་ལྟ་སྐོར་ཚོ་ཆུང”སྤྱིར་བཏང་ཞིག་མིན་པར་སྣང༌། ཡཱ་ཙེ་ནི་ནང་པ་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱེད་མཁན་
ཞིག་ཡིན་ནའང་མོ་དཔེ་དེབ་བལྟ་རྒྱ་ཧ་ཅང་ཆེ། ད་ལྟ་མོ་ཨ་རིའི་སྙན་ངག་པ་ཨ་ལིན་ཀྲེན་སི་པོག་གི<<ཀི་ཅོ་སྒྲོག་པ>>ཞེས་པའི་སྙན་ངག་གཅེས་
བསྡུས་ཤིག་གི་ཀི་ཅོའི་ནང་དུ་ལྷུང་འདུག་པས་མེ་འཁོར་ཐོག་གི་འཚང་ཁ་དང་ཅ་ཅོ་ཆུང་ཆུང་ཁྱད་གསོད་བྱས་ཟིན་པ་འདྲ། མོས་སྐབས་རེར་སྒེའུ་
ཁུང་ཕྱི་རོལ་གྱི་དཔེ་མཚོན་ལྡན་པའི་ཀྲུང་གོའི་འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་སྡེའི་ཡུལ་ལྗོངས་ལ་བལྟས་ཏེ་བསྡད། ཀ་ན་ཏའི་གྲོགས་པོའི་མིང་ལ་
ཡོ་ཧ་ནན་ཟེར། ཁོས་ཡཱ་ཙེ་དང་ངེད་གཉིས་ལ་འདྲི་རྒྱུར།
      “འགྲུལ་བཞུད་ཐེངས་འདིས་ཁྱོད་གཉིས་ཀྱི་ཐུགས་མཉེས་པོ་བཟོ་སྲིད་དམ།”
     “སེམས་སྐྱིད་པོ་བཟོ་ངེས།”ངས་ལན་བཏབ།
     “དགུན་གནང་སྐབས་སུ་ང་བོད་ལ་ཐེངས་ཤིག་འགྲོ་རྩིས་ཡོད།”
     “ཨོ།  དེ་ཡག་པོ་འདུག”
      ངས་མོ་མཐོང་དུས་མཚན་མོའི་ཆུ་ཚོད་དགུ་པར་སླེབས་ཚར། བཤད་སྟངས་གཞན་ཞིག་བརྗེས་ན་མོ་མེ་འཁོར་སྟེང་དུ་བུད་དུས་ཆུ་ཚོད་
དགུ་པ་ཡོལ་ནས་ཅུང་ཙམ་འགོར་ཟིན།
      ངས་ཐོག་མར་མེ་འཁོར་སྒེའུ་ཁུང་གི་ཤེལ་སྒོར་ལྡོག་འཕྲོས་བྱས་པའི་མོའི་བཞིན་རས་མཐོང་ཞིང༌། ངས་མུ་མཐུད་མོའི་རྣམ་འགྱུར་ལ་
ཤེལ་སྒོའི་ངོས་ནས་ཞིབ་ལྟ་བྱེད་ཞོར་ཡོ་ཧ་ནན་དང་གོང་གི་ཁ་བརྡ་དེ་བྱས། དེའི་སྔོན་ལ་ངས་ལྐོག་གསོད་གྱོད་གཞིའི་སྐོར་གྱི་གཏམ་རྒྱུད་ཅིག་
ཀློག་ཅིང་བསྡད།ངས་ཕྱི་མིག་ཅིག་བལྟས་དུས་མོ་ང་ཚོ་དང་བར་ཐག་མི་རིང་བའི་འདུག་གནས་ཤིག་ཏུ་བསྡད་ཚར། ང་ལ་གློ་བུར་དུ་ཟུག་གཟེར་
ཞིག་ཕོག་བྱུང་སྟེ། མོའི་ཡོད་ཚད་ང་ལ་རྒྱུས་མངའ་ཆེ་བའམ་འབྱུང་འགྱུར་གྱི་དོན་དག་ཅིག་ཤེས་ཟིན་པ་ལྟ་བུའི་སྣང་བ་ཞིག་གིས་ང་ལ་ཅི་བྱ་
གཏོལ་བྲལ་གྱི་རྣམ་པ་ཞིག་བཟོས་ཤིང་ངའི་བྲང་ཁོང་ལ་རྒྱ་ཆེ་བའི་དངངས་འཚབ་བམ་སྐྱོ་གདུང་ཞིག་གིས་རིམ་བཞིན་བཙན་འཛུལ་བྱས། རྒྱུ་
མཚན་མེད་པཔའི་དྲོད་རླབས་ཤིག་ཀྱང་གནས་གང་ཞིག་ནས་ཡོང་བ་མི་ཤེས་པར་ངའི་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་ཁྱབ་བྱུང༌། ངས་དབུགས་
རིང་ཞིག་ཕྱུངས་པས་ཡོ་ཧ་ནན་ལ་གསལ་འདེབས་གང་ཞིག་བྱས་པ་བཞིན་ཁོས་ཀྱང་མོར་སྣང་འཇོག་གམ་ཞིབ་ལྟ་བྱེད་འགོ་བརྩམས། མོའི་བྱད་
བཞིན་དང་རྣམ་འགྱུར་གང་གི་ཆ་ནས་ཡཱ་ཙེ་དང་ཨ་ན་མ་ན་ཡིན་པས་ཡོ་ཧ་ནན་དང་ངེད་གཉིས་ཀྱིས་ཕལ་ཆེར་མཉམ་དུ་ཡཱ་ཙེའི་ཕྱོགས་ལ་ཡ་
མཚན་གྱི་མིག་ཟེར་ཐེངས་ཤིག་སྤྲོས། འོན་ཀྱང་ཡཱ་ཙེ་སྔར་བཞིན་ཨ་རི་བའི"ཀུ་ཅོའི"གཏིང་དུ་འཛུལ་འདུག
       མོས་ཐ་མག་རྐང་གཅིག་ལ་མེ་སྦོར་རྩིས་བྱས་པར་མེ་བཅའི་ནང་དུ་རླངས་པ་མེད་པའམ་ཡང་ན་རྐྱེན་ཅི་ཞིག་ཡིན་པ་མི་ཤེས། གང་ལྟར་
ཐེངས་འགར་བརྡབ་ཀྱང་མེ་མ་འབར་བས། མེ་གཡོར་འདོད་པའི་ཚུལ་གྱིས་ཡར་ལྟ་མར་ལྟ་ཞིག་བྱས་ཀྱང༌། འོས་ཤིང་འཚམ་པའི་མི་ཞིག་མ་
མཐོང་བ་བཞིན་འདུག་གནས་ལས་འགུལ་འགུལ་ཙམ་བྱས་པ་ལས་ཡར་མ་ལངས་ལ་ཁ་ཡང་མ་གྲག   མོའི་ཁ་གཏད་དུ་ཞིང་གྲོང་གི་རྒྱ་མོ་
ཞིག་དང༌། སྐྱེས་མ་ཞིག་གི་པང་དུ་ལོ་གཉིས་གསུམ་ཅན་གྱི་བྱིས་པ་ཞིག་བཟུང་ཡོད་ལ།  བྱིས་པ་དེའི་ལག་པ་ཆུང་ཆུང་ཁོ་མོའི་ཕྱོགས་སུ་ཡང་
ཡང་བསྲིངས་པར་མོས་དེ་ལ་ཁ་བརྡ་བྱེད་པ་ལྟ་བུའི་འཛུམ་ཆུང་ཞིག་བསྟན།
     འཛུམ་མདངས་དེའི་རྐྱེན་གྱིས་ངས་ཡཱ་ཙེ་དང་ཐེངས་དང་པོར་འཕྲད་པའི་ངང་ཚུལ་དྲན་བྱུང༌།
     ང་ཚོའི་སློབ་གྲྭ་ནི་ལོ་ངོ་བདུན་ཅུ་ལྷག་གི་ལོ་རྒྱུས་ལྡན་པ་ཞིག་སྟེ་ཡོ་ཧ་ནན་གྱི་ཨ་མེས་ཀྱིས་བཙུགས་པ་ཞིག་ཡིན་ལ། ཕྱི་གླིང་བའི“ཐུགས་
འཁུར”གྱིས་གསར་འཛུགས་བྱས་པའི་སློབ་གྲྭ་འདི་རང་རྒྱལ་ལ་མཚོན་ན་ཅུང་སྔ་ཤོས་སུ་གཏོགས། སློབ་རྭའི་དཀྱིལ་དུ་རྫིང་བུ་ཆེན་པོ་ཞིག་ཡོད་
པར་དཔྱིད་ཀར་ཀུན་གྱིས་གྲུ་རྩེད་བྱེད་པའི་དགའ་ཚལ་དུ་འགྱུར་ལ་དེའི་འགྲམ་ངོགས་སུ་མཚན་མོ་འཆམ་འཆམ་བྱེད་པའི་གཞོན་ནུ་ཕོ་མོའང་
གང་མང་མང་ཡིན། དགུན་དུས་སུ་རྫིང་བུར་དར་ཁ་འགྲིག་རྗེས་དར་ཤུད་རྒྱག་མཁན་འཚང་ཀ་ཤིག་ཤིག་རེད། ཁ་བ་ཆུང་ཆུང་ཞིག་བབས་ནས་
གྲང་ངར་སྔར་ལས་ཆེ་བའི་མཚན་མོ་ཞིག་ལ། ང་སྔ་མོ་ནས་དར་ལྷམ་གྱི་གྲི་བརྡར་བར་སོང་ཞིང༌། དར་ཤུད་རྭ་བའི་ལས་ཀ་བ་ཚོ་སྔར་ནས་སླེབས་
ཡོད་ཅིང་སྐད་སྒྲ་མཐོ་རྒྱུ་མེད་པའི་སྐུད་མེད་གློག་དུང་ལས་མཚན་མོ་དེའི་ནམ་ཟླ་དང་འཚམ་པའི་རོལ་མོ་གྲང་རེག་ལྡན་པ་ཞིག་སྟེ། “……ངེད་
གཉིས་ཀྱི་འདས་ཟིན་པ་ཐམས་ཅད། ཆུ་ནང་དུ་གཏོར་ཅིང་ས་འོག་ཏུ་སྦས་ཤིག ངེད་གཉིས་ཕན་ཚུན་གཏན་ནས་གཏན་དུ་བརྗེད་པར་གྱིས……”
ཞེས་པ་ཞིག་གཏོང་གིན་ཡོད། རྫིང་ངོས་སུ་དར་ལྷམ་གྱོན་པའི་གཞོན་ནུ་ཕོ་མོ་འགས་རྩེད་དགོད་ངང་ཁ་བ་འཕྱག་གིན་འདུག་ལ་དེ་ཚོ་ནི” དཔལ་
འབྱོར་ཡོང་འབབ”འཚོལ་ཆེད་དར་ཤུག་རྭ་བའི་ལས་འགན་གཙང་ལེན་བྱས་པའི་སློབ་མ་འགའ་རེད། དར་ཤུད་བྱེད་མཁན་རིམ་བཞིན་ཇེ་མང་དུ་སོང༌། 
ངས་ཐ་མག་རྐང་གཅིག་འཐེན་རིང་ངལ་གསོ་བྱས་རྗེས་དར་ཐོག་ཏུ་བརྒྱུགས་ཏེ་མི་ཚོགས་སུ་ཞུགས་ཤིང་རང་གི་ཤུད་རྩལ་མཐོ་བའི་སྣང་བར་
བརྟེན་ནས་གཡོན་སྐོར་བྱེད་འགོ་བརྩམས། རྒྱུགས་ཤུད་བྱེད་མཁན་མང་ཆེ་བ་ཡིན་ལ་དེ་ཚོས་མཐའ་ནས་སྐོར་གྱིན་ཡོན་ཅིང༌། དར་ཐོག་སྤོ་ལོ་
དང་དར་ཐོག་རྩེད་མོ་རྩེད་མཁན། ད་དུང་གསར་སློབ་མཁན་མང་པོ་རྫིང་བུའི་དཀྱིལ་དུ་རུབ་ཡོད། དར་ཐོག་སྤོ་ལོ་རྩེད་མཁན་ཡང་རྒྱུན་ལྡན་
གྱི་འགྲན་བསྡུར་བྱེད་པ་དང་མི་འདྲ་བར་མི་གཉིས་གསུམ་རེ་སྐོར་རེ་བྱས་ནས་སྤོ་ལོ་འཕྲོག་རེས་ཀྱིས་གང་འདོད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་
ཀྱིན་ཡོད། དཀར་ནག་ཉིས་འདྲེས་ངང་བསླེས་པའི་བལ་གྱི་ཞྭ་མོ་དང་ལག་ཤུབས། ལྭ་བ་བཅའ་གྱོན་ཡོད་པའི་བུ་མོ་ཞིག་གིས་སྤོ་ལོ་དེད་འོང་
ནས་ང་རྒྱུག་ཤུད་བྱེད་པ་དང་གདོང་ཐུག་བརྒྱབ་སྟེ་མོ་གོམ་པ་གསུམ་ཙམ་གྱི་སར་ཐོར་སོང༌། ལག་གི་དབྱུག་པའང་ཐག་རིང་དུ་གཡུག  ངང་
ཚུལ་དེས་ང་ལ་དངངས་འཚབ་བམ་འགྱོད་པ་ཞིག་བསྐྱེད་ཅིང་ངའི་སེམ་གཏིང་ལ་ཁ་བ་སྤར་མོ་གང་བཏབ་པ་བཞིན་འཁྱག་ཤུར་རེར་གྱུར།   
ངས་ཙོག་ཙམ་གྱིས་རྐང་པ་ནང་དུ་འཁོར་ནས་ཁ་འགོག་ཐབས་ཤིག་སྤྱད་ན་ཡང་གནས་ཚུལ་གློ་བུར་བ་ཡིན་པས་མོར་ཕོག་པའི་རྡུང་ཤུགས་
ཧ་ཅང་ཆེ་ངེས་ཡིན། མོ་ག་ལེར་ཡར་ལངས་པ་དང་དར་ལྷམ་གྱི་གྲིས་གཙབ་པའི་བ་མོ་ལྟ་བུའི་དངོས་པོ་དཀར་པོ་ཞིག་གིས་མོའི་ལུས་ཕྱེད་
ཀ་བསྒོས་འདུག   གློག་འོད་འོག་ཏུ་མོས་ཁ་ནས་རླངས་པ་ཐུ་ལུ་ལུ་བྱེད་ཞོར། “སྐྱོན་མེད། སྐུ་ཞབས་ལགས།”ཟེར།
       ངས”དགོངས་པ་མ་ཚོམ”ཞེས་འགའ་བསྐྱར་ཟློས་བྱས།
      མོའི་ཁ་གཏད་དུ་སྡོད་པའི་གྲོང་གསེབ་ཀྱི་བུད་མེད་དེའི་པང་གི་བྱིས་པས་ཀུ་ཤུ་ཞིག་བཟུང་ཡོད་པ་སར་ལྷུང་ནས་མོའི་རྐང་འོག་ཏུ་འདྲིལ་
སོང༌། མོས་ཀུ་ཤུ་དེ་བསྒྲུག་ཅིང་འབྱིད་ཙམ་བྱས་ཏེ་བྱིས་པར་སྤྲད། གྲོང་གསེབ་ཀྱི་བུད་མེད་ཀྱིས”བཀའ་དྲིན་ཆེ། བུ་མོ་སློབ་གྲྭ་པ་ཞིག་མིན་ནམ”ཟེར།
      མོས”སྔོན་ཆད་ཡིན”ཟེར།
      གྲོང་གསེབ་ཀྱི་བུད་མེད་ཀྱིས”ཨོ—××ལ་འགྲོ་རྒྱུ་ཨེ་ཡིན”ཟེར།
      མོས”ཡིན”ཟེར།
      བུད་མེད་ཀྱིས”ངའི་ཟླ་བོས་དེ་གར་ལྷམ་འཚེམ་གྱིན་ཡོད”ཟེར།
      མོས”ཨོ”ཟེར།
       ཡོ་ཧ་ནན་གྱིས”གླང་ཆེན་འགྱིང་རི་དངོས་ནི་ངས་སྔོན་དཔག་བྱས་པ་ལྟར་རྔམ་བརྗིད་ལྡན་པ་ཞིག་མིན་ལ། ཁྱོད་ཚོས་དྲིལ་བསྒྲགས་བྱས་
པ་ལྟར་མཛེས་སྡུག་གིས་ཕྱུག་པ་ཞིག་ཀྱང་མ་ཡིན”ཟེར།  ཁོས་སྒོག་སྒྲ་དང་བཅས་ཏེ་མཆིལ་མ་ཞིག་མིད་ནས་ཨོལ་མདུད་འགུལ་འགུལ་ཁ་ཤས་
བྱས་རྗེས་མུ་མཐུད་དེ”གལ་ཏེ་ཁྱོད་ཚོའི་བོད་ཡུལ་དུ་ཕྱིན་ན་ཡང་ཇོ་མོ་གླང་མ་དང་གངས་རིན་པོ་ཆེ་སོགས་ལ་དྲིལ་བསྒྲགས་བྱས་པ་ནང་བཞིན་
མཛེས་སྡུག་དང་གཟི་བྱིན་ཡོད་མེད་བཤད་དཀའ། ཨེ་རེད། དགོངས་དྭངས་ཞུ། དགོངས་དྭངས་ཞུ”ཞེས་བཤད།
      ང་རང་ངོ་གནོང་དགོས་པ་ཞིག་ནི་རང་ཉིད་བོད་པ་ཞིག་ཡིན་བཞིན་དུ”ཕ་ཡུལ”ལ་ཆ་རྒྱུས་མེད་པ་དང༌། ཐ་ན་འཛམ་གླིང་ལ་སྐད་གྲགས་
ཆེ་བའི་པོ་ཏ་ལ་དང་གངས་རིན་པོ་ཆེ་སོགས་ཀྱང་རྣ་ཐོས་ཙམ་དང་བརྙན་འཕྲིན་སོགས་ལས་མིག་འཕྲུལ་གྱི་སྐལ་བ་རེ་ཐོབ་པ་ཙམ་ཡིན། ལྷག་
པར་དུ་ཤར་ཕྱོགས་པ་ལ་མཐོང་ཆུང་ལ་གོམས་པའི་སྐྲ་སེར་མིག་སྔོན་ཁ་ཤས་ཀྱི་མདུན་དུ་ང་རང་ནམ་ཡང་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱུར། 
ངས་ཡོ་ཧ་ནན་ལ་དྲིས་ལན་ཡག་ཐག་ཆོད་པ་ཞིག་འདེབས་བསམ་རུང་གནོང་སེམས་ཀྱི་དབང་གིས་ངག་རྡབ་རྡིབ་ངང་རང་གིས་དཔེ་དེབ་ལས་
བཀླགས་མྱོང་བའི(ཕ་རན་སིའི་མི་ཞིག་གིས་བྲིས་པའི་ཕྱི་ཡིག་ཡིན)གངས་རིན་པོ་ཆེའི་སྐོར་གྱི་གཏམ་རྒྱུད་ཁ་ཤས་བཤད་ནས་རང་མགོ་
རང་གཡོག་ཙམ་བྱས།
      ཡུད་ཙམ་ནས་ང་བག་ཕེབས་པར་གྱུར་དུས་མིག་ཟུང་སླར་ཡང་མོའི་ཕྱོགས་སུ་ངང་ངམ་ཤུགས་ཀྱིས་ཤོར། ངས་རང་གི་མྱོང་གོམས་ལ་
བརྟེན་ནས་མོའི་ལས་རིགས་དང་འཚོ་བའི་མྱོང་བ། ད་ལྟའི་སེམས་ཁམས་སོགས་ལ་ཚོད་དཔག་བྱས། མོའི་སྐད་ངག་དང་རྣམ་འགྱུར་ལ་དཔྱད་ན་
མོ་ངེས་པར་དུ་གླུ་མ་ཞིག་ཡིན་དགོས་ལ། ཡང་མོའི་སྐྱོ་གདུང་ཕྲན་བུ་འཁྲིལ་བའི་བཞིན་རས་ཀྱིས་རང་ཉིད་ནི་སྐར་མདའ་ཞིག་སྟེ་ནམ་ཡང་འགྲོ་
སྡོད་ཀྱི་རང་དབང་བྲལ་བའི་འགྲུལ་སྐྱོད་པ་ཞིག་ཡིན་པ་སྟོན་གྱིན་འདུག   ངས་དེ་ནི་རྨི་ལམ་ལས་མཐོང་མྱོང་བའི་བུ་མོ་དེའམ་ཡང་ན་གཏན་
ནས་ཡོད་མི་སྲིད་པའི་འཕྲུལ་སྣང་གི་གཟུགས་བརྙན་ཞིག་ཡིན་ན་སྙམ། དོན་དངོས་དེ་ལྟར་མིན་པའི་ངེས་པའང་མེད། དོན་དངོས་ལ་མོའི་འདུག་
གནས་སྟེང་བསྡད་ཡོད་པ་ནི་རྒས་ཤིང་འཁོགས་པའི་བུད་མེད་ཅིག་ཡིན་པ་ལས་མོ་གཏན་ནས་བསྡད་མེད། འདུག་གནས་དེ་འང་ངས་རྟོགས་
བཏགས་བྱས་པ་ཞིག་གམ་ངས་རྟོག་བཏགས་བྱས་པའི་མོ་སྐུབ་སྟེགས་སྟོང་བ་ཞིག་ལ་བསྡད་ཡོད་པ་ཨེ་ཡིན། ངས་འཚོལ་བཞིན་པའི་མོ་དང་
མོས་འཚོལ་བཞིན་པའི་ཁོ་ཚོ་ནམ་ཡང་རྙེད་དཀའ་བས། ངས་ནན་ཏན་གྱིས་འཚོལ་བ་ལས་སྟེས་དབང་གི་ཐུག་འཕྲད་ལ་རེ་བ་བྱེད་ཀྱིན་ཡོད། 
ད་ལྟ་ང་ཡར་ལངས་ནས་མོའི་འཁྲིས་སུ་སོང་སྟེ་གླེང་མོ་བྱེད་དགོས་པ་དང་མཛའ་བརྩེའི་མིག་མདངས་འཕངས་ནས་མོའི་གདོང་གི་འཁྱག་རོམ་
ལྟ་བུའི་གདུང་བ་དེ་བཞུ་དགོས། དེ་ནས……དེ་ནས་མོ་དང་ལག་འདང་སྦྲེལ་ནས་མི་ཚོགས་ཀྱི་ཁྲོད་དུ་གཏན་ནས་གཏན་དུ་འཛུལ་དགོས།
       ངས་སྟོང་འདང་རྒྱག་ཀྱིན་རྒྱག་ཀྱིན་ཁོར་ཡུག་གི་ཡོད་ཚད་བརྗེད།
        དར་ཤུད་རྒྱག་སྐབས་ཡཱ་ཙེ་དང་ངེད་གཉིས་ཀྱི་སྟེས་དབང་དྲིན་ཆེན་དེ་བྱུང་སོང༌། ཡཱ་ཙེས”སྐྱོན་མེད། སྐུ་ཞབས་ལགས”ཞེས་བཤད་པར།
        ངས་”དགོངས་པ་མ་ཚོམ”ཞེས་ཐེངས་འགར་བཟློས།
        དར་ཤུད་རྭ་བའི་སྒོ་འགྲམ་དུ་ཐ་མག་དང་མངར་ཟས། གཞན་ཡང་བཏུང་བཅའ་སྣ་ཚོགས་ བཙོང་མཁན་རྒན་མོ་ཁ་ཤས་གྲལ་བསྒྲིགས་ནས་
ཡོད་ལ། ཚོང་ཟོག་དག་ཤིང་རྟ་འཁོར་ལོའི་སྟེང་གཏན་ཆགས་བྱས་པའི་ཤིང་སྒམ་ཆེན་པོ་རེ་རེའི་ནང་དུ་བཅུག་ཡོད་པས་དབོར་འདྲེན་བྱ་རྒྱུར་ཧ་
ཅང་སྟབས་བདེ་ཡིན་ལ། སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ཆུང་མ་ཚོར་མཚོན་ན། དེ་འདྲའི་གསར་ གཏོད་ཅིག་བྱ་རྒྱུ་ནི་ཕལ་ཆེར་ལས་སླ་པོ་ཞིག་
ཡིན་སྙམ། དེ་དག་གི་ལོགས་སུ་མཚན་མོ་རེར་ཁེ་གཙང་ཆེ་བའི་བུད་མེད་སློབ་མ་ཞིག་གིས་རང་ཚང་གི་མི་རབས་དུ་མར་བརྒྱུད་པའི་ལག་རྩལ་
ཏེ་ཆུང་བ་ལུ་བཙོས་མ་འཚོང་གིན་ཡོད། ཁོ་མོས་སླ་ང་ཆུང་ཆུང་ཞིག་གི་ནང་དུ་ཆུང་བ་ལུ་བཙོས་རྗེས་འཆུ་ཐེངས་རེ་ལ་དཀར་ཡོལ་རེ་བཀང་ཞིང༌། 
དེའི་སྟེང་ལ་བྱེ་མ་ཀ་ར་ཁེམ་བུ་གང་བླུགས་ཏེ་ཟ་མཁན་གྱི་མདུན་ལ་བཞག་མ་ཐག་རྩྭ་སྨན་ཁང་ལ་སླེབས་པ་དང་འདྲ་བའི་དྲི་ཞིམ་ཞིག་གིས་དྭངས་
གཙང་གི་སྣང་བ་ཞིག་སྟེར། ཡཱ་ཙེས་སྦྱིན་བདག་བྱས་ཏེ་ངེད་གཉིས་ཀྱིས་དཀར་ཡོལ་གང་རེ་བཟས་རྗེས་དར་ཤུད་རྭ་བ་ནས་ན་གཞོན་དགེ་རྒན་
ཚོའི་ཉལ་ཁང་གི་ཕྱོགས་སུ་ཐད་ཀར་འགྲོ་ཐུབ་པའི་རྡོ་ལམ་དེད་ནས་འཆམ་འཆམ་བྱས། ལམ་འགྲམ་གྱི་ཤིང་སྡོང་ཡོད་ཚད་ཁ་བའི་བཙན་འཛུལ་
ཐེབས་པ་ཇི་བཞིན་དཀར་པོར་གྱུར་འདུག་ལ་སྐབས་སྐབས་སུ་ཁ་བ་རྡོག་རེ་ས་ལ་ཐོར་བ་ལས་རླུང་བུ་གཡུག་པ་རེ་ཚོར་ཐུབ། དགུན་ཁ་མེད་
པའམ་ཤི་བ་འདྲ་བར་ང་ལ་ལྷོད་གཡེང་གི་གོ་སྐབས་ཤིག་གནང༌། ཉིན་གསུམ་པར་ངས་སླར་ཡང་དར་ཤུད་རྭ་བ་ནས་ན་གཞོན་དགེ་རྒན་གྱི་ཐོག་
ཁང་བར་ཡཱ་ཙེ་བསྐྱལ་ཞིང་མོའི་ཉལ་ཁང་གི་སྒོ་འགྲམ་དུ་སླེབས་པ་དང༌། མོས”ནང་དུ་མི་འགྲོའམ”ཟེར་བར་ངས”ཐུགས་རྗེ་ཆེ”ཟེར་ཞོར་ནང་
ལ་འཛུལ།
         ངེད་གཉིས་ཀྱིས་སྦི་རག་ཅུང་ཙམ་འཐུང་ཞོར་བོད་ཀྱི་ཆོས་ལུགས་དད་མོས་དང་འདོད་གཅུན་རིང་ལུགས་སྐོར་གྱི་སྐད་ཆ་མང་པོ་གླེང༌།དེ་ནི་
ངེད་གཉིས་ཀྱི་གླེང་མོ་ཟེར་བ་ཙམ་ལས་དོན་དངོས་ལ་ཡཱ་ཙེས་ཆུང་དུས་ནས་གྲོང་ཁྱེར་ནང་འཚར་ལོངས་བྱུང་ཞིང་བོད་ལ་ཆ་རྒྱུས་ཡེ་ནས་མེད་
པའི་ང་ལ་མི་ལ་རས་པ་སོགས་སྐྱེས་ཆེན་ཁ་ཤས་ངོ་སྤྲོད་བྱེད་པ་ཙམ་ཡིན། ངའི་བཟི་སྣང་གིས་ཁེངས་པའི་མིག་ཟུང་རིམ་བཞིན་རབ་རིབ་ཏུ་གྱུར་
ཅིང༌། སྐབས་དེར་ངས་ཡཱ་ཙེའི་གདོང་ལས་གསང་བརྡ་ཅི་ཞིག་ཚོར། མོའི་མཁུར་ཚོས་ལ་མཚམས་སྤྲིན་ལྟ་བུའི་དམར་མདངས་སྲབ་མོ་ཞིག་འཁོར་
ལ་མིག་ཟུང་ལས་ཆུ་འགོ་ལྟ་བུའི་དྭངས་བསིལ་ཞིག་བསྟན་པས་དྲོད་འཁྱག་ཉིས་འདྲེས་ཀྱི་ཡཱ་ཙེ་ག་ལེ་ག་ལེར་འཆར་ཡན་གྱི་མཚེའུ་ངོས་སུ་
འཕྱོ་བ་དང་འདྲ། ཡཱ་ཙེ་ནི་སྐད་ཆ་ཁོ་ནས་འདོད་པ་ཚིམས་པའི་བུད་མེད་ཚོའི་རིགས་སུ་བསྡུ་མི་འོས། ངས་གཟུགས་པོ་ཆུང་ཞིང་ལྗིད་ཚད་ཡང་ལ།
ཤ་ཁ་དཀར་བའི་ཡཱ་ཙེ་བྱིས་པ་ཞིག་དང་འདྲ་བར་རང་གི་པང་ལ་བཟུང་ནས་མོའི་ སྣ་གདོང་དང་མཆུ་སྒྲོས། མཁུར་ཚོས་དང་རྣ་ཅོག   སྐེ་མཇིང་
སོགས་ལ་རེ་རེ་བཞིན་མཆུ་སྦྱར་དུས། མོས་ངག་དམའ་ཞིང་འཆོལ་བའི་ངང་ནས”ང་ཁྱོད་ལ་ཧ་ཅང་དགའ། ང་ལ་ཁྱོད་ཧ་ཅང་མཁོ”ཞེས་ཡང་ནས་
ཡང་དུ་བཟློས། དེ་ལྟར་འབྱུང་སྲིད་པའི་གནས་ཚུལ་མཐའ་དག་བྱུང་ཚར་ཞིང༌། ངས་ཀྱང་རང་གི་མཚར་སྡུག་ལྡན་པའི་མ་འོངས་པའི་དོན་དག་ཡོད་
ཚད་ལ་ཡང་བསྐྱར་བཀོད་སྒྲིག་གི་བསམ་བློ་རྒྱ་ཆེན་གཏོང་གིན་པའི་ཉིན་ཞིག་ལ། ཡཱ་ཙེས་ཡོ་ཧ་ནན་ཁྲིད་འོང་ནས་ང་ལ་ངོ་སྤྲོད་བྱས་ཤིང་ང་ཚོ་
གསུམ་ག་གྲོགས་པོ་བྱས་ཆོག་ཟེར། མཚན་མོ་དེ་ནི་ཡིད་སྐྱོ་ཞིང་ཡི་མུག་པ་ཞིག་རེད། དུས་བཀག་བྱས་པ་ལྟར་ཡཱ་ཙེ་དར་ཤུད་རྭ་བར་ཡོང༌། “ཁྱོད་ཀྱིས་
ང་ལ་ཤིན་ཏུ་དགའ་ཚུལ་ལབ་པ་མིན་ནམ།”
     “ཡིན།  ད་ལྟའང་དེ་ལྟར་ཡིན།”
    “འོ་ན། ཡོ་ཧ་ནན?”
    “ཁོ་ངའི་འབྱུང་འགྱུར་གྱི་ཁྱོ་ག་ཡིན་ཀྱང་སྲིད།”
    “ཁྱོད་ཁྲམ་པ་ཞིག་རེད།”
     “ལྗང༌། བརྩེ་དུང་གི་རྒྱལ་ཁ་ནི་ཕྱིར་དྲན་གྱི་ཕམ་ཁ་མ་ཡིན་ནམ། ང་ཚོར་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་དགོས། ལྗང༌། “
      ངས་དེ་ནི་ཡ་ང་བའི་མཚན་མོ་ཞིག་རེད་ཟེར་དོན་ནི། ཡཱ་ཙེས་བཤད་མཚམས་དེར་སླེབས་དུས་ང་ནི་དབུགས་ཞུམ་པའི་དབུགས་ལྒང་ཞིག་གི་
སྟེང་ལ་ད་དུང་ཁབ་བཙགས་འགའ་བྱས་པས་ནམ་ཡང་སྦོས་པའི་རེ་བ་མེད་པ་ལྟ་བུར་གྱུར། ངས་ལན་ཅི་ཡང་མ་བཏབ་པར་གྲང་ངར་གྱི་མུན་
པའི་ཁྲོད་ཁེར་རྐྱང་དུ་འཆམ་འཆམ་བྱས། ང་ར་བཟི་ནས་ཉོམ་པར་གྱུང་ཅིང་ཞག་གང་བོར་སྐྱོ་གདུང་དང་མཉམ་དུ་སྡོང་རྒན་ཞིག་གི་རྩ་རུ་ལུས།
ནད་ཁྲིའི་སྟེང་དུ་ངས་རང་གི་གྲང་ངར་གྱིས་ཁེངས་པའི་རྐང་པའི་མཛུབ་མོ་གཉིས་ལ་སྙིང་རྗེ་ཚད་མེད་སྐྱེད་ཞོར་ཞིབ་ལྟ་བྱས་ཤིང་དེ་ནས་བཟུང་
ཡཱ་ཙེ་དང་འགྲོ་འོང་མི་བྱེད་པའི་དམ་བཅའ་བཞག  ང་ཁོང་ཁྲོའི་ངང་གན་རྐྱལ་དུ་ཉལ་ནས་རྩྭ་ཐང་སྟེང་གན་རྐྱལ་དུ་ཉལ་བའི་གནའ་སྔ་མོའི་
ཕོ་གསར་ཞིག་གི་གཏམ་རྒྱུད་ལ་ཞུགས།
       མཛེས་སྡུག་ལྡན་པའི་སྤང་ལྗོངས་ཀྱི་གཞི་རུ་ཕོ་གསར་ཞིག་གན་རྐྱལ་ངང་ཉལ་ཡོད། ཁོང་ནི་ངའི་ཨ་མེས་རེད། ཁོས་སེམས་ནང་གི་བུད་
མེད་དེ་ཇི་ལྟར་བསུ་བའི་སྐོར་ལ་མནོ་བསམ་གཏོང་གིན་མཆིས། ཟླ་འོད་མེད་པའི་མཚན་མོ་ཞིག་ལ་ཁོས་རྟ་གཅིག་ཞོན་ཞིང་རྟ་གཅིག་ཁྲིད་
ནས་སྟག་ལུང་སྡེ་དཔོན་གྱི་ཆུང་མའམ་རང་གི་སྙིང་སྡུག་དེ་བསུས་ཤིང་ཐག་རིང་གི་བསིལ་ལྡན་གྲོང་ཚོ་ཞེས་པར་བྲོས། ཟླ་ལྔ་དྲུག་གི་རྗེས་སུ་
ངའི་ཨ་ཕ་འཇིག་རྟེན་མི་ཡུལ་དུ་སླེབས།
        ××གྲོང་ཁྱེར་ནི་མེ་འཁོར་འབབ་ཚུགས་ཆེས་མཇུག་མ་ཡིན། མོས་ང་ལ་ཕྱི་མིག་ཡང་ཡང་ལྟ་བཞིན་མི་ཚོགས་ཀྱི་རྦ་རླབས་སུ་ཞུགས་ཤིང་
ཡུད་ཙམ་ན་འཕྲུལ་སྣང་བཞིན་དུ་ཡལ་བར་གྱུར། ངའི་སེམས་ལ་གཟོད་གོ་སྐབས་བཟང་པོ་ཞིག་གཏན་ནས་གཏན་དུ་ཤོར་བའི་སྣང་བ་ཞིག་སྐྱེས་
ལ་རྒྱུ་མཚན་མེད་པའི་ཡིད་གདུང་གིས་ངའི་བྲང་ཁར་རྡེག་རྡེག་བྱས་ནས་ང་རང་འཇིམ་བརྙན་བཞིན་དུ་ཡུན་རིང་ལ་རྡོ་སྐས་སྟེང་དུ་ལུས། རྗེས་
སུ་ཚོང་ཁང་ཆེན་པོ་ཞིག་གི་འཚང་ཀའི་གསེབ་ ནས་ངས་མོའི་ཡིན་ཐག་ཆོད་ཀྱི་སྐད་སྒྲ་སྙན་མོ་ཞིག་ཐོས་ནས་ཡང་ཡང་ལྟ་སྐོར་བྱས་ཀྱང་མོ་
གཏན་ནས་མཐོང་མ་བྱུང༌། ཤེས་མི་རུང་ལ་མེ་འཁོར་སྟེང་དུ་ཕན་ཚུན་ལབ་གླེང་ཅི་ཡང་མེད་པ་དེ་ནི་ཧ་ཅང་འགྲིག་སྙམ། འཇིག་རྟེན་ཆེ་དྲགས་
ནས་ནམ་ཡང་མིའི་བློ་ཡུལ་ལས་འགོངས་ལ།    འཇིག་རྟེན་ཆུང་དྲགས་པས་མིའི་ཕུགས་འདུན་དེ་ལས་ཆེས་ཆེར་བརྒལ་ཡོད་པས། ངས་ཨར་
འདམ་དང་རྣོ་ལྕགས་ཀྱི་སྲང་ལམ་དུ་ཡལ་བའི་མོ་གཏན་དུ་བརྗེད་ག་ལ་སྲིད།
        ངས་ཁ་པར་བརྒྱབ་པའི་དུས་ཆད་ལྟར་འཕྲིན་ལས་སྒྲོལ་མ་མགྲོན་ཁང་དུ་སླེབས་བྱུང༌། མོ་ང་ཚོའི་སློབ་གྲྭའི་སྒྱུ་རྩལ་ཚན་ཁག་ནས་ཐོན་རྗེས་
ཨ་མེ་རི་ཀར་ཕྱིན་ནས་ལོ་གཉིས་ཟབ་སྦྱོང་བྱས་ཤིང་ད་ལྟ××སློབ་གྲྭ་ཆེན་མོའི་མཛེས་རྩལ་དགེ་རྒན་རེད། མོ་ཕ་ཡུལ་ལྷ་ས་ནས་ཕྱིར་ལོག་མ་ཐག་
ཡིན་ལ། སྐུ་དྲག་གི་སྲས་མོའི་རང་སྣང་མཐོན་པོ་དེ་ཕལ་ཆེར་ཡལ་ཚར་བ་མ་ཟད། མིག་ཟུང་དུ་བུད་མེད་ཚོའི་སེམས་པ་སྐྱོ་བར་བྱེད་པའི་གཉེར་
མ་དེ་རིགས་ཀྱང་གསལ་ལ་མི་གསལ་དུ་བབས་འདུག་པས། རིན་ཐང་ཆེ་བའི་སྒེག་རྫས་རིགས་ལའང་དེ་འགེབས་སྲུང་གི་ནུས་པ་ཆེར་མེད་པ་འདྲ།
      ཡཱ་ཙེ་དང་འཕྲིན་ལ་སྒྲོལ་མས”རིག་གཞུང”ཁ་བརྡའི་འགོ་བརྩམས་བྱུང༌། བུད་མེད་ཀྱི་རྫུ་བག་ཕྲན་བུ་དང་འདྲེས་པའི་གོམས་གཤིས་ལྟར། 
འཕྲིན་ལས་སྒྲོལ་མས་ཡཱ་ཙེ་ཁྱད་གསོད་བྱེད་འདོད་པ་ལྟ་བུའི་སྒོ་ནས། རང་ཉིས་སོང་མ་ཐག་གི་གུ་གེའི་ལྡེབས་རིས་སྐོར་གླེང་ཞིང༌། བོད་པའི་ཡུལ་
སྐོར་གནས་མཇལ་དང་དེང་རབས་ཡུལ་སྐོར་བྱ་འགུལ་གྱི་ནང་དོན་གང་ཟབ་ཚུལ་གྱི་ལྟ་བ་མང་པོ་བརྗོད་པར་ཡཱ་ཙེས། “རེད་དེ། དེ་ཁྱབ་ཆུང་དྲགས། 
ཁྱོད་ཚོ་ནི་ཆོས་ལུགས་དད་མོས་ཁོ་ནའི་ཆེད་དུ་རེད”ཟེར།
     འཕྲིན་ལས་སྒྲོལ་མས”མི་ཞིག་ལ་དད་མོས་དང་དད་ཡུལ་ཞིག་ཡོད་པ་ནི་དགའ་འོས་པ་ཞིག་རེད”ཟེར་ཞིང་རང་གི་སྒྱུ་རྩལ་དད་མོས་སྐོར་གྱི་
གཞུང་ལུགས་མང་པོ་བཤད་ཅིང༌། ང་ལ་རོགས་སྐྱོར་ཞུ་བའི་འཕྲིན་བརྡ་ཞིག་ཀྱང་བཏབ་པས། ངས་བསམ་བློ་ཅི་ཡང་མ་བཏང་བར་གང་འདོད་དུ”
ཡོད་ཚད་དེ་འདྲའི་ལས་སླ་པོ་ཞིག་མ་རེད”ཅེས་བཤད་པར་ཡོ་ཧ་ནན་གྱིས་ཀྱང”དེ་རེད”ཟེར།
     འཕྲིན་ལས་སྒྲོལ་མས་དེ་སྔོན་སློབ་གྲྭའི་ནང་གྱོན་དགའ་བའི་དར་བཟོ་ཆེ་བའི་ལྭ་བ་དེ་རིགས་གྱོན་མེད་པར། བོད་ནས་ཐོན་པའི་ཕྲུག་ཁྲའི་
སྟོད་གོས་ཤིག་དང་ཧ་སག་ནག་པོའི་རྐང་སྣམ་ཞིག་གྱོན་པའི་ཁར་རུས་པའི་སྐེ་རྒྱན་ཞིག་ཀྱང་བཏགས་ཡོད། འོན་ཀྱང་ཕངས་སེམས་སྐྱེ་བ་ཞིག་ལ་
དེ་སྔའི་མཐོ་ཞིང་ཁེངས་དྲེགས་ཀྱི་ཤས་ཆེ་བའི་ནུ་རྒྱས་ཟུང་གིས་མོའི་འདས་དོན་ཅི་ཞིག་མཚོན་པ་ ལྟར་མགོ་བོ་ཐུར་དུ་དཔྱངས་ཡོད་པ་འདྲ། 
མོའི་ལུས་ཡོངས་སུ་རང་གི་གཤིས་ཀ་དང་མཐུན་པའི་རྩུབ་རེག་ཕྲན་བུས་ཁེངས་ཤིང༌། ཁ་བརྡའི་ནང་དོན་ཡང་རིམ་བཞིན་ཕོ་ཧྲེངས་ཚོར་ན་
ཟུག་སྟེར་བའི་ཐ་སྙད་ཀྱིས་བཀང་ཡོང༌། མཚན་མོ་དེར་འཕྲིན་ལས་སྒྲོལ་མས་བར་ཁྱམས་སུ་ཐེ་ཚོམ་ངང་ཕར་འགྲོ་ཚུར་འོང་ཡུན་རིང་བྱས་ཡོད་
མེད་ངས་ཚིག་ཐག་གཅོད་མི་ཐུབ་སྟེ། མོས་ངའི་མགྲོན་ཁང་གི་སྒོ་རྡུང་དུས་ངས་མོའི་ལུས་སྟེང་ནས་འཚེར་སྣང་དང་ངོ་གནོང་བའི་ཤུལ་རྗེས་ཏོག་
ཙམ་ཡང་མ་མཐོང་བར།དེ་ལས་ལྡོག་སྟེ་མོའི་མཁུར་ཚོས་ངོས་སུ་འོད་མདངས་སྲབ་མོ་ཞིག་འཚེར་བཞིན་འདུག  ངས་རང་གི་མྱོང་བར་བརྟེན་ནས་
ཐག་གཅོད་བྱེད་ཐུབ་པ་ཞིག་ལ། མོ་མེ་ཏོག་མ་རྒན་པ་ཞིག་མིན་ལ། རང་གི་འདོད་པ་བཙན་གྱིས་མནན་ནས་གཟུགས་བརྙན་ཡག་ཐག་ཆོད་པ་ཞིག་
ཀུན་གྱི་ལྟད་མོར་འབུལ་མཁན་གྱི་བུད་མེད་ཟོལ་རྫུ་ཅན་ཞིག་ཀྱང་མིན། ངས་མོའི་མཛུམ་མདངས་དང་ལམ་གླེང་ལས་གསང་བརྡ་ཞིག་ཐོས་པ་ཇི་
བཞིན་རེ་ཞིག་ཅི་བྱ་གཏོལ་མེད་པར་གྱུར་ན་ཡང༌། ངའི་རྒྱུན་ལྡན་གྱི་བག་ཕེབས་པའི་བསམ་བློ་དེ་མྱུར་བར་སླར་སོས་བྱུང༌།
      རེ་ཞིག་མོས་མིག་ཟུང་གིས་ངའི་རྣམ་འགྱུར་ལ་ལྟ་རྟོག་བྱེད་ཞོར།
     “ད་ང་ལོག་རན་སོང་”ཟེར།
     “སང་ཉིན་མཇལ་ཡོང་”ངས་ལན་བཏབ།
     མོ་འགུལ་ཙམ་ཡང་མི་བྱེད་པར”ཁྱོད་བྱིས་པ་ཞིག་རེད”ཟེར།
     ངས”ང་ཚོས་ཕྱིར་དྲན་གྱི་རིན་ཐང་ལྡན་པ་ཅི་ཞིག་འཇོག་འོས”ཞེས་བཤད།
     མོས”ཕྱིར་དྲན་ནི་རང་མགོ་རང་གཡོག་ཅིག་རེད”ཟེར།
     ང་ཚོས་ཅི་ཡང་མ་སྨྲས་པར་ཅུང་ཙམ་འགོར།
     མོས་འཛུམ་དམུལ་བའི་ངང་ནས་ཤུགས་རིང་ཞིག་འཐེན་ཞིང༌། ལག་པ་ཡ་གཅིག་ངའི་ཕྱོགས་སུ་བསྲིངས་པར་ངས་ཀྱང་ཡིད་འགུལ་ཐེབས་པ་
མཚོན་བྱེད་ལ་མོར་ལག་པ་སྤྲད། མོས་ངའི་ལག་མགོ་ཟིན་མ་ཐག་ཤུགས་ཀྱིས་འཐེན་པས་ང་རང་མོའི་པང་ལ་ལྷུང༌། མོས་ལག་པ་གཉིས་ངའི་
རྒྱབ་གཞུང་ནས་སྦྲེལ་ཏེ་ཤུགས་ཀྱིས་བསྡམས་ཤིང་དྲག་ཆར་རླུང་འཚུབ་དང་འདྲ་བའི་སྟོབས་ཤུགས་ཤིག་གིས་ང་རང་ཆམ་དུ་འབེབ་རྩིས་བྱས། 
འོན་ཀྱང་མོ་གློ་བུར་དུ་བེམ་རོ་བཞིན་དུ་གྱུར་ནས་ནུས་ཤུགས་ཉམས་ཤིང་ངས་ཅི་བྱས་ལ་ཚུར་སྣང་མེད་པར་གྱུར། ཡུན་རིང་རྗེས་སུ་མོ་སླར་ཡང་
ཡར་ལངས་ཤིང་སྔ་ན་མེད་པའི་ལྗིད་ཚད་ཅིག་གིས་ང་རང་ཉལ་ཁྲིའི་སྟེང་དུ་མནན་ཏེ་སྐད་དམའ་མོས་ངའི་རྣ་རྩར་དྲོད་ལམ་ལམ་ངང”ཕྱིར་
དྲན་ནི་རང་མགོ་རང་གཡོག་ཅིག་རེད། ང་ཚོས་བརྩོན་ལེན་བྱ་དགོས་པ་དོན་དངོས་ཡིན། ད་ལྟ”ཟེར།
        ངས་ཀྱང་ངག་ནས་དབང་མེད་དུ”ད་ལྟ”ཞེས་ཐལ།
       མོས”སྤྱི་སྤྱོད་རླངས་འཁོར་གཏོང་མཚམས་བཞག་མེད། ངའི་ནང་ལ་འགྲོ”ཟེར།
       བཅིངས་འགྲོལ་རྗེས་སུ་ངའི་ཨ་ཕ་ནང་སར་སློབ་གྲྭར་སོང་ཞིང་ལོ་འགའི་རྗེས་སུ་སླར་སྟག་ལུང་དུ་ལོག་ནས་ཞང་ཀྲང་གི་འགན་ཁུར་ལ། 
དེ་རྗེས་ཡང་ལོ་ན་གཞོན་པའི་ཞན་ཀྲང་ཞིག་ཏུ་གྱུར། ཉིན་བཞིན་མཛེས་རྒྱུ་མེད་པའི་རྒྱ་མོ་ནད་གཡོག་མ་ཞིག་ཁྲིད་འོངས་ནས་ངའི་ཨ་ཕར། 
“རྒྱ་བོད་ཁྱིམ་གཅིག་ཡིན་པའི་མི་རིགས་མཐུན་སྒྲིལ་གྱི་དགོས་མཁོ་དང་ཁྱོད་གཉིས་ཀྱི་གསར་བརྗེའི་མདུན་ལམ་ལ་དམིགས་ནས། རྩ་འཛུགས་
ཀྱིས། ལོས་ཡིན། གཙོ་ཆེ་བ་ང་རང་གིས་ཁྱོད་གཉིས་ཁྱིམ་ཚང་ཞིག་ཏུ་གྱུར་ན་སྙམ”ཞེས་བཤད་པར། ཨ་ཕས། “རྩ་འཛུགས་དང་འགོ་ཁྲིད་བདེན་
ངེས”ཟེར།
      ཨ་ཕ་དང་རྒྱ་མོས་འདྲ་པར་ཞིག་བླངས་པའི་སྟེང་ལ"གསར་བརྗེའི་འཐབ་གྲོགས"ཞེས་པའི་ཡིག་འབྲུ་བཞི་བྲིས་ཏེ་ཁང་པ་གྱན་གང་མ་
ཞིག་གི་ལྡེབས་དཀྱིལ་དུ་བཀལ་ཞིང་ཤིང་གི་ཉལ་ཁྲི་ལྕགས་རྩི་དེ་ཙམ་གོག་མེད་པ་གཉིས་ཉིས་གཤིབ་བྱས་ཡོད་པའི་སྟེང་ལ་རྒྱ་མོའི་ཉལ་ཐུལ་
ཡང་བསྣན་ནས་གསར་བརྗེའི་ཁྱིམ་ཚང་ཞིག་གྲུབ་ལ། ཅུང་མ་འགོར་བར་མི་རིགས་མཐུན་སྒྲིལ་གྱི་བདེན་དཔང་བཙན་པོ་སྟེ་བུ་ཆུང་ང་རང་
སྐྱེས་ཤིང་ད་ལྟ་ང་ཚོའི་རིགས་འདི་ལ”མཐུན་སྒྲིལ་རིགས”ཞེས་ཀྱང་འབོད། ཡིན་ན་ཡང་རྫོགས་ལྡན་གྱི་དུས་དེ་ཧ་ཅང་ཐུང༌། “རིག་གསར”སྐབས་
སུ་ཨ་ཕའི་ཆུང་གྲོགས་ཤིག་གིས་ངའི་ཨ་མེས་ཀྱིས་གཞན་གྱི་ཆུང་མ"བརྐུས"ནས་ཟླ་དྲུག་གི་རྗེས་སུ་ཨ་ཕ་སྐྱེས་པ་རྒྱུ་མཚན་བྱས་ནས་ཨ་ཕ་ནི་
སྟག་ལུང་དཔོན་པོའི་ཤ་ཁྲག་ཡིན་པར་ར་སྤྲོད་བྱས་པས། འཐབ་རྩོད་ཀྱི་ལོ་ཟླའི་ནང་ཨ་ཕ་དང་ཨ་མ་སོ་སོར་གྱེས་ནས་ཨ་མས་ང་ཁྲིད་དེ་ཕ་ཡུལ་
ཧྲན་ཏུང་དུ་ཕྱིན། ཨ་མ་གཅིག་པུ་ལས་ཨ་ཕ་ལ་མཚོན་ན་བུད་མེད་ཅེས་པ་ནི་ཧ་ཅང་ལྐོག་གྱུར་གྱི་འཇིག་རྟེན་ཞིག་ཡིན་ལ་དེའི་སྐོར་གྱི་མྱོང་བ་
ཤིན་ཏུ་ཉུང༌། ཁོ་བུད་མེད་ཀྱི་རྐང་ཐུང་དང་ནུ་ཁེབས་སོགས་མཐོང་དུས་ཀྱང་མགོ་ཡུ་འཁོར་ཞིང་ཞེན་པ་ལོག་ནས་དྲན་པ་འཐོར་གྲབས་བྱས་མྱོང་ཟེར། འདས་ཟིན་པའི་ཕ་རྒན་ལ་ཆེས་སྙིང་རྗེ་སྐྱེ་དགོས་པ་ཞིག་ནི་ཁོའི་མི་རང་གིས་དགའ་རོགས་སྒྲིག་ཐེངས་རེར་ཕ་རྒན་ལས་ངན་དེ་ལ་
དྲན་གསོ་ཐེངས་རེ་བྱེད་དགོས་བྱུང།
       ངས་བཤད་ཟིན་པ་བཞིན་ཡཱ་ཙེ་དང་ཡོ་ཧ་ནན། ང་རང་བཅས་གྲོགས་པོ་གསུམ་ག་ལྗོངས་རྒྱུའི་ལྟ་སྐོར་ལ་འགྲོ་བཞིན་པས་ཅིས་ཀྱང་ཕྱིར་
སློབ་གྲྭར་ལོག་འགྲོ་དགོས། དགའ་འོས་པ་ཞིག་ལ་འཕྲིན་ལས་སྒྲོལ་མས་རང་གི"སྐབས་བདུན་པའི་རྒྱལ་ཡོངས་མཛེས་རིས་འགྲེམ་སྟོན"ལ་
ཞུགས་མྱོང་བའི་མཛེས་རིས་བརྩམས་ཆོས<<བརྩེ་དུང་གི་གཏམ་རྒྱུད>>ཅེས་པ་དེ་ང་ལ་གནང་བྱུང༌།
      གྲུ་གཟིངས་བསྐྱོད་ནས་ཡུན་རིང་སོང་དུས་འཕྲིན་ལས་སྒྲོལ་མས་ད་དུང་ལག་པ་གཡུག་གིན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་གི་གཏམ་རྒྱུད།

2009-03-06 བསེ་རུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།