མཁའ་དབུགས་རབ་རིབ་ཡིན་པའི་ས་སྲོད་ཅིག་ལ།

  མིང་དུ་གྲགས་པའི་སྒྲུང་གཏམ་རྩོམ་པ་པོ་ར་བྷོ་ངག་དབང་ལགས་ཀྱི་སྒྲུང་གཏམ་འབྲིང་གྲས<<ཁ་བཏགས་དང་འབྲེལ་བའི་རྣམ་ཤེས>>ཞེས་པ་དེ་དུས་དེབ་ག་གེ་མོ་ཞིག་གི་སྟེང་དུ་བཀོད་པ་དེས་འཇིག་རྟེན་འདིའི་ཆ་ཤས་ཤིག་ལ་གཡོ་འགུལ་ཆེན་པོ་ཐེབས་ཤིང༌། དཔྱད་བརྗོད་མཁན་གང་མང་ཞིག་གི་ཡིག་ངོར་བཀོད་པའི་ལྟ་ཚུལ་བཟང་ངན་མང་པོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཁོ་རང་གི་ལག་ཏུ་སོན།

  ཉེ་ལམ་ར་བྷོ་ངག་དབང་ལགས་བ་ཡན་རི་བོའི་ལྷོ་ཕྱོགས་ཀྱི་རི་ཁུལ་ཞིག་ཏུ་སོང་ནས་ཟླ་ཕྱེད་ཙམ་ལ་བསྡད།རི་ཁུལ་དེ་ནི་ཧ་ཅང་དབེན་ཞིང་འཇགས་ལ་ལོ་ངོ་སྟོང་ཕྲག་གི་སྔ་རོལ་གྱི་འཚོ་བའི་རོ་བཅུད་མ་ཉམས་པར་ཡོད་པ་དང༌། ས་དེ་གའི་འབྲོག་པ་རྣམས་ཀྱིས་ལོ་འཁོར་མོ་གཅིག་རེའི་ཉི་མ་སུམ་བརྒྱ་དྲུག་ཅུ་བོར་ཕྱུགས་ཟོག་ཁོ་ན་འཚོས་ནས་འཚོ་བ་རོལ་གྱིན་ཡོད་ཅིང༌། ལན་ རེར་རྒད་པོ་ལོ་ལོན་འགའ་རེ་གནས་ངེས་མེད་རེར་ལྷན་དུ་འདུས་ནས་སྡེ་བའི་ནང་གི་བྱིས་པ་སུ་ཞིག་རྒྱ་གྲོང་ཉུལ་ནས་དཔེ་ཆ་འདོན་དུ་སོང་བར་བཟོད་ཐབས་མེད་པའི་སྡིག་སྨྲེ་འདོན་ཞིང༌། སླར་ཡང་ཕྲེང་བ་འདྲེན་བཞིན་མི་སེམས་ལས་འདས་པའི་གནའ་བོའི་གཏམ་རྒྱུད་མང་པོ་ཞིག་མེས་པོ་རྣམས་ཀྱིས་ཁོ་ཚོར་བཤད་པ་ཇི་བཞིན་མུ་མཐུད་དུ་བྱིས་པ་རྣམས་ལ་བརྒྱུད་སྒྲོག་བྱེད་ཀྱིན་ཡོད། ར་བྷོ་ངག་དབང་གནས་འདིར་ཐོན་མ་ཐག་ཁོ་རང་ལ་ཧ་ལས་པའི་ཉམས་སྣང་ཅི་ཡང་མ་སྐྱེས། ཁོ་རང་སྔར་བཞིན་མེ་འཁོར་ལས་བབས་མ་ཐག་འདི་གའི་མི་སེམས་བསིལ་བའི་མཁའ་དབུགས་གསར་བ་ཁོང་དུ་རྔུབ་ཅིང་ཡུད་ཙམ་ལ་ངལ་གསོས།

  ལྗང་མདོག་གི་རི་ཐང་དང་ཆུ་འགྲམ་གྱི་ནོར་ལུག རི་ཁ་ཡི་དར་ལྕོག ཡ་མཚར་བའི་གཏམ་རྒྱུད། ལོ་ལོན་རྣམས་ཀྱི་ཁ་བརྡ་སོགས་ཀྱང་ར་བྷོ་ངག་དབང་དང་སླར་ཡང་མཇལ། གནས་འདིའི་བྱ་བྱེའུ་དང་འབའ་འབུ། རི་དྭགས་སོགས་ཀྱང་སྔོན་ལྟར་བག་ཡངས་ཀྱིས་འཚོ།

  “ཅི་འདྲའི་རང་དབང་གི་འཇིག་རྟེན་ཞིག་ཨང༌།”ར་བྷོ་ངག་དབང་གིས་ཚིག་འདི་ཐེངས་ག་ཙམ་ཞིག་ལ་བསྐྱར་ཟློས་བྱས་པ་ཁོ་རང་ཉིད་ཀྱིས་ཀྱང་བཤད་དཀའ། ཁོས་ནམ་རྒྱུན་དེ་ལྟར་བཤད་རྗེས་རྡོག་ཁྲེས་རྣམས་ཕྲག་ཏུ་འཕངས་ནས་དལ་དལ་ངང་རྩྭ་གསེབ་ན་གྱ་གྱུར་ཡོད་པའི་རྐང་ལམ་དེད་ནས་རི་བོའི་ཕ་རོལ་གྱི་སྡེ་བ་དེར་འགྲོ་ངེས་རེད། དེ་ན་ཁོའི་གྲོགས་པོ་བློས་ཐུབ་ཅིག་ཡོད།

  མཁའ་དབུགས་རབ་རིབ་ཡིན་པའི་ས་སྲོད་ཅིག་ལ། རྡོག་ཁྲེས་རྒྱབ་ཏུ་ཁུར་བའི་གཞོན་ནུ་ཞིག་གོམ་པ་འཁྱར་འཁྱོར་ངང་སྡེ་བ་འདིར་ཐོན། ཁོ་རང་ས་ཐག་རིང་བོ་ཞིག་ནས་ཐོན་པ་ལྟར་ཐང་ཆད་དེ་གོམ་པ་སྤོ་ཐུབ་ཀྱིན་མི་འདུག རེ་ཞིག་ནས་གཡོན་ཟུར་གྱི་གྱང་རྩ་ཞིག་ཏུ་ཙོག་ནས་རྡོག་ཁྲེས་རྣམས་སྒྱིད་ལུག་དང་རང་སར་བཞག་ཅིང་གཉིད་དུ་ཡུར། སྐབས་དེར་ལམ་ན་འགྲོ་བའི་འབྲོག་པ་རྒད་པོ་ཞིག་དེར་ལངས་ནས་གྱང་རྩར་གཉིད་པའི་གཞོན་ནུ་རྒྱུས་མེད་དེར་ཧུར་རེར་ཞིབ་ལྟ་ཞིག་བྱས་རྗེས་གོམ་པ་འགའ་ཕར་སོང་བ་དང༌། སླར་ཡང་ཕྱིར་འཁོར་ཏེ་འདང་ཞིག་བརྒྱབ་རྗེས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་བཞིན་བུད་སོང༌། གཞོན་ནུ་དེ་སྔར་བཞིན་གཉིད་ནས་འགུལ་རྒྱུ་མི་འདུག

  ཅུང་མ་འགོར་བར་རྒད་པོ་དེ་ཕྱིར་ཐོན་བྱུང༌། ཁོ་རང་ཐད་ཀར་གཞོན་ནུ་དེའི་ཉེ་སར་བཅར་ནས་གཡས་ལྟ་གཡོན་ལྟ་འགའ་བྱས་རྗེས“ཨ་རོག”ཅེས་ཐེངས་འགར་བོས་ཀྱང་གཞོན་ནུ་དེ་གཉིད་ལས་མ་སད། རྒད་པོ་ཐབས་ཟད་ནས་མགོ་བོ་འཕྲེད་དུ་གཡུག་བཞིན་སྐད་དམའ་མོས” གསར་བུ། འདི་ལྟར་གཉིད་ན་ནད་འབྱུང་ངེས་རེད་ཡ”ཞེས་བཤད་རྗེས་འགྲོ་རྩིས་བྱས། གོམ་པ་འགའ་སྤོས་རྗེས་འདང་ཞིག་བརྒྱབ་སྟེ་གློ་བུར་དུ་ཕྱིར་འཁོར་ཡོང་ནས་གཞོན་ནུ་དེའི་དཔྲལ་བར་ལག་པས་རེག་ཙམ་བྱས་འཕྲལ་རྒད་པོ་སྐྲག་སོང༌།

  “མ་བཟང༌། ནད་བྱུང་འདུག”

  ར་བྷོ་ངག་དབང་གིས་རྐང་ལམ་དེ་དེད་ནས་ཕར་ལ་སོང༌། གྲོགས་པོ་དེའི་མིང་དངོས་ལ་ཅི་ ཟེར་བ་མི་ཤེས་མོད། ཁོ་རང་གཏམ་རྒྱུད་བཤད་རྒྱུར་ཤིན་ཏུ་མཁས་པས་འདིའི་མི་རྣམས་ཀྱིས་ཁོ་ལ”གནའ་བཤད་ཨ་ཁུ”ཟེར་བ་ལས་མིང་དངོས་ནས་འབོད་མཁན་མེད།

  ཚ་གདུག་ཤིན་ཏུ་ཆེ་བའི་ཉིན་གུང་གི་དུས་ཤིག་ལ། ར་བྷོ་ངག་དབང་ད་སོ་མ་རི་སྡེའི་ལྷོ་ནུབ་ཀྱི་འདབས་སུ་བསླེབས། གློ་བུར་དུ་འུར་སྒྲ་ཞིག་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཁོའི་རྣ་ལམ་དུ་ལྡང་འོང༌། མདུན་ཕྱོགས་ན་མི་མང་པོ་ཞིག་གིས་ཟིང་ཟིང་ལོང་ལོང་བྱེད་ཀྱིན་འདུག་ཅིང་ལུས་སྟོབས་དར་བའི་གསར་བུ་མང་པོ་ཞིག་གིས་མདུང་རིང་རེ་རྒྱབ་ཏུ་ཁུར་ཞིང་རྟ་ཐོག་ལ་བུད་ནས་ཕར་བསྐོར་ཚུར་བསྐོར་གྱིས་ཕྱོགས་གང་ཞིག་ལ་ཆས་པར་རྔམ་ཞིང༌་། ལོ་ན་མཉམ་པའི་སྐྱེས་མ་རྣམས་ཀྱིས་རང་རང་ས་ནས་རྟ་བ་རེའི་སྲབ་མདའ་ལ་འཆིང་སྟེ་ཤི་གསོན་ཁ་འབྲལ་བ་ལྟར་ངུ་ཤུམ་རྒྱག་པའམ་མིག་ཆུ་འབྱིད་པ། སྐྱེལ་ཆང་འདེགས་པ་སོགས་ལ་བྲེལ་བ་དང༌། ལོ་ན་ཡོལ་བའི་རྒད་པོ་རྣམས་ཀྱང་ཡར་ཕྱོགས་ཀྱི་དེའུ་འབུར་ཞིག་གི་སྟེང་དུ་འདུས་ནས་བསང་ཕུད་ཅིང་དུང་ བུས། རྒད་མོ་ལོ་ལོན་འགའ་ཟུར་ཞིག་ཏུ་ཙོག་ནས་མིག་ཆུ་འབྱིད་བཞིན་ཤུགས་རིང་དང་བཅས་གསོལ་འདེབས་བྱེད་ཀྱིན་འདུག ར་བྷོ་ངག་དབང་གིས་ཡང་སྙིང་དོན་དག་ཅི་ཞིག་བྱུང་བ་མ་རྟོགས་པར་རེ་ཞིག་ཧང་སངས། ཁོ་རང་རིམ་བཞིན་མི་ཚོགས་ཀྱི་མཐའ་འཁོར་ཉུལ་ནས་ཟུར་ཞིག་ན་ཤུབ་བུར་མ་ཎི་ཟློ་བཞིན་པའི་རྒད་པོ་ཞིག་གི་གམ་དུ་སོང་ནས་དོན་དག་ཅི་ཞིག་བྱུང་ཚུལ་དྲིས་ཚེ། རྒད་པོ་དེའི་གདོང་ལ་གློ་བུར་བའི་གཟི་སྤོབས་ཤིག་རྒྱས་ནས“དམག་ལ་འགྲོ་བ་རེད” ཟེར།

  “དམག?ཅི་ཞིག་གི་དམག”ཁོས་ནང་དོན་ཅི་ཡང་མ་གོ།

  “རྩྭ་ས་རྩོད་དུ་འགྲོ་བ་རེད། ཅི་འདྲ་རེད། ཁྱོད་ཚོ་རྒྱ་མིས་འདི་འདྲ་རིག་མ་མྱོང་ཨང༌།”

  “ཨ་ཁུ། ང་ནི་བོད་ཡིན། འདི་ལྟར་ཉེན་ཁ་ཆེ།”

  “ཁྱོད་བོད་ཡིན?”རྒད་པོ་དེས་ཁོའི་ལུས་ཡོངས་ལ་ཞིབ་ལྟ་བྱེད་བཞིན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འཚོལ་བ་ལྟར་བྱེད།

  “ཨ་ཁུ། འདི་ལྟར་སོང་ན་ཉེན་ཁ་མི་ཆེ་འམ།”

  “ཉེན་ཁ?”རྒད་པོའི་གདོང་གློ་བུར་དུ་ནག་པོར་གྱུར་ཞིང་དཔྲལ་བའི་སྐྱི་གཉེར་བསྡུ་བཞིན་”རེད་ཡ། ཉེན་ཁ་ཧ་ཅང་ཆེ། ན་ནིང་ཡང་མི་གཉིས་

  ཀྱི་ཚེ་སྲོག་ཤོར་བ་རེད། ད་ལོ་ད་དུང་སུས་ཤེས།”

  “ཨ་ཁུ། ཁོ་ཚོ་བཀག་ན་བཟང༌།”

  “བཀག་ན་བཟང?”རྒད་པོ་གློ་བུར་དུ་ཁོང་ཁྲོ་ལངས་པ་ལྟར་སྡང་མིག་ཅིག་བགྲད་ནས”མི་ཆོག་ཕ་ས་དགྲ་ལག་ཏུ་འཇོག་ཕོད་དམ། ད་ཐེངས་རྒྱལ་

  ཕམ་གྱི་དབྱེ་བ་འབྱེད་དགོས”ཟེར།

  ར་བྷོ་ངག་དབང་སྔར་བཞིན་རྐང་ལམ་དེའི་སྟེང་དུ་འགྲོ་བཞིན་ཡོད། ཁོས་རང་ཉིད་ཀྱིས་ འཇིག་རྟེན་འདིར་རྒྱུས་ལོན་དང་འཚོལ་ཞིབ་བྱས་པའི་ཆེས་འགོ་མའི་གོམ་འགྲོས་རེ་རེར་ཕྱོགས་ཞེན་བྱེད་མི་སྲིད་ལ་འཁང་ར་ཡང་བྱེད་མི་འདོད། ཁོས་མུ་མཐུད་དུ་ཕྱིར་དྲན་བྱེད་བཞིན་མདུན་དུ་སྐྱོད། སྒྲོན་འོད་ལྷམ་ལྷེམ་དུ་འཚར་བའི་དགོང་མོ་དེར། “གནའ་བཤད་ཨ་ཁུ”དང་ར་བྷོ་ངག་དབང་གཉིས་ཁྱིམ་འདིར་ཁ་གཏད་དུ་ཙོག་ནས་འོ་ཇ་ཚིམ་མེད་དུ་འཐུང་བཞིན་བྱུང་འདས་ཀྱི་ལབ་གླེང་རིང་མོ་བྱེད་ཀྱིན་འདུག ར་བྷོ་ངག་དབང་གིས་བློ་རྩེ་གཅིག་སྒྲིམ་ངང”གནའ་བཤད་ཨ་ཁུའི”གདོང་ལ་ཅེ་རེར་བལྟས་ནས་སྐད་ཆ་ཅི་ཞིག་ལ་རེ་སྒུག་བྱེད་པ་དང་མཚུངས། ཡམ་ཡོམ་འཁྱོམ་པའི་སྒྲོན་འོད་འོག་ཏུ་སྣུམ་ཞིང་སྐྱི་གཉེར་མང་བའི་རྒད་པོའི་གདོང་ནག་པོ་དེ་སྐབས་རེར་གསལ་ལ་སྐབས་རེར་སྒྲིབ།

  “དོན་དག་གི་བྱུང་རྐྱེན་ཟེར་རམ། ཁྱོད་རང་ཉན་རྒྱུར་མི་སུན་ན་ངས་བཤད་ཆོག་མོད། ཁྱོད་ཡིད་མི་ཆེས་ནའང་ཐང༌། ཡིན་ཡང་དོན་འདི་དངོས་གནས་བྱུང་བ་རེད།”ཟེར་བཞིན་གནའ་བཤད་ཨ་ཁུས་འོ་ཇ་ཧུབ་གང་འཐུང་ནས་གཏམ་རྒྱུད་འདི་བཤད་བྱུང༌།

  —ས་ཆ་འདིའི་གཞི་བདག་ནི་བུད་མེད་ཅིག་ཡིན། སྔོན་བསྐལ་བ་ཆགས་ནས་ཅུང་མ་འགོར་བའི་སྐབས་སུ། ས་གཞིར་ལ་ཐུར་མེད་པར་བདེ་ཞིང་སྙོམས། ནམ་ཞིག་ན་བུད་མེད་སྨྱོན་མ་ཞིག་གནས་འདིར་ཡོང་ནས་ཐམས་ཅད་བདག་ཏུ་བཟུང་ཞིང་ཉིན་རེ་བཞིན་མཐའ་སྐོར་གྱི་ས་ཆ་ཀུན་ལ་སྐོར་འགྲོས་བྱས་ཏེ་ཕྱི་རོལ་གྱི་སྲོག་ཆགས་གཞན་པ་རང་གནས་སུ་ཡོང་བ་མཐར་སྐྲོད་ བྱས། དེ་དང་ཐག་མི་རིང་བའི་ས་ན་འབྲོང་མགོ་ཅན་ཞིག་ཡོད་པ་དེ་ཉིན་ཞིག་རྩྭ་ཆུ་ཉུལ་ནས་ སྨྱོན་མའི་མངའ་ཁོངས་སུ་འཛུལ་ཡོང་བས། སྨྱོན་མས་རང་ཉིད་ཀྱི་མངའ་ཁོངས་ཉམས་པར་དོགས་ནས་འབྲོང་མགོ་ཅན་དང་གཡུལ་བཀྱེ་བར་ཞུགས། ཁོང་གཉིས་ཀྱིས་ཉིན་ཞག་བཅོ་ལྔ་ལ་ འཛིང་ཀ་བཀྱེ་བས་མཇུག་མཐར་འབྲོང་མགོ་ཅན་གྱིས་སྨྱོན་མའི་ཤུགས་ལ་མ་དོ་བར་ཕྱིར་བྲོས། འབྲོང་མགོ་ཅན་གྱིས་སྨྱོན་མ་ལ་ཤ་འཁོན་བཅངས་ནས་ནམ་ཞིག་ལ་དགྲ་སྐྱིན་ལེན་པའི་གོ་སྐབས་ཤིག་ལ་བསྒུག དུས་ཡུན་ཧ་ཅང་རིང་བོ་ཞིག་འགོར་བའི་རྗེས་སུ་སྨྱོན་མ་དེས་ཕྲུ་གུ་བརྒྱད་ཅུ་ ཐམ་པ་བཙས། སྔོན་གྱི་འབྲོང་མགོ་ཅན་དེས་འཇིག་རྟེན་ན་འཕོངས་སྐྱེན་ལ་ཤིན་ཏུ་མཁས་པའི་དཔའ་བོ་ཞིག་བཀུག་ཡོང་ནས་ངན་སྔགས་བཏབ་པའི་མདའ་མོ་བརྒྱད་ཅུ་བྱིན་ནས་སྨྱོན་མ་ཡུལ་ན་མེད་པའི་དུས་སུ་ཕྲུ་གུ་རྣམས་གསོད་པར་མངགས། དཔའ་བོ་དེ་ཡང་དེ་ལྟར་འགྲོ་མ་ཐུབ་པས་འབྲོང་མགོ་ཅན་གྱིས་སླར་ཡང་སྒྲིབ་ཤིང་ཞིག་བྱིན། སྒྲིབ་ཤིང་དེ་ཐོགས་ན་འགྲོ་བ་མིའི་རིགས་བཤད་ཅི་དགོས་སྟེང་ཕྱོགས་ཀྱི་ལྷ་ཡིན་ཡང་མཐོང་མི་ཐུབ། དཔའ་བོ་དེ་སོང་ནས་མདའ་བརྒྱད་ཅུ་བོ་དུས་གཅིག་ལ་འཕངས་ཏེ་ཕྲུ་གུ་རྣམས་བསད། ཁྱོད་ཀྱིས་ཨེ་ཤེས། སྡེ་བའི་མར་མཐའ་ན་ཡོད་པའི“ལྷ་མོའི་ཁྲག་མཚོ”ཞེས་པའི་མཚོ་དེ་ནི་ཕྲུ་གུ་རྣམས་ཀྱི་ཁྲག་རེད་ཡ། ཅི་འདྲའི་སྙིང་རྗེ་མེད་པའི་མི་ཞིག་ཨང༌། སྨྱོན་མ་ཕྱིར་ཚང་ནང་དུ་ཐོན་དུས་སྙིང་དང་འདྲ་བའི་ཕྲུ་གུ་རྣམས་བསད་པ་མཐོང་འཕྲལ་སྡུག་བསྔལ་དང་ཞེ་སྡང་བཟོད་གླགས་མེད་པ་ཞིག་སྐྱེས་ནས་སྐད་ཅིག་ལ་འབྲོང་མགོ་ཅན་གྱི་སར་མཆོངས་ནས་འཛིང་ཀ་བཀྱེས། ཐེངས་དེར་ཁོང་གཉིས་ཀྱིས་ཉིན་ཞག་ཉེར་ལྔར་འཐབ། མཐའ་མར་སྨྱོན་མས་འབྲོང་མགོ་ཅན་དེའི་ལག་གཡས་པ་རྩ་བ་ནས་བཀོག་སྟེ་ཁ་ཟས་བྱས། དེ་ནས་བཟུང་སྨྱོན་མ་དང་འབྲོང་མགོ་ཅན་གཉིས་ཀ་རང་སར་བསྡད་ཅིང༌། མངའ་འོག་གི་སྡེ་བ་གཉིས་ཀྱིས་ཁོང་གཉིས་ཀྱི་མགོན་སྐྱབས་འོག་ཕན་ཚུན་ལ་ཇག་ལ་འགྲོ་བ་དང༌། མི་ཤ་བགོ་བའི་འཁྲུག་འཛིང་གང་མང་བྱུང༌། ལྷག་པར་དུ་འབྲོང་ལུང་དཔོན་པོས་ངན་དམོད་བྱས་ནས་འདི་གའི་ལབ་ཙེ་རླུང་གིས་གཏོར་མྱོང༌། ན་ནིང་སྟོན་ཀར་ང་ཚོའི་ལུག་ཁྱུ་ཞིག་དེ་ཚོའི་རྩྭ་སར་ཤོར་བས་ཡང་བསྐྱར་འཁྲུག་ལོང་བྱུང༌། འབྲོང་ལུང་དཔོན་པོའི་བུ་གཉིས་དང་བསྡོམས་པས་མི་བཞི་བསད། ཚུར་ལ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ད་ཐེངས་ཡང་ཁོ་ཚོས་དམག་ཚོགས་བརྒྱབ་པ་རེད།

  མཁའ་དབུགས་རབ་རིབ་ཡིན་པའི་ས་སྲོད་ཅིག་ལ། རྡོག་ཁྲེས་རྒྱབ་ཏུ་ཁུར་བའི་གཞོན་ནུ་ཞིག་གོམ་པ་འཁྱར་འཁྱོར་ངང་སྡེ་བ་འདིར་ཐོན། ཁོ་རང་ས་ཐག་རིང་ཞིག་ནས་ཐོན་པ་ལྟར་ཐང་ཆད་དེ་གོམ་པ་སྤོ་ཐུབ་ཀྱིན་མི་འདུག རེ་ཞིག་ནས་གཡོན་ཟུར་གྱི་གྱང་རྩ་ཞིག་ཏུ་ཙོག་ནས་རྡོག་ཁྲེས་རྣམས་སྒྱིད་ལུག་ངང་རང་སར་བཞག་ཅིང་གཉིད་དུ་ཡུར། སྐབས་དེར་ལམ་ན་འགྲོ་བའི་འབྲོག་པ་རྒད་པོ་ཞིག་དེར་ལངས་ནས་གྱང་རྩར་གཉིད་པའི་གཞོན་ནུ་རྒྱུས་མེད་དེར་ཧུར་རེར་ཞིབ་ལྟ་ཞིག་བྱས་རྗེས་གོམ་པ་འགའ་ཕར་སོང་བ་དང༌། སླར་ཡང་ཕྱིར་འཁོར་ཏེ་འདང་ཞིག་བརྒྱབ་རྗེས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་བཞིན་བུད་སོང༌། གཞོན་ནུ་དེ་སྔར་བཞིན་གཉིད་ནས་འགུལ་རྒྱུ་མི་འདུག

  ཅུང་མ་འགོར་བར་རྒད་པོ་དེ་ཕྱིར་ཐོན་བྱུང༌། ཁོ་རང་ཐད་ཀར་གཞོན་ནུ་དེའི་ཉེ་སར་བཅར་ནས་གཡས་ལྟ་གཡོན་ལྟ་འགའ་བྱས་རྗེས“ཨ་རོག”ཅེས་བོས་ཀྱང་གཞོན་ནུ་དེ་གཉིད་ལས་མ་ སད། རྒད་པོ་ཐབས་ཟད་ནས་མགོ་བོ་འཕྲེད་དུ་གཡུག་བཞིན་སྐད་དམའ་མོས“གསར་བུ། འདི་ལྟར་གཉིད་ན་ནད་འབྱུང་ངེས་རེད་ཡ”ཞེས་བཤད་རྗེས་འགྲོ་རྩིས་བྱས། གོམ་པ་འགའ་སྤོས་རྗེས་འདང་ཞིག་བརྒྱབ་སྟེ་གློ་བུར་དུ་ཕྱིར་འཁོར་ཡོང་ནས་གཞོན་ནུ་

  དེའི་དཔྲལ་བར་ལག་པས་རེག་ ཙམ་བྱས་འཕྲལ་རྒད་པོ་སྐྲག་སོང༌།

  “མ་བཟང༌། ནད་བྱུང་འདུག”

  ར་བྷོ་ངག་དབང་སྔོན་ལྟར་མདུན་དུ་བསྐྱོད་བཞིན་ཡོད། གློ་བུར་དུ་ཁོའི་སེམས་ཁ་མི་བདེ་ ཞིང་མུ་མཐུད་དུ་འགྲོ་མི་འདོད་པའི་སྣང་བ་ཞིག་སྐྱེས།

  མདུན་ཕྱོགས་ཀྱི་ལུང་མདོ་རུ་དྲངས་ཤིང་བསིལ་བའི་ཆུ་ཕྲན་ཞིག་ཤག་ཤག་ཏུ་བཞུར་ཆུ་འགོ་དེ་རུ་ལབ་ཙེ་ཆེན་པོ་ཞིག་ཡོད། ར་བྷོ་ངག་དབང་གིས་ལབ་ཙེ་འདིའི་བྱུང་བ་དག་ཀྱང“གནའ་བཤད་ཨ་ཁུས”བཤད་པའི་གཏམ་རྒྱུད་ལས་གསན་མྱོང༌། ཁོས་མུ་མཐུད་དུ་བསམ་གཞིགས་གཏོང་མི་འདོད།

  ཉིན་གང་བོར་ཁྲ་རིལ་དང་ར་བྷོ་ངག་དབང་གཉིས་རས་གུར་གྱི་གམ་དུ་བསྡད་ནས་རྩེད་མོ་རྩེ་བཞིན་བསྡད། ར་བྷོ་ངག་དབང་གི་ལུས་པོ་ཕྱེད་ཆར་མི་སོན་པའི་ཁྲ་རིལ་དང་ཁ་བརྡ་བྱས། ཁྲ་རིལ་གྱི་ཁྲ་རིལ་རིལ་བྱེད་པའི་མིག་ཟུང་ར་བྷོ་ངག་དབང་གི་གདོང་ལ་ཅེར་ནས་སྡོད་དུས་ལྷད་མེད་པྲ་ཚག་གི་བྱིས་པའི་རང་མདངས་སྙིང་རྗེ་བོ་ཞིག་མངོན། ཁོས་རྐང་སྣམ་དང་སྟོད་གོས་སོགས་གོན་མེད་པར་སློག་པ་སྐྱ་ཤལ་བ་ཆུང་ངུ་ཞིག་གོན་ནས་སྐེད་པར་ཐུག་ཅིག་གིས་བསྡམས་ འདུག

  “ཨེ། ངེད་གཉིས་མནའ་བཅད་བྱས་ན་ཅི་འདྲ་རེད། ཁྱོད་འཐད་དམ”ཁྲ་རིལ་གྱིས་ར་བྷོ་ངག་དབང་ལ་བལྟས་ནས་བསྡད།

  “དེ་ལོས་ཆོག འོན་ཀྱང་ངེད་གཉིས་ཀྱི་བར་དུ་ལོ་མང་བོ་ཆད་པས། ཁྱོད་ཀྱིས་ང་ལ་ཨ་ཁུ་ཞེས་བོས་ན་འགྲིག”

  “ཅི་སྐྱོན། ‘གནའ་བཤད་ཨ་ཁུས’ཁོ་ལའང་གྲོགས་པོ་ཞིག་ཡོད་ཟེར། དགོད་བྲོ་བ་ལ་ཁོང་གཉིས་ཀྱི་བར་དུ་ལོ་བཞི་བཅུ་ཆད་སྐད། ཕལ་ཆེར་ཁྱོད་ཀྱི་ལོ་ཧྲིལ་བོའི་ཡང་མི་ཚད་པར་འདུག”

  “རེད་ཡ།”ར་བྷོ་ངག་དབང་གིས་འདང་ཞིག་བརྒྱབ་ནས་མགོ་བོ་གུག་ཙམ་བྱས།

  “ཨེ། ཁྱོད་ཀྱིས‘གནའ་བཤད་ཨ་ཁུ’ཨེ་ཤེས།”

  “ངས་ཁོང་གི་གམ་ནས་གཏམ་རྒྱུད་མང་པོ་འཚོལ་སྡུད་བྱས་མྱོང༌།”

  “བདེན་ནམ།”

  “ཨིན”

  ཁྲ་རིལ་གྱིས་མུ་མཐུད་དུ“གནའ་བཤད་ཨ་ཁུའི”གཏམ་རྒྱུད་ཁྲོད་ཀྱི་ངོ་མཚར་བའི་དོན་ མང་པོ་ཞིག་དྲངས་ཡོང་ནས་ཁོ་ལ་བཤད་ཅིང་དེ་དག་གི་རྒྱུ་མཚན་དང་ད་ལྟ་གང་དུ་ཡོད་ཚུལ་ སོགས་དྲིས། ར་བྷོ་ངག་དབང་གིས་ལོ་ན་བཅུ་ལ་སོན་པའི་བྱིས་པ་ཞིག་ལ་ཚན་རིག་གི་འགྲེལ་ བཤད་མང་པོས“དེ་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་བཟུང་བའི་རྗེས་ལུས་ཀྱི་ལྟ་ཚུལ་ཞིག་ཡིན”པར་བཤད་མི་འདོད་ཅིང༌། དེ་ལས་ལྡོག་སྟེ་ཁོ་ཚོའི་ལྟ་བ་དེ་མུ་མཐུད་དུ་རྒྱུན་འཁྱོངས་ཀྱང་བྱེད་དུ་འཇུག་མི་འདོད། ཁོས་གད་མོ་ཞིག་དང་ལྷན་དུ“དེ་ནི་གནའ་བཤད་ཅིག་ རེད་ཡ”ཟེར་བ་ལས་ཐབས་མི་འདུག

  “ངས་ཀྱང་དེ་ལྟར་འདོད། ཨ་ཁུ། ཁྱོད་ཀྱིས་ང་ལ་རྩྭ་ཐག་སླས་ཆོག་གམ།”

  ར་བྷོ་ངག་དབང་གིས་མགོ་གུག་ཙམ་བྱས་མ་ཐག་ཁྲ་རིལ་ཡར་ལངས་ནས་ཕར་ཕྱོགས་སུ་བརྒྱུགས་སོང༌། ཁོའི་སློག་པ་ཐུང་ངུའི་འདབས་ཤམ་ན་མངོན་པའི་ཉི་མས་ཚིག་སྟེ་དམར་ནག་ཏུ་གྱུར་བའི་རྗེ་ངར་གཉིས་ཀ་ཡུན་རིང་བོར་འདར་ཤིག་ཤིག་བྱེད།

  ར་བྷོ་ངག་དབང་གན་རྒྱལ་དུ་ལོག་སྟེ་དུ་བ་རྐང་གཅིག་ལ་མེ་བསྒོས་ནས་དུ་བ་སྔོ་ལྷོག་གེར་གདོང་གི་ནམ་མཁར་ཡུལ་དུ་བཅུག ཁོས་མིག་གཉིས་ཀ་བཙུམ་ནས“གནའ་བཤད་ཨ་ཁུས” བཤད་པའི་གཏམ་རྒྱུད་རེ་རེ་བསམ་བློ་བཏང༌།

  “ཁོང་ད་ལྟའང་ས་ཆ་ཞིག་ཏུ་བཞུགས། ཉིན་ཞིག་མི་མང་པོས་ལུག་བལ་འབྲེག་པའི་སྐབས་སུ་གློ་བུར་དུ་གཡོན་ངོས་ནས་ཆར་དྲག་ཆེན་པོ་ཞིག་ཐོན།

  མི་ཚང་མ་ཟིང་ཟིང་ལོང་ལོང་བྱེད་དུས་ཁོང་གིས་དམིགས་པ་གཅིག་ཏུ་གཏད་དེ་ཆར་དྲག་གི་ཕྱོགས་སུ་སྡིགས་མཛུབ་བསྟན་པ་ན། ཆར་དྲག་དེ་ཡུན་རིང་བོར་དེ་གར་དང་མལ་དུ་ལུས་ཤིང་རིམ་བཞིན་དྭངས་པར་གྱུར……”

  “ཁོ་ནི་མི་རང་ག་བ་ཞིག་མིན། ཁོང་དགོན་པ་གང་ཞིག་ལ་མཇལ་དུ་འགྲོ་དུས་ལྷ་སྐུ་རྣམས་ ཀྱིས་ལྷམ་གོན་མེད་པ་མཐོང་ནས་སེམས་ཁྲལ་བྱས། ལོ་རྗེས་མར་ཁོ་རང་སླར་ཡང་ཡོང་དུས་ད་དུང་ལྷ་སྐུ་རྣམས་ཀྱིས་ལྷམ་གོན་མི་འདུག ལོ་གསུམ་པར་ཁོས་ལྷམ་མང་པོ་ཞིག་བཟོས་ནས་ཁྱེར་ཡོང་ཏེ་

  སྡིགས་མོ་དང་བཅས་འབུལ་དུས་ལྷ་སྐུ་རྣམས་ཀྱང་ཞལ་འཛུམ་བཞིན་མར་ལ་བརྐྱངས……”

  “ཁྱོད་སློབ་གྲྭར་སོང་ཨེ་མྱོང༌།”ར་བྷོ་ངག་དབང་གིས་འཇག་མ་རིང་བོ་ཞིག་ཏུ་བཟུང་ནས་སླས་བཞིན་དུ་ཁྲ་རིལ་བལྟས།

  “སློབ་གྲྭར་སོང་ན་རྒྱ་མིས་ཀ་ར་ཞིག་བྱིན་ནས་མིག་གཉིས་ཀ་བརྐུ་ངེས་རེད།”

  “སུས་ཟེར”

  “གནའ་བཤད་ཨ་ཁུས་དེ་ལྟར་ཟེར།”

  “……”

  ར་བྷོ་ངག་དབང་ལ་མགོར་འགོས་ནས་ངལ་གསོས། ཁོས་བྱུང་འདས་ཀྱི་དོན་དག་མང་པོ་ ཞིག་སླར་ཡང་དྲན། “གནའ་བཤད་ཨ་ཁུ”ཕོ་ལོ་སུམ་ཅུའི་སྟེང་ནས་བཟུང་མི་རྐྱང་རྟ་རྐྱང་དུ་ འཚོ་བ་རོལ། ཁོས་རོལ་མྱོང་བའི་འཚོ་བ་ཡང་ཁོས་བཤད་པའི་གཏམ་རྒྱུད་དག་དང་འདྲ་བར་ལྐོག་གྱུར་དང༌། སྒྱུ་འཕྲུལ། འཆར་ཡན་གྱི་རང་མདངས་སྣ་ཚོགས་པས་སྤྲས་འདུག

  “དེ་དུས་ང་རང་ལོ་ན་བཅོ་བརྒྱད་ཡིན། སྡེ་བ་གཞན་པའི་མོ་གཞོན་ཞིག་ཁྲིད་ནས་མཚན་ འགྲོས་བྱས་ཏེ་ས་ཆ་གཞན་ཞིག་དུ་སོང༌། ལམ་བར་དུ་སྤྱང་ཚོགས་དང་འཕྲད། ཨ་ཕ་ཚེ་ལས་འདས་ཁར་ང་ལ་གྲི་རིང་ཞིག་བཞག་པ་དེ་ངའི་ལུས་དང་བྲལ་མ་མྱོང༌། སྤྱང་ཚོགས་ཀྱིས་ངེད་གཉིས་ཀྱི་མཐའ་ནས་བསྐོར་ཏེ་གནའ་བོའི་དཔའ་རྒོད་རྣམས་ཐོད་གཏུག་གིས་འཛིང་རེས་བྱེད་པ་ལྟར་ སྤྱང་ཀི་རེ་རེ་བཞིན་གོ་རིམ་ཡོད་པའི་ངང་ཡོང་ལ། གཞན་རྣམས་ཀྱིས་ལྟད་མོར་བལྟས། སྤྱང་ཀི་ བཞི་ངའི་གྲི་འོག་ནས་ཤི། ད་དུང་གཅིག་འདུག ངེད་གཉིས་ཀྱིས་འཛིང་ཀ་ཐེངས་འགར་བཀྱེས་ཀྱང་རྒྱལ་ཕམ་མི་འདུག སྤྱང་རྒན་དེས་སྔ་མ་རྣམས་ཀྱི་རོ་སྐྱིན་ལེན་འདོད་པ་ལྟར་སྔར་ ལས་ངར་ཆེ་བར་འདུག ཁོ་མོ་ངའི་ཕྱོགས་སུ་རྒྱུགས་བཞིན‘སེམས་ཆུང་བྱོས’ཞེས་ཀུ་ཅོ་ འདོན། གློ་བུར་དུ་སྤྱང་རྒན་དེ་ངར་སྐད་དང་བཅས་མཆོངས་ཡོང་སྟེ་ངའི་ཕྲག་སྟེང་ནས་ཕར་ མཆོངས་ལ། སྡེར་མོས་ངའི་ཕྲག་ཤ་ཚལ་བར་བཤགས་ཤིང་འགྱེལ་ལ་ཁད་དུ་གྲིའང་ཐང་ལ་ལྷུང༌། ང་རང་དེ་འཕྲལ་ཕྱིར་འཁོར་དུས་སྤྱང་རྒན་ཡང་འགྱེལ་འདུག་ཅིང་ཐོད་ཟུར་ན་ཁྲག་དམར་ཞིག་དལ་བུར་མར་འཛག་གྱིན་འདུག ཁོ་མོས་རྡོ་ལོག་ཅིག་ལག་ཏུ་འཆང་ནས་ཟུར་ཏུ་ཧད་འདུག རེ་ཞིག་ནས་ཁོ་མོས་དྲན་པ་རྙེད་པ་ལྟར་ངའི་ལུས་སྟེང་གི་ཁྲག་ཤ་སོགས་ཅི་ལ་ཡང་མི་འཛེམ་པར་ང་ལ་འཐམས་ནས་ངུས། ང་རང་སེམས་འགུལ་ཐེབས་བྱུང༌། ངེད་གཉིས་ཁམས་ཕྱོགས་ཀྱི་ས་ཆ་ཞིག་ཏུ་སོང་ནས་བཟའ་ཚང་གི་ཚུལ་དུ་ཟླ་ལྔར་བསྡད།

  “ཉིན་ཞིག་མི་མང་པོ་ཞིག་ཡོང་ནས་ང་ལ་ཕྱག་འཚལ་གྱིན་འདུག ཁོ་ཚོས་ང་ནི་སྐེ་གསར་ དགོན་པའི་དགོན་བདག་ཨ་ལགས་དཔལ་མཆོག་ཚང་གི་ཡང་སྤྲུལ་རེད་ཟེར། ཅུང་མ་འགོར་བར་སྐེ་གསར་དགོན་པའི་ཨ་ཁུ་འགའ་ཡང་ཡོང་ནས་ང་རང་དགོན་པར་ཕེབས་པར་ཞུ་བ་ནན་དུ་ཞུས། ངས་འདང་ཞིག་བརྒྱབ་ན་ང་ལ་ནུས་པ་ཅི་ཞིག་ཡོད། ཆུང་དུས་ནས་ཨ་བྲ་གསོད་པར་གོམས་པའི་ལག་པ་སྡིག་ཅན་འདིས་དད་ལྡན་གྱི་མི་དག་ལ་མཇལ་ཁ་འཇོག་མི་ཕོད་སྙམ་ནས་དགོང་མོ་དེར་ངེད་གཉིས་བྲོས་ཏེ་དབུས་ཕྱོགས་སུ་སོང༌།

  “སྟོན་ཁ་དེར་ཁོ་མོས་བུ་ཞིག་བཙས། ངེད་གཉིས་ཀྱི་བསམ་དོན་གྲུབ་སོང༌། ཁོ་མོས་ཁྱིམ་ ལས་བྱས་ཤིང་ང་རང་རི་དྭགས་རྔོན་དུ་སོང་ནས་འཚོ་བ་རོལ། འཇིག་རྟེན་འདི་ན་ངེད་བཟའ་མི་གཉིས་ཀ་ལྟ་བུའི་བདེ་སྐྱིད་ལྡན་མཁན་ཧ་ཅང་ཉུང༌། ངོ་མ་ངས་དེ་ལྟར་བསམ་མྱོང༌། འོན་ཀྱང་བྱིས་པ་ལོ་ལྔ་ལ་སོན་དུས་ཁོ་མར་ནད་ལྩི་མོ་ཞིག་བྱུང༌། བཅོས་ཐབས་མ་བྱུང༌། མོ་བ་རྩིས་པ་མང་པོ་གདན་དྲངས་ནས་ཡོང་ཡང་ཚང་མས‘ས་འདི་གའི་ཡུལ་ལྷ་གཞི་བདག་མ་དགའ་བར་འདུག སྨན་གྱིས་མི་ཕན་པས་ཕྱིར་ལོག་ན་བཟང’ཟེར། ཕྱིར་ལོག་པའི་ལམ་དུ་ཁོ་མོ་ཚེ་ལས་ འདས།

  “དེ་ལྟར་རེད། ང་རང་ད་དུང་བུ་ཆུང་ལའང་ས་དེ་གའི་གཞི་བདག་གིས་གཙེས་རྒྱུར་སྐྲག་ ནས་ཕྱིར་རང་ཡུལ་དུ་ལོག་དགོས་བྱུང༌།”

  ར་བྷོ་ངག་དབང་གིས་གནའ་མི་རྣམས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དང་གཡོ་ཟོལ་བྲལ་ བའི་ལྷག་བསམ་ལ་ཡིད་སྨོན་དང་བཅས་སེམས་གཏིང་

  ནས་བསྔགས་བརྗོད་བྱས་པར་མ་ཟད། “གནའ་བཤད་ཨ་ཁུའི”ཡིད་སྐྱོ་བའི་བགེགས་རྐྱེན་ལ་གདུང་སེམས་བཅངས།

  མཁའ་དབུགས་རབ་རིབ་ཡིན་པའི་ས་སྲོད་ཅིག་ལ། རྡོག་ཁྲེས་རྒྱབ་ཏུ་ཁུར་བའི་གཞོན་ནུ་ཞིག་གོམ་པ་འཁྱར་འཁྱོར་ངང་སྡེ་བ་འདིར་ཐོན། ཁོ་རང་ས་ཐག་རིང་ཞིག་ནས་ཐོན་པ་ལྟར་ཐང་ཆད་དེ་གོམ་པ་སྤོ་ཐུབ་ཀྱིན་མི་འདུག རེ་ཞིག་ནས་གཡོན་ཟུར་གྱི་གྱང་རྩ་ཞིག་ཏུ་ཙོག་ནས་རྡོག་ཁྲེས་རྣམས་སྒྱིད་ལུག་ངང་རང་སར་བཞག་ཅིང་གཉིད་དུ་ཡུར། སྐབས་དེར་ལམ་ན་འགྲོ་བའི་འབྲོག་པ་རྒད་པོ་ཞིག་དེར་ལངས་ནས་གྱང་རྩར་གཉིད་པའི་གཞོན་ནུ་རྒྱུས་མེད་དེར་ཞིབ་ལྟ་ཞིག་བྱས་རྗེས་གོམ་པ་འགའ་ཕར་སོང་བ་དང༌། སླར་ཡང་ཕྱིར་འཁོར་ཏེ་འདང་ཞིག་བརྒྱབ་རྗེས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་བཞིན་སོང༌། གཞོན་ནུ་དེ་སྔར་བཞིན་གཉིད་ནས་འགུལ་རྒྱུ་མི་འདུག

  ཅུང་མ་འགོར་བར་རྒད་པོ་དེ་ཕྱིར་ཐོན་བྱུང༌། ཁོ་རང་ཐད་ཀར་གཞོན་ནུ་དེའི་ཉེ་སར་བཅར་ནས་གཡས་ལྟ་གཡོན་ལྟ་འགའ་བྱས་རྗེས“ཨ་རོག”ཅེས་བོས་ཀྱང་གཞོན་ནུ་དེ་གཉིད་ལས་མ་སད། རྒད་པོ་ཐབས་ཟད་ནས་མགོ་བོ་འཕྲེད་དུ་གཡུག་བཞིན་སྐད་དམའ་མོས“གསར་བུ། འདི་ལྟར་གཉིད་ན་ནད་འབྱུང་ངེས་རེད་ཡ”ཞེས་བཤད་རྗེས་འགྲོ་རྩིས་བྱས། གོམ་པ་འགའ་སྤོས་རྗེས་འདང་ཞིག་བརྒྱབ་སྟེ་གློ་བུར་དུ་ཕྱིར་འཁོར་ཡོང་ནས་གཞོན་ནུ་དེའི་དཔྲལ་བར་ལག་པས་རེག་ ཙམ་བྱས་འཕྲལ་རྒད་པོ་སྐྲག་སོང༌།

  “མ་བཟང༌། ནད་བྱུང་འདུག”

  ར་བྷོ་ངག་དབང་སྔར་བཞིན་གྲོང་ཁྱིམ་དེའི་འདབས་སུ་ཐོན། ཕར་བལྟས་ཚེ། གྲོང་ཁྱིམ་དེ་ཐག་མི་རིང་བའི་ས་ན་ཅང་ཐར་ཐོར་དུ་ཆགས་ཤིང༌། སྡེ་བའི་མར་མཐའ་ན་ཤུག་སྡོང་ཆེན་པོ་ཞིག་རང་སྐྱེས་ཀྱི་ཚལ་དུ་ཀྲོང་ངེར་ལངས་ཤིང༌། མི་རྣམས་ལམ་ན་འགྲོ་དུས་བལ་དཀར་དུམ་བུ་རེ་ཡལ་གར་བཏགས་ཏེ་སྒོ་ཕྱུགས་ཀྱི་གཡང་སྲུང་བར་སྨོན་ལམ་འདེབས། ར་བྷོ་ངག་དབང་གིས་བལྟས་ཀྱིན་བལྟས་ཀྱིན་དུས་རབས་བཅུ་གསུམ་པར་དོར་རྟ་ནག་པོས་སོག་དམག་བོད་དུ་ཕབ་སྟེ་ཤི་བསད་འཁོར་ལོ་སྐོར་དུས་ཀྱི་མདོ་སྨད་ཀྱི་རི་གྲོང་ཞིག་ཡིན་པའི་སྣང་བ་སྐྱེས། “གནའ་བཤད་ཨ་ཁུས”ཁོ་ལ་སྡོང་རྒན་ཁེར་སྐྱེས་དེའི་གསང་བ་ཅི་ཡང་བཤད་མ་མྱོང༌།

  རེ་ཞིག་ནས་ར་བྷོ་ངག་དབང་གིས་གོམ་པ་སྤོ་མཚམས་བཞག ཁོས་ཅེ་རེར་མདུན་ཕྱོགས་ཀྱི་རི་ཁུག་ན་བང་སོ་ཞིག་གི་གམ་དུ་གསར་བུ་ཞིག་གིས་ཁུ་སིམ་མེར་ཚ་གསུར་ཕུད་པ་དེར་བལྟས། ཁོའི་སེམས་ལ་དགོད་བྲོ་བའི་སྣང་བ་ཞིག་སྐྱེས། མི་ཞིག་གི་མཐའ་མའི་དབུགས་རྒྱུ་དེ་ཆད་མ་ཐག་མི་མང་པོ་ཞིག་གིས་སྐྱོ་ཤུགས་དྲག་པོས་ངུ་འབོད་བྱེད་ཅིང༌། མི་ནི་ནམ་ཡིན་ཡང་འཆི་ངེས་པ་མ་ཡིན་ནམ།

  ར་བྷོ་ངག་དབང་ལམ་ལ་འགྲོ་བཞིན་སེམས་ལ་དྲི་བ་སྣ་ཚོགས་ཤིག་ཤར། དེ་དག་ནི་མི་ཚེའི་ ལྟ་བ་ཤ་སྟག་དང་འབྲེལ་ཡོད་པས་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ། ཁོས་མགོ་བོ་འཕྲེད་དུ་གཡུག་ནས་དེ་དག་ལ་སུན་སྣང་སྐྱེས་པ་ལྟར་སུས་ཀྱང་མི་ཚོར་བའི་ངང་རྒྱ་སྐད་ཀྱི་གླུ་དབྱངས་གསར་བ<<མི་ཚེ་དངོས་འབྲེལ་ཆུ་བོའི་རྒྱུན་དང་འདྲ>>ཞེས་པ་དེ་སྣ་ཁུང་ནས་བླངས།

  “ཨེ—ང་ལ་སྒུག་རོགས།”གློ་བུར་བའི་འབོད་སྒྲ་ཞིག་ཐད་ཀར་ཁོའི་རྣ་ལམ་དུ་ཟུག ཁོས་སླར་ཡང་གོམ་པ་སྤོ་མཚམས་བཞག

  ད་ཅི་ཁོ་རང་ཡོང་ཤུལ་གྱི་ཅུང་མི་རིང་བའི་ས་ན་གསར་བུ་དེ་ཚུར་ཕྱོགས་སུ་བརྒྱུགས་ནས་འོང་གིན་འདུག ཁོ་གཉིས་ཀྱི་བར་ཐག་ན་མུས་བརྒྱ་ཕྲག་ཙམ་ཡོད་དུས་ད་གཟོད་ར་བྷོ་ངག་དབང་གཉིད་ལས་སད་པ་ལྟར་གྱུར་སོང༌།

  “ཨ་ཙི། ཁྲ་རིལ་མིན་ནམ”ཁོ་རང་ཡང་ཕར་ལ་བརྒྱུགས།

  ཁོང་གཉིས་ཀ་འཕྲད་དུས་ཁྲ་རིལ་སེམས་འགུལ་ཐེབས་པ་ལྟར་མིག་མཐར་དགའ་སྐྱོའི་ཆུ་ གོར་འོད་ཡུག་ཡུག་ཅིག་འཁྱིལ་ནས། “ངས་ཀྱང་ཁྱོད་ཉིད་ངེས་པར་དུ་ཡོང་བར་སེམས”ཟེར།

  “ངས‘གནའ་བཤད་ཨ་ཁུའི’གཏམ་རྒྱུད་དག་སྒྲུང་གཏམ་དུ་བྲིས་ཟིན་པས། ཁྱེད་གཉིས་ལ་ད་དུང་བཀའ་དྲིན་ཞུ་དགོས། ངེད་གཉིས་མགྱོགས་པོར་འགྲོ། ཨ་ཁུས་ཀྱང་སྒུག་ཡོད་ངེས།”ར་བྷོ་ངག་དབང་གིས་སྤྲོ་སྣང་ངང་ཁྲ་རིལ་གྱི་ལག་པ་གློད།

  ཁྲ་རིལ་མི་འགྲོ། ཁོའི་མགོ་བོ་དུད་ནས་ཁ་མི་གྲགས།

  “ཁོང་གཤེགས་སོང༌།”ཁྲ་རིལ་གྱིས་ལྡབ་ལྡིབ་ངང་དེ་ལྟར་བཤད་བྱུང༌།

  “སུ། ཁྱོད་ཀྱིས‘གནའ་བཤད་ཨ་ཁུ’ཟེར་རམ།

  “ཨིན། ཁོང་ནི་ངའི་ཨ་མྱེས་ཡིན། ང་རང་ཚ་བོ་ཞིག་བྱས་ཏེ་ཁོ་ལ་ཕན་ཅི་ཡང་ཐོགས་མེད། ཁོང་འདི་ལྟར་གཤེགས་སོང༌།”ཁྲ་རིལ་གྱིས་མིག་ཆུ་

  འབྱིད།

  ར་བྷོ་ངག་དབང་ཧད་སོང༌། ཁོས་ཧྲིག་གེར་ཁྲ་རིལ་གྱི་མཆི་མས་བརླན་པའི་གདོང་ཆུང་ངུ་དེར་ལྟ་བཞིན་སྙིང་གས་པ་ལྟ་བུའི་སྡུག་བསྔལ་བྱུང༌། ཁྲ་རིལ་ཡང་ཕར་འཁོར་ནས་སྐད་དམའ་མོས་ངུ་སྔངས་བྱེད། ངོ་མས་རློམ་ཐབས་དཀའ། ཨ་ཁུ་ཁོང་ཉིད་ཀྱི་མི་ཚེ་འདིའི་དཀའ་ཚེགས་ཆེ་བའི་འཚོ་བ་དེ་ཇི་འདྲའི་ཁོད་མི་སྙོམས་ཤིང་ཀྱག་ཀྱོག་ཆེ་ན་ཡང༌། ཁོང་ཉིད་གཞོལ་ཐབས་མེད་པའི་ལོ་ཟླའི་གོ་རིམ་གྱིས་མཐའ་གཅིག་ཏུ་རྒས་པའི་ལམ་དུ་དེད་ན་ཡང༌།ཁོང་གི་བླ་ན་མེད་པའི་སྤོབས་པ་དང་རྒས་ཉམས་མེད་པའི་ལུས་སྟོབས་དེ་ད་དུང་ཡང་ཁོའི་མིག་ལམ་དུ་གསོན་པོར་ཤར་ཡོང༌།

  ཁྲ་རིལ་དང་ཁོང་གཉིས་བང་སོའི་གམ་དུ་ཐོན་སྐབས་ད་གཟོད་ཁྲ་རིལ་གྱིས་སྐད་ཆ་འདི་ གཞི་ནས་ཁོ་ལ་བཤད། “ཁྱོད་ཡིད་ཆེས་ཀྱི་མི་འདུག

  འདི་འདྲ་རེད།”ཁྲ་རིལ་གྱིས་བཤད་རྒྱུར།

  “དེ་དུས་འབྲོང་ལུང་གི་མི་བཞི་བསད་པའི་རྗེས་ནས་ཡུལ་འདིར་ཡང་བཀྲ་མི་ཤིས་པའི་ལྟས་ངན་སྣ་ཚོགས་བྱུང༌། ཉིན་ཞིག་སྦྲང་མོ་ཕྱགས་མ་བཟུང་བ་ཞིག་སྡེ་དཔོན་ལྷུན་གྲུབ་ཚང་གི་ལུག་ ཁྱུའི་ནང་ལ་བརྒྱུད་ནས་འགྲོ་དུས་གར་སོང་ཆ་མེད་དུ་གྱུར། དགོང་མོ་དེར་ཁོང་ཚང་གི་ལུག་ཁྱུར་སྤྱང་ཀི་བརྒྱུགས་ནས་ལུག་ཆེ་ཆུང་ལྔ་བཅུ་བསད་སོང༌། ཁོང་ཚང་གིས་ཨ་ཁུ་འགའ་བོས་ཡོང་ནས་རིམ་གྲོ་སྒྲུབ་དུས་གློ་བུར་དུ་ཨ་ཁུ་ཞིག་སྨྱོས་ཏེ་ཀུ་ཅོ་འདོན་ཞིང་གྲལ་དཀྱིལ་ནས་གཅེར་བུར་ཕར་རྒྱུགས་ཚུར་རྒྱུག་བྱས། ཁྱོད་ཀྱིས་ཤོད་དང༌། འདི་ལྟས་ངན་མིན་ནམ།

  “དེའི་རྗེས་སུ། དགོང་མོ་ཞིག་ལ་སྡེ་དཔོན་ལྷུན་གྲུབ་གཉིད་ནས་ཡོད་དུས། རྨི་ལམ་དུ་བུད་ མེད་ནག་པོ་འབྲོང་རྒོད་ཀྱི་ལག་གཡས་ཐོགས་པ་ཞིག་གིས་ཀི་ཤུར་ཐེངས་གསུམ་བཏབ་སྟེ‘ཨ་བུ་སྡུག་མ་ཉལ་ཡར་ལ་ལོངས། མི་དགོས་གད་སྙིགས་གཞོང་བ་དང༌། སྤུངས་ཀྱིན་སྤུངས་ཀྱིན་ཇེ་མཐོ་ཡིན’ཞེས་བཤད་ནས་ཡལ་སོང༌། དེ་ནི་གཞི་བདག་གི་ལུང་བསྟན་ཡིན་རྒྱུ་རེད། རྒད་པོ་ཚོ་འདུས་ནས་ཡང་བསྐྱར་རྒྱག་རེས་བྱེད་རྒྱུའི་གྲབས་བཤམས།

  “སྐབས་དེར་ཨ་མྱེས་ཀྱིས་ཞུ་བ་བྱས་མོད་སུས་ཀྱང་མ་ཉན། ཐེངས་དེར་སྐྱ་མི་བརྒྱད་ཅུ་ཡོད་མོད་ཅི་ཡང་མ་ཐུབ། ཕ་རོལ་བའི་ལག་ན་བོའུ་འདུག་ཟེར། ཚུར་ལ་གཅེས་ཕྲུག་བཅུ་ཐམ་པའི་ཚེ་སྲོག་བཅད། ཨ་མེས་ཀྱིས་དེ་ལ་སེམས་ཁྲལ་བྱས་ཏེ་ཉིན་དཀར་ཟས་མི་ཟ། དགོང་མོ་གཉིད་མི་ཁུགས། ལུས་པོ་ཉིན་རེ་བཞིན་ཇེ་སྡུག་ཏུ་གྱུར་ཏེ་ན་ནིང་སྟོན་ཀར་འདས་སོང……”

  ཁོང་གཉིས་ཀར་ཁ་བརྡ་ཅི་ཡང་མེད་པར་བང་སོའི་གམ་དུ་ལངས། ར་བྷོ་ངག་དབང་གི་མིག་མཐར་ཡང་རིམ་བཞིན་ཆུ་ཞགས་ཤིག་འཁྱིལ་ཞིང་མདུན་གྱི་འཇག་མ་ཐར་ཐོར་སྐྱེས་པའི་བང་ སོར་ཅེར། ཁོས་ངག་ནས་སུས་ཀྱང་མི་ཚོར་བའི་ཤབ་ཤུབ་ཅིག་ཟློ་བཞིན་ཡ་ང་བའི་གཏམ་རྒྱུད་མང་པོ་ཞིག་ལ་ཕྱིར་འདང་བརྒྱབ། གླིང་གེ་སར་རྒྱལ་བོ་ཞིང་ལ་ཕེབས་ཁར་ནང་ཁུ་བོ་ཨ་ཁུ་ཁྲོ་ ཐུང་བཏུལ་བ་ནས—ལྷ་ལུང་དཔལ་རྡོར་གྱིས་ལྷ་སྲས་དར་མ་བཀྲོངས་ནས་བོད་ཁམས་སིལ་བུར་ཐོར་བ—ནང་བའི་གྲུབ་མཐའ་རེ་རེས་དབང་ཆ་བརྩད་དེ་ནང་འཁྲུག་གི་ཁྲག་དམར་བཞུར་བ—ད་དུང……

  “ནང་འཁྲུལ་ཡོད་ཚད་འདི་ནས་མཇུག་རྫོགས་དགོས་ཨང༌།”ར་བྷོ་ངག་དབང་གིས་ཤུགས་རིང་ཞིག་འཐེན་བཞིན་དེ་ལྟར་ཆིག་ལབ་བརྒྱབ།

  “འདི་ལྟརམཇུག་རྫོགས་མི་ཉན”ཟུར་ནས་ཁྲ་རིལ་གྱི་ཁ་གྲགས་བྱུང༌།

  “ཅི་ལ?ཁྱོད……”

  “འོ་ན་ངས་ཨ་མྱེས་ཀྱི་རོ་སྐྱིན་ལེན་མི་དགོས་སམ། ངེས་པར་དུ་ལེན་དགོས་སམ། ངེས་པར་དུ་ལེན་དགོས།”

  ར་བྷོ་ངག་དབང་ཡང་བསྐྱར་ཁ་མ་གྲགས། ཅུང་ཙམ་ནས་ཁོས་ཁྲ་རིལ་ལ་སྐད་དམའ་མོས། ཨ་ཁུ་ཁོང་གིས་དཀའ་ཚེགས་ཆེ་བའི་འཚོ་བའི་ལམ་འཕྲེང་རེ་རེ་བཞིན་བརྒྱུད་ནས་མཇུག་རྫོགས་ཏེ་དཀའ་ལས་ཅི་ཡང་མེད་པའི་ཕ་སའི་ཕང་བར་བདེ་བར་གཟིམས་ནས་ཇི་སྲིད་དུ་ཕྱིར་ལོག་མི་སྲིད་ལ། ང་ཚོས་ཀྱང་ཁོང་གི་གཏམ་རྒྱུད་རེ་རེའི་ཁྲོད་ནས་ཉམས་མྱོང་དང་ངོས་ཟིན་རེ་བཙལ་ཏེ་མ་འོངས་པའི་ལམ་གསར་བ་ཞིག་ལ་བསྐྱོད་དགོས་པའི་གནས་ལུགས་མང་པོ་བཤད་པས་ཁྲ་རིལ་གྱིས་ཡང་བསྐྱར་ཁ་ཅི་ཡང་མི་གྲགས།

  ནུབ་ཟས་འཐུངས་རྗེས། ར་བྷོ་ངག་དབང་དང་ཁྲ་རིལ་གཉི་ག་ཕྱི་རོལ་ཏུ་འཆམ་འཆམ་ལ་ སོང༌། ཁ་སྒང་ཞིག་ཏུ་ཐོན་དུས་ཁྲ་རིལ་གྱིས་ཡར་ཕྱོགས་ཀྱི་རྫ་རི་ཞིག་བསྟན་ནས་“ངས་བརྗེད་ཀྱིན་འདུག ཨ་མྱེས་འདས་ཁར་ང་ལ‘ནམ་ཞིག་ར་བྷོ་འདིར་ཡོང་ངེས། ངས་བཤད་པའི་སྨྱོན་མ་དེ་གན་ཡིན་པ་ཤོད་རོགས’ཟེར། གན་ང་ཚོའི་གཞི་བདག་རེད། སྔོན་ཆད་བུད་མེད་ཅིག་ ཡིན”ཟེར། ར་བྷོ་ངག་དབང་གིས་རྫ་དེར་ལྟ་དུས་དངོས་གནས་བུད་མེད་གཅེར་བུ་ཞིག་སྐྲ་ལོ་གྱེན་དུ་གཟེངས་ནས་ཕ་རོལ་བའི་དགྲ་སྟེང་དུ་མཆོངས་པར་རྩོམ་པ་དང་འདྲ། ཁོའི་རྣ་ལམ་དུ་ ཡང་བར“གནའ་བཤད་ཨ་ཁུའི”བཤད་པའི་གཏམ་རྒྱུད་དེ་འཁོར།

  “སྔོན་བསྐལ་བ་ཆགས་ནས་ཅུང་མ་འགོར་བའི་སྐབས་སུ། ས་གཞིར་ལ་ཐུར་མེད་པར་ བདེ་ཞིང་སྙོམས……”

  ར་བྷོ་ངག་དབང་འདིར་བསྡད་པའི་རིང་ལ། ཁྲ་རིལ་དང་ལྷན་དུ་བསྡད་དེ་དགོང་མོ་རེ་རེར། སྔོན་དུས“གནའ་བཤད་ཨ་ཁུས་”ཁོ་ལ་བཤད་མ་མྱོང་བའི་གཏམ་རྒྱུད་མང་བོ་ཞིག་ཁྲ་རིལ་གྱིས་ཁོ་ལ་བཤད། དེ་དག་ནི་”གནའ་བཤད་ཨ་ཁུས”ཁྲ་རིལ་གཅིག་པུར་མ་གཏོགས་སུ་ལའང་བཤད་མ་མྱོང་བ་རེད། ཡིན་ཡང་ཁྲ་རིལ་གྱིས་གཏམ་རྒྱུད་རེའི་བར་ནས་རང་གི་ལྟ་ཚུལ་ཡང་བཤད།

  ཞོགས་པར། ར་བྷོ་ངག་དབང་ཕྱིར་ལོག་པའི་ལམ་ལ་ཆས། ཁྲ་རིལ་གྱིས་ཁོ་ལ་སྐྱེལ་མ་བྱས། གྱེས་དུས་ཁྲ་རིལ་ཁོའི་ལག་མགོར་འཇུས་ཏེ་དོན་ཅི་ཞིག་ལ་དོགས་མི་བདེ་བ་ལྟར་མགོ་བོ་དུད་ ནས“ངས་མི་ཤེས། ཨ་མྱེས་དང་ཁྱོད་གཉིས་འདི་འདྲའི་དུང་བ་ཟབ་དོན་ཅི་ཡིན”ཟེར།

  “ཁོང་གིས་ངའི་སྲོག་བསྐྱབས་མྱོང་ཕྱིར། ངས་ནམ་ཡིན་ཡང་ཁོང་གི་བཀའ་དྲིན་དེ་བརྗེད་མི་ སྲིད།” མཇུག་མཐར་ཁོས་མགོ་འཕྲེད་དུ་གཡུག་ཙམ་

  ངང“ད་བདེ་མོ་བྱོས། ངེད་གཉིས་ཀྱང་ནམ་ཡིན་ཡང་གྲོགས་པོ་ཡིན་ཟེར།”

  ར་བྷོ་ངག་དབང་བུད་སོང༌། སྡེ་མཐའི་སྡོང་རྒན་དེ་ད་དུང་ལྐོག་གྱུར་ངང་སྔོན་ཆད”གནའ་བཤད་ཨ་ཁུས་”ཁོ་རང་ལ་མིག་སྐྱེལ་བྱེད་པ་དང་འདྲ་བར་གཡོ་འགུལ་མེད་པར་ཀྲོང་ངེར་ལངས་འདུག་ཅིང༌། ཁྲ་རིལ་གྱིས་ཐག་རིང་བར་དུ་ར་བྷོ་ངག་དབང་གི་རྒྱབ་གཟུགས་ལ་ཅེར་ཞིང་ཁ་འཕྲུག་འཕྲུག་ངང”མཁའ་དབུགས་རབ་རིབ་ཡིན་པའི་ས་སྲོད་ཅིག་ལ།……”ཞེས་པའི་གཏམ་རྒྱུད་ཐུང་ངུ་དེ་བཟླས།

  ར་བྷོ་ངག་དབང་ཕྱིར་ཡུལ་དུ་ཐོན་དུས་ཁོའི་བུ་ཆུང་ལོ་ན་བརྒྱད་ལ་སོན་པ་དེ་ཡང་སློབ་གྲྭ་ གྲོལ་ནས་ཡུལ་དུ་ཐོན་འདུག ཁོ་རང་ལ་ཡང་ལོ་རྒྱུས་ཀྱི་འགྲོས་རིམ་རིང་བོ་ཞིག་ཕྱིར་ཉུལ་བྱས་པ་ལྟ་བུའི་ཐང་ཆད་པའི་སྣང་བ་ཞིག་སྐྱེས་ཤིང་འབོལ་ཁྲིའི་སྟེང་དུ་ཙོག་ནས་དུ་བ་ཞིག་ལ་མེ་བསྒོས་པ་དང་ལྕམ་མོས་ཇ་ཤེལ་དམ་གང་བླུགས་ཏེ་མདུན་དུ་བཞག

  “ཨ་ཕ། ཁྱེད་ཀྱི་ཡི་གེ།”བུ་ཆུང་གིས་འཕྲིན་ཡིག་ཅིག་ཁྱེར་ནས་བརྒྱུགས་ཡོང་སྟེ་ཁོ་རང་ལ་བྱིན། འཕྲིན་ཤུབས་ཀྱི་གཤམ་ཐད་དུ་“ཁ་བ་ལེབ་

  མོ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ནས”ཞེས་བྲིས་འདུག ཁོས་ཡི་གེ་ཤུབས་ནས་བླངས་རྗེས་བུ་ཆུང་ལ་འདོན་དུ་བཅུག

  བློ་མཐུན་ར་བྷོ་ངག་དབང་ལགས།

  ཉིད་ཀྱི་<<ཁ་བཏགས་དང་འབྲེལ་བའི་རྣམ་ཤེས>>ཞེས་པ་དེ་སྐབས་108པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔྱད་བསྡུར་ཁྲོད་ཕུལ་བྱུང་བརྩམས་ཆོས་སུ་བདམས་ཐོན་བྱུང་བས། ཁྱེད་རང་དུས་ལྟར་བྱ་དགའི་ཚོགས་འདུར་ཞུགས་པར་འཚལ།

  ལྕམ་མོ་མྱུར་བར་ཁོའི་གམ་དུ་ཡོང་ནས་“ར་བྷོ། དངོས་ནས་ཨེ་རེད། ངོ་མ་བཟང་འདུག ད་ཐེངས་སྒོར་མོ་མང་ཙམ་ཡོད་ངེས། ཅིས་ཀྱང་ཚོན་ལྡན་བརྙན་འཕྲིན་ཞིག་ཉོ་ཐབས་བྱེད” ཟེར།

  ཁོས་མུ་མཐུད་དུ་དུ་བ་ཞིག་ལ་མེ་བསྒོས་ནས་ཁམ་གང་རྔམ་འཐེན་བྱས་རྗེས་བསམ་བློ་གཏོང་བཞིན་འདས་ཟིན་པའི་གཏམ་རྒྱུད་ཅིག་བསྐྱར་དྲན་བྱས།

  “‘གནའ་བཤད་ཨ་ཁུ’ལགས། ཁྱེད་རང་བདེ་བར་གཟིམས་ཤིག ངས་མུ་མཐུད་དུ་ཁྱེད་བཟའ་མི་གཉིས་ཀ་ཇི་སྲིད་བར་དུ་ལྷན་སྡོད་བྱེད་དུ་འཇུག་ངེས།”

                                                         1992ལོའི་ཟླ2པའི13ཉིན་རྟ་མཚོ་དམར་བོའི་འགྲམ་དུ།

རྩོམ་ཁུངས། དུས་དེབ《གངས་རྒྱན་མེ་ཏོག》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་དབུགས་རབ་རིབ་ཡིན་པའི་ས་སྲོད་ཅིག་ལ།

2009-02-17 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།