སྒྲོལ་མ་དང་ཨ་ཕ། ཆང་། (<སྒྲོལ་མ་ཉེར་གཅིག>གི་ལྔ་བ)

     “སྒྲོལ་མ། ལུག་འདྲེས་མི་ཉན། མུག་སྡེ་འདི་ནས་ད་སྐབས་ལུག་བོར་ན་རྒྱ་ཁབ་ཐལ་ནང་ལ་ལྷུང་པ་དང་མཚུངས། ཨེ་གོ་ཐལ།”ལྷ་མོས<<སྒྲོལ་
མ>>འདོན་བཞིན་ལྷས་འདབས་ན་ལུག་ཁྱུའི་ཕྱོགས་སུ་འགྲོ་བཞིན་པའི་བུ་མོར་དེ་སྐད་བཤད།
      “ཡ་ཡ་ཨ་མ།”
      བུ་མོ་སྒྲོལ་མ་རྡོ་དཀར་སློབ་ཆུང་གི་ལོ་རིམ་ལྔ་བའི་སློབ་མ་ཡིན། དབྱར་གནང་དང་དགུན་གནང་སྐབས་སུ་ཕུ་བོའི་ཚབ་ཏུ་ཕྱུགས་རྫིར་འགྲོ་བ་ནི་
ཁོ་མོའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་ལ། མོ་དེ་ལ་སྤྲོ་སྣང་ཡང་ཧ་ཅང་ཆེ།
      ཐེངས་འདིའི་དབྱར་གནང་ལ་མོས་ལུག་འཚོ་ཞོར་དུ་ཉིན་ཐོ་སུམ་ཅུ་འབྲི་རྩིས་ཡོད།
     “སྒྲོལ་མ། པདྨ་ཨོལ་ལུག་ཚང……ཨོ་ཨོ་ངའི་ཁ་འདི། ཨ་ཁུ་པདྨ་ཚང་ལ་མ་སྲེས། དེ་ཚང་གིས་རིག་རིག་བཤའ་ངེས་ཡིན།”
     “འོ་ཡ་ཡ།”
      སྒྲོལ་མ་མགྱོགས་མྱུར་གྱིས་གདོང་ག་དེའི་ངོས་ལ་འགོས། ལྷ་མོས་བུ་མོའི་རྗེས་ལ་ལྟ་བཞིན་དངན་པ་རིང་བོ་འགའ་བསྟུད་མར་འཐེན་རྗེས།
     <<སྒྲོལ་མ>>འདོན་བཞིན་ཐང་ས་ལས་ཨོང་བ་ཉུང་ཙམ་ཐུ་ཁུད་ལ་བཏུས་ཏེ་མྱུར་བ་མྱུར་བར་སྦྲ་ནང་ལ་འཛུལ།
       ཁྱོ་བོ་ཚེ་རིང་བྱམས་ད་རུང་བཟི་འདུག་པ་འདྲ།
       སྔར་སྲོལ་ལྟར་སྔུར་བ་འཐེན་བཞིན་གཉིད་དུ་ཡུར་ཡོད་ལ། བུ་མགོན་པོས་ཕོ་ཁྱིམ་གྱི་ཡར་སྒྱིད་ནས་སྐྱིལ་ཀྲུང་གོ་རོ་རོ་ཞིག་བཅོས་ཏེ་ཐ་མག་
འཐེན་བཞིན་མཆིས།
       ལྷ་མོས་རྐང་འཇབ་ལག་འཇབ་ཀྱིས་སླ་ང་ཐབ་ལ་བསྐྱོན་ཏེ་ཆུ་ཉུང་ཙམ་བླུགས་རྗེས། སླར་ཡང་རྐང་འཇབ་ལག་འཇབ་ཀྱིས་ཤ་སྒྱེ་ལས་ཤ་རྡོག་
ཅིག་བླངས་ཏེ་འཐག་འགོ་བརྩམས། མོས་ཁྱོ་བོ་ལ་ཁུ་དྭངས་གདུ་རྩིས་ཡོད།
     “ཨ་མ། ལས་རོགས་བྱེད་དགོས་སམ།”
       མགོན་པོའི་སྐད་འགོ་ཅུང་མཐོ།
       ལྷ་མོས་གཡས་ལག་འཕྲེད་དུ་གཡུག་བཞིན་རྐང་འཇབ་ལག་འཇབ་ཀྱིས་མྱུར་བ་མྱུར་བར་མགོན་པོའི་གམ་དུ་སོང་ནས“ཁ་རོག  ཨ་ཕ་ཆང་
གིས་གནོད་འདུག  གཉིད་ལས་དཀྲོག་མི་ཉན”ཞེས་བཤད།
     “ཨ་ཕར་ཆང་གིས་གནོད་མེད་པའི་ཉི་མ་ནམ། ཁོས་སྒྲོལ་མའང་ཆང་ལ་བརྗེས། མི་ཁྲེལ་མེད……”
       ལྷ་མོས་མགོན་པོས་རང་གི་ཕ་ལ་སྐད་ཆ་མི་ལེགས་པ་ཞིག་བཤད་རྒྱུ་རེད་བསམས་ཏེ་གང་མྱུར་གྱིས་བུའི་ཁ་ལག་པས་བཅད།
       ཚེ་རིང་བྱམས་གྱིས་སྔར་བཞིན་སྡུར་བ་འཐེན་པས། ལྷ་མོའི་སེམས་པ་ཅུང་བདེ་ལ་བབས་ཏེ་མུ་མཐུད་དུ་ཤ་འཐག
      ནངས་ཇ་མིན་པའི་ནངས་ཇ་དེ་འཐུང་རྗེས། ཚེ་རིང་བྱམས་ཀྱིས་ཁ་ལག་ཀྱང་མ་བཀྲུས་པར་སྦྲ་སྒོའི་གདན་དཀར་སྟེང་གློ་ཉལ་བྱས་ཏེ་ཝུ་ཆང་
འཐུང༌། ལྷ་མོའི་གདོང་ལ་ཅི་ཞིག་བཤད་འདོད་རུང་བཤད་མི་ཕོད་པའི་ཉམས་ཤིག་ཤར་ཏེ། <<སྒྲོལ་མ>>འདོན་བཞིན་འོ་མ་བཤིག  མགོན་པོས་
ཨ་ཕ་ལ་སྡང་མིག་གིས་ལྟ་ཞོར་དུ<<ཐོག་གླིང་གཡུལ་འགྱེད>>ལ་བལྟས།
      “ཚེ་རིང་བྱམས།”
      “ཅི་རེད?”ཁོས་ཅི་མི་སྙམ་པའི་ངང་ནས་ཆུང་མའི་ཚིག་ལ་སྒུག
      “ངས་བལྟས་ན། སྒྲོལ་མ་གནས་ལ་སྟེར་སྔ་སོང༌།”
      “སྔ་སོང?མོ་ལོ་བཅུ་བཞི་རེད། ད་རུང་སྔ་སོང་ངམ། ཁྱོད་ངེད་ཚང་ལ་ཡོང་དུས་ལོ་བཅོ་ལྔ་ཡིན་པ་མ་བརྗེད།”
      “མ་བྱིན་ན་མི་ཆོག་གམ། མོ་ད་རུང་སློབ་མའང་རེད།”མོས་ཁྱོ་གའི་འགྲམ་ལྕག་ལ་བསྒུགས།
      “སློབ་མ་ཡིན་པའི་མི་ཚད་བླ་མ་ཡིན་རུང་བཀོད་པ་མེད། མནའ་བཅད་བཟའ་ཟླ་གཉིས་ཀས་ཞུ་བ་ཡང་ཡང་བྱས་ན། མི་སྟེར་ཀ་རེད། ངས་ཀྱང་
       ཁོ་གཉིས་ཀྱི་རེ་བ་ལྟར་སྒྲོལ་མ་ལོ་བཅོ་ལྔར་སོན་ན་སྐྱེལ་རྒྱུ་བྱས། ད་ནས་བཟུང་མོ་སློབ་གྲྭར་འགྲོ་མ་དགོས་པ་རེད།”
       “སྲིང་མོའི་གནས་ཡུལ་འཕྱུགས་མེད། པད་རྐུན་ཨོལ་ལུག་ཚང་རེད། ཁོ་ཚང་གི་མི་ཆེ་ཆུང་ཚང་མ་རྐུས་ལ་མཁས། རྗེས་ཕྱོགས་སུ་འཚོ་བར་འདང་
རྒྱག་མེད།”མགོན་པོས་ཨ་ཕར་ཟུར་ཟ་བྱེད་ཆེད་དེ་སྐད་བཤད།
       “ཨ་མའི་ལོ་ལོ་ཁ་རོག ཨ་ཕར་དེ་འདྲ་བཤད་མི་རུང༌།”
       “ཨ་ཕ། སྐབས་དེར་ཁྱོད་བཟི་ཡོད་དམ?”མགོན་པོས་ཨ་མར་ཁ་ཡ་ཙམ་ཡང་མི་བྱེད།
       “ཅུང་བཟི་འདུག  ཡ?”
       “སྲལ་གི  ཁྱོད་ཚང་གིས་བཟི་ཐེངས་རེར། ཨ་མ་ལ་ཆང་སྐྱོན་ཡིན་ཚིམ་པ་ཞིག་ཕུད་དེ། བཟི་དྭངས་དུས་ཆང་འཐུང་གི་གཏམ་དང་གཉིད་གུང་གི་
གཡག་ཟེར་ནས་རང་ཉེས་ཡག་ལ་བསྒྱུར་བ་མིན་ནམ། ད་ཐེངས་བཀོད་པ་དེ་བཀོལ་ཐུབ་ན……”
      “སྐྱག་གཟན་འདི།”ཚེ་རིང་བྱམས་ཀྱིས་ཝུ་ཆང་གི་དམ་བེ་སྟོང་བ་ཞིག་བཟུང་ནས་ཡར་ལངས་མོད། མགོན་པོ་འབྲོ་བ་ཕར་ཞོག་འགུལ་ཙམ་ཡང་
མི་བྱེད་པར་འགྲམ་པ་འབེན་ལ་བཞག་པས། ཁོ་འུ་ཐུག་སྟེ“དང་ཐོག་ཁྱོད་སློབ་གྲྭར་མ་བསྐྱལ་བ་ནི་ངའི་ནོར་འཕྱུགས་ཤིག་རེད”ཅེས་བཤད་བཞིན་
སར་ཙོག
      “འོ་ན་སྒྲོལ་མ་ཡ་རབས་ཀྱི་གྲས་སུ་གཏོགས་རུང༌།  སློབ་གྲྭར་མངགས་དོན་ཅི།”
     “དེ་ནི་ར་མ་ཟོག་མིན་པ་དང་བུ་མོ་མི་མིན་པའི་རྐྱེན་ཡིན།”
      “ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག  ཤུ”ལྷ་མོས<<སྒྲོལ་མ>>ཚར་གཅིག་དངན་པའི་ཁྲོད་བཏོན་ནས་མཇུག་རྫོགས། སྒྲོལ་མའི་ཚེ་གཅིག་
ཀྱང་དངན་པའི་ཁྲོད་མཇུག་རྫོགས་དགོས་སམ།
                                                                         1992.6.1
 
རྩོམ་ཁུངས། སྒྲུང་ཐུང་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་མ་དང་ཨ་ཕ། ཆང་། (&lt;སྒྲོལ་མ་ཉེར་གཅིག&gt;གི་ལྔ་བ)

2008-10-30 བཀྲ་བྷ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།