ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༠

                                         བཅུ།
  བུ་མོ་ཆུང་བ་ཀླུ་མོ་སྒྲོལ་མ་བཙས་ནས་ལོ་གསུམ་ཙམ་འགོར་བའི་དུས་དེར། ཡུལ་ཕྱོགས་ནས་ཚེ་སྐྱིད་ཀྱི་ཨ་མ་ཨ་ནེ་བཀྲ་ཁོ་ལ་མཆིན་ནད་བྱུང་སྟེ་ཉལ་སར་ལྷུང་སོང་བས། ཁོ་མོས་སྡེ་བའི་ནང་གི་མི་ལ་སྐད་བཏང་སྟེ་ཚེ་སྐྱིད་ཁོ་མོར་སྐོར་ཞིག་རྒྱག་ཏུ་ཤོག་ཅེས་བཤད། ཚེ་སྐྱིད་ཀྱིས་རང་ཉིད་ཡུལ་དུ་ཕྱིན་ན་དུས་ཡུན་རིང་བོ་ཞིག་འགོར་ངེས་པ་དང་། བུ་མོ་གཉིས་ཀ་ཧ་ཅང་ཆུང་བས་ཁོ་མོ་དེ་ལྟར་རང་ཁྱིམ་དང་ཁ་བྲལ་ན་སྟབས་བདེ་མིན་པར་སྙམ་སྟེ་དོན་གྲུབ་ལ་གྲོས་བྱས་ཏེ། ཨ་མ་ཡུལ་ནས་བསྡད་ན་སྨན་པར་སྟོན་མི་བདེ་བས་རྫོང་མཁར་དུ་ཁྲིད་ཡོང་ནས་རེ་ཞིག་ལ་སྨན་བཅོས་བྱས་ན་བཟང་ཚུལ་བཤད།
  དོན་གྲུབ་ཀྱིས་ཐེ་ཚོམ་དང་བཅས། “འོན་ཀྱང་་་་་་སྐྱ་བྷོས་ད་དུང་རང་མགོ་མི་ཐོན་པས་་་་ཨ་མ་འདི་གར་ཡོང་ན་ཁོ་ཅི་བྱེད་རྒྱུ་”ཅེས་ཟེར།
  ཚེ་སྐྱིད་ལ་ཡང་བྱ་ཐབས་གཞན་མ་བྱུང་བས་འདང་ཞིག་བརྒྱབ་ནས། “ཁོ་རང་ཡང་འདི་གར་ཁྲིད་ཡོང་ཆོགམིག་སྔར་ད་དུང་འདི་གར་སྡོད་ས་ཡོད་པ་རེད་”ཅེས་བཤད།
  དོན་གྲུབ་ཀྱིས་ཀྱང་ཡུན་རིང་ཙམ་ལ་བསམ་བློ་བཏང་རྗེས། “ད་ནི་དེ་ལྟར་བྱེད་པ་ལས་ཐབས་མི་འདུགསྐད་ཐོངས་ལ་ཁོ་མོ་འདི་གར་ཤོག་ཅེས་ཤོད་”ཟེར།
སྐད་ཆ་ཐོས་པས་ཚེ་སྐྱིད་ཡིད་འགུལ་ཐེབས་ཏེ་མིག་ཟུང་ལས་མཆི་མའི་ཟེར་མ་འཁྱུག་གིན་དོན་གྲུབ་ཀྱི་པང་དུ་མགོ་གླན་ཏེ། “ཁྱོད་ངོ་མ་བཟང་འདུག ངས་ཚེ་གང་བོར་ཁྱོད་ཀྱི་བཀའ་དྲིན་བརྗེད་མི་སྲིད་”ཅེས་བཤད།
  དོན་གྲུབ་ཀྱིས་ངུ་དགོད་ཅིག་བྱས་ནས། “དེ་ལྟར་ཟེར་དོན་ཅི་ཡོད། ངེད་གཉིས་བཟའ་ཟླ་ཡིན་པ་མིན་ནམ། ཁྱོད་ཀྱི་ཨ་མ་ཡང་ངའི་ཨ་མ་ཡིན་པ་རེད་”ཞེས་བཤད་པས་ཚེ་སྐྱིད་ཀྱང་བྱིས་པ་ཞིག་དང་འདྲ་བར་ཧ་ཅང་དགའ་བར་གྱུར་སོང་།
  ཨ་ནེ་བཀྲ་ཁོ་སྡེ་བའི་མི་འགས་བསྐྱལ་ཏེ་རྫོང་མཁར་དུ་ཡོང་བ་ཡིན་ཞིང་། ཁོ་མོ་རྫོང་མི་དམངས་སྨན་ཁང་དུ་ཡོང་ནས་ཟླ་གཉིས་མ་ལོངས་ཙམ་ལ་བསྡད་རྗེས་དབུགས་ཀྱི་རྒྱུ་བ་ཆད་པར་གྱུར་བ་རེད། སྨན་པས་བརྟག་དཔྱད་བྱས་ཏེ་ཁོ་མོའི་ནད་ནི་མཆིན་པའི་འབྲས་སྐྲན་རེད་ཅིང་དུས་ཚོད་ཧ་ཅང་འཕྱི་འདུག་པས་བཅོས་ཐབས་མི་འདུག་ཅེས་ཟེར། དོན་གྲུབ་ཁྱོ་ཤུག་གཉིས་ཀྱིས་སྨན་པའི་སྐད་ཆ་དེ་དག་ཁོ་མོར་གསང་ཐབས་བྱས་ན་ཡང་ཨ་ནེ་བཀྲ་ལོས་ཀྱང་སྔར་ནས་རང་ཉིད་ཀྱི་ནད་ཚུལ་ཅི་འདྲ་ཡིན་པ་ཤེས་ཀྱིན་འདུག་པས། སྐྱ་བྷོས་མི་ཐོས་སར་དོན་གྲུབ་དང་ཚེ་སྐྱིད་གཉིས་ཀ་ནད་ཁྲིའི་འཁྲིས་སུ་བོས་ཏེ་མིག་ཆུ་འཕོ་བཞིན་དུ་“ཁྱོད་གཉིས་ཀས་སྐྱ་བྷོར་བདག་སྐྱོང་ཞིག་བྱོས་”ཞེས་ཡང་དང་བསྐྱར་དུ་བཤད་ཡོང་། ཚེ་སྐྱིད་ཀྱིས་དོན་གྲུབ་ཀྱིས་ཅི་ཞིག་བཤད་ཡོང་ངམ་སྙམ་སྟེ་སྐད་ཆ་གཞན་བཤད་མི་ཕོད་ན་ཡང་། དོན་གྲུབ་ཀྱིས་ཁ་གང་སྔ་བྱས་ནས་“ཁྱོད་ཀྱིས་དོན་གཞན་ལ་འདང་རྒྱག་མི་དགོས། ཁྱོད་ལ་སྐྱོན་ཡོད་མི་སྲིད་”ཅེས་སེམས་གསོ་བྱེད། ཐ་ན་ཁོ་མོའི་མཇུག་མཐའི་དབུགས་རྒྱུ་ཆད་ཁར་ཡང་མིག་གིས་སྔ་གཞུག་ཀུན་ཏུ་སྐྱ་བྷོར་ཅེར་ཏེ་མིག་མཐའ་ནས་མཆི་མ་རྡོག་འགའ་འགྲིལ་བྱུང་། ཨ་མ་གློ་བུར་དུ་ཚེ་ལས་འདས་པ་དེས་ཚེ་སྐྱིད་ཀྱི་སེམས་ལ་སྡུག་བསྔལ་ཧ་ཅང་ཆེ་བ་སྨོས་མ་དགོས་མོད་ཁོ་མོས་དེ་ལས་ཀྱང་སེམས་ཁྲལ་བྱེད་ས་ནི་ད་ལྟ་སྐྱ་བྷོ་གཅིག་པུར་ལུས་སོང་བས་མ་འོངས་པར་ཁོ་རང་ལ་འཚོ་བ་ཇི་ལྟར་རོལ་ཏུ་འཇུག་རྒྱུ་དེ་རེད། ཨ་མའི་འདས་མཆོད་བསྒྲུབས་པའི་རྗེས་ནས་བཟུང་ཚེ་སྐྱིད་ནམ་རྒྱུན་འདང་རྒྱག་གི་ནང་དུ་ལྷུང་འདུག་པ་མཐོང་བ་ན་དོན་གྲུབ་ཀྱི་སེམས་ཀྱང་བདེ་ལ་འབབ་ག་ལ་ནུས། ཁོས་ཀྱང་ཁོ་མོ་སེམས་ཁྲལ་བྱེད་ས་དེ་ཅི་ཡིན་པ་རྟོགས་ཡོད་པར་མ་ཟད་ཐ་ན་རང་ཉིད་ཀྱིས་སེམས་ཁྲལ་བྱེད་ས་ཡང་སྐྱ་བྷོ་དོན་དག་དེ་ཡིན་པས་ནམ་རྒྱུན་དུ་ཁོམ་སྐབས་ཅུང་ཙམ་བྱུང་ཚེ་ཁྱིམ་ནང་གི་མི་སུ་ལའང་མི་བསྣད་པའི་ཐབས་བཀོད་ཅིག་ཨེ་རྙེད་ལ་བསམ་བློ་གཏོང་བར་བྱེད།
  ཉིན་ཞིག་གི་ནངས་ཇ་འཐུང་བའི་སྐབས་སུ། དོན་གྲུབ་ཀྱིས་ཡུན་རིང་བོར་བསམ་བློ་བཏང་རྗེས་བཤད་རྒྱུར། “ཁོ་རང་གང་བྱུང་ངང་འདི་ལྟར་བསྡད་ན་ཕན་ཐོགས་མི་འདུག་པས་རེ་ཞིག་སློབ་གྲྭའི་ནང་དུ་འགྲོ་རུ་འཇུག  རྗེས་ནས་ལོ་ན་ཡར་སོན་པ་ན་ཉེ་འཁོར་གྱི་ལས་ཁུངས་ཤིག་ཏུ་ལས་གཡོག་བྱེད་དུ་བཅུག་ན་རང་ཁ་གསོ་ཐུབ་པ་རེད་”ཅེས་བཤད།
  ཚེ་སྐྱིད་ཀྱིས་“འོན་ཀྱང་ཁོ་སློབ་གྲྭར་འགྲོ་མ་མྱོང་བས་ཡི་གེ་གཅིག་ཀྱང་ཤེས་པ་མ་རེད། སློབ་གྲྭར་ཨེ་དགོས་སམ་”ཞེས་དྲིས།
  དོན་གྲུབ་ཀྱིས་ཀྱང་ཐབས་ཟད་པའི་ངང་། “ལོ་རིམ་དང་པོའི་ནང་དུ་འཇུག་པ་ལས་ཐབས་མེད་པ་རེད། ངས་སློབ་ཆུང་གི་སློབ་གཙོར་གནས་ཚུལ་བཤད་ཆོག་”ཅེས་བཤད།
  སྐྱ་བྷོས་ཁོང་གཉིས་ཀྱིས་རང་ཉིད་སློབ་གྲྭར་སྐྱེལ་བའི་ཁ་བརྡ་བྱེད་པ་དེ་ཐོས་འཕྲལ་ཚེ་སྐྱིད་ལ་བལྟས་ཏེ། “ཨ་མ། ང་རང་སློབ་གྲྭའི་ནང་དུ་འགྲོ་མི་འདོད་”ཅེས་ཟེར།
  འགྲམ་དུ་སྐྱ་བྷོར་བལྟས་ཏེ་ཡོད་པའི་ལྷ་མོ་སྒྲོལ་མས་དེ་ཐོས་འཕྲལ་མ་དགའ་བའི་རྣམ་འགྱུར་གྱིས་“ཁྱོད་ཀྱི་ཨ་མ་མ་རེད། ངའི་ཨ་མ་རེད། ཨེ་རེད་ཨ་མ་”ཞེས་ཨ་མ་དང་ཨ་ཕ་གཉིས་ལ་བལྟས་བྱུང་།
  བུ་མོའི་སྐད་ཆ་དེ་ཐོས་པས་ཚེ་སྐྱིད་དང་དོན་གྲུབ་གཉིས་ཀ་ཡང་རང་རང་སར་ཅུང་དོགས་མི་བདེ་བར་གྱུར་ཏེ་ཕན་ཚུན་གྱི་གདོང་ལ་ལྟ་མི་ཕོད་པར་ཁ་རོག་གེར་བསྡད་སོང་། ཡུད་ཙམ་ནས་ཚེ་སྐྱིད་ཀྱིས་སྐྱ་བྷོར་བལྟས་ཏེ་སྡིགས་མོའི་ཚུལ་གྱིས། “སློབ་གྲྭར་མ་སོང་བར་ཁྱོད་ཀྱིས་ཅི་ཞིག་བྱེད་རྒྱུ། སློབ་གྲྭ་མ་སོང་བར་ཁྱོད་ཀྱིས་ཡི་གེ་ཤེས་སམ། སློབ་གྲྭར་སོང་ན་ཁྱོད་འདྲ་བའི་རྩེད་གྲོགས་ཀྱང་མང་པོ་ཡོད་པ་རེད་”ཅེས་བཤད།
  དོན་གྲུབ་ཀྱིས་ནངས་ཇ་འཐུང་རྗེས་ལས་ཀར་བུད་སོང་།
  དོན་གྲུབ་སོང་ཤུལ་དུ་ཚེ་སྐྱིད་ཀྱིས་སླར་ཡང་སྐྱ་བྷོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་དུ། “རྗེས་ཕྱོགས་སུ་ཁྱོད་ཀྱིས་ཨ་མའི་མིང་ལ་ཨ་མ་ཞེས་འབོད་མི་རུང་”ཞེས་བཤད།
སྐྱ་བྷོས་ཁོ་མོའི་སྐད་ཆའི་ཧ་ཅི་ཡང་མ་གོ་བར་མིག་མི་ཡོ་བར་ཁོ་མོའི་གདོང་ལ་ཅེར་ཏེ་“འོ་ན་ཇི་ལྟར་འབོད་དགོས་པ་རེད་”ཟེར།
  ཚེ་སྐྱིད་ཀྱིས་འདང་ཞིག་བརྒྱབ་སྟེ། “ཨ་ཅེ་ཞེས་འབོད་དགོས་པ་རེད། ཨ་ཅེ་ཞེས་འབོད་པ་དང་ཨ་མ་ཞེས་འབོད་པ་གཅིག་འདྲ་ཡིན་པ་རེད་”ཅེས་བཤད།
  སྐྱ་བྷོས་ད་དུང་ཡང་ཧ་མ་གོ་བར་“སློབ་གྲྭར་སོང་ན་ཨ་མའི་མིང་ལ་ཨ་ཅེ་ཞེས་འབོད་དགོས་པ་རེད་དམ་”ཟེར། ཚེ་སྐྱིད་ཀྱིས་དངན་པ་ཞིག་འཐེན་ནས་“རེད། ད་དུང་སློབ་གྲྭར་སོང་ན་ཡི་གེ་ཤེས་པ་རེད། རྗེས་ཕྱོགས་སུ་སློབ་གྲྭར་མི་འགྲོ་ཟེར་མི་རུང་”ཞེས་བཤད་པས། སྐྱ་བྷོས་ཀྱང་གཞི་ནས་ཅི་ཞིག་གི་ཧ་གོ་སོང་བ་ལྟར་མགོ་བོ་ནང་དུ་ལྡེམ་ཙམ་བྱས་ཏེ་ཁ་རོག་གེར་བསྡད་བྱུང་།
  ཕྱི་ཉིན་སྔ་སེ་དོན་གྲུབ་དང་ཚེ་སྐྱིད་གཉིས་ཀས་སྐྱ་བྷོ་ཁྲིད་དེ་མཁར་གྲོང་མི་རིགས་སློབ་ཆུང་དུ་ཕྱིན་པ་རེད།
  སྐབས་འདིར་སྐྱ་བྷོ་ཡང་ལོ་ན་བཅུ་གཉིས་ལ་སོན་ཡོད་པས་དོན་གྲུབ་ཀྱིས་སློབ་གྲྭའི་སློབ་གཙོ་ལ་བཤད་དེ་ཁོ་རང་སློབ་གྲྭའི་ནང་དུ་འཛིན་གྲྭ་མཐོ་ཤོས་ཀྱི་ཞག་སྡོད་སློབ་མའི་ཉལ་ཁང་ནང་དུ་ཞག་སྡོད་བྱེད་དུ་བཅུགཁོ་རང་ཐོག་དང་པོར་སློབ་གྲྭར་སྐྱེལ་བའི་ཉིན་དེར། མཚན་མོའི་དགོང་སྦྱོང་གྲོལ་ཏེ་སློབ་མ་ཚང་མ་ཉལ་ཁང་དུ་ཕྱིན་སོང་ཡང་། ཁོས་སྔ་དྲོ་སོང་བའི་རང་ཉིད་ཀྱི་ཉལ་ཁང་དེ་གང་ཡིན་ངོས་མ་ཟིན་པར་ཕར་བརྒྱུགས་ཚུར་བརྒྱུགས་ཀྱིས་བཙལ། སློབ་མ་གཞན་དག་གིས་དེང་ཐོག་ཁོ་ལ་སྐྲག་སློང་ཆེད་དུ་ཀུ་རེ་སྣ་ཚོགས་བཤད་དེ་དྲང་བོར་མ་བཤད་པས། མཇུག་མཐར་ཁོས་ཉལ་ཁང་མ་རྙེད་པར་སློབ་ཁང་གི་གྲུ་ཕུག་ཅིག་ཏུ་ཉལ་ནས་མཚན་སྐྱེལ་དགོས་བྱུང་ཞིང་། ཕྱི་ཉིན་སྔ་སེ་ནམ་གསལ་བ་དང་ཁོ་རང་སློབ་གྲྭ་ནས་བྲོས་ཏེ་ཕྱིར་ཁོང་ཚང་ལ་ཡོང་ཡང་ལམ་ནོར་ཐེབས་ཏེ་ཁྱིམ་ཚང་མ་རྙེད། འཛིན་གྲྭའི་དགེ་རྒན་གྱིས་སྐྱ་བྷོ་མི་འདུག་པ་མཐོང་འཕྲལ་ཐད་ཀར་དོན་གྲུབ་ལ་ཁ་པར་བཏང་བ་དང་། དོན་གྲུབ་ཀྱི་ཁྱིམ་ནང་དུ་ཁ་པར་བཏང་སྟེ་སྐྱ་བྷོ་ཡུལ་དུ་ཐོན་ཡོད་མེད་དྲིས་ཚེ་སྐྱིད་ཧ་ཅང་སྐྲག་པར་གྱུར་སོང་། ཁོ་མོ་དེ་མུར་རྫོང་མཁར་གྱི་སྲང་ཆེན་དང་སྲང་གོག་རེ་རེ་ནང་དུ་བརྒྱུགས་ནས་མི་སུ་ཐུག་ལ་རྒྱ་སྐད་དང་བོད་སྐད་འདྲེས་མས་སྐྱ་བྷོའི་གཟུགས་བྱད་དང་གྱོན་གོས་ཀྱི་ཁྱད་ཆོས་དག་བཤད་ནས་བྱིས་པ་དེ་འདྲ་ཞིག་ཨེ་མཐོང་ཞེས་དྲིས། མི་གཅིག་གིས་ཀྱང་མ་མཐོང་བར་འདུག་པས་ཁོ་མོས་གཞི་ནས་དེ་སྔོན་ཨ་མ་སྨན་ཁང་དུ་ཡོད་དུས་ཁོ་རང་ཡང་འགྲོ་མྱོང་བ་དྲན་ནས་དེར་སོང་བ་ཨེ་ཡིན་ནམ་སྙམ་སྟེ་སྨན་ཁང་གི་ཕྱོགས་སུ་བརྒྱུགས། ལམ་བར་དུ་སྲང་འདབས་ཤིག་ཏུ་མི་འགའ་རུབ་འདུག་པ་མཐོང་བས་མྱུར་མོར་དེ་གར་འཚངས་ནས་བལྟས་པ་ན་སྐྱ་བྷོ་གྲུ་ཕུག་ཅིག་ཏུ་ཙོག་ནས་ངུ་བཞིན་འདུག་ལ། མཐའ་འཁོར་གྱི་མི་ཚང་མས་སྙིང་རྗེ་དང་བཅས་ཁོ་རང་སུ་ཚང་གི་ཡིན་ཚུལ་ཡུལ་གང་ཡོད་པ་འདྲི་ཡིན་ཡོད་ན་ཡང་ཁོ་ལ་ལན་གདབ་རྒྱུ་ཅི་ཡང་མེད་པར་ངུ་རྐྱང་བྱེད།
  ཚེ་སྐྱིད་ནི་སྙིང་འཕར་དྲགས་པས་སྐྱ་བྷོ་མཐོང་འཕྲལ་ཕར་བརྒྱུགས་སོང་སྟེ་དེང་ཐོག་འགྲམ་ལྕག་ཅིག་གཞུས་ནས་“ཁྱོད་སློབ་གྲྭ་ནས་མི་སྡོད་པར་གང་དུ་འགྲོ་བ་ཡིན་”ཟེར་བ་དང་། དེ་ནས་སླར་ཡང་ཁོ་བྲང་ཁར་སྦྱར་ནས་མོ་རང་ཉིད་ཀྱང་ངུས་བྱུང་།
སྐྱ་བྷོ་ངུ་བཞིན་དུ་“ང་སློབ་གྲྭར་འགྲོ་མི་འདོད་”ཟེར།
  མཇུག་མཐར་ཚེ་སྐྱིད་ཀྱིས་ཁོ་རང་ཁྱིམ་དུ་ཁྲིད་ཡོང་སྟེ་ནངས་ཇ་འཐུང་དུ་འཇུག་དུས་དོན་གྲུབ་ཀྱང་སྐྱ་བྷོ་བཙལ་དུ་ཕྱིན་ནས་ཕྱིར་ཡུལ་དུ་ཐོན་བྱུང་། སྐྱ་བྷོ་ཡུལ་དུ་ཐོན་ཡོད་པ་མཐོང་འཕྲལ་ཕྱིར་ལས་ཁུངས་སུ་མ་སོང་བར་འབོལ་ཁྲིའི་སྟེང་དུ་བསྡད་ནས་ངལ་གསོ་བཞིན་དུ། སྐྱ་བྷོ་ལ་སླར་ཡང་སློབ་གྲྭར་སོང་ནས་ཡི་གེ་སྦྱངས་ན་བཟང་ཚུལ་དང་། སློབ་གྲྭ་ནས་གང་བྱུང་དུ་ཡུལ་དུ་བྲོས་ཡོང་མི་རུང་ཚུལ། ཉིན་དྲུག་རེའི་རྗེས་ནས་སློབ་གྲྭར་ངལ་གསོ་ཡོད་པས་ཁོ་རང་ལེན་དུ་ཡོང་ནས་ཡུལ་དུ་ཁྲིད་ཆོག་པ་སོགས་བཤད་པས། སྐྱ་བྷོས་ཀྱང་ངག་ནས་ཅི་ཡང་མི་སྨྲ་ཡང་ཟ་མ་ཟ་བཞིན་དུ་མགོ་བོ་ལྕོག་ལྕོག་བྱས་ཏེ་ཁར་ཉན་རྒྱུ་ཡིན་པའི་བཟོ་ལྟ་བསྟན་བྱུང་།
སྐྱ་བྷོ་ལ་ནངས་ཇ་འཐུང་དུ་བཅུག་རྗེས་ཡང་བསྐྱར་དོན་གྲུབ་ཀྱིས་ཁོ་རང་བསྐྱལ་ཏེ་སློབ་གྲྭའི་ནང་དུ་ཕྱིན་པ་རེད།
  སྐྱ་བྷོ་ཡང་ལོ་རིམ་དང་པོའི་སློབ་མ་དག་དང་བསྡུར་ན་ལོ་ཧ་ཅང་ཆེ་བས་སློབ་མ་ཚང་མས་ཁོའི་མིང་ལ་ཨ་ཇོ་གཟུགས་རིང་ཟེར་གྱིན་ཡོད་མོད། ཡིན་ན་ཡང་དགེ་རྒན་གྱིས་ཁྲིད་པའི་ཡི་གེ་གཅིག་ཀྱང་མི་ཤེས་པར་མ་ཟད་ད་དུང་དུས་རྒྱུན་དུ་སློབ་མ་ཆུང་ངུ་དག་གིས་ཀྱང་ཁོ་ལ་ཐུབ་ཚོད་དང་མགོ་སྐོར་གཏོང་བར་བྱེད། ཟླ་ཕྱེད་ཙམ་འགོར་རྗེས་འཛིན་གྲྭའི་དགེ་རྒན་གྱིས་སྐྱ་བྷོའི་ལོ་ན་འདི་འདྲ་ཆེ་ཡང་ཡི་གེ་ཅི་ཞིག་ཁྲིད་ཀྱང་ཤེས་ཀྱིན་མི་འདུག་པ་དང་བྱིས་པ་དག་གིས་ཁོ་ལ་དུས་རྒྱུན་ཐུབ་ཚོད་བྱེད་ཀྱིན་པ་མཐོང་ནས་དོན་དག་ལ་རྒྱུས་ལོན་བྱེད་ཆེད་ཁྱིམ་ནང་དུ་ཁ་པར་བཏང་སྟེ་ཁྱིམ་བདག་བོས་བྱུང་།
  ཚེ་སྐྱིད་ཀྱིས་སྐྱ་བྷོ་སློབ་གྲྭའི་ནང་དུ་མི་དགོས་ཟེར་བ་ཨེ་ཡིན་ནམ་སྙམ་སྟེ་སྐྲག་སོང་། ཉིན་དེར་དོན་གྲུབ་ནི་གཞི་རིམ་དུ་བྱ་བ་བསྒྲུབས་པར་ཕྱིན་ཏེ་ཡུལ་དུ་མེད་པས་ཁོ་མོས་བུ་མོ་གཉིས་ཀ་ཁྱིམ་མཚེས་ཚང་ལ་བཅོལ་རྗེས་རང་ཉིད་མྱུར་མོར་སློབ་གྲྭའི་ནང་དུ་སོང་།
  སྐྱ་བྷོའི་དགེ་རྒན་ཡང་ན་ཚོད་ཁོ་མོ་དང་འདྲ་བའི་བུད་མེད་ཅིག་རེད། ཁོ་མོའི་སྐྱ་བྷོའི་ཁྱིམ་བདག་ཐོན་པ་མཐོང་ནས་འདུག་སྟེགས་ཤིག་བཞག་ནས་ཚེ་སྐྱིད་སྡོད་དུ་བཅུག་ཅིང་། ཁོ་མོ་ཡང་ཁ་གཏད་དུ་བསྡད་ནས་ན་རེ། “སྐྱ་བྷོ་ནི་སྔོན་ཆད་སློབ་གྲྭར་བསྐྱལ་མ་མྱོང་ངམ་”ཞེས་དྲིས་བྱུང་།
  ཚེ་སྐྱིད་ཀྱིས་དྲང་མོར་བཤད་ཨེ་རུང་ངམ་སྙམ་སྟེ། “ཁྱིམ་ནང་གི་ཆ་རྐྱེན་ཞན་པས་སློབ་གྲྭར་བསྐྱལ་མ་ཐུབ་པ་རེད་”ཅེས་བཤད།
  དགེ་རྒན་གྱི་མགོ་ལྕོག་ལྕོག་ཅིག་བྱས་ནས་མུ་མཐུད་དུ་“སྤྱིར་ན་ཁོ་རང་བྱིས་པ་དྲང་མོ་ཞིག་རེད་མོད། ཡིན་ན་ཡང་ཁོ་རང་བྱིས་པ་གཞན་དང་བསྡུར་ན་ལོ་ཆེ་ཡང་ཡི་གེ་གཅིག་ཀྱང་མི་ཤེས་པར་འདུག་་་་་་་་”ཟེར།
  ཚེ་སྐྱིད་ཅུང་འཚབ་པར་གྱུར་སོང་། དགེ་རྒན་གྱི་སྐད་ཆ་མཇུག་རྫོགས་ལོང་མ་བྱིན་པར་མྱུར་མོར་“ཡི་གེ་མ་ཤེས་ཀྱང་ཆོག ཁོ་རང་གང་བྱུང་ངང་སློབ་གྲྭའི་ནང་དུ་བསྡད་དུ་བཅུག་པས་ཆོག”ཅེས་བཤད།
  དགེ་རྒན་ཡུད་ཙམ་ལ་ཡ་མཚར་བ་ལྟར་གྱུར། “ཡི་གེ་ཤེས་མི་དགོས་ན་སློབ་གྲྭའི་ནང་དུ་བསྐྱལ་དོན་ཅི་ཡིན་”ཟེར།
  ཚེ་སྐྱིད་ཀྱིས་གཞི་ནས་དྲང་བོར་བཤད་དགོས་བྱུང་སོང་། ཅུང་ཡིད་ཕམ་པའི་ངང་“ཁོ་རང་ཆུང་དུས་ནས་འདི་འདྲ་ཞིག་ཡིན་པ་རེད། སྨན་པས་བཤད་ན་ཀླད་པའི་དབང་རྩ་རྒྱུན་ལྡན་མ་རེད་ཟེར། ད་དུང་རང་མགོ་ཡང་ཐོན་གྱིན་མི་འདུག་པས་སློབ་གྲྭའི་ནང་དུ་ལོ་འགར་བསྐྱལ་ན་ཨེ་བཟང་སྙམ་པ་ཡིན། ཡི་གེ་ཞིག་ཨེ་ཤེས་ལ་རེ་བ་བྱེད་ཀྱིན་མེད་”ཅེས་བཤད།
  “མ་གཞི་དེ་འདྲ་ཡིན་པ་རེད། ”དགེ་རྒན་གྱིས་འདང་ཞིག་བརྒྱབ་ནས་བསྡད་བྱུང་བ་དང་། དེ་ནས་སླར་ཡང་། “ཁོས་དངོས་ནས་རང་མགོ་ཐོན་གྱིན་མི་འདུག་པས་སྤྱིར་ཡིན་ན་དགོང་མོ་ཡུལ་ནས་བསྡད་ན་བཟང་བར་འདུག་མོད་་་་་་ཁྱོད་ཚང་གི་ཁྱིམ་ཚང་གང་དུ་ཡོད་”ཅེས་དྲིས་བྱུང་།
  ཚེ་སྐྱིད་ཀྱི་སེམས་ལ་འཚབ་སྣང་ཞིག་སྐྱེས་ཏེ་“མཁར་གྲོང་འདི་ན་ཡོད་”ཅེས་བཤད་དགོས་བྱུང་།
  དགེ་རྒན་གྱིས་མུ་མཐུད་དུ། “ཁྱོད་ནི་ཁོའི་ཨ་མ་ཡིན་ནམ་”ཟེར།
  ཚེ་སྐྱིད་ཀྱིས་ཚམ་ཚོམ་མེད་པར། “ཨ་ཅེ་ཡིན་”ཞེས་བཤད་རྗེས་ངོ་གདོང་ཧྲིལ་བོ་ཚ་ལམ་ལམ་དུ་གྱུར་ཅིང་དགེ་རྒན་གྱི་གདོང་ལའང་ལྟ་མི་ཕོད་པར་གྱུར།
དགེ་རྒན་གྱིས་ཀྱང་ཁོ་མོ་ཨ་ཅེ་ཡིན་ཚེ་ཁྱིམ་ནང་དུ་སྡོད་པའི་ཐད་དཀའ་ངལ་ཡོད་པ་རྟོགས་ཏེ་མུ་མཐུད་དུ་སྐད་ཆ་མི་འདྲི་བར་“ང་ཚོས་ཀྱང་གང་ནུས་ཀྱིས་ཁོ་རང་ལ་སློབ་ཁྲིད་དང་འཚོ་བའི་ཐད་ནས་རོགས་རམ་བྱེད་ངེས་ཡིན། འོན་ཀྱང་རྗེས་ནས་སློབ་སྦྱོང་གི་གྲུབ་འབྲས་ཡིད་ཚིམ་པ་ཞིག་ཐོབ་དཀའ་ངེས་རེད། ངས་ཁྱོད་རང་འབོད་དོན་ནི་དོན་དག་ལ་རྒྱུས་ལོན་བྱེད་པའི་ཞོར་དུ་གནས་ཚུལ་འདི་དག་གསལ་བཤད་ཅིག་བྱེད་སྙམ་པ་ཡིན་”ཟེར།
  “ཡ་ཡཡ། ཁྱོད་ཚོར་བཀའ་དྲིན་ཆེ། ”
  སྐྱ་བྷོ་ཡང་རིམ་བཞིན་དུ་སློབ་གྲྭའི་འཚོ་བར་གོམས་པར་གྱུར་སོང་། ཁོ་རང་སློབ་གྲྭའི་ནང་དུ་སློབ་སྐབས་གཅིག་ལ་བསྡད་དེ་དེབ་དང་པོའི་བསླབ་བྱ་ཡོངས་རྫོགས་དགེ་རྒན་གྱིས་ཁྲིད་པར་བྱས་ཀྱང་ཁོས་ནི་ད་དུང་གསལ་བྱེད་སུམ་ཅུའི་གོ་རིམ་གཏོར་ཚེ་ངོས་མི་ཟིན་པའི་ཚད་དུ་འདུག དགུན་གནང་བྱིན་པ་ན་ཚེ་སྐྱིད་སོང་སྟེ་ཁོ་རང་ཁྱིམ་ནང་དུ་ཁྲིད་ནས་ཡོང་། སྐྱ་བྷོ་ཡུལ་དུ་ཁྲིད་ནས་ཐོན་ཚེ། དོན་གྲུབ་ཀྱིས་ཁ་བགད་ནས་ཁོ་རང་ལ་ཡི་གེ་ཤེས་མིན་གྱི་ཁ་བརྡ་སྣ་ཚོགས་བྱེད་ན་ཡང་སྐྱ་བྷོས་ལན་ཅི་ཡང་འདེབས་ཐུབ་ཀྱིན་མི་འདུག་པས་ཁྱིམ་ནང་དུ་རྒྱུན་ལྡན་མིན་པའི་མཁའ་དབུགས་རིམ་པ་ཞིག་གིས་བཏུམས་འོང་།
  བུ་མོ་ལྷ་མོ་སྒྲོལ་མས་སྐྱ་བྷོ་ལ་བལྟས་ནས། “ཁྱོད་ནམ་ཞིག་ལ་ཡུལ་དུ་འགྲོ་རྒྱུ་ཡིན་”ཞེས་དྲིས་བྱུང་།
  སྐྱ་བྷོ་ཡིས་ཧ་ཅང་ལྡབ་ལྡིབ་ངང་“ང་ལ་ཡུལ་མེད་པས་གང་དུ་འགྲོ་དགོས་པ་རེད་”ཟེར།
  ཚེ་སྐྱིད་ཀྱིས་བུ་མོར་བལྟས་ནས་སྡིགས་མོ་བྱེད་པའི་ཚུལ་གྱིས་“ཁྱོད་ལ་སྐད་ཆ་མ་མང་ན་མི་ཆོག་གམ། ངས་ཁྱོད་ཀྱི་ལྕེ་གཅོད་རན་འདུག་”ཟེར།
  བུ་མོ་ཆུང་ངུས་རང་ཉིད་ལ་ནོར་འཁྲུལ་ཅི་ཞིག་བྱུང་བ་ངོས་མ་ཟིན་པར་ཅུང་སྐྲག་གིན་པའི་མིག་མདངས་ཀྱིས་ཨ་མའི་ངོ་མདངས་ལ་ཅེར་ནས་འདུག
དོན་གྲུབ་ཀྱིས་གམ་ནས་ཅུང་མ་འཐད་པའི་མིག་མདངས་ཀྱིས་ཚེ་སྐྱིད་ལ་ལྟ་བཞིན་དུ་“ཁྱོད་ཀྱིས་བུ་མོར་དེ་ལྟར་འཇིགས་སྣང་བསྐུལ་ནས་ཅི་བྱེད། ཁོ་མོས་ཅི་ཞིག་ཤེས་པ་རེད་”ཟེར།
  ཚེ་སྐྱིད་ཀྱིས་ཡང་བསྐྱར་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་བསམ་བློ་གཏོང་གིན་སྡོད། དེ་སྔ་ཁོ་མོ་སྐྱ་བྷོའི་དགེ་རྒན་གྱི་གན་ནས་ཕྱིར་ཁྱིམ་ནང་དུ་ཡོང་བ་ནས་བཟུང་ཁོ་མོའི་སེམས་ཧ་ཅང་མི་བདེ་བར་གྱུར་སོང་། སྤྱིར་བྱིས་པ་དག་སློབ་གྲྭར་བསྐྱལ་བ་ནི་ཧ་ཅང་ལེགས་པའི་དོན་ཞིག་ཡིན་ན་ཡང་སྐྱ་བྷོ་ལྟ་བུའི་རྒྱུན་ལྡན་མིན་པའི་བྱིས་པ་ཞིག་སློབ་གྲྭའི་ནང་དུ་བསྐྱལ་ནས་བྱིས་པ་དག་ལ་ཐུབ་ཚོད་བྱེད་དུ་འཇུག་པ་ནི་ཉེས་བ་ཞིག་ཡིན་པའི་སྣང་བ་སྐྱེས། ཁོ་མོས་ཡུན་རིང་ཙམ་ལ་བསམ་བློ་བཏང་རྗེས་སྐྱ་བྷོར་བལྟས་ནས་“སྐྱ་བྷོ། ཁྱོད་དགོན་པར་སོང་ནས་ཨ་ཁུ་བྱེད་འདོད་དམ་”ཞེས་དྲིས་བྱུང་།
  དོན་གྲུབ་ཀྱིས་རང་དབང་མེད་པར་ཁོ་མོར་བལྟས་ཏེ། “སློབ་གྲྭའི་ནང་ནས་ཡི་གེ་མི་ཤེས་ན་དགོན་པའི་ནང་ནས་ཤེས་པ་རེད་དམ་”ཟེར།
  ཚེ་སྐྱིད་ཀྱིས་སྔར་བཞིན་སྐྱ་བྷོར་བལྟ་བ་ལས་ཁོའི་སྐད་ཆར་ཁ་ཡ་མི་བྱེད་པར། “མིན། ངས་ཡི་གེ་ཨེ་ཤེས་ལ་ཁ་ཡ་བྱེད་ཀྱིན་མེད། ཁོ་རང་ཨ་ཁུ་བྱེད་དུ་འཇུག་(རབ་བྱུང་བསྒྲུབ་པ་)ཟེར་བ་ཡིན”ཟེར་ནས་སྐྱ་བྷོས་ཅི་ཟེར་ལ་ཉན་འདུག
  སྐྱ་བྷོས་ཁོ་མོར་བལྟས་ཏེ་“མིན། ང་ཨ་ཁུ་མི་བྱེད། ང་སློབ་གྲྭར་འགྲོ་རྒྱུ་ཡིན་”ཟེར།
  ཚེ་སྐྱིད་ཅུང་མ་རངས་པའི་ཉམས་ཀྱིས། “སློབ་གྲྭའི་ནང་དུ་སོང་སྟེ་ཅི་ཞིག་འདུག དེ་སྔོན་ཁྱོད་སློབ་གྲྭར་འགྲོ་མི་འདོད་ཟེར་བ་མིན་ནམ་”ཞེས་བཤད།
སྐྱ་བྷོས་བདེན་ཅོག་ཅོག་ངང་། “དགེ་རྒན་ང་ལ་ཧ་ཅང་བཟང་འདུག་”ཟེར།
  ཚེ་སྐྱིད་ཀྱིས་མུ་མཐུད་དུ། “དགེ་རྒན་བཟང་ཡང་སློབ་མ་ཚོས་ཁྱོད་ལ་ཐུབ་ཚོད་བྱེད་ཀྱིན་པ་མ་རེད་དམ། ཁྱོད་ཀྱིས་ད་དུང་ཡི་གེ་ཡང་མི་ཤེས་པ་མ་རེད་དམ་”ཞེས་བཤད།
སྐྱ་བྷོ་དེ་མུར་མགོ་བོ་དུད་ནས་སྡོད་པ་ལས་ཅི་ཡང་མི་བཤད་པར་འདུག
  ཚེ་སྐྱིད་ཀྱིས་ཁོ་རང་ལ་སློབ་གསོ་གཏོང་བའི་ཚུལ་གྱིས་བག་ལྷོད་པོའི་ངང་། “ཨ་ཁུ་བྱས་ན་བཟང་བ་རེད། ཨ་ཁུ་བྱས་ན་སློབ་གྲྭའི་ནང་ལྟར་བྱིས་པ་གཞན་གྱིས་ཐུབ་ཚོད་བྱེད་པ་མ་རེད། ཡང་གཅིག་བཤད་ན་དགོན་པར་ཡང་འདི་ནས་ཧ་ཅང་ཐག་ཉེ་བས། ང་ཚོ་རྒྱུན་དུ་ཁྱོད་ལ་ལྟ་རུ་ཡོང་ཆོག་པ་རེད། ཨ་ཅེའི་སྐད་ཆར་ཉོན་”ཟེར།
སྐྱ་བྷོ་དགོན་པར་བསྐྱལ་རྒྱུ་ནི་ཚེ་སྐྱིད་རང་ཉིད་ཀྱི་བཀོད་པ་རེད། ཁོ་མོའི་སེམས་ལ་སྐྱ་བྷོ་ནི་ནར་སོན་ཡང་ད་དུང་འདི་འདྲ་བ་ཞིག་འདུག་པས་རྗེས་ཕྱོགས་ནས་ཀྱང་མི་མང་ཁྲོད་ནས་རང་ཁ་རང་གསོ་བྱེད་དཀའ་རྒྱུ་རེད། ཁྱིམ་ནང་དུ་དོན་གྲུབ་ཀྱི་ཟླ་ཕོགས་ཁོ་ནས་མི་བཞི་ཡི་ཁ་རྒྱབ་གསོ་དགོས་པས་དེའི་ཁར་སྐྱ་བྷོ་བསྣན་ན་ཉི་མ་འཁྱོལ་བ་ཡང་ཧ་ཅང་དཀའ་། དེ་ལས་དགོན་པར་བསྐྱལ་ན་ཁོ་རང་ཉིད་ལ་འཚམ་པའང་དེ་ཡིན་པར་མ་ཟད། དགོན་པ་དང་བར་ཐག་ཉེ་བོ་ཡོད་པས་ནམ་རྒྱུན་རང་ཉིད་ཀྱིས་བཟའ་བཏུང་བསྐྱལ་ཆོག་པ་རེད་སྙམ།
  ཁོ་མོའི་བཀོད་པ་དེར་དོན་གྲུབ་ཀྱིས་ཀྱང་རྒྱབ་སྐྱོར་བྱས་སོང་། ཁོ་ཚོས་སྐྱ་བྷོ་ལ་རབ་བྱུང་བསྒྲུབ་པའི་ཆོས་གོས་ཆ་ཚང་བ་ཞིག་བསྒྲིགས་རྗེས་ཚེས་སྐར་བཟང་བོ་ཞིག་བདམས་ཏེ་རླངས་འཁོར་ལ་བསྡད་དེ་ཁོ་རང་ཁྲིད་ནས་རྫོང་མཁར་གྱི་མར་འདབས་སུ་ཡོད་པའི་ཉིན་སེར་དགོན་པའི་ཨ་ལགས་འཇིགས་མེད་རྒྱ་མཚོ་ཚང་གི་དྲུང་དུ་སོང་།
ཉིན་སེར་དགོན་བཀྲ་ཤིས་ཆོས་འཕེལ་དགོན་པ་ནི་རྫོང་མཁར་གྱི་གཡས་འགྲམ་བརྒྱུད་ནས་བཞུར་བའི་ཤིས་བཟང་ཆུ་བོ་དང་སྟར་ལུང་ཆུང་ཆུ་བོ་གཉིས་ཀྱིས་འདྲེས་མདོའི་ཉིན་སེར་རི་འདབས་སུ་ཆགས་ཡོད་ཅིང་། རྫོང་མཁར་ནས་ལེ་བར་ལྔ་དྲུག་ཙམ་ལ་མ་གཏོགས་འགྲོ་མི་དགོས། དགོན་པ་འདི་སྔོན་ཆད་མདོ་སྨད་ཡུལ་དུ་ཅུང་གྲགས་ཆེ་བའི་དགོན་པ་ཆེ་གྲས་ཤིག་ཡིན་པར་བཤད་ཀྱང་། ཟིང་འཁྲུག་གི་ལོ་རུ་གྲྭ་བ་དག་ཡུལ་ཕུད་དང་མར་ལོག་བྱེད་དུ་བཅུག་པ་དང་དེ་རྗེས་དགོན་པ་བཤིག་ནས་ཤིང་ཆ་དག་རྫོང་མཁར་དུ་དྲངས་ནས་ལྕགས་བཞུ་སྤྱད་ཀྱི་སོལ་བར་བྱས་པས་དགོན་པ་ཤུལ་མེད་དུ་གྱུར། རིག་གསར་ཕར་ཡོལ་རྗེས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སྤེལ་འཕྲལ། ཨ་ལགས་འཇིགས་མེད་རྒྱ་མཚོ་ཚང་གིས་སྡེ་བ་དག་ནས་དཀར་ཐིགས་བསླངས་ཏེ་འདུ་ཁང་དང་བྱམས་ཁང་སོང་བསྐྱར་བཞེངས་བྱས་ཏེ་དགོན་པ་བསྐྱར་འཛུགས་བྱས་པ་རེད། ད་ལྟ་དགོན་པ་འདིར་གྲྭ་བཙུན་ཉིས་བརྒྱ་ལྷག་གིས་ཆོས་སྤྱོད་ཀྱི་ཆོ་ག་སྣ་ཚོགས་ཚུལ་བཞིན་བསྒྲུབས་ཀྱིན་ཡོད་པས་ས་འདིར་མཚོན་ན་དགོན་པ་ཆེ་གྲས་ཡིན་པ་སྨོས་ཅི་དགོས།
  ཚེ་སྐྱིད་ཀྱིས་ཨ་ལགས་ཚང་ལ་ཕྱག་གསུམ་འཚལ་ཏེ་ཁ་བཏགས་ཕུལ་བ་དང་། དོན་གྲུབ་ནི་ཨ་ལགས་ཚང་ལ་འདྲིས་ཆེན་པོ་ཡོད་པས་སྐྱ་བྷོའི་རྒྱུ་མཚན་རྒྱས་པར་ཞུས་པ་ན། ཨ་ལགས་ཚང་གིས་ཀྱང་ཁོ་ཚོར་སྣེ་ལེན་གང་ལེགས་བྱས་ཤིང་ཐུགས་བརྩེ་བ་ཆེན་པོས། “ཁྱོད་ཚོས་སེམས་ཁྲལ་བྱེད་མི་དགོས། དགོན་པ་ནི་སྔོན་ནས་བཟུང་དཀར་བོ་དགེ་བ་སྒྲུབ་སའི་ཡུལ་ཡིན་པར་མ་ཟད་མ་ནུས་ཉམ་ཆུང་རྗེས་སུ་འཛིན་པའི་གནས་དམ་པ་ཡང་ཡིན་པ་རེད་པས། ཁྱོད་ཚོས་དགོན་པར་བསྐྱལ་ཡོང་བ་ལེགས་སོང་། ལས་དང་བསོད་ནམས་ཡོད་ན་རྗེས་ནས་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཏུ་འགྱུར་ཡང་སྲིད་”ཅེས་ཞལ་མཚར་ཞིག་དང་ལྷན་དུ་གསུངས་བྱུང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༠

2012-03-24 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།