ཡང་སྤྲུལ་བཙལ་བ།

   ཨ་ལགས་ཐུབ་བསྟན་མཆོག་ནི་ལ་མགོའི་ཉི་མ་དང་ལ་གཏིང་གི་གྲིབ་མ་བཞིན་དགུང་ལོ་མཐོ་བ་དང་།སྙུང་གཞི་ལྗིད་མོ་ཞིག་གིས་མལ་སར་ལྷུང་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་སྐུ་མྱ་ངན་ལས་འདས་སོང་བ།དགོན་བདག་བླ་མ་ཨ་ལགས་བྱང་ཆུབ་མཆོག་ལ་མཚོན་ན་འདོད་ཐོག་ཏུ་རྟ་རྒྱུགས་པ་དང་བསམ་ཐོག་ཏུ་དོན་འགྲུབ་པ་ལྟ་བུ་ཞིག་ཏུ་གྱུར་ལ།རྒྱུ་མཚན་ནི་ཁོང་ཚང་གི་རིག་མ་མཁའ་འགྲོ་སྐྱིད་ལ་མངལ་སྦྲུམ་ཡོད་པས་ཡིན།ནམ་རྒྱུན་ཁོང་གིས་རིག་མ་ལ་“གལ་ཏེ་སྲས་ཤིག་ཆགས་ན་སྤྲུལ་སྐུ་ཞིག་དང་སྲས་མོ་ཞིག་ཡིན་ཚེ་མཁའ་འགྲོ་མ་ཞིག་ཡིན་ངེས།”ཞེས་གསུངས་མོད།འོན་ཀྱང་རིག་མ་མཁའ་འགྲོ་སྐྱིད་ཀྱིས་སྤྲུལ་སྐུ་འཁྲུངས་རག་ད་དུང་ཟླ་གསུམ་ལྷག་ཡོད་པ་དེ་ཨ་ལགས་བྱང་ཆུབ་ཚང་ལ་ཐུགས་དགྱེས་པའི་མོད་ལ་སེམས་ཁྲལ་ལྷག་མ་ཞིག་སྐྱེ་རུ་འཇུག་པ་སྨྲས་ཅི་དགོས།
སྡེ་དཔོན་ཤེས་རབ་ཚང་གི་མནའ་མ་ཨ་ལགས་ཐུབ་བསྟན་མཆོག་སྐུ་གཤེགས་པའི་ཉིན་སྔོན་མར་བུ་ཞིག་སྐྱེས་ནའང་།སྡེ་དཔོན་ཤེས་རབ་དགའ་དྲགས་ཏེ་ཨ་ལགས་བྱང་ཆུབ་ཀྱི་དྲུང་དུ་རྒྱུགས་ནས་སོང་།
  “བྱང་ཆུབ་རིན་པོ་ཆེ་ལགས།ངེད་ཚང་གི་མནའ་མར་བུ་ཞིག་སྐྱེས་པས་དེ་ཨ་ལགས་ཐུབ་བསྟན་མཆོག་གི་་་་་་་་་་”
  “བུ་སྐྱེ་དུས་རྟགས་འདྲ་ཨེ་བྱུང་།”སྡེ་དཔོན་ཤེས་རབ་ལ་ཞུ་ཁོམ་མ་བྱིན་པར་ཨ་ལགས་
བྱང་ཆུབ་ཀྱིས་འཚབ་འཚུབ་ངང་དེ་ལྟར་དྲིས།“བུ་སྐྱེ་ཁར་ཁྱིམ་མཚེས་ཨ་ཁུ་བློ་བཟང་ཚང་གི་རྟ་རྒན་འགྱོལ་བོ་དེ་ཤི་སོང་།”ཨ་ལགས་བྱང་ཆུབ་མཆོག་གིས་སྨྲ་ར་བྱིལ་བྱིལ་བྱེད་ཞོར་“ཧ་ཧ་དུད་འགྲོ་མི་ལུས་རིན་པོ་ཆེ་བླངས་པ་ངོ་མཚར་ཆེ།ཁྱོད་ཚང་གི་བུའི་རྣམ་ཤེས་རྟ་རྒན་དེ་ཡིན་འདུག མིང་ལ་ཡང་རྟ་དབང་རྒྱལ་མཚན་ཞེས་ཐོགས།”དོན་ངོ་མར་སྡེ་དཔོན་ཤེས་རབ་ཀྱིས་ཚ་བོའི་མིང་གི་དོན་དུ་ཡོང་བ་མིན་པ་མཁྱེན་ནའང་།མ་ཤེས་པའི་བཅོས་མའི་འཛུམ་ཞིག་བསྟན་འདུག
   ད་སྐབས་ཨ་ལགས་བྱང་ཆུབ་ཁོང་ལ་མཚོན་ན་རིག་མར་སྤྲུལ་སྐུ་ཞིག་ཆགས་རྒྱུ་ཆར་འདོད་བྱིའུ་བཞིན་སྐོམ་པ་ཆུ་འདོད་ལྟར་བྱེད་བཞིན་ཡོད་ལ།འོན་ཀྱང་ཟླ་གསུམ་ལྷག་ཙམ་འགོར་རྗེས།ཨ་ལགས་བྱང་ཆུབ་ཀྱི་བསམ་ཐོག་ཏུ་ཆར་མ་འབབ་པ་ཞིག་ནི་མ་བསམ་སར་རིག་མ་ལ་མཁའ་འགྲོ་མ་ཞིག་འཁྲུངས་འདུག་གོ།
                    ༢༠༡༠-༡-༡༨

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡང་སྤྲུལ་བཙལ་བ།

2012-03-15 ལམ་འགྲོ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།