ཉིན་གཅིག་གི་འཚོ་བ།

  སྨུག་སྤྲིན་ལང་ལོང་གི་ན་བཟའི་འོག་ན་སྐྱོ་སྡུག་གི་ནད་རྙིང་རུམ་པའི་ཨ་མྱེས་བྲག་དཀར་གྱིས་ཤར་ཕྱོགས་སུ་ཅེར་རེར་བལྟ་བཞིན་དཔྱིད་ཀྱི་ལྷ་མོའི་དྲོད་ཁོལ་ལ་རེ་སྒུག་བྱེད་ཅིང་། ཨུ་ཚུགས་ཀྱིས་སྐྱོད་པའི་རོང་བོ་དགུ་ཆུས་རེབ་གོང་གསེར་མོ་ལྗོངས་ཀྱི་ལོ་ཟླའི་ན་ཟུག་དག་རྒྱབ་ཁུག་ཏུ་བཅུག་ནས་རྒྱང་རིང་རྒྱང་རིང་ཞིག་ལ་སྐྱེལ་མ་བྱེད་པའི་དུས་མཚུངས་སུ། སྒྲོལ་མ་ཐང་ཆེན་དུ་བྲེལ་འཚུབ་ཀྱིས་རྒྱུག་པའི་བཙུན་པ་དེས་ཚོད་ཚོད་ལ་ཁེར་དགོད་ཅིག་བྱེད་ཞོར། ད་ནི་འགྲིག་སོང་། ཁོ་བོས་གཞན་པ་ལྟར་སྙན་ངག་མང་པོ་ཞིག་བྲིས་མ་མྱོང་མོད། ད་ནི་སོམ་ཉིའི་སྐུད་པ་དེ་རྨང་ནས་བཅད་ན་འགྲིག གསེར་ཏོག་ལ་སུན་སྣང་བཟོ་བའི་སྣང་བརྙན་དེས་ཀྱང་ངའི་ཚེ་སྲོག་ལ་
མཛེས་པ་བསྐྲུན་བྱུང་། ཅེས་མུ་འཐུད་དུ་གསལ་ལ་མི་གསལ་བའི་ཁེར་ལབ་རྒྱག་པར་བརྩོན་དུས་སུ་ཁོའི་གམ་དུ་ཇི་ལྟར་ཐོན་པ་ཡང་མི་ཤེས་པའི་གྲྭ་གཞོན་རྒྱགས་པ་ཞིག་གིས་དགོད་སྒྲ་དང་བཅས། ཨ་རོ་འཇམ་དབྱངས། ཁྱོད་ཀྱིས་སྙན་ངག་གི་བརྩེ་བ་ཡོད་ཚད་ཐང་ཆེན་ནས་བཤམས་ཏེ་ལྐོག་ལབ་རྒྱག་སྲོལ་ལ་བལྟས་ན། ཨ་མ་སྒྲོལ་མའི་འཛུམ་མདངས་འོག་ནས་དེ་རིང་གི་བདེ་སྐྱིད་ལ་བསླུ་བྲིད་ཅི་ཞིག་གཏོང་འདོད་པ་ཡིན། ཡང་ཡུལ་སྐོར་བ་ཞིག་གི་ལག་ཟུང་ཇེ་རིང་དུ་གཏོང་འདོད་པ་ཡིན་ནམ། ཞེས་ཧ་ཅང་གཟབ་ནན་གྱི་མིག་འོད་གཅིག་ཏུ་བསྡུས་ཏེ་བསྟན་བཤིག་ཚ་བོས་སྐད་ཆ་གཞན་ཞིག་གི་འགོ་བརྩམ་གྲབས་བྱེད་སྐབས། འཇམ་དབྱངས་ཀྱིས་དགའ་བ་གནོན་མ་ཐུབ་པའི་རྔུལ་ཆུ་གཟན་སྣེས་འབྱིད་ཞོར། དུས་དེ་རིང་སྙན་ངག་གིས་ང་རང་ཡོངས་སུ་བྲིས་ཏེ་སེམས་ཀྱི་བྱིའུ་ཆུང་འདི་ཡང་རང་བྱུང་ལྷ་མོའི་རྒྱན་ཕྲེང་བར་ནས་འོད་སྣང་ཞིག་བརྐུ་འདོད་ཀྱིས་གཅེས་ལང་སྟེག་བཞིན་འདུག་པས་ངས་ཀྱང་ཁོ་ལ་སྙིང་ཕུར་ཅུང་བཏབ་པ་ཡིན། ཞེས་རྡོག་ཁྲེས་ཞིག་ཐང་ལ་ཕོག་འདྲའི་བཟོ་ལྟ་དང་བཅས་ལན་སྟབས་བདེ་ཞིག་བཏབ་རྗེས། ཧེ་ཧེ་་་་གྲོགས་པོ་དོན་ཡོད་ལགས། ཁྱོད་ཀྱི་ཚོད་དཔག་གི་ནུས་པ་ཆུང་རྒྱུ་མི་འདུག་གཱ་་་་ངའི་གྲོད་ཁོག་ནང་གི་འབུ་སྲིན་མང་པོས་ངུ་འབོད་མང་དུ་བྱེད་ཀྱིན་འདུག་མོད། ཤེས་ཡོན་གཅིག་པུས་ཁོང་ཚོས་རེ་འདོད་སྐོང་ཐབས་མི་འདུག་པས་ཟ་ཁང་ནང་རྫ་ཁོག་ཅིག་ཟ་རུ་ཕྱིན་ན་ཇི་འདྲ་རེད།
  སྒོར་མོ་ཁྱོད་ཀྱིས་བྱིན་དང་། སྦྱིན་བདག་ངས་བྱེད། འཇམ་དབྱངས་ཀྱིས་དེ་ལྟར་ཀུ་རེ་དང་བདེན་པ་གཉིས་འདྲེས་ཀྱི་སྐད་ཆ་ཞིག་བཤད་རྗེས་ཁོ་གཉིས་འཛུམ་ཤིག་ཤིག་གི་རླུང་དང་འགྲོགས་ནས་ཟ་ཁང་ཕྱོགས་སུ་དལ་བུར་སྐྱོད། ཟ་མ་ཟ་བ་ནི་རྡོ་གཅལ་སྟེང་ནས་ཆོས་རྩོད་བྱེད་པ་དང་གཏན་ནས་མི་མཚུངས་མོད།  ཁོའི་རྒྱུད་ཀྱི་དེ་རིང་གི་ཤེས་བྱ་ཡོད་ཚད་ཟ་མ་དང་ལྷན་དུ་སུ་ཞིག་ལ་མཚང་འབྲུ་བྱེད་ལ་ཉེ་བས་སྟབ་སྟབ་བོར་རང་ཤག་ཏུ་མི་ལོག་ག་མེད་བྱུང་། རྟ་བདུན་དབང་པོ་ནི་དངོས་གནས་རྟ་མཆོག་བདུན་པོས་གང་ཞིག་ཏུ་དེད་སོང་བ་ལྟར་གར་སོང་ཆ་མེད་དུ་གྱུར་ལ།  ནམ་མཁའི་སྒང་གཞོང་ཀུན་ཏུ་རྒྱུ་སྐར་གྱི་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་ཅིང་།ཟླ་བ་ལྷ་མོས་ཁེར་རྐྱང་གི་གོམ་ཁ་དལ་གྱིས་སྤོ་བཞིན་མེ་ཏོག་དང་སྤྲིན་པ་རལ་བོ་ཞིག་གི་བར་གསེང་ནས་ཤུགས་གླུ་གྱེར་བའི་ངང་ཚུལ་དེས་ཁོ་དང་མི་ཚེའི་འགྲུལ་བཞུད་ལ་སྡོམ་ཚིག་རྒྱག་བཞིན་ཡོད། དེ་ལྟར་ཚོར་བ་དང་ཚོར་བའི་ཀློང་ནས་གྲོགས་པོ་དོན་ཡོད་ཀྱི་སེམས་གཏམ་དང་དེ་རིང་གི་སྙན་ངག་གཉིས་གཟན་ཤམ་བཞིན་ལྟེབ་སྟེ་རང་ཤག་ནས་ཅུང་ཙམ་ངལ་གསོས་འཕྲལ།ཁ་པར་གྱི་འབོད་བརྡ་སྙན་མོ་དེ་ཕྱོགས་རིས་ཅི་ཡང་མེད་པར་ཁང་བའི་ནང་གཡས་བསྐོར་ཞིག་བརྒྱབ་སྟེ་འཇམ་དབྱངས་ཀྱི་རྣ་ལམ་དུ་འཛུལ་བྱུང་བས།  ཁོང་གིས་སུ་ཡིན་ལ་ཐེ་ཚོམ་དང་བཅས་ཁ་པར་གྱི་སྒོ་ཕྱེས་མ་ཐག ཝེ་་་་འཇམ་དབྱངས་ཡིན་ནམ་ཞེས་པའི་དྲི་ཚིག་སླ་བོ་ཞིག་རྣ་ལམ་དུ་ཐག་སེ་ལྷུང་བྱུང་། ཡིན་ལགས་་་། ཁྱོད་སུ་ཡིན་་་། འཇམ་དབྱངས་ཀྱིས་དེ་ལྟར་ལན་བཏབ། སྐབས་དེར་ཕ་རོལ་བོས་་སྐད་ཆའི་བཤད་མཚམས་འཕྲོག་ལ་ཁད་ཅིག་བྱས་ཏེ།ང་ནི་རིགས་རུས་མི་ཤེས་པའི་རྩོམ་པ་པོ་ཞིག་ཡིན་ལ། ཁྱོད་དང་ཕ་ཡུལ་གཅིག་པ་ཞིག་ཀྱང་ཡིན། སྙན་ངག་ཟེར་བས་ཆོམ་རྐུན་དེས་བདག་གི་ནུ་བོའི་དམ་ཚིག་འཕྲོག་བྱུང་བས་ལས་བཅོལ་ཞིག་བྱེད་ཆེད་སྐུ་ཉིད་ལ་ཆེད་དུ་ཁ་པར་བཏང་བ་ཡིན། ཁྱོད་ཀྱིས་ཡིད་སྒྲོམ་དུ་བཅུག་ཟིན་པའི་ཐ་སྙད་ཕྱེད་ཀ་དེ་སང་ཉིན་བར་དུ་ང་ལ་གཡར་བོ་གནང་ན་ཨེ་ཆོག་གམ། གལ་སྲིད་ཡིད་འཐད་ཡོད་ཚེ་དོ་ནུབ་ངའི་ཤག་ཏུ་བསྐྱལ་ཐབས་གནང་རོགས་ཟེར། ཁོང་གིས་ཐད་ཀར་དུ།  ཡ་ཡ་་་་བསྐྱལ་ངེས་ཡིན། ཞེས་ལན་བཏབ་རྗེས། ཅིའི་ཕྱིར་ལན་དེ་འདྲ་ཞིག་འདེབས་དགོས་དོན་ལ་ཕྱིར་འདང་རེ་བརྒྱབ་མོད། ཁ་པར་གཏོང་མཁན་དེ་སུ་ཡིན་ཐད་མནོ་བསམ་གཏོང་རྒྱུ་ནི་བརྩེགས་རིམ་ལྡན་པའི་དཔྲལ་རིས་ལ་འབྲེལ་བ་མེད་ཀྱང་སྲིད། གང་ལྟར་ཁ་པར་རྒྱག་མཁན་གྱི་སྐད་ཆ་དེ་ད་དུང་ཡང་འཇམ་དབྱངས་ཀྱི་རྣ་ལམ་དུ་འཕག་འཚག་རྒྱག་བཞིན་འདུག་ལ། སྐད་ཆ་དེ་ཐོས་རྗེས་ཀྱི་སྐད་ཅིག་དེ་མ་ཉིད་དུ་སེམས་པའང་ལང་ལོང་དུ་གྱུར་ཏེ། ད་ནི་ཆུ་ཚོད་༡༡གཟིར་འདུག་པས་དོ་ནུབ་ཕ་ཡུལ་ལ་ཛ་དྲག་གི་དོན་དག་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་པའི་ཞེད་སྣང་དང་། ཐེངས་ཁ་ཤས་ལ་ཤ་ཉེ་མང་པོའི་རྩྭ་ཁང་ནང་མེ་ཤོར་བས་ཨ་ཕས་གཤེ་གཤེ་གཏང་མི་ཡོང་ངམ་སྙམ་པའི་ཐེ་སོམ་གྱི་བྱ་བྱིའུ་མང་པོས་སྙིང་དབུས་སུ་སྐོར་དང་སྐོར་བྱས་ནས་འཕུར་ལྡིང་བྱེད་མོད། བཀའ་གསུངས་ལྕི་མོ་དེ་རྡོག་པས་བརྫིས་མ་ཕོད་པས་ཤམ་ཐབས་ལ་རྡོག་ག་ཞིག་བརྒྱབ་སྟེ་མྱུར་ཏུ་ཆས་པ་ཡིན།  སྒོའི་ཕྱི་རོལ་ཏུ་བུད་དེ་ཕྱོགས་བཞིར་རྒྱང་བལྟ་བྱེད་སྐབས་དགོན་པ་དང་གཡས་གཡོན་གྱི་བོད་སྡེ་དག་ནི་ཧ་ཅང་ཁུ་སིམ་མེར་མུན་ནག་གི་པང་དུ་ཉལ་འདུག་ལ།  གྲོང་ཁྱེར་གྱི་གློག་འོད་རྣོན་པོས་འདུ་ཁང་གི་གསེར་ཏོག་དང་རྒྱ་ཕིབས་ཀྱི་གཉའ་ལ་ཞོན་ཏེ་གྲྭ་ཤག་ཅིག་གི་སྒོ་འགྲམ་དུ་གཅིན་པ་གཏོང་བའི་འབྲོག་མོ་དེར་ལྐོག་བལྟ་བྱེད་བཞིན་ཡོད། ཡིན་ཡང་། གྲྭ་ཤག་རེ་རེའི་སྒོ་འགྲམ་གྱི་མཚམས་ཐོ་ལྟ་བུའི་ཐ་སྙད་དག་གིས་སུ་ཞིག་ལ་འཁང་ར་དང་ལེ་བདའ་བྱས་པས། སྙན་ངག་པས་ཅིས་ཀྱང་འགྲིམ་དགོས་པའི་མཇུག་མཐའི་ས་ཚིགས་དེར། རོལ་དབྱངས་ཟླུམ་པོ་ཞིག་ང་རྒྱལ་དང་བཅས་ཐང་ལ་ལྷུང་བྱུང་བས་འདར་སུག་སུག་བྱེད་པའི་ངོ་གདོང་དེས་ཀྱང་སྙན་ངག་སྦྲུམ་པའི་སྡོང་ལོ་ཞིག་ལ་ཁ་རོག་གེར་བལྟ་བཞིན། བཞུད་སྟངས་འདིའི་གོམ་སྒྲ་ལ་རྣ་བ་ཡང་ཡང་བླགས་མོད་ཁོང་གིས་ཅི་ཞིག་ཐོས་ཡོད་མེད་ནི་སུས་ཀྱང་འགྲེལ་དཀའ་བ་ཞིག་ཡིན་སོང་ཨང་་་་་
                    ༢༠༡༢ལོའི་ཟླ༢པའི་ཚེས༡༡ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་གཅིག་གི་འཚོ་བ།

2012-02-14 དཔལ་བེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།