ཨ་མ་གཡུ་སྒྲོན་གྱི་ལས་དབང་སྐྱུར་མོ།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-01

 དེ་རིང་ནི་ནམ་རྒྱུན་དང་འདྲ་བར་རྟ་བདུན་དབང་པོ་དེ་དབང་ཕྱོགས་རི་རྩེ་ནས་དལ་བ་དལ་བུར་མཁའ་ལ་འཕགས་བྱུང་ལ་ག་ལེར་ཆུ་ལྷའི་ཕང་བར་བཞུད་ངེས། བདེ་སྐྱིད་གྲོང་ཚོ་ནི་གྲོང་ཁྱེར་དང་རྒྱང་ཐག་ཅུང་རིང་བའི་རི་གྲོང་ཞིག་ན་ཆགས་ཤིང་། ས་དེར་གཅིག་ནས་རྩྭ་ཆུ་འཛོམས་པོ་མེད་པ་དང་། གཉིས་ནས་  ཐོན་ཁུངས་ཕུན་སུམ་ཚོགས་པོ་མེད་སྟབས། གྲོང་ཚོ་དེ་ནི་ཤང་ཡོངས་སུ་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་ ཕོངས་ཤིག་ཡིན་པས། ཤང་དེའི་སྐྱེ་བོ་སུ་འདྲ་ཞིག་གིས་གྲོང་ཚོ་དེའི་མིང་ཐོས་ཙ་ན་དབུལ་ཕོངས་གྲོང་ཚོ་ཞེས་ འཕྱ་སྨོད་བྱ་ཡུལ་ཞིག་ཏུ་གྱུར་ལ། གྲོང་ཚོ་དེའི་མི་ཕལ་ཆེ་བ་ཡིག་རྨོངས་ཅན་ཞིག་ཡིན་པར་སེམས་བཞིན་ཡོད། རྒྱུ་མཚན་ནི་གྲོང་ཚོ་དེ་ནས་སློབ་གྲྭ་ཆེན་མོར་ཚུད་པའི་སློབ་མ་ཉུང་ཞིང་། དུས་རྒྱུན་ལོ་དགུའི་འགན་བབས་ སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་དུས་གནས་དེའི་གྲོང་མི་རྣམས་ཀྱིས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པ་དང་ བུ་ཕྲུག་སློབ་གྲྭར་བསྐྱལ་ན་མདུན་ལམ་གང་ཡང་མེད་ཚུལ་སོགས་རྒྱུ་རྐྱེན་དུ་མ་བཙལ་ནས་སློབ་ལོ་ལོན་པའི་ སློབ་མ་དུས་ཐོག་ཏུ་སློབ་གྲྭར་སློབ་གསོ་མྱོང་བར་གཏོང་གིན་མེད་པས་རེད།
  ཞོགས་པའི་ཉི་གཞོན་ཐོག་མ་བདེ་སྐྱིད་གྲོང་ཚོར་འཕྲོས་དུས་གནས་དེའི་མི་རྣམས་ད་གཟོད་འཇམ་པོའི་མལ་ལས་ལངས་ཏེ་སྒོ་ཕྱུགས་ལ་རྩྭ་ཆུ་སྦྱིན་ཞིང་སྔོ་ལྷོག་ལྷོག་གི་དུ་བ་རེ་བཏང་ནས་གྲོང་ཚོ་ཡོངས་དུ་བས་བསྒྲིབས་པར་བྱེད། ཨ་མ་གཡུ་སྒྲོན་ཡང་རྒྱུན་གཏན་བཞིན་བ་ཕྱུགས་ལ་གཟན་ཆས་སྦྱིན་ཞིང་དེ་རྗེས་ཕྱག་གཉིས་གཙང་མར་བསིལ་རྗེས་མཆོད་ཁང་ནང་ཕེབས་ནས་གཟིམ་སྤོས་ཤིག་སྤར་བ་དང་། མཆོད་མེ་གསུམ་བསྒྲོན་ནས་དཀོན་མཆོག་ལ་མཆོད་པ་འབུལ་ཞོར་གྱང་ཐོག་གི་ཞལ་ཐང་དང་སྐུ་པར་གྱི་འཁྲིས་སུ་སྙིམ་པ་བྲང་ཁར་སྦྱར་ནས་མིག་ཟུང་བཙུམ་བཞིན་ཞལ་ནས་དབ་དིབ་ཀྱི་སྒྲ་ཞིག་བར་མེད་འདོན་བཞིན་པར་བལྟས་ན། ཕལ་ཆེར་རྒྱང་རིང་གི་བུ་མོར་བར་ཆད་མི་ཡོང་བ་དང་བྱ་བ་ལམ་ལྷོངས་ཡོང་བའི་གསོལ་བ་འདེབས་ཀྱིན་ཡོད་པ་འདྲ།       
  དེ་ཡང་ཨ་མ་གཡུ་སྒྲོན་ནི་ཆུང་དུས་ནས་ས་དེར་ལག་ཆགས་པའི་མི་ཞིག་ཡིན་པ་དང་། དཔྲལ་བའི་སྟེང་གི་ གཉེར་རིས་ལ་བལྟས་པ་ཙམ་གྱིས་དགུང་ལོ་དྲུག་ཅུ་ལྷག་བུད་པའི་བུད་མེད་ཅིག་ཡིན་པ་ཤེས་ནུས། ཁོང་ལ་བུ་ མོ་ཞིག་ཡོད་པ་ནི་ད་ཆ་ས་གནས་མཐོ་རིམ་སློབ་འབྲིང་གཉིས་པར་སློབ་གཉེར་ལ་རོལ་བཞིན་ཡོད། བུ་མོའི་མིང་ལ་བདེ་སྐྱིད་མཚོ་མོ་ཟེར་ཞིང་། མོ་ནི་གྲོང་ཚོ་དེ་ནས་མཐོ་འབྲིང་སློབ་གྲྭར་ཡིག་རྒྱུགས་ལོན་པའི་སློབ་མ་ཐོག་མ་དེ་ཡིན་པས།ཀུན་གྱིས་ཨ་མ་གཡུ་སྒྲོན་ལ་བུ་མོ་བཟང་པོ་ཞིག་འཁྲུངས་ཤག་ཅེས་མཐེ་བོང་བསྒྲེངས་བཞིན་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་གྱིན་ཡོད། ཨ་མ་གཡུ་སྒྲོན་གྱི་ངོས་ནས་བརྗོད་ཀྱང་ཁོང་གི་བཟའ་ཟླ་ན་ཚས་རྐྱེན་ པས་སྔ་མོ་ཞིག་ནས་ལྔ་པའི་ལམ་གྱི་འཇིག་རྟེན་གཞན་ལ་བུད་ཟིན་པས། དེ་ནས་བཟུང་བུ་མོ་ནི་རང་གི་ཡོད་ ཚད་ཀྱི་ཡོད་ཚད་ཏུ་གྱུར་ཞིང་། ཉིན་ལྟར་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཟུང་ལྟར་གྱིས་བྱམས་དང་བརྩེ་ བས་བསྐྱངས་ཤིང་ཕྱི་ཡི་ལྕགས་རི་དང་ནང་གི་ནོར་བུ་ལྟ་བུས་བདག་སྐྱོང་བྱེད་ཀྱི་ཡོད། ལྷག་པར་དུ་བུ་མོའི་ འདོད་མོས་ལྟར་ཁོང་གིས་བུ་མོ་སློབ་གྲྭར་བཏང་གནང་ཞིང་གསག་གསག་གྲུང་གྲུང་དང་བཟའ་མཁས་འཐུང་མཁས་ཀྱིས་བུ་མོའི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་དུས་ཐོག་ཏུ་བསྐུར་བ། ཁོང་གི་ཁྱིམ་ཚང་ཆ་རྐྱེན་ཧ་ ཅང་གི་ཞན་ཡང་བུ་མོའི་དོན་དུ་རང་ཉིད་གཞན་གྱི་གམ་དུ་ཉམ་དམའ་པོ་དང་ཁ་རྡུང་ཅི་ཙམ་གཟེད་ཀྱང་སྨྲ་ མེད་ཀྱི་བརྟུལ་ཞུགས་འཛིན་པ་དང་། དུས་རྒྱུན་ཡར་རྒྱུགས་མར་རྒྱུགས་ཀྱིས་དངུལ་སྒོར་ཕར་བསྐྱིས་ཚུར་ བསྐྱིས་བྱས་ནས་བུ་མོ་སློབ་གྲོགས་གཞན་པའི་ཁྲོད་ངོ་གནོང་དུ་བཅུག་གི་མེད།  འོན་ཀྱང་། བསམ་ཡུལ་ལས་
འདས་པ་ཞིག་ལ། ཨ་མ་གཡུ་སྒྲོན་གྱིས་བྱམས་དང་བརྩེ་བས་བསྐྱངས་པའི་བུ་མོས་སློབ་དུས་རེ་རེའི་གུང་གསེང་ ལ་ཕ་ཡུལ་དུ་དུས་ཐོག་མི་ལོག་པར་གྲོང་ཁྱེར་ནང་གི་འཁྱམས་པོ་འགའ་དང་འགྲོགས་ནས་མི་ཚེ་སྟོང་ཟད་གཏོང་ཞིང་། གཞོན་ནུའི་ལང་ཚོ་གསེར་ལས་དཀོན་ཚུལ་དང་ལོ་ན་ཆུང་དུས་འཇིག་རྟེན་གྱི་རྒྱས་སྤྲོས་ལོངས་ སུ་མ་སྤྱད་ན་ན་སོ་རྒས་དུས་སྐྱིད་པོ་རྒྱགས་པ་བྱ་འདོད་ཀྱི་བློ་ཡོད་ཀྱང་ལུས་པོས་ལྕོགས་ཀྱི་མ་རེད་ཟེར་བཞིན་ དགའ་བདེའི་ཀློང་དུ་ཚུད་ནས་དུས་འདའ་བར་བྱེད་ཀྱི་ཡོད། ལྷག་པར་དུ། དེ་སྔོན་འཛིན་གྲྭའི་ནང་བརྒྱ་ཐམ་ པའི་གྲལ་མགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་ལུས་མྱོངས་མེད་ཅིང་ཀུན་གྱིས་སློབ་སྦྱོང་གི་མིག་ དཔེར་འཛིན་པའི་བུ་མོ་མིག་ཡུད་ཙམ་ཞིག་ལ་ཚང་མས་འཕྱ་སྨོད་དང་མཆི་ཞགས་འཕེན་སའི་མི་ངོ་ཚ་ཁྲེལ་ མེད་ཅན་དུ་གྱུར་ནས། སློབ་ཁྲིད་ལ་དུས་ཐོག་ཏུ་མི་འགྲོ་ཞིང་ནང་མ་ཁང་དང་དྲ་ཁང་སོགས་སུ་མགོ་འཁོར་བ་ དང་། རྣམ་གཡེང་བག་མེད་ཁྲོད་གསེར་ལས་དཀོན་པའི་གཞོན་ནུའི་ལང་ཚོ་རྔུབ་བཞིན་པའི་དུ་བ་བཞིན་སྟོང་  ཟད་དུ་གཏོང་བཞིན་ཡོད། “གཏམ་ངན་བྱ་སྒྲོ་རླུང་འཁྱེར་འདྲ་”ཞེས་པ་ཅིས་མི་བདེན།བུ་མོའི་ཚུལ་མིན་གྱི་བྱ་སྤྱོད་དག་གྲང་རླུང་ཇི་བཞིན་ཨ་མ་གཡུ་སྒྲོན་གྱི་སྙན་གྱི་བུ་གར་ལྡང་བྱུང་། འོན་ཀྱང་དགོད་བྲོ་བ་ཞིག་ལ་ཨ་ མ་གཡུ་སྒྲོན་གྱིས་དོན་དེ་ལ་གཏན་ནས་ཡིད་ཆེས་མི་བྱེད་པར་ད་དུང་ཞལ་ནས། “ངའི་སྙིང་གི་ཚི་ལུས་དེ་འདྲ་བྱེད་ཀྱི་མ་རེད། ཁྱེད་ཚོས་གང་བྱུང་མ་བྱུང་མ་ཤོད་”ཟེར་བཞིན་གློ་བུར་དུ་གྲགས་པའི་འཆལ་གཏམ་དེ་ཚོར་ ཡིད་ཆེས་གཏན་ནས་གནང་གི་མེད།
  ཐེངས་ཤིག་བུ་མོས་ཨ་མར་ཁ་པར་བཏང་ནས་མཐོ་རྒྱུགས་ཡིག་ཚད་སླེབས་ལ་ཉེ་བས་དངུལ་སྒོར་ལྔ་ སྟོང་མགྱོགས་མྱུར་བསྐུར་དགོས་པའི་རེ་བ་བཏོན། ཨ་མས་ཀྱང་བུ་མོ་མཐོ་འབྲིང་ཐོན་ལ་ཉེ་བས་དངུལ་མང་པོ་དགོས་ངེས་རེད་སྙམ་ནས་ཐབས་བརྒྱ་ཇུས་སྟོང་གིས་དངུལ་སྒོར་བཙལ་ཐབས་བྱས་ཀྱང་དངུལ་སྒོར་ཁ་གྲངས་ མང་པོ་དེ་འདྲ་ཨ་མའི་ལག་ཏུ་འབྱོར་བའི་རེ་བ་ནི་ནམ་མཁའི་འཇའ་ཚོན་གོས་སུ་རེ་བ་དང་ཁྱད་ཅི། ཨ་མ་དེ་ ལྟར་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བས་ཐད་ཀར་རྫོང་སྨན་ཁང་དུ་ཁ་ལོ་བསྒྱུར་འགོ་ཚུགས། སྨན་ཁང་ དུ་འབྱོར་རྗེས་ཨ་མས་རང་གི་ཁྲག་འཚོང་རྒྱུའི་རེ་བ་བཏོན། སྨན་པས་ཨ་མ་གཡུ་སྒྲོན་ལ། ཁྱེད་ཀྱིས་སྐུ་གཟུགས་ ཧ་ཅང་སྐྱོ་བས་ཁྲག་གཙག་ན་ཉེན་ཁ་ཆེན་པོ་ཡོད་ཚུལ་བརྗོད་ཀྱང་ཨ་མས་ཨུ་ཚུགས་བྱས་མཐར་སྨན་པ་ཡང་བྱ་ཐབས་ཟད་དེ་ཁྲག་གཙག་འགོ་བརྩམས། ཁྲག་གཙག་དུས་ཨ་མའི་ངོ་མདོག་སྐྱ་བོར་གྱུར་ཞིང་ལུས་པོ་ཡོངས་ གྲང་ཅང་ཅང་དུ་གྱུར་ཡང་མཁུར་ཚོས་གཡས་གཡོན་དུ་སྔར་བཞིན་འཛུམ་གྱིས་ཕྱུག་ཡོད། རྒྱུ་མཚན་ནི་ཨ་མས་ཁྲག་བཙོངས་ཐུབ་ན་ད་གཟོད་བུ་མོར་དངུལ་སྒོར་བསྐུར་རྒྱུ་ཡོད་པས་རེད། སྨན་པས་ཁྲག་མུ་མཐུད་གཙག་ན་ སྲོག་ལ་ཉེན་ཁ་ཡོད་ཚུལ་ཐེངས་མང་ལབ་ཀྱང་ཨ་མ་གཡུ་སྒྲོན་གྱིས།ངའི་གཟུགས་པོ་ཐང་པོ་ཡོད་པས་མུ་མཐུད་ཁྲག་གཙག་དགོས་པའི་རེ་བ་བཏོན། དུས་ཚོད་ཡུན་རིང་ཞིག་མགོར་རྗེས་ད་གཟོད་ཁྲག་བཙག་ཚར་སོང་། སྨན་པས་ད་ཆ་སྐུ་ཉིད་ཁྲག་བཙག་ཚར་མ་ཐག་ཡིན་པས་ཉལ་ཁྲིའི་ཐོག་ངལ་གསོ་གནང་ནས་བཞུགས་དགོས་ཞེས་ བཀའ་སློབ་ནན་མོ་གནང་སོང་། འོན་ཀྱང་ཨ་མས་ཁྲག་བཙག་ཚར་མ་ཐག་ལམ་སེང་ལྟོ་ཕད་ཆུང་ཆུང་དེ་རྒྱབ་ ཏུ་འཁུར་ནས་སྒོ་ཁར་ཐོན་གྲབས་བྱས་པ་ན། གློ་བུར་དུ་མགོ་གཡུག་འཁོར་ནས་ས་ལ་འགྱེལ། སྨན་པས་ལམ་ སེང་ཁོང་སྐྱོར་ནས་སྨན་ཁང་གི་ཉལ་ཁྲིའི་ཐོག་བསྙལ་བ་དང་སྨན་ཆུ་ཞིག་བླུགས་སོང་། ཡུད་ཙམ་སོང་རྗེས་ཨ་ མ་ད་གཟོད་རྨོངས་གཉིད་ལས་སད་པ་ལྟར་ཕྱོགས་བཞིར་ཞིབ་ལྟ་ཞིག་བྱས་ཞོར་རང་ཉིད་ཅི་ཞིག་བྱས་པ་མི་ དྲིས་པར་མིག་གཉིས་གྲུང་རིལ་རིལ་གྱིས་གྱང་སྟེང་དུ་བཀལ་བའི་དུས་ཚོད་ལ་བལྟས་ཤིང་། དུས་ཚོད་ཕྱི་དྲོའི་ཆུ་ཚོད་ལྔ་པར་ཐོན་འདུག་པ་གཟིགས་ཐལ། ཁོ་མོས་དངངས་འཚབ་དང་བཅས་མལ་ལས་ལངས་ཏེ་ལྟོ་ཕད་ ཆུང་ཆུང་ནང་བླུགས་པའི་ཁྲག་བཙོངས་པའི་དངུལ་སྒོར་དག་བསྣམས་ནས་དེ་མ་ཉིད་དུ་དངུལ་ཁང་གི་ཕྱོགས་སུ་རྒྱུགས་སོང་།རྫོང་སྨན་ཁང་ནས་དངུལ་ཁང་བར་གྱི་རྐང་ལམ་ནི་སྐྱ་ཐིང་ངེར་གནས་ཤིང་མུ་མཐའ་མེད་པའི་ལམ་ཁ་དེའི་ཐོག་ཨ་མ་གཡུ་སྒྲོན་ནི་ཅི་འདྲའི་ཉམ་ཆུང་བ་ཞིག་རེད་ཨང་། ཁོང་གི་རྐང་པ་གཡས་པ་དེ་སྔོན་ ལག་སྐྱོར་འཕྲུལ་འཁོར་ཞིག་གི་འཁོར་ལོའི་འོག་མནན་ནས་འཐེང་འགྲོས་སུ་གྱུར་བས། རྐང་པ་འཐེང་འགྲོས་ཅན་གྱི་མི་རྒན་ཞིག་ལམ་ཐག་རིང་པོ་དེ་འདྲའི་ཐོག་རྐང་ཐང་དུ་འགྲོ་དགོས་རྒྱུ་ནི་ཧ་ཅང་གི་དཀའ་ཚེགས་ཆེ་ བ་ཞིག་མ་རེད་དམ། ཆུ་ཚོད་བཞི་ལྷག་ཙམ་གྱི་འགྲུལ་བཞུད་འོག་ཨ་མ་གཡུ་སྒྲོན་ད་གཟོད་དངུལ་ཁང་དུ་འབྱོར། དངུལ་ཁང་གི་སྒོ་འགྲམ་དུ་སླེབས་དུས་དངུལ་ཁང་གི་ལས་མི་རྣམས་ལས་མཚམས་བཞག་ནས་སྒོ་ཕྱིར་ཐོན་ཡོང་གི་ཡོད་པ་གཟིགས་ཁྲལ་ཨ་མས་ལམ་སེང་འཛེམས་བག་ཅི་ཡང་མེད་པའི་སྒོ་ནས་པུས་མོའི་ལྷ་ང་གཉིས་པོ་ས་ལ་བཙུགས་ཏེ་དངུལ་ཁང་གི་ལས་མི་རྣམས་ལ་སྐྱབས་ཞུ་དང་བཅས་དངུལ་སྒོར་དག་བུ་མོར་བསྐུར་རོགས་གནང་རྒྱུའི་རེ་བ་ཞུས། དངུལ་ཁང་གི་ལས་མི་ཚོས་ཨ་མའི་ཉམ་ཐག་པའི་ཆ་སྤྱད་དེ་མཐོང་འཕྲལ་ཡ་ང་སྙིང་རྗེའི་ བསམ་པ་ཞིག་གིས་སྐུལ་བས་ཨ་མར་དངུལ་སྒོར་དག་བསྐུར་རོགས་ཞུས། དངུལ་སྒོར་དག་བསྐུར་ཟིན་རྗེས་ད་ གཟོད་ཨ་མའི་སེམས་ཀྱི་རྡོག་ཁྲེས་དེ་འཇའ་བཞིན་ཡལ་ལ་རང་ཉིད་ཉིན་གང་ཞལ་ལག་ཁ་གང་མཆོད་མེད་པ་གཞི་ནས་ཚོར།  
  དུས་ཚོད་ནི་དྲག་ཏུ་རྦབ་པའི་ཆུ་ཀློང་ཇི་བཞིན་བར་མེད་མདུན་དུ་རྒྱུགས་བཞིན་འདུག་ལ། བུ་མོ་ཡང་ དུས་ཚོད་ཀྱི་གོམས་འགྲོས་དང་བསྟུན་ནས་མཐོ་རྒྱུགས་ཡིག་ཚད་ལ་བཞུགས། ཡ་མཚན་སྐྱེ་དགོས་པ་ཞིག་ལ་  སྔོན་ཆད་ཡིག་ཚད་སྐབས་ཡིད་ཆེས་དང་སྤྲོ་སྣང་གིས་ཕྱུག་པའི་བུ་མོ་བདེ་སྐྱིད་མཚོ་མོ་དེ་རིང་ངོ་མདོག་སྐྱ་བོར་གྱུར་ཞིང་། སློབ་མ་སུ་ཞིག་འཕྲད་ཀྱང་དོགས་མི་བདེ་བའི་སྣང་བ་ཞིག་རང་ཤུགས་ངང་མངོན་བཞིན་འདུག  ཡིག་རྒྱུགས་སྐབས་སློབ་མ་ཕལ་ཆེ་བ་གྱི་ལིང་རྟ་མཆོག་ཡངས་པའི་ཐང་ཆེན་ཐོག་བང་རྩལ་ངོམས་པ་བཞིན་ ཚག་སྒྲ་དང་བསྡོངས་ནས་སྨྱུ་གུའི་རྩལ་ཤེས་བར་མེད་སྒུལ་བཞིན་འདུག་ཀྱང་།བུ་མོ་བདེ་སྐྱིད་མཚོ་མོ་ནི་གདོང་ལ་ཚ་བ་རྒྱས་པ་ཡིན་ནམ་ཡང་ན་སྨྱུ་གུའི་བྲོ་གར་འཁྲབ་མི་ཤེས་པས་ལན་པ་ཡིན། གང་ལྟར་ལུས་པོ་ཧྲིལ་པོ་ རྔུལ་ཆུས་ཡོངས་སུ་བརླན་ཞིང་། གྲང་རེག་གིས་གཙེས་པ་ཡིན་ནམ་ཡང་ན་ཀླད་པའི་ཁྲག་རྩར་འཁྱགས་པས་ བསྡམས་པ་ཡིན།གང་ལྟར་ལག་གཉིས་བར་མེད་འདར་ནས་སྨྱུ་གུའང་ལག་ཐོག་ཏུ་འཛིན་དཀའ་བར་གྱུར་ནས་དུས་ཚོད་སྐར་ཆ་གཅིག་ཀྱང་གནས་དེར་སྡོད་ཚུགས་དཀའ་བར་གྱུར། ཡིག་རྒྱུགས་མཇུག་བསྒྲིལ་རྗེས་སློབ་མ་ གཞན་པ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་རྒྱུགས་ར་ནས་ཐོན་ཡོང་གིན་ཡོད་ཀྱང་། བུ་མོ་བདེ་སྐྱིད་མཚོ་མོ་ནི་ སྔན་པ་ཞིག་འཐེན་བཞིན་ཡིད་ཆད་ངང་ཡོང་གིན་ཡོད་པ་དེ་རེད། རིམ་གྱིས་སློབ་མ་གཞན་པ་ཕལ་ཆེ་བ་ དགའ་ཉེ་སྤུན་མཆེད་ཚོས་གཏུམས་པའི་ཁ་བཏགས་ཁྲོད་རང་གི་འདོད་མོས་ཡོད་པའི་སློབ་གྲྭ་ཆེན་མོའི་ལམ་ བུར་བཞུགས། འོན་ཀྱང་། ཨ་མའི་སྙིང་གི་ཚི་ལུ་ཕ་ཡུལ་དུ་ལོག་མི་ནུས་པར་མགྲོན་ཁང་གི་ཁུགས་སོ་ཞིག་ན་ མགོ་ལ་སྦར་མོ་བཀབ་ནས་མཆི་མ་འདོན་བཞིན་འདུག
  ཟླ་ཤས་སོང་རྗེས་མོས་ཨ་མར་ཁ་པར་བཏང་ནས་རང་ཉིད་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་འཕྲོད་འདུག་པས་སློབ་ཡོན་དང་འཚོ་བའི་གྲོན་དངུལ། མེ་འཁོར་གྱི་སྤ་སེའི་རིན་པ་སོགས་བསྡོམས་སྒོར་ཁྲི་གཉིས་དགོས་ ཚུལ་བརྗོད། བུ་མོ་སློབ་གྲྭར་ཡིག་རྒྱུགས་འཕྲོད་འདུག་པ་ཨ་མས་ཤེས་རྗེས་ཨ་མ་ནི་དབྱར་གྱི་འབྲུག་སྒྲ་ཐོག་མ་ རྨ་བྱའི་ལུས་ལ་འཕོག་པ་ཇི་བཞིན་དགའ་བས་རབ་ཏུ་མྱོས་ཏེ་ས་མཆོང་གནམ་མཆོང་བྱེད་ཅིང་།“དཀོན་མཆོག་གིས་གཟིགས་ནས། མ་རྒན་མོ་ང་ལ་བུ་མོ་བསོད་ནམས་ཅན་ཞིག་གནང་བྱུང་”ཟེར་བཞིན་གྲོང་ཚོ་དེའི་མི་རྣམས་ལ་ངའི་བུ་མོ་སློབ་གྲྭ་ཆེན་མོར་ལོན་འདུག་ཅེས་ངོམས་སུ་བྱེད་པར་ཕེབས་པ་དང་སྦྲགས། ངའི་བུ་མོ་ཁྱེད་ཚོས་ ཟེར་བའི་མི་ཁྲེལ་མེད་དེ་འདྲ་མིན་ཚུལ་སོགས་སྐད་ཆ་ལུང་པ་གང་བཤད། འོན་ཀྱང་བུ་མོས་ཡིག་ཚད་སྐར་ གྲངས་བརྒྱ་དང་སུམ་ཅུ་ལྷག་ཙམ་ལས་བཏང་མེད་རྐྱེན་མོ་སློབ་གྲྭ་ཆེན་མོར་ཚུད་པའི་བསྐལ་བ་ནི་རྒྱ་མཚོའི་ ནང་ནས་ཟླ་བ་འདོན་པ་བཞིན་ཧ་ཅང་དཀའ་བའི་གནས་སུ་གྱུར་ཀྱང་། རི་གྲོང་གི་ཨ་མས་བུ་མོའི་དོན་དངོས་ གནད་དོན་དེ་ཇི་ལྟར་རྟོགས།
ཨ་མ་གཡུ་སྒྲོན་ནི་བུ་མོ་སློབ་གྲྭ་ཆེན་མོར་ཡིག་ཚད་ལོན་པའི་གཏམ་བཟང་ཐོས་པས་དེའི་དགོང་མོར་གཉིད་སྐྱིད་པོ་ཞིག་ཁུགས་ལ་གཉིད་ལམ་ཡང་ཧ་ཅང་སྐྱིད་པོ་ཞིག་བཏང་། གཉིད་ལམ་ནང་བུ་མོས་ཨ་མར་  འཛུམ་མདངས་ཡང་ཡང་སྟོན་ཞིང་ཨ་མར་འཐམ་འཁྱུད་ཡང་ཡང་བྱེད་པ་དང་། བུ་མོ་ཨ་མའི་སྐྱེལ་མའི་འོག་ གནམ་གྲུར་བསྡད་ནས་སློབ་གྲྭར་འགྲོ་བ་རྨིས་ཤིང་། ཨ་མས་བུ་མོ་སྡོད་སའི་གནམ་གྲུ་དེར་མིག་གཉིས་ཅེར་ ནས་ལག་གཡུག་ཡང་ཡང་བྱེད་བཞིན་ཡོད། འོན་ཀྱང་ལག་པ་གྱང་ལ་བརྡབས་པའི་སྒྲ་ཞིག་དང་ན་ཟུག་ཞིག་ གིས་ཨ་མ་གཡུ་སྒྲོན་ཧད་དེ་གཉིད་ལས་སད་པས་ད་གཟོད་དེ་དག་ནི་རྨི་ལམ་ཡིན་པ་གཞི་ནས་ཤེས་ལ། བུ་མོ་སློབ་གྲྭར་ཚུད་པའི་དགའ་ཚོར་གྱིས་མྱོས་པས་བུ་མོས་ལབ་པའི་སྒོར་ཁྲི་གཉིས་དེ་རྦད་དེ་བརྗེད་པ་གཞི་ནས་ དྲན། དེ་རྗེས་ཨ་མ་མུ་མཐུད་གཉིད་ཁུགས་ཐབས་བྲལ་ནས་སྒོར་ཁྲི་གཉིས་ཇི་ལྟར་ཐབས་ཤེས་གཏོང་དགོས་ མིན་ལ་བསམ་བློ་གཏོང་འགོ་ཚུགས། བསམ་བློ་མཚན་གང་བཏང་ཡང་ཨ་མ་ལ་དངུལ་སྒོར་ཡོང་ཁུངས་གཏན་ ནས་མེད་ལ། སྔོན་ཆད་ལག་ཐོག་ཏུ་སྒོར་ཕྲན་བུ་ཡོད་པ་ཐམས་ཅད་བུ་མོའི་དོན་དུ་བཏང་ཚར་བ་དང་། ད་ཆ་ག་ས་གང་དུ་བུ་ལོན་གྱིས་གང་ཡོད་པས། དངུལ་སྒོར་ལག་ཏུ་ཐོབ་རྒྱུ་ནི་ཆུ་དཀྲོགས་ནས་མར་འདོན་པ་ལས་ མ་འདས། ཨ་མའི་བསམ་པར་བུ་མོ་སློབ་གྲྭ་ཆེན་མོར་ཡིག་ཚད་ལོན་པས་དངུལ་སྒོར་དེ་མཁོ་ངེས་རེད་སྙམ་    བཞིན་ཐབས་ཤེས་གང་ཡོད་བཏང་ཡང་སྒོར་མོ་ཉིས་བརྒྱ་ལས་ལག་ཏུ་མ་སོན། ད་གཟོད་ཨ་མས་ཆུང་དུས་ནས་གཟུགས་དང་གྲིབ་མ་ཇི་བཞིན་བྲལ་མྱོང་མེད་པའི་མགུལ་སྟེང་གི་གཟི་དང་བྱུ་རུའི་རྒྱན་ཆ་དེ་གཞན་ལ་ འཚོང་རྒྱུའི་བསམ་བློ་འཁོར།
  ཉིན་དེའི་ནངས་མོར་ཨ་མ་གཡུ་སྒྲོན་གྱིས་ཐོ་རེངས་བྱ་ཕོས་ནམ་བརྡ་བཏང་མ་ཐག་མལ་ལས་ལངས་ཏེ་ ཁ་ངོ་བཀྲུས་ཤིང་མདང་གོང་ཇ་དམ་ནང་བླུགས་པའི་ཐུག་པ་ཚ་པོ་དེ་ནས་ཕོར་པ་གསུམ་བཏུངས་པ་དང་།  མཆོད་ཁང་མདུན་དུ་ཕྱིན་ནས་མཆོད་མེ་ཞིག་སྤར་ཏེ་རང་ཉིད་དེ་རིང་བྱ་བ་ལམ་ལྷོངས་དང་གང་བསམ་   ལྷུན་སྒྲུབ་ཡོང་བའི་སྨོན་ལམ་བཏབ་རྗེས་ཚི་དྲེག་ཆགས་པའི་ལྟོ་ཕད་ཆུང་ཆུང་དེ་རྒྱབ་ཏུ་འཁུར་ནས་གྲོང་   ཁྱེར་ཕྱོགས་སུ་ཐོན། སྣུམ་ནག་གཞུང་ལམ་ཐོག་རླངས་འཁོར་ནི་བྱ་འཕུར་པ་ཇི་བཞིན་མྱུར་ཡང་ཨ་མ་གཡུ་  སྒྲོན་གྱི་སེམས་ལ་ད་དུང་དལ་དྲགས་པའི་ཚོར་སྣང་ཞིག་དབང་མེད་ཏུ་སྐྱེས། ཆུ་ཚོད་བཞི་ཙམ་སོང་རྗེས་ད་ གཟོད་གྲོང་ཁྱེར་དུ་སླེབས། ཨ་མ་གཡུ་སྒྲོན་ནི་ཆུང་ངུའི་དུས་ནས་གྲོང་ཁྱེར་ལ་ཕེབས་མྱོང་ཉུང་བས་འཁྲུག་ཆ་ དོད་པའི་གྲོང་ཁྱེར་གྱི་ཉམ་བཟང་དག་མིག་ལམ་དུ་འཆར་དུས་ཧ་ལས་ཧང་སངས་བར་གྱུར། གཞིས་རྩེ་གྲོང་ ཁྱེར་ནི་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པར་འབོད་ཅིང་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་གི་མི་གྲངས་མང་ཤོས་དང་ས་རྒྱ་ཆེ་ཤོས་ཡིན་པ་རེད། གཞིས་རྩེ་གྲོང་ཁྱེར་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་ཚར་དུ་ དངར་བའི་ཐོགས་བརྩེགས་ཁང་ཆེན་གྱིས་ཡོངས་སུ་གཏམས་ཤིང་། ག་ས་གང་ནས་བོད་རིགས་གཞས་པ་ གཞས་མས་བཏང་བའི་གཞས་འདྲ་མིན་སྣ་ཚོགས་ཀྱི་སྒྲ་དབྱངས་ཀྱིས་གྲོང་ཁྱེར་ཡོངས་འུར་ཐིང་ངེར་གནས། གྲོང་ ཁྱེར་གྱི་རྣམ་པ་མཛེས་པོས་ཨ་མ་གཡུ་སྒྲོན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཀྱང་ཨ་མའི་དངུལ་ཁུག་ནང་མའོ་ཀྲུའུ་ཞིའི་པར་ཡོད་པའི་དམར་ཤོག་གིས་དབུལ་རྐྱེན་ཁྲ་ཁྲ་ཆིལ་ཆིལ་གྱི་ཚོང་རྫས་དག་ཨ་མའི་ངོས་ ནས་བརྗོད་ན་ཤེལ་སྒོའི་ནང་གི་མོག་མོག་དང་ཨ་ན་མ་ན་རེད། ཨ་མས་དེ་དག་ལ་སྣང་བ་མི་འཁྲུལ་བར་གཟི་ དང་བྱུ་རུ་སོགས་རིན་པོ་ཆེའི་རིགས་ཀྱི་རྒྱན་ཆ་ཉོ་ཚོང་བྱ་སའི་འཚོང་ཁང་ཞིག་འཚོལ་བར་ཕྱིན། ཨ་མས་ཕར་ འདྲི་ཚུར་འདྲི་བྱས་ནས་ཕྱིན་ཕྱིན་མཐར་གཟི་བྱུར་ཉོ་ཚོང་བྱེད་སའི་འཚོང་ཁང་ཞིག་ཏུ་འབྱོར། ཨ་མས་འཚོང་ ཁང་དེར་གཟི་བྱུར་གྱི་རྒྱན་ཆ་ཉོ་མིན་དྲིས་པས་འཚོང་ཁང་གི་ཞབས་ཞུ་པས། “ང་ཚོ་ནི་གཟི་བྱུར་གྱི་རྒྱན་ཆ་ བཙོངས་སའི་འཚོང་ཁང་ཡིན་པ་ལས་གཟི་བྱུར་གྱི་རྒྱན་ཆ་ཉོ་མཁན་མ་ཡིན་”ཞེས་བཤད། ཨ་མས་འཚོང་ཁང་དེའི་ནང་དུ་ཕྱིན་ནས་འཚོང་ཁང་དེའི་གཟི་བྱུར་གྱི་རྒྱན་ཆ་དག་ལ་མིག་གི་ལོངས་སྤྱོད་ཐེངས་འགའ་བྱས་ལ། གཟི་དང་བྱུ་རུ་དེ་ཚོའི་གོང་ཚད་སྟབས་བདེ་ཞིག་དྲིས་པས། འཚོང་ཁང་གི་གཟི་བྱུར་དག་སྒོར་ཆིག་སྟོང་ལྷག་ ལ་ཉོ་ཐུབ་ཀྱི་ཡོད་པ་ཤེས། འོན་ཀྱང་འཚོང་ཁང་གི་གཟི་བྱུར་གྱི་རྒྱན་ཆ་དེ་དག་གི་ནང་གཟི་བྱུར་ངོ་མ་རྐང་ གཅིག་ཀྱང་མཐོང་རྒྱུ་མེད་པར་ཕལ་ཆེ་བ་རྡོ་ལས་བཟོས་པའམ་འགྱིག་ལས་བཟོས་པའི་ཅ་ལག་རྫུན་མ་ཤ་སྟག་ རེད། ཨ་མས་རང་གི་གཟི་བྱུར་གྱི་རྒྱན་ཆ་དེ་དང་འཚོང་ཁང་དེའི་གཟི་བྱུར་གྱི་རྒྱན་ཆ་དག་ལ་བསྡུར་བ་འགའ་ བཏང་ནས་རང་ཉིད་ཀྱི་གཟི་བྱུར་དེ་དག་ངོ་མ་ཡིན་ཚུལ་གྱི་ཉམས་ཤིག་སྟོན། ཅུང་ཙམ་འགོར་རྗེས་ཨ་མས་ གཟི་བྱུར་གྱི་རྒྱན་ཆ་དེ་ལྟོ་ཕད་ཀྱི་ནང་དུ་གཟབ་ནན་གྱིས་བླུགས་ནས་གནས་དེ་ནས་ཁ་གྱེས། ཨ་མས་མུ་མཐུད་ གཟི་བྱུར་བཙོངས་ཐུབ་སའི་ས་ཆ་ཞིག་བཙལ་བར་ཕྱིན། ཨ་མས་གློ་བུར་ཞིག་ལ་དེ་དང་ཐག་མི་རིང་བའི་བཞི་ མདོ་ཁ་ཞིག་ན་མི་ལྔ་དྲུག་ཙམ་གྱིས་ལག་ཏུ་གཟི་བྱུར་གྱི་རྒྱན་ཆ་ཐོགས་ནས་གསལ་ལ་མི་གསལ་བའི་སྐད་ཆ་ ཤབ་ཤུབ་སྨྲ་བཞིན་ཡོད་པ་མཐོང་བས། ཨ་མའི་བསམ་པར་དེ་དག་ནི་གཟི་བྱུར་གྱི་རྒྱན་ཆ་ཉོ་མཁན་རེད་སྙམ་ སྟེ་གོམ་སྟབས་མྱུར་མོས་གནས་དེར་ལྷགས། ཨ་མས་ས་དེའི་གནས་ཚུལ་ལ་རྒྱུས་ལོན་ཅིག་བྱས་རྗེས་མི་དེ་དག་ ལ་གཟི་བྱུར་གྱི་རྒྱན་ཆ་ཉོ་གི་ཡོད་མེད་འདྲི་དུས། མི་དེ་དག་ནི་སྤྱང་ཀི་ཤ་ལ་རྔམ་པ་བཞིན་ཁ་ལས་མིག་ཆེ་བ་ བགྲད་ནས་ཨ་མའི་མཐའ་བསྐོར་བཞིན་བྱུ་རུ་ཉོ་གི་ཡོད་ཚུལ་དང་བྱུ་རུ་ལ་གཞན་ལས་གོང་མཐོ་བ་སྤྲོད་ཀྱི་ཡོད་ཚུལ་སོགས་གཅིག་རྗེས་གཉིས་མཐུད་ངང་བཤད། ཨ་མའི་བསམ་པར་མི་དེ་དག་ཁྲམ་པ་མིན་ནམ་སྙམ་པའི་ དོགས་པ་ཞིག་བྱུང་ཡང་མི་དེ་དག་གི་ཁྲོད་ན་ལོ་དྲུག་ཅུ་ལྷག་བུད་ཅིང་ལག་ན་ཙན་དན་གྱི་ཕྲེང་བ་ཐོག་པའི་སྤོ་བོ་རྒན་གྲས་ཤིག་ཡོད་པ་མཐོང་བས་སེམས་ཅུང་ཟད་བདེ་བར་གྱུར། ཨ་མས་ཁོ་ཚོའི་རེ་བ་ལྟར་ལག་གཉིས་ འདར་སིག་རྒྱག་བཞིན་དུ་ལྟོ་ཕད་ཆུང་ཆུང་དེ་ནས་རང་གི་གཟི་བྱུར་གྱི་རྒྱན་ཆ་དེ་སྟོན་ནས་ཁོ་ཚོར་བསྟན། ཁོ་ཚོས་གཟི་བྱུར་གྱི་རྒྱན་ཆ་དེ་ལ་རེས་མོས་ཀྱིས་ཞིབ་མོར་བལྟས་ཤིང་། ཁོ་ཚོའི་དཔྲལ་བའི་སྟེང་གི་མིག་ཟུང་ལ་ གཡོ་སྒུལ་ཅི་ཡང་མེད་པར་གཟི་བྱུར་གྱི་རྒྱན་ཆ་དེའི་ཕྱོགས་ལ་ཅེར་བ་ལ་བལྟས་ན་ཨ་མ་གཡུ་སྒྲོན་གྱི་གཟི་བྱུར་གྱི་རྒྱན་ཆ་དེ་ངོ་མ་ཡིན་པ་རྟོགས་ནུས། དེ་འཕྲལ་ཁོང་ཚོས་གཟི་བྱུར་གྱི་རྒྱན་ཆ་དེའི་རིན་གོང་བྲིས་པ་ན། ཨ་མས།“གཟི་བྱུར་གྱི་རྒྱན་ཆ་དེ་ནི་ངའི་ཕ་མེས་ཡང་མེས་ཚོས་བཞག་པའི་ཁྱིམ་རྒྱུད་ནོར་བུ་རྩ་ཆེན་ལྷད་མེད་པ་ཞིག་ཡིན།ད་རེས་ང་ལ་དངུལ་དགོས་མཁོ་ཆེན་པོ་ཡོད་པས་མ་གཏོགས་བྱུ་རུ་དེ་མི་ཚེ་གཅིག་འཚོང་རྩིས་མེད། ཁྱེད་ཚོས་ཉོ་ངོ་མ་ཡིན་ན་ཁྲི་གསུམ་ལ་བཙོངས་ཆོག་”ཟེར། ཁོ་ཚོས་ཕར་བཤད་ཚུར་བཤད་བྱས་མཐར་སྒོར་ཁྲི་ གསུམ་ལ་འཚོང་རྒྱུ་གཏན་འཁེལ་བྱས། ཁོ་ཚོས་ཨམ་ཕྲག་ལས་དངུལ་སྒོར་ཁྲི་གསུམ་སྟོན་ནས་ཆད་ལྷག་མེད་ པའི་ངང་ཨ་མ་ལ་སྤྲད། ཨ་མས་ལག་གཉིས་འདར་སིལ་རྒྱག་བཞིན་དུ་དངུལ་སྒོར་དེ་དག་ལ་མགོ་ནས་མཇུག་ བར་གྲངས་ཀ་ཐེངས་ལྔ་དྲུག་ཙམ་ཞིག་བརྒྱབ། ཨ་མས་ཐེ་ཚོམ་མམ་ཉམས་ཚོད་གང་ཡིན་ཆ་མི་འཚལ་མོད།  “དེ་ཚོ་དངུལ་རྫུན་མ་མ་རེད་པཱ”ཞེས་བཤད། སྤོ་བོ་རྒན་གྲས་དེས་དེ་མ་ཐག་ཉིད་དུ། “དཀོན་མཆོག་གསུམ། དངུལ་དེ་དག་ཞོགས་པ་དངུལ་ཁང་ནས་བཏོན་མ་ཐག་ཡིན་པས་རྫུན་མ་རྐང་གཅིག་ཀྱང་མེད། ལྷག་པར་དུ་ ང་ཚོ་ཚང་མ་བོད་རིགས་ཡིན་པས་བོད་རིགས་ཕན་ཚུན་བར་རོགས་རམ་བྱ་མ་ཐུབ་ཀྱང་སྐྱག་རྫུན་དང་ཧམ་པ་ཤོད་ག་ལ་ཉན། ཁྲམ་པ་བཤད་ན་ལས་རྒྱུ་འབྲསལ་ཡང་ངོ་ཚ་”ཞེས་བཤད།   ཨ་མ་གཡུ་སྒྲོན་ནི་ནམ་རྒྱུན་ཆོས་ལ་དད་པ་ཆེ་ཞིང་སྒོས་སུ་གཞན་ལ་གང་བྱུང་དུ་མནའ་སྐྱེལ་དུ་བཅུག་གིན་མེད་ལ། རང་ཉིད་ཀྱང་མནའ་ བསྐྱལ་བ་ཉུང་ཉུང་ཡིན་པས།ཁོས་དཀོན་མཆོག་གསུམ་ཞེས་མནའ་བསྐྱལ་མ་ཐག་དངངས་སྐྲག་ཆེན་པོས།“ ཁྱེད་ཀྱིས་མནའ་སྐྱེལ་མི་རུང་། མནའ་གང་བྱུང་དུ་བསྐྱལ་བ་ཡིན་ན་སྡིག་པ་ཡོད་པ་རེད། ངས་ཁྱེད་ལ་ཡིད་ཆེས་ཡོད། ཁྱེད་ཀྱིས་དཀོན་མཆོག་གསུམ་དཔང་དུ་བཙུགས་པས་ངས་ཡིད་ཆེས་མ་བྱས་ན་ག་ལ་འགྲིག”ཅེས་བཤད་དེ་ དངུལ་དེ་ལྟོ་ཕད་ཆུང་ཆུང་དེའི་སྦུབས་སུ་བཅུག་ནས་ཤར་རེར་རླངས་འཁོར་འབབ་ཚིགས་སུ་ཁ་ལོ་བསྒྱུར་སོང་།
  ཁྱིམ་དུ་སླེབས་རྗེས་ཨ་མས་བག་ཐུག་ཚ་པོ་ཞིག་བཀོལ་ཅིང་ཁ་ནས་དེང་སང་ཁྲོམ་རའི་ཐོག་དར་སོ་ཆེ་བའི་གཞས་པ་ཆོས་འཕེལ་གྱི་གསུང་གཞས། དབུ་སྐྲ་དུང་ལས་དཀར་བའི་ཨ་མ་ལགས། ཕྱག་གིས་མ་ཎི་བསྐོར་ བའི་ཨ་མ་ལགས། ཉི་མ་ལ་ཁར་ཐད་ནས། ཆར་སིམ་རླུང་བུའི་ཁྲོད་དུ། ང་ལ་བྱམས་པའི་ཨ་མས། ཡིད་སྐྱོའི་དྲན་  གསོ་གནང་གིས་ཞེས་པ་དེ་གཏོང་བཞིན་ཡོད། ཡུད་ཙམ་སོང་རྗེས། ཨ་མས་སང་ཉིན་རྫོང་ཐོག་ཏུ་བུ་མོར་   དངུལ་བསྐུར་བར་བསྐྱོད་དགོས་པས་སྐྲ་ཞིག་འཁྲུ་དགོས་སྙམ་སྟེ་ཆུ་ཚ་པོ་ཞིག་བཀོལ་ནས་སྐྲ་གཙང་མ་ཞིག་ བཀྲུས་པ་དང་། ཐུག་པ་བག་ཐུག་དེ་ནས་ཕོར་པ་གསུམ་བཏུངས་རྗེས་ཉལ་འགོ་བརྩམས། སང་ཉིན་རྫོང་གི་ དངུལ་ཁང་དུ་སླེབས་དུས་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་། ཁ་སང་གཟི་བྱུར་བཙོངས་པའི་  དངུལ་སྒོར་ཁྲི་གསུམ་པོ་དེ་ལས་སྒོར་མོ་གསུམ་བརྒྱ་མ་གཏོགས་ཚང་མ་རྫུན་མ་ཡིན་པ་རེད། དངུལ་ཁང་གི་ ལས་སྒྲུབ་མི་སྣའི་གཏམ་དག་ཐོས་རྗེས་ཨ་མ་གཡུ་སྒྲོན་ནི་ཡུད་ཙམ་ཞིག་རིང་རྡོ་ལེབ་ཚ་མོའི་སྟེང་གི་གྲོག་མ་ཇི་བཞིན་ཅི་བྱ་གཏོལ་མེད་དུ་གྱུར་ནས་བླ་འཁྱེར་བ་ཇི་བཞིན་ཀྲོང་ངེར་ལུས། ཕྱི་དྲོ་དེར་ཨ་མས་ཁྱིམ་ཚེས་མི་   གཉིས་རོགས་སུ་འཁྲིད་དེ་གྲོང་ཁྱེར་དུ་མི་དེ་བཙལ་ནས་གནས་ལུགས་རྒྱུ་མཚན་ཤོད་པར་ཕྱིན་ཀྱང་།བསམ་ཡུལ་ལས་འདས་པ་ཞིག་ལ་གཟི་བྱུར་གྱི་རྒྱན་ཆ་ཉོ་མཁན་མི་དེའི་གཟུགས་ལྟ་ཅི་གྲིབ་མ་ཙམ་ཡང་གནས་དེར་འཆར་རྒྱུ་མེད་པས། ཨ་མ་གཡུ་སྒྲོན་ནི་མདའ་མོ་ཕོག་པའི་ཤྭ་བ་ཇི་བཞིན་ས་དེར་དྲན་པ་འཐོར། ཁྱིམ་ཚེས་གཉིས་པོས་ཨ་མ་གཡུ་སྒྲོན་སྐྱོར་ཏེ་ཁྱིམ་དུ་བསྐྱལ་ཡང་ལུས་ལ་ན་ཚ་ལྕི་པོ་ཞིག་ཕོག་པ་ལྟར་གྲག་འགུལ་ཅི་ཡང་མེད་པར་ མལ་སར་ལུས་ཤིང་། ཞལ་ནས་“ཚེ་སྔོན་མར་ངས་སྡིག་ཉེས་ཀྱི་བྱ་བ་ཆེན་པོ་ཞིག་བྱས་ཡོད་པ་འདྲ། དེ་མིན་ན་ང་ ལ་ཆག་སྒོ་ཆེན་པོ་དེ་འདྲ་འབྱུང་མི་སྲིད་”ཅེས་ཤོད་བཞིན་འདུག ཁྱིམ་ཚེས་ཚོས་གྲོང་ཁྱེར་གཞན་པར་ཡོད་ པའི་བུ་མོ་བདེ་སྐྱིད་མཚོ་མོ་ལ་འཕྲིན་ཡིག་ཅིག་བསྐུར་ཏེ་ཨ་མས་བུ་མོ་ཁྱོད་ཀྱི་སླད་དུ་གཟི་བྱུར་གྱི་རྒྱན་ཆ་དག་བཙོངས་པར་ཕྱིན་པས། གཞན་གྱི་དངུལ་སྒོར་རྫུན་མ་འབའ་ཞིག་ཨ་མ་ལ་སྦྱིན་པའི་སྐྱོ་གར་དང་ཨ་མར་ནད་ ཁྱད་མཚར་པོ་ཞིག་འཕོགས་འདུག་པས་ལམ་སེང་ཕ་ཡུལ་དུ་ཨ་མར་ལྟ་རྟོགས་བྱེད་པར་ཡོང་དགོས་པའི་རེ་བ་བཏོན། བུ་མོས་ཨ་མ་ན་བའི་གནས་ཚུལ་ཤེས་མ་ཐག་“ཧིན་ཧིན”ཅེས་ཁྲེལ་དགོད་ཅིག་བྱས་པ་དང་སྦྲགས། “གྲོང་གསེབ་པ། དངོས་གནས་གྲོང་གསེབ་པ་རང་རེད།དངུལ་ངོ་མ་དང་རྫུན་མ་ཡང་དབྱེ་འབྱེད་བྱེད་པའི་ནུས་པ་ཡོད་པ་མ་རེད”ཅེས་ཤོད་བཞིན།གང་ནས་ཡིན་མིན་མི་ཤེས་པའི་གསར་བུ་སྐྲ་སེར་གཅིག་དང་འཐམ་འཐམ་འཁྱུད་འཁྱུད་བྱས་ནས་གློག་འོད་ཆེམ་ཆེམ་འཕྲོ་བའི་ནང་མ་ཁང་ཞིག་ལ་བུད་སོང་།
  ཨ་མ་གཡུ་སྒྲོན་གྱིས་མིག་མཐར་མཆི་མས་གང་བཞིན་དུ་བུ་མོའི་མིང་ནས་ཡང་ཡང་འབོད་ཅིང་། རང་ ཉིད་ལ་འཁང་རའི་ཚུལ་གྱིས།“སྙིང་གི་ལོ་ལོ། ཨ་མས་ཁྱེད་ཀྱི་མདུན་ལམ་མེད་པར་བཏང་སོང་། ཨ་མས་སྒོར་ མོ་ཁྱེད་ལ་བསྐུར་ཐུབ་མ་སོང་བས་དགོངས་པ་མ་འཚོམས”ཞེས་ཡང་ཡང་བཟློས་བཞིན་འདུག དེ་ནས་ཡུན་མི་རིང་བར། གྲང་རླུང་འུར་འུར་དུ་ལྡང་ཞིང་ཁ་བ་སྐྱ་ལྷེབ་ལྷེབ་ཏུ་བབས་པའི་དགུན་དུས་ཀྱི་མཚན་མོ་ཞིག་ལ། ཨ་མ་གཡུ་སྒྲོན་ཁོང་ཁུ་སིམ་མེར་འཇིག་རྟེན་གཞན་ཞིག་ཏུ་བུད་ཟིན་འདུག ཁྱིམ་ཚེས་རྣམས་ཀྱིས་བཤད་རྒྱུན་ ལ་ཨ་མ་གཡུ་སྒྲོན་མ་གཤེགས་གོང་ཨ་མས་སྔར་བཞིན་བུ་མོའི་མིང་ནས་བཟློས་བཞིན་ཡོད་པ་དང་། སྔོན་ཆད་ བུ་མོ་དང་མཉམ་དུ་བསྐྱོན་པའི་བུ་མོའི་པར་དེ་བྲང་ཁར་སྦྱར་བཞིན་མིག་མཐར་མཆི་མ་འཁྱིལ་འདུག་ཟེར། ཨ་མ་དེ་ལྟར་ནུབ་ཁའི་ཉི་མ་ཇི་བཞིན་འཇིག་རྟེན་གཞན་ལ་བུད་སོང་། ཨ་མ་བུད་པའི་མཚན་མོར་རླུང་གིས་ གཡོས་པའི་ལྗོན་ཤིང་དག་ནི་མགོ་བོ་དུད་ནས་ཕར་གཡུག་ཚུར་གཡུག་བྱེད་བཞིན་འདུག་པར་བལྟས་ན། ཨ་མ་ ལ་མྱ་ངན་ཞུ་བཞིན་པ་དང་གཉིས་སུ་མ་མཆིས་ཤིང་། རྒྱང་རིང་ནས་གྲགས་ཡོང་བའི་འུག་སྐད་ཁོ་ན་ཨ་མའི་ འདས་རྐྱེན་ལ་སྐྱོ་གདུང་གི་སྨྲེ་སྔག་འདོན་བཞིན་ཡོད་པ་འདྲ། བུ་མོ་བདེ་སྐྱིད་མཚོ་མོ་ནི་སྔར་རྒྱུན་བཞིན་ དམར་ཆེམ་མེར་འཕྲོ་བའི་མཚན་མོའི་གློག་འོད་འོག་ཁྱི་སྡོམ་ཞིག་དང་འདྲ་བར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་ཡུལ་མི་ཀུན་གྱིས་ཁ་རྒྱུན་ན་གླེང་བཞིན་འདུག།།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ་གཡུ་སྒྲོན་གྱི་ལས་དབང་སྐྱུར་མོ།

2012-01-01 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།