དྭ་ཕྲུག་གི་ལས་དབང་།

གངས་རིའི་ཉི་གཞོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-11

             ༡                                                                   
  དབང་ཆེན་ཕོ་ལོ་དགུ་ལ་བུད་ཟིན།ལོ་དགུ་ལ་བུད་པའི་དབང་ཆེན་ད་དུང་ཡང་ཞ་ཞི་གོ་མེད་ཅིག་ཡིན་པས་འདང་རྒྱག་ཅི་ཡང་མེད་པར་རྒྱ་རྒན་ལུང་བ་རུ་དར་ཤུད་རྒྱག་རྒྱུ་ལས་བྱིས་པ་གཞན་དག་དང་འདྲ་བར་སློབ་ཁྲིད་དང་ལས་བྱ་ཅི་ཡང་མེད།ཡིན་ནའང་།དབང་ཆེན་གྱིས་རང་ཉིད་ཀྱང་བྱིས་པ་གཞན་དག་དང་འདྲ་བར་ཨའོ་ཐའེ་མེན་གྱི་འདྲ་པར་ཡོད་པའི་དཔེ་ཁུག་གཅིག་དང་དང་དབྱིབས་ལེགས་མདོག་བཟང་གི་སྨྱུག་སྒམ་གཅིགད་དུང་གོང་དམར་སོགས་བཏགས་ནས་སློབ་གྲྭ་འགོ་འོད་ཞུད་ཀྱི་བསམ་འདུན་རྦ་རླབས་ལྟར་འཇགས་མ་མྱོང་ཁར་ཕ་སྙིང་བྱམས་རྒྱལ་ལ་རེ་བ་ཞུས་པ་ཐེངས་གཅིག་གཉིས་ཙམ་མིན།        ཨ་ཆེ་སྒྲོལ་འཚོ་གློ་བུར་དུ་ཚེ་ལས་འདས་པ་དེས་སྙིང་བྱམས་རྒྱལ་ཚང་གི་ཁྱིམ་གྱི་དྲོད་ཁོལ་གཏོར་སོང་ལ་དབང་ཆེན་གྱིས་ཀྱང་མ་མེད་དྭ་ཕྲུག་ཅིག་གི་ལས་དབང་ཐོད་ལ་ལེན་དགོས་བྱུང་པས་ནམ་རྒྱུན་རྒྱ་རྒན་ལུང་བ་དང་སྒོག་ར་ཁུག་ལག་ཉཝལ་རྒྱུ་ནི་ཁོའི་ལས་ཀ་གཙོ་བོ་རུ་གྱུར་ཡོད།དབང་ཆེན་གྱི་གཟུགས་ཕུང་ཆུང་ལ་ཤ་སྐམ་ཅིང་།ནམ་རྒྱུན་མགོ་སྐྲ་གཟེངས་ཤིང་ངོ་གདོང་དྲི་མས་སྦགས་ལ་ཁ་སྐམ་པ་སོགས་ལས་ཁོའི་འཚོ་བའི་གནས་བབས་ཤིན་ཏུ་ཐབས་ཆག་ཡིན་པ་གསལ་བོར་ཤེས་ཐུབ།ཁོའི་ཡིད་དུ་འོང་བའི་ངོ་གདོང་དང་བྱིས་བློའི་རང་བཞིན་མ་ཡལ་བའི་ལུས་ཀྱི་སྟངས་སྟབས་གང་རུང་ན།གསར་སྐྱེས་མེ་ཏོག་ལྟ་བུའི་བྱིས་པ་ཞིག་གིས་འཇིག་རྟེན་ལ་བཅིངས་པའི་རེ་སྨོན་དང་དགའ་སྤྲོ་ཞིག་མ་ཉམས་པར་ཡོད་ན་ཡང་། གོར་ཞིང་ཆེ་ལ་དཀར་ནག་གི་ཆ་མངོན་པར་དབྱེ་བའི་མིག་ཟུང་དང་།མིག་ཟུང་དེ་ལས་འཕྲོས་པའི་དྭངསས་གསལ་གྱི་མིག་མདངས་གཉོམ་པོ་དེའི་གཏིང་རིམ་དུ།དེ་འདྲའི་བྱིས་པ་ལོ་ཆུང་ཞིག་ལ་ཡོད་མི་འོས་པའི་སྐྱོ་གདུང་དང་ངལ་དུབ་ཀྱི་སྣང་བ་ཞིག་ཀྱང་བག་ལ་བསྐུངས་འདུགཨ་ཆེ་སྒྲོལ་འཚོ་ཚེ་ལས་འདས་དུས་དབང་ཆེན་ལོ་ལྔ་ཡིན་པས་ཁོས་ཅི་ཡང་མི་ཤེས་ལ་ཐ་ན་ཨ་མ་ཞེས་ངུ་ངག་ཀྱང་འདོན་མི་ཤེས་པའི་ཚད་ཡིན།དེ་བས་དབང་ཆེན་གྱིས་ཨ་མ་རང་ཉིད་དང་བྲལ་བ་ལས་སྡུག་བསྔལ་གཞན་ཅི་ཡང་མ་ཤེས།   ཨ་ཆེ་སྒྲོལ་འཚོ་ཚེ་ལས་འདས་ནས་ལོ་གཅིག་ཙམ་འགོར་རྗེས་སྙིང་བྱམས་རྒྱལ་གྱིས་ལོ་གཉིས་ཅན་གྱི་བུ་མོ་ཞིག་རྗེས་སུ་ཁྲིད་པའི་སྡེབ་ནང་གི་ལྷ་སྐྱིད་ཀྱིམ་དུ་བསུས་ཏེ་དབང་ཆེན་གྱི་མ་གཡར་བྱས།ལྷ་སྐྱིད་སྙིང་བྱམས་རྒྱལ་ཚང་ལ་ཡོང་མ་ཐག་ལག་འཇམ་ལ་ཚིག་ལྷོད་པར་མ་ཟད་དབང་ཆེན་ལ་ལྷག་ཏུ་གཅེས་ཏེ་རང་གི་ཤ་མཆེད་ཀྱི་བུ་མོ་ལས་ཀྱང་དབང་ཆེན་ལ་བྱམས་པར་བྱས་ནས་ཟས་གང་ཞིམ་དང་ལྭ་གང་ཡག་དབང་ཆེན་ལ་བྱིན་ནས་སྡེ་མི་ཀུན་གྱི་བསྟོད་པའི་གནས་སུ་གྱུར།ཡིན་ན་ཡང་།ལོ་གཅིག་གི་རྗེས་སུ་བུ་ཆུང་རིག་ལོ་བཙས་པ་ནས་བཟུང་ལྷ་སྐྱིད་སྔོན་གྱི་གྱི་མ་གཡར་དེརེད་ཟེར་ན་སུས་ཀྱང་རྣར་མི་འགྲོ་བར་འདུག  དུས་རྒྱུན་དབང་ཆེན་གྱི་སྟེང་དུ་མིག་སྡང་སྡང་དང་རྣ་གཉེར་གཉེར་བྱས་ཏེ་སྒོ་རུ་མ་ཕུད་གོང་མ་བྱས་ཏེ་བཞག་པ་ན་ད་གཟོད་དབང་ཆེན་གྱིས་རང་གི་དྲིན་ཆེན་མ་ལོའི་བྱམས་བརྩེ་དང་ཨ་ཕའི་འཛུམས་མདངས་ཤིག་ཡོད་ན་ཅི་མ་རུང་སྙམ།དབང་ཆེན་གྱིས་མ་གཡར་ཁོང་ཁྲོ་ལངས་བའི་རྣམ་འགྱུར་དག་ཡིད་ལ་ཤར་ཐེངས་རེར་འཇིགས་སྐྲག་ཅིག་ངང་གིས་སྐྱེས་འོང་།འོན་ཀྱང་།ཨ་ཆེ་སྒྲོལ་འཚོ་ལ་གཉེན་ཉེ་གཅིག་ཀྱང་མེད་པས་དབང་ཆེན་མ་གཡར་གྱི་མདུན་ལས་འགྲོ་ས་གཞན་ཅི་ཡང་མེད།                
                               ༢                                 
    དབྱར་ཕ་མ་འདྲ་བོ་སོང་ཤུལ་གྱི་དགུན་རྒྱ་སྟག་འདྲ་བོའི་མཆེ་བར་ན་སེམས་ཅན་སུ་ཡང་གྲངའདར་རྒྱག་གིན་འདུག་ལ་དབང་ཆེན་ཡང་དེ་ལས་མ་འདས་པར་གྲུ་མགོ་ཆད་ཅིང་ཕུ་ཐུང་ཁ་བཤིག་པའི་བལ་ལྭ་རྙིང་བ་དེས་ལོ་གཉིས་ཀྱི་དགུན་ཟླ་ཕར་སྐྱེལ་ཟིན་ལ་ད་ལོ་ཡང་འདི་ལས་དགུན་ལྭ་གཞན་ཅི་ཡང་མི་འདུགཕོ་བ་ལྟོགས་ལ་ལུས་རྒྱབ་གྲང་བའི་དབང་ཆེན་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་མཁན་ཞིག་ཡོད་པ་ནི་ཨ་ཆེ་སྒྲོལ་འཚོ་ཚེ་ལས་འདས་ཤུལ་ན་ཨ་ཡེ་ཚེ་སྐྱིད་གཅིག་པུ་རེད་ལ་ཨ་ཡེ་ཚེ་སྐྱིད་ལ་སྙིང་ནས་དགའ་ཞེན་དང་བརྩེ་འདང་འཆང་མཁན་ཞིག་ཡོད་པ་ཡང་དབང་ཆེན་ཁོ་ན་རེད།   དབང་ཆེན། ཨ་ཡེ་གཅེས་ལོ། དལ་མོ་བྱོས། མིད་ལ་ཐོགས་ངེས་རེད། ཇ་ཞིག་འཐུངས།ཨ་ཡེ་ཚེ་སྐྱིད་ཀྱིས་དེ་ལྟར་ཟེར་ཞིང་ཇ་དཀར་དབང་ཆེན་ལ་གཏད་སྲོལ་ལ་བལྟས་ན་དེ་རིང་ཡང་དབང་ཆེན་ཨ་ཡེ་ཚེ་སྐྱིད་ཚང་ལ་ཇ་འཐུང་གི་ཡོང་ཡོད་པ་འདྲ།ལོ་གཅིག་གི་སྔོན་ལ་ཨ་ཡེ་ཚེ་སྐྱིད་ཀྱིས་དབང་ཆེན་དབང་ཆེན་གྱིས་ལྟོགས་སྐོམ་མྱོང་བཞིན་ཡོད་པ་ཤེས་པས་རང་ཁྱིམ་དུ་ཁྲིད་སོང་།དེ་ནས་བཟུང་།ནམ་རྒྱུན་མ་གཡར་གྱིས་ཇ་མི་ལྡུད་པའི་སྐབས་སུ་ཁ་རོག་གེར་ཨ་ཡེ་ཚེ་སྐྱིད་ཚང་ལ་འགྲོ་བཞིན་ཡོད།    ཡུད་ཙམ་ནས་ཨ་ཡེ་ཚེ་སྐྱིད་ཀྱིས་བུ་ཆུང་དབང་ཆེན་གྱིས་ཧུབ་ཆེན་པོས་ཇ་འཁྱག་འཐུང་བར་བལྟ་བཞིན་གདུང་སེམས་དང་བཅའ་མ་གཡར་སེམས་ནག་མ་དེ།ནམ་རྒྱུན་བུ་ལ་མནར་གཅོད་གཏོང་བཞིན་འདུགསྙིང་བྱམས་རྒྱལ་གྱིས་ཀྱང་ཆུང་མའི་ཁར་རྒྱུགས་ཏེ་བུ་ལ་ཤ་ཏོག་ཙམ་ཡང་མི་ཚ།དཀོན་མཆོག་གསུམ་པོས་ཅི་མཁྱེན།དེ་བཟའ་ཟླ་གཉིས་ལ་ལས་རྒྱུ་འབྲས་ཟེར་བ་ཞིག་མི་འདུག་ཅེས་ལག་ཟུར་གྱིས་ཐོད་པ་རྡུང་ཙམ་རྡུང་ཙམ་བྱོས།   ཨ་ཡེ། ང་འདིར་ཡོང་བ་ཁྱོད་ཀྱིས་མ་གཡར་ལ་བཤད་མི་ཉན། དེ་མིན་ཁོ་ཚོས་ཡང་ང་གཅར་ནི་རེད།དབང་ཆེན་གྱིས་དོར་མའི་སྟེང་གི་འཇུམ་པ་སྤྲུག་ཙམ་བྱེད་བཞིན་དེ་སྐད་ཟེར།         ཨ་ཡེ་ཚེ་སྐྱིད་ཀྱིས་ངག་འཇམ་པོའི་ངང་ཁྱོད་སྐྲག་མི་དགོས།རྗེས་ཕྱོགས་ཕོ་བ་ལྟོགས་ན་འདིར་ཤོག ངས་ཁོ་ཚོར་ཤེས་སུ་མི་འཇུག་ཅེས་བཤད་པས་དབང་ཆེན་གྱི་སེམས་བདེ་ལ་བབས།  མཐུད་ནས་ཨ་ཡེ་ཚེ་སྐྱིད་ཀྱིས་དབང་ཆེན་གྱི་མགོ་ལ་བྱིལ་བྱིལ་བྱེད་བཞིན་ཇི་འདྲའི་བྱིས་པ་སྙིང་རྗེ་བ་ཞིག་ཨང་།ཁྱོད་ཨ་ཡེ་ངའི་བུ་སྐལ་བྱེད་ན་འདོད་དམཅེས་དྲིས་བྱུང་།དབང་ཆེན་གྱི་ངོ་ལ་གློ་བུར་དུ་འཛུམ་ཞིག་ལངས་ནས་འདོད་ཀི ང་ཨ་ཡེ་ཡི་བུ་བྱེད་རྒྱུ་ཡིན། ང་ནར་སོན་ཚེ་ཚོང་ཁང་ནས་ཨ་ཡེ་གྱོན་གོས་སོ་མ་དང་ཟ་རྒྱུ་ཞིམ་པོ་ཞིམཔོ་ཉོ་རྒྱུ་ཡིན། ད་དུང་ཀ་ར་དང་ཀ་ར་གོ་རེ།ད་དུང་་་་་་་་་་ཞེས་རང་གིས་ཟས་མ་མྱོང་ལ་ཟ་འདོད་ཆེ་བའི་བྱིས་ཟས་ཏག་ཏག་གི་མིང་བཤད།  སྐབས་དེར་ཨ་ཡེ་ཚེ་སྐྱིད་ཀྱིས་རང་ཉིད་ཆུང་བྱིས་པའི་དུས་ནས་དྭར་ལུས་ཏེ་སྡུག་གང་མང་མྱངས་པ་དང་།ནར་སོན་ནས་གཉེན་སྒྲིག་རྗེས་ཀྱང་སྟབས་མ་ལེགས་པར་ཁྱོ་བོ་ལོ་ན་གཞོན་དུས་རྐྱེན་ངན་གྱི་དབང་གིས་ཚེ་ལས་འདས་སོང་བ།དེ་བས་མོར་འཇིག་རྟེན་དུ་ཉེ་མི་གཅིག་ཀྱང་མེད་པར་གྱུར་བ་སོགས་རིམ་པར་དྲན་པས་མིག་ལས་མཆི་མ་དབང་མེད་དུ་ལྷུང་། དཀའ་སྡུག་དང་ཁེར་རྐྱང་གི་ལོ་ཟླ་རིང་མོའི་ནང་།མོར་མཚོན་ན་འཚོ་བའི་རེ་བ་དང་སྤྲོ་སྣང་ཐམས་ཅད་སྔར་ནས་ཉམས་ཟིན་མོད།ད་ལྟ་སྙིང་རྗེ་བའི་བུ་ཆུང་འདིས་སེམས་གཏིང་ནས་རང་ཉིད་ཉེ་མི་ཞིག་གི་ཚུལ་དུ་བཞག་འདུག་པ་མཐོང་པས།སེམས་ལ་བཤད་མི་ཤེས་པའི་དྲོད་ཁོལ་ཞིག་འཁྱིལ་སོང་།  བྱམས་ལྡན་གྱི་ཨ་ཡེ་ཚེ་སྐྱིད་ལ་བུ་ཆུང་དབང་ཆེན་བུ་སྐལ་དུ་བླངས་ནས་གཉོདར་སྐྱོང་བྱེད་པའི་ལྷག་བསམ་ཡོད་སྲིད་ལ་དབང་ཆེན་ལ་ཡང་ཨ་ཡེ་ཚེ་སྐྱིད་ཀྱི་བུ་སྐལ་བྱེད་འདོད་ཀྱི་འདུན་པ་ཡོད་ངེས་ཀྱང་།འཇིག་རྟེན་ཁ་དཔེར་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཟེར་བཞིན་ཟླ་འགའི་ཁ་ལོ་མ་འཁོར་བར་ཨ་ཡེ་ཚེ་སྐྱིད་འཆི་བདག་གི་ཞགས་པས་ཟིན་ནས་མི་ཡུལ་དང་གྱེས་ཏེ་དབང་ཆེན་དང་བྲལ་སོང་།སྤྱིར་དབང་ཆེན་ནི་བྱིས་པ་གཞན་དག་དང་བསྡུར་ན་བློ་རིག་བཀྲ་ཞིང་བསམ་པ་དཀར་ལ།ངང་རྒྱུད་འཇམ་ཞིང་ཀུན་སྤྱོད་གཙང་བའི་བྱིས་པ་ཡ་རབས་ཤིག་ཡིན་ན་ཡང་མ་མེད་ལ་ཕ་ཡིས་མི་གཅེས་པའི་དབང་ཆེན་ལ་ཨ་ཡེ་ཚེ་སྐྱིད་མེད་ཤུལ་ནས་ལྟོགས་ན་བྲོ་སློང་ས་ཞིག་ཀྱང་མེད་པས་རྫོང་མཁར་དང་ཡུལ་སྡེ་གང་མང་ནས་བརྐུ་བྱེད་རྒྱུ་དང་རྫུན་ལབ་རྒྱུ་དབང་མེད་དུ་ཁོ་ལ་ལོབས་སོང་།འདི་ནི་གཞན་མ་ཡིན་པར་སྤྱི་ཚོགས་དང་ཕ་མས་གཞོན་ནུ་ཞིག་ལ་བསྐྲུན་པའི་ནག་ཉེས་དེ་རེད།  སྙིང་བྱམས་རྒྱལ་ཆུང་མའི་ཁར་རྒྱུགས་ཏེ་རང་གི་ཤ་མཆེད་ཀྱི་བུ་ཆུང་སྒོར་ཕུད་རྗེས་དབང་ཆེན་གྱིས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་མྱངས་པའི་གོ་སྐབས་གཏན་དུ་བྲལ།དེ་བས་དབང་ཆེན་ནི་སྟག་ནགས་ལ་ཤོར་བ་ཇི་བཞིན་སྐྲག་ས་འཇིགས་ས་ཅི་ཡང་མེད་པར་འདི་ལས་གན་བསྒྲུབ་ཀྱི་ཆ་འཇོག་ཅི་ཡང་མེད།               
                               ༣ 
   དེ་རིང་དབྱར་ཟླ་དྲུག་པའི་ཚེས་ཉེར་རེད།སྡེ་འདི་དང་ལྷག་པར་སྡེ་འདིའི་གསར་བུར་ཚོ་མཚོན་ན་ཆེས་སྐྱིད་པའི་ཉི་མ་ཞིག་ཡིན།ནམ་མཁའ་གཡའ་དག་ཅིང་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་ཀུན་གསལ་བུ་མོ་དར་རྒྱས་སྡེ་བའི་དྲུག་པའི་ཀླུ་རོལ་ལ་་ཡོད་པ་དང་ཀུན་ནས་མཚུངས།དར་རྒྱས་སྡེ་བའི་ཕོ་མོ་རྒན་གཞོན་ཀུན་དམག་དཔོན་སྒོ་རུ་ཀླུ་རོལ་ལ་ཡོང་འདུག་ལ་ན་མཉམ་སྐོར་ཞིག་གིས་ལག་ཏུ་ལྷ་རྔ་དང་མཁར་རྔ་བཟུང་ནས་ལྷ་རྩེད་བྱེད་བཞིན་འདུགཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་དར་རྒྱས་སྡེ་བའི་གསར་བུ་ཚོས་དགའ་བའི་མདངས་དང་སྐྱིད་པའི་ཉམས་ཀྱིས་བསང་ཁར་བསྣན་པ་ན་བསང་དུད་སྔོན་མོ་དགུང་ལ་འཕྱུར་ནས་སྤྲིན་ལ་འདྲེས་ཤིང་རླུང་རྟ་མང་པོ་བསང་དུད་ཀློང་ན་ལྷབ་ལྷུབ་དགུང་ལ་འཕུར་བཞིན་འདུག མི་རབས་གསུམ་ལ་ལྷ་བ་བྱས་མྱོང་བའི་ལྷ་དགའ་ཡིས་ཆང་འཐུང་ནས་བཟི་བ་དང་ལྷ་འབབ་ཀྱིན་ཡོད་པ་གང་ཡིན་མི་ཤེས་ཀྱང་ངོ་མདོག་དམར་པོ་གྱུར་ཏེ་ལག་ཏུ་དབྱུག་པ་ཞིག་བཟུང་ཞིང་ཁ་བཏགས་དཀར་སེར་གཉིས་སྐེ་ལ་རྒྱབ་ལག་ཀྱིས་བསྐོན་ཏེ་ཡར་ལྡིང་མར་ལྡིང་བྱེད་ཀྱིན་འདུག་ལ་གསར་བུ་ཀུན་གྱི་ཀི་སྒྲ་ཆེན་པོས་ས་ཡང་འདར་བར་བྱེད།  དབང་ཆེན་མི་ཚོགས་ཁྲོད་ཀྱི་ཚོང་བ་ཁ་ངན་གྱི་ལོག་ན་ཝུ་ཆང་མང་པོ་མདུན་དུ་བཞག་ཡོད་པ་དང་གྲོགས་པོ་ཚོའི་དཀྱིལ་ན་དམ་བུ་གང་འཐུང་བཞིན་རང་ཉིད་ཀྱི་ལས་དབང་དང་འཇིག་རྟེན་གྱི་ཆོས་ཉིད་ལ་འཁང་ར་བྱེད་པ་དང་འདྲ་བར་བཟི་གཏམ་ལྡབ་ལྡིབ་ཅིག་སྨྲ་བཞིན་འདུག  ང་བཟི་མེད།ང་དེ་ལྟར་བཟི་ནི་མ་རེད། ཧ་ཧ་ཧ་་་་་་་་་ང་དབང་ཆེན་ལ་མ་མེད་པ་བདེན་ལ་ཕ་ཡིས་མི་གཅེས་པ་ཡང་ངོ་མ་ཡིན། འོན་ཀྱང་ངས་རང་ལུས་འདོམ་གང་གསོ་ཐུབ་ནི་རེད།དབང་ཆེན། ཁྱོད་བཟི་ཡོད་པ་འདྲ། ད་མ་འཐུང་། འོ་ལོས།དབང་ཆེན། ད་མང་པོ་མ་འཐུང་་་་་་་ བཀའ་དྲིན་ཆེ།སྤུན་ཟླ་དགའ་བོ།ང་བཟི་ཆེད་ཡོད།འཇིག་རྟེན་ན་ང་ལ་ཆང་ལས་གཉེན་ཉེ་སུ་ཡང་མེད་པས། ཆང་་་་་ངའི་བློས་ཐུབ་ཡིན།  དེ་ལྟར་མ་ཟེར།ང་ཚོ་ཚང་མ་ཁྱོད་ཀྱི་སྤུན་ཟླ་མིན་ནམ། འོ་ལོས།འུ་ཅག་ཚང་མ་སྤུན་ཟླ་རེད  འཐུང་།དེ་རིང་ང་ཚོས་རྒྱག་ཆད་པ་ཞིག་འཐུང་། རྡོ་རྗེ་ཡིས་ཝུ་ཆང་དམ་བུ་ཞིག་ཁ་འབྱེད་ཞོར་དུ་དེ་ལྟར་བཤད་པ་ན།དཔའ་ལོ་དང་དབང་རྒྱལ།འབྲུག་བྷ་སོགས་ཀྱིས་ཀྱང་དབང་ཆེན་གྱི་ཁེར་རྐྱང་གི་སྡུག་ཡུས་བཅོམ་ཆེད་དང་དབང་ཆེན་ཁེར་རྐྱང་མིན་པ་ར་སྤྲོད་བྱེད་ཆེད་གང་ཡིན་ཆ་མ་འཚལ་ཡང་ཁོ་ཚོས་སྤུན་ཟླ་བཟང་ཟེར་བཞིན་ཝུ་ཆང་འཐུང་གིན་འདུག  ཁེར་རྐྱང་དང་དཀའ་སྡུག་གི་ལོ་ཟླའི་ནང་དབང་ཆེན་གྱིས་དྲན་གདུང་དང་སྡུག་ཡུས་འཁུར་ནས་སྤུན་ཟླ་ཚོ་ལ་སྙིང་གཏམ་བརྗོད་པ་ལས་སེམས་གཏམ་ཞིག་བརྗོད་ས་ཡང་མེད།ཁོར་མཚོན་ན་འཇིག་རྟེན་གྱི་བྱ་བ་མཐའ་དག་ཡིད་རྟོན་དང་སྤྲོ་སྣང་དེ་འདྲ་མེད་ནའང་ད་ནི་ཁོ་ཡང་བློ་ཕར་འདྲི་མི་དགོས་ཤིང་ཟས་མར་སློང་མི་དགོས་པའི་དུས་ཡིན་པས་ཁོ་ལའང་འདང་རྒྱག་ཆེན་པོ་མེད།འོན་ཀྱང་།དབང་ཆེན་གྱི་ན་ཟླ་ཚང་མས་ཆུང་མ་བླངས་ནས་བྱིས་པ་རེ་གཉིས་ཨ་ཕར་གྱུར་ཡོད་ན་ཡང་དབང་ཆེན་གྱི་འདུག་ཡ་འགྲོ་རོགས་ད་དུང་ཡང་རང་གི་གྲིབ་མ་ནག་པོ་ཡིན་པས།དབང་ཆེན་གྱིས་ཝུ་ཆང་ནི་བློས་ཐུབ་ཀྱི་གྲོགས་པོར་རྩིས་ཡོད་ལ་ཝུ་ཆང་གིས་བཟི་ཐེངས་རེར།ཁོའི་སེམས་ཀྱི་སྡུག་བསྔལ་མཐའ་དག་གྲོགས་པོ་ཚོར་བརྗོད་ཚེ།ད་གཟོད་ཁོའི་སེམས་ཀྱི་སྡུག་བསྔལ་སངས་ཏེ་ཝུ་ཆང་འཐུང་བཞིན་ཡོད། འཐུང་ཡ།སྤུན་ཟླ་ཚོ།དེ་རིང་ནི་ངའི་སྐྱེས་སྐར་ཡིན་ལ་ངའི་ཨ་མའི་འདས་སྐར་ཡང་ཡིན་པས། ངའི་འཆི་སྐར་ཡིན་ཡང་སྲིད།   ཧ་ཧ་་་་་་་ཀུ་རེ་ཡིན། ང་ད་རུང་ཤི་མ་ཉན། ངས་ད་རུང་ཆུང་མ་བླངས་མེད་ལ།  ཧེ་ཧེ་་་་་་་་ང་ལྟ་བུ་དྭ་ཕྲུག་ཅིག་ཨ་ཁུ་ཆོས་རྒྱལ་ལ་ཡང་དགོ་ནི་མ་རེད། དབང་ཆེན་ལ་སྐྱོ་བའི་མདངས་ཤིག་མངོན། དབང་ཆེན། ཁ་བཤད་ངན་པ་རྒྱག་གི་མ་འདུག  དེ་རིང་ང་ཚོ་མ་བཟི་ན་མི་ཆོག  འདི་་་་་་འཐུང་་་་་་ཟེར་བཞིན་དབང་རྒྱལ་གྱིས་ད་སོ་མ་ཁ་ཕྱེས་པའི་ཝུ་ཆང་དམ་བུ་དེ་དབང་ཆེན་གྱི་ལག་ཏུ་སྤྲད་པ་ན་དབང་ཆེན་གྱིས་མགོ་གནམ་ལ་གཏད་ནས་དབུགས་ཐེངས་གཅིག་གིས་དམ་བུ་མགོ་གཡོན།  ཧ་ཧ་་་་་་་འཐུང་ཡ   བཟང་ཡ   བཟང་ཡ   སྤུན་ཟླ་གཉིས་ཀ་བཟང་།  ཡང་ཡང་འཐུང་གི་སྨོན་ལམ་འདེབས་་་་་་་  ་་་་་་་་་་           ་་་་་་་་་་་་་་་        ་་་་་་་་་་་་་  དབང་ཆེན་དང་སྤུན་ཟླ་ཚོས་ཆང་འཐུང་གིན་འཐུང་གིན་ར་བཟི་ནས་ས་རུབ་ཡོད་པ་ཡང་ཚོར་གྱིན་མི་འདུགཟླ་འོད་མེད་པའི་དོ་ནུབ་ཏག་ཏག་ཁོ་ཚོ་ལ་དབང་བ་དང་འདྲ་བར་ཡོད་ཚད་ལྷིང་འཇགས་ཡིན་ནའང་ཁོ་ཚོའི་དགོས་སྒྲ་དེས་ཡོད་ཚད་ལིང་འཇགས་ལས་དྲངས་འདུགབསིལ་རླུང་རྒྱུ་ཕྱོགས་ལ་བསྟུན་ནས་བསང་ཁྲི་སྟེང་གི་འདྲེན་མ་ཚར་བའི་བསང་རྫས་རྣམས་མཚམས་རེར་མེ་ལྕེ་དམར་ལམ་ལམ་བྱེད་ལ་ལན་རེར་དུ་བ་ལྷོག་ལྷོག་ཏུ་བསང་དྲི་ཞིམ་པོ་ཡ་ཀི་ཉག་ཁ་རུ་ཁྱབ་འདུག  དབང་ཆེན་བསང་ཁྲི་ལ་བརྙེས་ནས་ཆང་འཐུང་གི་འཐུང་གི་ཆུ་རེད་ཞེས་སྣ་གླུ་ཐན་ཐུན་ཞིག་ལ་ཐུན་བཞིན་འདུག་ལ་དཔའ་ལོ་འབྲུག་རྒྱལ་གྱི་འོག་ན་གན་རྐྱལ་དུ་ཉལ་ཏེ་མགོ་བོ་གནམ་ལ་འཁོར་ནས་དོ་ནུབ་ནི་ང་དང་སྤུན་ཟླ་ཚོ་དབང་བ་རེདཟེར་བཞིན་ཆང་དམ་དེ་འཚོལ་བཞིན་གདའ།དབང་ཆེན་སྐད་ཆ་དེ་གོ་མ་ཐག་ཁ་དམག་དཔོན་འཁོར་ནས་ཨ་མྱེས་ཚང་་་་་དེ་རིང་དབང་ཆེན་བཟི་འདུགའོན་ཀྱང་ངས་ཁྱོད་བཀའ་དྲིན་ཞུ།དེ་རིང་འདི་ལྟ་བུའི་གོ་སྐབས་ཤིག་བསྐྲུན་པ་བཀའ་དྲིན་ཆེ།ཟེར་བཞིན་མགོ་བོ་དཔའ་ལོའི་བྲང་ཁར་བཞག བཟི་གཏམ་དང་ན་ཟུག་གི་སྐད་ཆ་མང་པོ་ཞིག་དེ་རིང་དབང་ཆེན་གྱིས་གྲོགས་པོ་དག་དང་ཨ་མྱེས་ཚང་ལ་བཤད་སོང་།  དུས་ཚོད་ཅི་ཙམ་འགོར་བླ་ན་མེད་པ་ཤེས་ཀྱང་དབང་ཆེན་དང་སྤུན་ཟླ་ཚོ་རང་རང་སར་བུད་སོང་།དར་རྒྱས་སྡེ་བའི་ཁོར་ཡུག་མཐའ་དག་ལྷིང་འཇགས་སེ་སུ་ཞིག་ལ་འཁང་ར་བྱེད་པ་དང་འདྲ་བར་མུན་ནག་རྐྱང་རྐྱང་རེད་ལ།མུན་ནག་ནང་ནས་དབང་ཆེན་མི་མཐོང་ཡང་སྲང་མདོ་ཆེ་ནས་ཁོ་ས་ལ་འགྱེད་པའི་ཆོམ་སྒྲ་དང་བཟི་གཏམ་གྱི་ཤེར་ལབ་རེ་གཉིས་གསལ་བོར་ཐོས་ཐུབ།
                      ༤                            
        དུས་ཚོད་འཁོར་ལོའི་འགྲོས་དང་བསྟུན་ཏེ་འོད་སྣང་འདྲེན་པའི་སྐྱ་རེངས་ཀྱི་འཛུམ་དཀར་ལྷུག་པོར་གྲོལ་བ་དང་ལྷན་དུ་དར་རྒྱས་སྡེ་བའི་མི་རྣམས་ཀྱང་གཉིད་ལས་སད་འདུག  དུས་ཚོད་ག་ཙམ་འགོར་བ་སུ་ལའང་བཤད་རྒྱུ་མེད་ཀྱང་སྲིང་མདོ་ཆེ་ནས་ཨ་མ་དབང་མོས་གློ་བུར་དུ་ཨག་རིང་ཞིག་བཏབ།སྲང་མདོ་ཆེ་ནི་མཆོད་རྟེན་ཁར་ཐག་ཉེ་བས་འབྲུག་རྒྱལ་དང་དབང་དྲག་གཉིས་མཆོད་རྟེན་ཁར་བསང་ཕུད་དུ་འགྲོ་བཞིན་པ་དང་འཁེལ་བས་ཁོ་གཉིས་ཀྱང་བྲེལ་འཚུབ་ཀྱིས་སྲིང་མདོ་ཆེ་ལ་རྒྱུགས།སྲིང་མདོ་ཆེ་ནི་དར་རྒྱས་སྡེ་བའི་སྡེ་འདབས་ཡོད་དེ།དེ་དུས་སྡེ་བའི་དཀྱིལ་དུ་ཡོད་ནའང་ལོ་འགའི་སྔོན་ནས་བཟུང་འགྲིམ་འགྲུལ་སྟབས་མི་བདེ་བ་ལ་དམིགས་ནས་ཁྱིམ་ཚང་མང་པོ་སྟོད་ཕྱོགས་སུ་སྤར་བས་ད་ལྟ་ཁྱིམ་ཚང་སྐོར་ཞིག་གི་གད་སྙིགས་ཕོད་སའི་སྒུག་ར་ཆེན་པོ་ཞིག་ཏུ་གྱུར་ཡོད།  སྲིང་མདོ་ཆེ་ན་མི་མང་པོ་ཞིག་འདུ་བཞིན་འདུག་ལ་སུ་ཞིག་ངུ་སྐད་ལྷང་ལྷང་བྱམས་རྒྱལ་ཚང་དུ་རྒྱུགས།ཨ་མ་དབང་མོ་གད་སྙིགས་ཕོད་དུ་ཡོང་དུས་ད་གཟོད་དབང་ཆེན་སྒུག་ར་ལ་ལྷུང་ཡོད་པ་ཤེས།ཅང་མ་འགོར་བར་སྙིང་བྱམས་རྒྱལ་བཟའ་ཟླ་གཉིས་ཀྱང་ཐོན་ཏེ་གློ་བུར་དུ་དབང་ཆེན་མཐོང་ནས་ཅི་བྱ་འདི་བྱ་མེད་པར་གྱུར།རྒ་པོ་སངས་རྒྱས་ཀྱིས་དབང་ཆེན་གྱི་སྐེ་ལ་རག་ཙམ་རག་ཙམ་བྱས་ཏེ་མགོ་གཡུགས་གཡུགས་ཀྱིས་རེ་བ་མེད་ཀི་ཟེར།གློ་བུར་དུ་སྙིང་བྱམས་རྒྱལ་གཉིད་ལས་སད་པ་བཞིན་ཨོ་རྒྱན་མཁྱེན་ཟེར་བཞིན་ཁོའི་རྒྱ་ལ་དབང་ཆེན་གྱི་བེམ་རོའི་སྟེང་དུ་བཀབ་ནས་འགྱོད་གདུང་དྲགཔོ་ཞིག་དབང་མེད་དུ་སྐྱེས་པའི་ཉམས་བསྟན།ལྷ་སྐྱིད་ཀྱིས་ཀྱང་སྙིང་བྱམས་རྒྱལ་ལ་རོགས་རམ་བྱེད་ཞོར་དུ་འགྱོད་སྣང་དང་སྡུག་སེམས་གྱི་མིག་ཆུ་དབང་མེད་དུ་ལྷུང་།ཡིན་ནའང་ཡུལ་མི་ཚོའི་སེམས་ན་དབང་ཆེན་ཆང་གིས་བཟི་ནས་སྒུག་ར་ལ་ལྷུང་བ་དང་སྒུག་ར་ལ་ལྡིང་བ་གང་ཡིན་ཐ་ཚོམ་གཅོད་མ་ཐུབ་ལ་སྙིང་བྱམས་རྒྱལ་བཟའ་ཟླ་གཉིས་ཀྱི་སྟེང་ནས་ཀྱང་མི་ཁ་དེ་གང་ནས་འདོར་ཐུབ།གང་ལྟར་ཁ་བཤད་ངན་པ་བརྒྱབ་ན་ཁ་ཐོག་ལ་འགྲོ་ཟེར་བ་བཞིན་ཁ་བཤད་ངན་པའི་ཁ་ལ་སོང་ནི་ལོས་ཡིན།གསར་བཤད་མེ་ཏོག་ལྟ་བུའི་ལོ་ཆུང་གཞོན་ནུ་ཞིག་འདི་ལྟར་ཁེར་རྐྱང་དང་སྡུག་ཡུས་ཁྲོད་ནས་ང་ཚོ་དང་གཏན་དུ་གྱེས་ཤིང་མི་ཡུལ་དང་བྲལ་ནས་དེ་རིང་ནི་ཁོའི་འཆི་སྐར་དང་ལོ་བཅུ་དགུའི་སྔོན་གྱི་དེ་རིང་ཁོའི་སྐྱེས་སྐར་ཡིན་ལ།ལོ་བཅུ་བཞི་སྔོན་གྱི་དེ་རིང་ཁོའི་ཨ་མའི་འདས་སྐར་མ་ཡིན་ནམ།ངོ་མ་འཇིག་རྟེན་ནི་ཇི་འདྲའི་ཆ་མི་སྙོམས་པ་ཞིག་རེད་ཨང་། ཡིན་ནའང་།དབང་ཆེན་ལ་མཚོན་ན་འགྲུལ་བཞུད་འདི་ནི་ལྷན་འཛོམས་ཤིག་དང་སྤྲོ་སྐྱིད་ཅིག་ཡིན་ཡང་སྲིད་དེ།རང་ཉིད་དང་བྲལ་སྔ་བའི་ཨ་མ་དང་རང་ཉིད་ལ་ཆེས་ཤ་ཚ་བའི་ཨ་ཡེ་ཚེ་སྐྱིད་གཉིས་ཀྱི་མིག་ཟུང་དབང་ཆེན་ལ་གཏད་མེད་པའི་ངེས་པའང་མེད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྭ་ཕྲུག་གི་ལས་དབང་།

2011-12-11 གངས་རིའི་ཉི་གཞོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།