སྒྲོལ་མའི་བསླབ་བྱ།

ཤ་ཀླན་འཇམ་དབྱངས་གྲགས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-09

  ཁོ་རྒྱ་ལམ་བརྒལ་ནས་ཕར་ཕྱོགས་སུ་འགྲོ་སྐབས་ངོ་ཤེས་འགའ་ཚུར་ཡོང་བཞིན་པ་དང་འཕྲད་པས།  ཁོས་གསེར་སྒོར་ཞིག་རྙེད་པ་ལྟར་གྱི་འཛུམ་ཞིག་ཕྱུངས་ནས་ཁོ་ཚོར་འཚམས་འདྲི་བྱས། ང་ཚོས་མི་འདོད་བཞིན་དུ་མི་ཚོར་འཛུམ་བསྟན་དགོས་ཤིང་། “ག་བ་” དང་“གང་འདྲ་”ཟེར་བ་ལྟ་བུའི་ཚིག་དག་ཡང་ནས་བསྐྱར་དུ་ཟློས་དགོས་པ་ནི་ཅི་འདྲ་ཡ་མཚན་ཞིག་རེད་ཨང་།  ཇ་ཁང་དུ་སླེབས་པའི་སྐབས་ཁོས་དེ་ལྟར་དྲན། ཇ་ཕོར་ལག་ཏུ་བཟུང་ནས་རྒྱ་ལམ་ནས་ཡར་མར་ཞི་དལ་བག་ཕེབས་ངང་རྒྱུ་བཞིན་པའི་མི་ཚོར་ལྟ་སྐབས་རང་སེམས་ཅུང་ལྷོད་ལ་ཕབས་ཐུབ་མོད། ཡིག་ཚད་མ་ལོན་པའི་གནས་ཚུལ་དེ་སེམས་ལ་འཁོར་བ་དང་མིག་མདུན་གྱི་དངོས་པོ་ཡོད་ཚད་སྙིང་པོ་ཅི་ཡང་མེད་པར་གྱུར་ཅིང་། མི་བདེ་བའི་ཚོར་བ་ཞིག་གིས་ཁོའི་ལུས་སེམས་ཧྲིལ་བོ་གཡོགས་བྱུང་།
  བར་སྐབས་ཤིག་ལ་སྒྲོལ་མ་རོགས་པ་འགའ་དང་ལྷན་རྒྱ་ལམ་གྱི་ཕར་སྣེ་ནས་མངོན་བྱུང་། ཁོ་གང་ཞིག་ཏུ་གཡོལ་བར་རྩོམ་པའི་སྒྲོལ་མས་ཁོ་བོས་བྱུང་།
  “བསྟན་འཛིན། དེར་སྒུགས་དང།” ཁོའི་མིང་ལ་བསྟན་འཛིན་ཟེར།
  “ངས་ཁ་སྔོན་ནས་ཁྱེད་ལ་བཤད་ཡོད། འདི་གྲོགས་པོ་ཡག་པོ་དེ་ཚོ་དང་གཤིབ་པའི་འབྲས་བུ་རེད། མ་གཞི་ད་ལྟ་ཁྱེད་ཀྱང་བྱིས་པ་མ་རེད། སོ་སོས་བསམ་བློ་གཏང་རྒྱུ་གལ་ཆེན་པོ་རེད། ད་དུང་...  ...” སྒྲོལ་མས་བསྡད་སའང་མ་བདམས་་པར་དེ་གར་ལངས་ནས་མང་པོ་ཞིག་བཤད་ཅིང་། དེ་རྗེས་ཁོའི་ཕར་ཕྱོགས་ཀྱི་རྐུབ་སྟེགས་ཐོག་བསྡད་དེ་“ད་ག་རེ་བྱ་རྩིས་ཡོད་” ཟེར།
  ཁོས་སྒྲོལ་མ་སླེབས་པ་གཞི་ནས་ཧ་གོ་བ་ལྟར་“ཇ་འཐུངས་” ཞེས་བཤད། སྒྲོལ་མས་ཁོས་མཉམ་བྱེད་མིན་ལ་མི་ལྟ་བར་ཡང་རྫོགས་མེད་ཅིག་བཤད་བྱུང་།
  སྐབས་དེར་ཁོས་སྒྲོལ་མ་རང་གི་ཆུང་མ་ཡིན་པར་རྟོག་བཏགས་བྱས་ཤིང་། ཁོ་གཉིས་ལ་ཕྲུ་གུ་གཉིས་ཡོད་པ་དང་། འཚོ་བ་ཚོང་ལས་དང་ཞིང་ལས་འདྲིས་མ་ཡིན་པ། དབྱར་དགུན་མེད་པར་ཁོས་ལས་ཀ་ཧུར་ཐག་བྱས་ཀྱང་རང་གི་བུ་ཕྲུག་རྣམས་གཞན་ཚོ་དང་མཉམ་པ་ཡོང་མ་ཐུབ་པས། སྒྲོལ་མས་ད་ལྟའི་འཁང་ཚིག་འདི་དག་ཁོའི་རྣ་བར་ལྡུག་བཞིན་པ་སོགས་རེ་རེ་བཞིན་མིག་སྔར་ཤར་བ་ལྟར་འོང་དུས། ཁོས་སྒྲོལ་མའི་བཤད་མཚམས་བཅད་དེ “ངས་ཆང་ས་རྒྱག་མི་འདོད” ཅེས་ཤོར།
  “ག་རེ། ཁྱེད་ཀྱི་སྐད་ཆའི་དོན་ངས་ཧ་གོ་མ་སོང་།” སྒྲོལ་མས་ང་ཧུབ་འཐུང་ཞིག་བྱས་རྗེས་དེ་ལྟར་བཤད་དེ་རྒྱ་ལམ་ཕར་ཕྱོགས་སུ་བལྟས། ཚུལ་དེ་ནི་ཁོའི་སྐད་ཆ་ལ་དེ་ཙམ་མཉམ་འཇོག་མ་བྱས་པར་འདྲ་ནའང་། ད་གིན་ཆུ་མིག་ལྡོལ་བ་བཞིན་རྒྱུགས་འོང་བའི་སྐད་ཆའི་རྒྱུན་དེ། ཁོའི་ཚིག་གཅིག་གིས་བཅད་པར་བལྟས་ན་མཉམ་འཇོག་བྱེད་ཀྱིན་མེད་ཅེས་སུས་ཁ་ཚོན་གཅད་ནུས།
  ཁོས་དག་སེལ་གྱི་ཚབ་ཏུ་“ངས་ཟེར་ན་ང་ད་ལྟ་ལོ་ན་ཆུང་བས་ཆང་ས་རྒྱག་མི་འདོད་ཟེར་བ་ཡིན། དེ་མིན་ལས་ཀ་གང་ཞིག་ཡིན་ཡང་ངས་བྱེད་ཐུབ། དཔེར་ན། ཟ་ཁང་དངུལ་གཉེར་དང་། དཔེ་མཛོད་ལས་བྱེད་ལྟ་བུ་” ཞེས་ལས་ཀ་མཐོ་གྲས་མིན་ཡང་དམའ་གྲས་གཏན་ནས་མིན་པ་འགའ་དཔེར་བཀོད། སྒྲོལ་མས་བགད་ཙམ་བྱེད་པ་ལས་ལན་གང་ཡང་མ་བཏབ།
  སྒྲོལ་མ་དང་ཁོ་གཉིས་འཛིན་གྲོགས་ཡིན་པ་ལས་དམིགས་བསལ་གྱི་གྲོགས་འབྲེལ་ཅི་ཡང་མེད་མོད། དུས་རྒྱུན་ནས་ཁོ་ལ་སེམས་ཁུར་བྱེད་སྟངས་དེས་ཁོས་ཀྱང་མོར་ལྟ་སྟངས་དམིགས་བསལ་ཞིག་འཛིན་དགོས་བྱུང་། ཡིན་ཡང་སྐད་ཆ་རྫོགས་མེད་ཅིག་བཤད་ཡོང་དུས་ཁོ་ཡིད་མུག་གཏིང་ནས་སྐྱེ་འོང་ལ། ཁ་མང་བ་དེ་མོའི་སྐྱོན་གཅིག་པུ་དེ་རེད་སྙམ།
  “ཁྱེད་ཀྱིས་ག་རེར་བསམ་བློ་གཏོང་གིན་ཡོད། དེ་རིང་ཁྱེད་བླ་ཆད་ལྟ་བུར་གྱུར་འདུག  ཁྱེད་ལྟ་བུའི་ཕོ་ཁྱོ་ག་ཞིག་ཡིག་ཚད་ཅིག་མ་ལོན་པར་འདི་འདྲ་ཆགས་འགྲོ་དོགས་མེད། ” སྒྲོལ་མས་ཁོ་སྤྲུག་ཙམ་བྱས་ཏེ་དེ་ལྟར་བཤད། སྐབས་དེར་ཁོས། ཁྱེད་ནི་ཅི་འདྲའི་ཇུས་གཏོགས་བྱ་རྒྱུར་དགའ་བའི་བུད་མེད་ཅིག་རེད་ཨང་། ང་ཁུ་སིམ་མེར་ཏོག་ཙམ་བཞག་ན་མི་ཆོག་གམ་ཞེས་བརྗོད་པར་འདོད་མོད། ཕྱིས་ཀྱི་“ཕོ་ཁྱོ་ག་” ཞེས་པའི་ཚིག་དེས་ཁོ་ལ་ངར་ཞིག་བླུད་བྱུང་བས། ཁོས་བཙན་ཚུགས་ཀྱི་འཛུམ་ཞིག་ཕྱུངས་ནས་མིག་ཟུང་གཡོ་བ་མེད་པར་སྒྲོལ་མར་བལྟས། འཛུམ་མདངས་དེ་ནི་གློག་བརྙན་ནང་གི་དཔའ་བོ་གཡུལ་ལས་རྒྱལ་ནས་ཕྱིར་ལོག་སྟེ་དགའ་མར་ཐུག་སྐབས་རྒྱུན་པར་འཐོང་རྒྱུ་ཡོད།
    སྒྲོལ་མས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་རང་གི་དཔྲལ་བར་ལག་པས་རྡེབ་ཙམ་བྱས་ཏེ་“ང་ལ་ལྟོས་དང་། ཡང་འདིར་མི་ལ་ཇུས་གཏོགས་བྱས་ནས་བསྡད་འདུག ད་མི་བཤད། ང་ལ་ལས་ཀ་མང་པོ་བྱ་རྒྱུ་ལུས་ཡོད། གཟའ་ཉི་མར་ཐུག་ཡོང་”ཞེས་བཤད།
   ཁོས་ཅི་ཞིག་བཤད་པར་རྩོམ་པ་ན་སྒྲོལ་མ་ཁ་ཕར་ལོག་ནས་ཁོ་དང་བར་ཐག་མི་ཉུང་བ་ཞིག་བཀྱེས་ཟིན་འདུག་པས། ཁོས་སྒྲོལ་མའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་པ་ལས་བྱ་ཐབས་མ་རྙེད། སྒྲོལ་མས་ཡར་མར་ལྟ་ཙམ་བྱས་རྗེས་རྒྱ་ལམ་བརྒལ་ནས་ཕར་ཕྱོགས་སུ་སོང་ཞིང་། ཕྱིར་བལྟས་ཙམ་ཡང་མི་བྱེད་པར་རྒྱ་སྒོར་འཛུལ་སོང་། ཁོས་སྐེ་བསྲིངས་ཏེ་ད་དུང་ཅུང་བལྟས་མོད། མི་རིང་བར་མོ་ལྕགས་རིའི་ཕག་ཏུ་འཛུལ་སོང་བས་ཁོས་སྐེ་ཅི་ཙམ་བསྲིངས་ཀྱང་མཐོང་མི་སྲིད།
  ཅུང་འགོར་རྗེས་ཁོའང་བསྡད་གནས་དང་ཁ་བྲལ་ཞིང་ལག་ཟུང་དོར་ཁུག་ཏུ་བཅུག་ནས་ལམ་ཟུར་དུ་དུས་ཡུན་རིང་པོ་ཞིག་ལ་ལངས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་མའི་བསླབ་བྱ།

2011-12-09 ཤ་ཀླན་འཇམ་དབྱངས་གྲགས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།