ལྡོམ་པོ་སྐྱིད།

                                དང་པོ
           ཨ་ཁུ་འབུམ་ལོས་རྫོང་ཐོག་ནས་བསྐུར་ཡོང་བའི་ཡི་གེ་དེ་ཁྱེར་ནས་ཞང་སློབ་ཆུང་གི་ཕྱོགས་སུ་འགྲོ་བཞིན་འདུག   ཡི་གེ་དེ་ནི་རང་གི་བུ་དབང་འདུ་ཡིས་བསྐུར་ཡོང་བའི་ཁག་ཐེག་བྱས་ནས་དགའ་སྤྲོས་གཏོས་པའི་དོན་ཅི་ཞིག་ཅི་ཞིག་ཐོས་པར་བྲེལ་འཚུབ་ཀྱིས་བསྐྱོད་བཞིན་འདུག དབང་འདུ་ནི་ཨ་ཁུ་འབུམ་ལོའི་བུ་ཡིན་ལ་ཞང་སློབ་ཆུང་ནས་མཐར་ཕྱིན་རྗེས་རྫོང་སློབ་འབྲིང་ལ་རྒྱུགས་འཕྲོད་སོང་བ་མ་ཟད་དེ་གེའི་མཐོ་འབྲིང་ལོ་རིམ་གཉིས་པ་ན་སློབ་གཉེར་བྱེད་བཞིན་ཡོད།
         ཐག་ཐག་་་་དགེ་རྒན་བཀྲ་ཤིས་ཀྱིས་རང་གི་ཁང་བའི་རྡུང་བཞིན་པའི་སྒྲ་ཐོས་རྗེས་སུ་ཞིག་ཡིན་ནམ་སྙམ་བཞིན་སྒོ་ཕྱེ་བ་ན། མ་གཞི་དེ་ནི་རང་གི་སྔོན་ཆད་ཀྱི་ཕུལ་བྱུང་སློབ་མ་དབང་འདུ་ཡི་ཕ་རྒན་ཡིན་པ་ཤེས་ནས་ལམ་སང་ནང་དུ་བསུས།   ཁང་བའི་ཕུག་གི་མལ་ཁྲི་དེའི་སྟེང་གི་མལ་གོས་ཀྱང་ལྟེབ་མེད དྲ་མའི་སར་མདུན་ཅོག་ཅིག་ཡོད་ལ་དེའི་སྟེང་དུ་བོད་ཡིག་གི་དཔེ་ཆ་འགའ་བརྩེགས་ཡོད་ལ་དེའི་སྟེང་དུ་ལོ་རིམ་ལྔ་བའི་སྐད་ཡིག་སློབ་དེབ་ཅིག་བཞག་འདུག   དེའི་འགྲམ་ན་སློབ་མ་ཚོའི་ལས་ཡིན་སྙམ་པའི་འབྲི་དེབ་མང་བོ་ཞིག་སྤུངས་ཡོད དེ་ལས་གཞན་ལྕགས་ཐབ་ཅིག་དང་སྐུབ་སྟེགས་གཉིས་ལས་ཅི་ཡང་མཐོང་རྒྱུ་མི་འདུག    དགེ་རྒན་བཀྲ་ཤིས་ཀྱིས་མིག་ཕུར་ཕུར་བྱེད་ཞོར་ཨ་ཁུ་འབུམ་ལོར་ཇ་ཕོར་ཞིག་བཀྲུས་ནས་ཇ་ཞིག་ལྡུག་རྒྱུའི་སྟ་གོན་བྱས་ཀྱང་ཨ་ཁུ་འབུམ་ལོས་ཚིག་ཐོག་མནའ་ཡིས་བསྒགས་ནས་ཇ་ཕོར་བཀྲུ་རུ་མ་བཅུག   ཨ་ཁུ་འབུམ་ལོས་དགེ་རྒན་བཀྲ་ཤིས་ལ་བལྟ་ཙམ་བྱས་ནས་ཅི་རེད་   ཁྱོད་ད་སོ་མར་ཡར་ལངས་པ་ཡིན་ནམམིན་མིན    ཉིན་གུང་དུས་ཚོད་ཕྱེད་ཙམ་ལ་གཉིད་ན་ཕྱི་དྲོད་རྣམ་རིག་དྭངས་པས།ང་རང་ཉིན་རྒྱུན་ཉིན་གུང་དུས་དུས་ཚོད་ཕྱེད་ཙམ་ལ་གཉིད་པ་ཡིན།དེ་ན་ངས་ཁྱོད་ལ་བར་ཆད་བྱས་སོང་།སྐྱོན་མེད།ཨ་ཁུ་འབུམ་ལོས་རུམ་ལ་ལག་ཉོབ་བྱས་བཞིན་འཕྲིན་ཡིག་དེ་དགེ་རྒན་བཀྲ་ཤིས་ཀྱི་ལག་ཏུ་བཞག་ནས་ཡི་གེ་ཞིག་འབྱོར་བྱུང་། ཕལ་ཆེར་རྫོང་ཐོག་ནས་ཞི་ལུས་བསྐུར་ཡོང་བ་འདྲ།དགེ་རྒན་བཀྲ་ཤིས་ཀྱིས་ཡི་གེ་དེར་བལྟ་བཞིན་བལྟ་བཞིན་གདོང་ལ་གཟབ་ནན་དང་ཐེ་ཚོམ་གྱི་ཉམས་ཤིག་བཏོད་ནས་ཡང་བསྐྱར་ཐེངས་གཅིག་ལ་བལྟས་པ་ན་ཨ་ཁུ་འབུམ་ལོས་ཡང་གནས་ཚུལ་མི་ལེགས་པ་ཤེས་ནས་ཅི་རེད་་་་་     དབང་འདུ་ལ་དོན་དག་འདྲ་བྱུང་བ་མིན་ནམ། དབང་འདུ་ ཉིན་འགའི་སྔོན་ལ་སློབ་གྲྭ་ནས་བྲོས་སོང་ཟེར།འདི་འཛིན་བདག་གིས་བསྐུར་ཡོང་བ་རེད། ཅི་ཟེར། དབང་འདུ་སློབ་གྲྭ་ནས་མ་བསྡད་པར་བྲོས་སོང་བ་ཡིན་ནམ། གང་ལ་བྲོས་སོང་བ་ཤེས་སམ།དགེ་རྒན་བཀྲ་ཤིས་ཀྱིས་མགོ་བོ་གཡུག་ཙམ་བྱེད་བཞིན་ཡི་གེའི་ནང་ན་ཅི་ཡང་བཤད་མི་འདུག
 ཨ་ཁུ་འབུམ་ལོ་ནི་ཉིན་ཞག་འགའ་ལ་བྱེ་ཐང་བརྒྱུད་པའི་མི་ཞིག་དང་འདྲ་བར་སྟག་ལུང་ལུང་ཁོག་ཏུ་འགྲོ་བཞིན་ཡོད་ལ་ལ་ཁའི་ཉི་མས་ཀྱང་ཁྲེལ་འཛུམ་དང་བཅས་བརྙས་བཅོས་བྱེད་པ་བཞིན་ཉིན་གཅིག་གི་འོད་སྣང་ལྷག་མ་དེ་བསམ་གཟས་ནས་ཨ་ཁུ་འབུམ་ལོའི་མིག་ནང་ལ་གཏད་ནས་འཕྲོ་བཞིན་པ་དང་གཉིས་སུ་མེད་པས་མགོ་བོ་བསྒུར་ནས་འགྲོ་བཞིན་ཡོད་པའི་ཨ་ཁུ་འབུམ་ལོ་ནི་གཡུལ་ནས་ཕམ་པའི་དམག་མི་རྨས་མ་ཞིག་དང་ཡང་འདྲ།དངོས་གནས་འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བག་ནི་ཅི་འདྲའི་ཡིད་གཏད་མེད་པ་ཞིག་རེད་ཨང་།
          ཨ་་་ དབང་འདུ།    དབང་འདུ་བྲོས་སོང་ཟེར་བ་ཡིན་ནམ   དེར་ཅི་ཞིག་བྱུང་སོང་བ་རེད། ཝུའུ་ཝུའུ་་་་་ ཨ་མ་ཚེ་སྐྱིད་དེ་ལྟར་ངུ་དངངས་བྱེད་ཞོར་བླ་མ་དཀོན་མཆོག་མཁྱེན། འདི་སློབ་སྦྱོང་གི་བགེགས་དང་བར་ཆད་ཡིན་ནམ། གང་ཞིག་ལ་འཚོལ་དུ་འགྲོ་འམ།ཟེར་བ་ན་བུ་མོ་བདེ་སྐྱིད་ཀྱིས་ཀྱང་ཨ་མའི་སྐད་ཆར་ལན་ཞིག་སྟེར་དགོས་བའི་ཉམས་ཀྱིས་ཨ་ཁུ་འབུམ་ལོར་བལྟས་པ་ན་འབུམ་ལོས་ཀྱང་དངན་པ་རིང་མོ་ཞིག་འཐེན་བཞིན་ མ་འཚབ་དང་། སང་ཉིན་ང་རང་དགོན་པར་སོང་ནས་ཨ་ལགས་ཚང་ལ་ཕྱག་མོ་ཞིག་གཟིགས་སུ་འཇུག་དང་། དེ་ནས་ཐག་གཅོད་བྱེད།ཨ་ཁུ་འབུམ་ལོས་སྡོམ་ཚིག་ཅིག་གི་ཚུལ་དུ་དེ་ལྟར་བཤད།སྤྱིར་ཡིན་ན་སྐབས་འདི་ནི་ནུབ་ཚལ་ལ་སྤྱོད་པའི་སྐབས་ཡིན་ནའང་དོ་དགོང་ནུབ་ཚལ་འཐུང་རྒྱུ་ཕར་ཞོག་ཐ་ན་གྲ་སྒྲིག་ཀྱང་བྱས་མེད་ལ་ཐབ་ནང་གི་མེ་ཡང་ཞི་ལ་ཉེ། དབྱར་ཟླ་ལྔ་བ་ཡིན་ཀྱང་རྩྭ་ཐང་གི་གནམ་གཤིས་མ་གཞི་ནས་དྲོ་རྒྱུ་མེད་ལ་ལྷག་ཏུ་ཨ་ཁུ་འབུམ་ལོ་ཚང་གི་སྦྲང་ནང་ན་གྲང་རླུང་ལྷག་མ་ཞིག་ལྡང་བཞིན་ཡོད་པས་ལུས་སེམས་གཉིས་ཀ་འཁྱག་པས་བསྡམ་ལ་ཉེ་ཡང་། བཟའ་མི་ཚང་མས་རང་རང་གི་ས་ན་ཅི་ཞིག་ལ་བསམ་གཞིགས་གཏོང་བཞིན་འདུག
      
དབྱར་ཕ་མ་འདྲ་བོ་འདིའི་ནང་ལ་ཕྱུག་ཟོག་སེམས་ཅན་རྩྭ་ཁར་མ་དེད་ན་ཤ་ཤེད་ཅིག་གང་ནས་རྒྱས་དགོས་རྩྭ་ཐང་གི་ཨ་མ་ཚོས་སྐྱ་རེངས་མ་བཏེགས་སྔོན་ལ་ལོས་བདེན་སྙམ་པའི་གནས་ལུགས་རི་འདྲ་བ་རེ་བརྩིགས་ནས་བདེ་བའི་མལ་ན་རྨི་ལམ་གྱི་ཞིང་ཁམས་འགྲིམས་བཞིན་པའི་བྱིས་པ་ཚོ་ཡར་བསླངས་ནས་ཕྱུགས་རྗེས་སུ་མངགས་བཞིན་འདུག   ཨ་ཁུ་འབུམ་ལོ་ལ་མཚོན་ན་མུ་མཐུད་དུ་ཉལ་རྒྱུ་ནི་སྡུག་བསྔལ་ཞིག་ཡིན་པས་ཁ་ལག་གཙང་མར་བཀྲུས་རྗེས་ཁ་བཏགས་ཤིག་རུམ་ལ་བཅུག་ནས་དགོན་པའི་ཕྱོགས་སུ་སོང་། ཕྱུག་རྫི་དག་གིས་ནོར་ལུག་དེད་ནས་རི་ཁར་ཐོན་འདུག་པ་གསལ་ལ་མི་གསལ་བ་ཞིག་མཐོང་། ཁོ་རང་གོམས་ལོབས་སུ་སོང་བའི་ལམ་དུ་རྟ་ལ་ཡོབ་རྡུང་བྱེད་བཞིན་སོང་།
          དུ་སྨུག་བན་བུན་ཞིག་གི་ཁྲོད་ན་ལྷོད་ཆགས་སེར་ཡོད་པའི་དགོན་པ་མཐོང་བ་ན་ཨ་ཁུ་འབུམ་ལོས་རྟ་གོང་ནས་ལག་པ་ཐལ་མོར་སྦྱར་ནས་གསོལ་འདེབས་བྱེད་ཞོར་དགོན་པའི་ཕྱོགས་སུ་སོང་། ཨ་ལགས་བཞུགས་སམཨ་ཁུ་འབུམ་ལོས་ནང་ཆེན་སྒོ་ན་གད་དར་བྱེད་བཞིན་པའི་བན་དེ་ཆུང་ཆུང་དེ་ལ་དེ་ལྟར་དྲིས་པ་ན།བན་དེ་དེས་ཨ་ཁུ་འབུམ་ལོར་མིག་ཟུར་གྱིས་བལྟ་ཙམ་བྱས་ནས་བཞུགས་ཀིཞེས་ལན་བཏབ། ཨ་ཁུ་འབུམ་ལོས་རང་གི་རུམ་གྱི་ཁ་བཏགས་དེ་བླངས་ནས་ནང་ཆེན་ནང་དུ་སོང་། ཨ་ལགས་ཚང་བཞུགས་སའི་གཟིམས་ཁང་གི་ཕྱོགས་ལ་ཕྱག་གསུམ་འཚལ་རྗེས་གཟིམ་ཁང་དུ་སོང་། ཨ་ལགས་ཚང་གིས་ཁ་བཏོན་ཞིག་བཟློ་བཞིན་པ་འདུག་ལ་ཨ་ཁུ་འབུམ་ལོ་ནང་དུ་ཡོང་བ་མཐོང་རྗེས་འདོན་མཚམས་བཞག    ཨ་ཁུ་འབུམ་ལོས་ལག་པ་ཟུང་གིས་ཁ་བཏགས་དེ་ཨ་ལགས་ཚང་ལ་འབུལ་རྗེས་ཕྱིར་བསྣུར་ཙམ་བྱས་ནས་པུས་མོ་ས་ལ་བཙུགས་ནས་བསྡད་པ་དང་དབང་འདུ་སློབ་གྲྭ་ནས་བྲོས་སོང་བའི་གནས་ཚུལ་ཞིབ་མོར་ཞུས་པ་དང་བཙལ་དུ་སོང་ན་བཟང་མིན།བཟང་ན་ས་ཕྱོགས་གང་ཞིག་ལ་འཚོལ་དུ་འགྲོ་དགོས་ཚུལ་ལ་ཐུགས་དལ་དལ་གྱིས་ཕྱག་མོ་ཞིག་གཟིགས་དགོས་པའི་རེ་འདུན་ཞུས་པ་ན། ཨ་ལགས་ཚང་གིས་ཕྲེང་བ་ཕྱག་ཏུ་བསྣམས་པ་དང་མིག་ཟུང་བཙུམ་ནས་དུས་ཡུན་ཅུང་རིང་བོ་ཞིག་འགོར་བ་རྗེས་ད་ལྟ་མྱུར་དུ་འཚོལ་དུ་སོང་ན་ཕན་ཐོགས་མེད་པས། ཉིན་རྒྱུན་བསང་མཆོད་བྱོས་དང་སྐྱོན་མི་འདུག   བླ་མ་རིན་པོ་ཆེ་ལགས། བཅའ་བ་དང་རིམ་གྲོ་ཅི་ཞིག་ཡོད་ནའང་ངེས་པར་དུ་གསུངས་རོགས།ཨ་ཁུ་འབུམ་ལོས་འུ་ཐུག་པའི་ངང་དེ་ལྟར་ཞུས་པ་ན།ཨ་ལགས་ཚང་གིས་སེམས་གསོའི་ཚུལ་དུ་ཁྱོད་མ་བྲེལ། སྐུ་རིམ་ཅང་མེད་ཀི   ཕྱིར་སོང་ནས་བསང་མཆོད་རེ་བྱོས་དང་། ཁྱོད་ཀྱི་བུ་ལ་ཉེན་ཁ་དང་བགེགས་ཆེན་པོ་མི་འདུག ཅེས་ཧ་ཅང་ཚིག་ཐག་ཆོད་པའི་སྒོ་ནས་དེ་ལྟར་གསུང་བས་ཨ་ཁུ་འབུམ་ལོའི་བློ་རྩ་ཡང་ཅུང་བརྟན་པོར་གྱུར་སོང་བས་ཕྱིར་རང་ཁྱིམ་དུ་ལོགས།
                        གཉིས་པ།
      ལྡོམ་པོ་སྐྱིད་ཟླ་ཕྱེད་ལྷག་གི་ཡར་སྔོན་ལ་ཡང་ལྡོམ་སོང་ཟེར་བ་ཡིན་ནམ།”“ཨོ་ལེ་་་་་་འགོ་བ་ཚང་ལ་བག་མར་བསྐྱལ་ནས་ཉིན་འགའ་ལས་འགོར་མེད་ནའང་ལྡོམ་སོང་ཟེར། དེ་མ་ཟད་ད་ཐེངས་ལྡོམ་པོ་སྐྱིད་རི་འགོ་ལ་ཟོག་འདེད་དུ་འགྲོ་བར་ཁ་གཡར་ནས་རི་འགོ་བརྒྱུད་ནས་བྲོས་སོང་ཟེར། དེ་བས་ཁོ་མོའི་མིང་ལ་མནའ་མ་རི་དྭགས་སྐྱིད་ཀྱང་ཟེར་ཀྱིན་འདུགདཀོན་མཆོག་མཁྱེན། བུ་མོ་འདི་གཟའ་ཡིས་བཟུང་བ་ལོས་ཡིན། འགོ་བ་ཚང་ལ་བུ་རྒྱུ་གཉིས་ཀ་འཛོམས་ཡོད་པ་མིན་ནམ སྟག་ལུང་སྡེ་བའི་མ་ཎི་འཁོར་ཁང་ན་མ་ཎི་བསྐོར་ཞོར་ལུང་ཁོག་འདིར་གྲགས་ཆེ་བའི་མནའ་མ་ལྡོམ་པོ་སྐྱིད་ཀྱི་གནས་ཚུལ་གླེང་བཞིན་ཡོད། ལྡོམ་པོ་སྐྱིད་ཅེས་པའི་མིང་འདི་ལ་ཐེད་རྒྱུ་དང་རྙིང་རྒྱུ་ཞིག་ཡོད་ན་སྟག་ལུང་གི་མི་འདི་ཚོའི་ཁ་ནས་སྔ་མོ་ཞིག་ནས་ཐེད་སོང་བ་ཁོ་ཐག་ཡིན། ལྡོམ་པོ་སྐྱིད་ལུང་ཁོག་འདིའི་ཁྱིམ་ཚང་ཕྱུག་ཆེན་རྒྱུ་ཆེན་བཅུ་ལྷག་ལ་བག་མར་སོང་མྱོང་་མོད་གནས་ཚང་ནས་ཆེས་རིང་ན་ཉིན་བཅོ་ལྔ་ལས་བརྒལ་ནས་བསྡད་པའི་ལོ་རྒྱུས་མེད་པས་ཚང་མས་ཁོ་མོའི་མིང་ལ་ལྡོམ་པོ་སྐྱིད་དུ་བཏགས། གནས་ཚང་ནས་ལྡོམ་ཡོང་དུས་གཉེན་ཉེ་དུ་དག་གི་ཁ་ལ་ཉན་ནས་ཕྱིར་གནས་ལ་འགྲོ་བའི་དཔེ་ཡང་གཏན་ནས་ཡོད་མ་མྱོང་།
        ལྡོམ་པོ་སྐྱིད་ཀྱང་སྟོད་ལུང་སྡེ་བའི་མི་ཡིན་ལ། ཁོ་མོའི་ཨ་མ་དཔོན་རྒྱུད་ཚང་ཞིག་ལ་བག་མར་སོང་ནས་སྐྱེ་བ་ཡིན། རྗེས་སུ་དཔོན་ཚང་ཚང་གི་མི་རྒྱུད་བཟང་བའི་ཁེངས་དྲེགས་ཀྱིས་མཐོང་ཆུང་དང་བརྙས་བཅོས་བྱས་པས་རང་ཡུལ་དུ་མི་ལོགས་ཀ་མེད་བྱུང་། འཇིག་རྟེན་ཁ་དཔེ་ལ་བུ་ཕ་རྗེས་དང་བུ་མོ་མ་རྗེས་ཞེས་པའི་དཔེ་ལྟར་ལྡོམ་པོ་སྐྱིད་ཀྱང་རང་གི་ཨ་མའི་རྗེས་དེད་ནས་ཡོང་།ལྡོམ་པོ་སྐྱིད་ཀྱི་ཨ་མའི་མིང་བོ་ལ་ཡང་ལྡོམ་པོ་སྐྱིད་དང་ལོ་ན་ཕལ་ཆེར་འདྲ་བའི་བུ་གཉིས་དང་བུ་མོ་གཅིག་ཡོད། ཁོ་ཚོ་རྒྱུན་དུ་མཉམ་པོར་རྩེད་མོ་བརྩེ་ནས་ལག་ཆགས། ལྡོམ་པོ་སྐྱིད་ཀྱི་ཨ་མ་ནི་ལུང་ཁོག་འདིའི་མཛེས་མ་ཡིན་པས་རིང་བོ་མ་འགོར་བར་སླར་ཡང་གནས་ལ་བུད་སོང་།
         ཞང་སྲིད་གཞུང་གིས་ཁྱིམ་དུད་རེ་རེ་ནས་མ་མཐའ་ཡང་བྱིས་པ་གཅིག་རེ་སློབ་མངགས་དགོས་པའི་བཀའ་ཐོགས་ལྟ་བུ་ཞིག་གློ་བུར་དུ་བབས། རྒྱུ་དང་འབྱོར་བ་འཛོམས་པའི་ཁྱིམ་ཚང་ཚོས་སློབ་གྲྭ་འགྲོ་བའི་བྱིས་པ་རེ་གླས་ནས་སློབ་གྲྭར་མངགས་བཞིན་ཡོད། ལྡོམ་པོ་སྐྱིད་ཀྱི་ཨ་ཞང་ཚེ་རིང་ལ་མཚོན་ན་སློབ་གྲྭར་འགྲོ་མཁན་གྱི་བྱིས་པ་ཞིག་གླ་རྒྱུའི་ཆ་རྐྱེན་ཡེ་ནས་མེད་ལ་རང་གི་བྱིས་པ་གསུམ་པོ་ཡང་སློབ་གྲྭར་མངགས་འདོད་མེད་དེ། བུ་ཆེ་བ་ལ་ཆུང་མ་བསུས་ནས་ཁྱིམ་ཤུལ་འཛིན་དུ་འཇུག་རྒྱུ་དང་བུ་ཆུང་བ་དགོན་པར་སྐྱེལ་ནས་གྲྭ་བ་བྱེད་པ། བུ་མོ་ཞིག་ཡོད་པ་ལ་ཆུང་དུས་ནས་བཞོ་བཞོ་རྒྱུ་སོགས་ཁྱིམ་ལས་ཙག་ཙིག་སློབ་དུ་བཅུག་ནས་གནས་ལ་སྐྱེལ་རྒྱུ་སོགས་ནི་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་འཆར་གཞི་ཡིན། ཡིན་ཡང་སེམས་ཚེགས་སྤུ་ཙམ་ཀྱང་བྱེད་མི་དགོས་ཏེ་ལྡོམ་པོ་སྐྱིད་ལ་བྲོ་ཁུག་ཅིག་བཟོས་ནས་སློབ་གྲྭར་མངགས་པས་ཆོག
          ཞང་སློབ་ཆུང་ནས་དབང་འདུ་དང་ལྡོམ་པོ་སྐྱིད་གཉིས་སྟེས་དབང་གིས་གྲལ་མཚེས་སུ་གྱུར་བ།དབང་འདུ་ནི་སྤྱིར་བཏང་ནས་ཁ་གྲགས་རྒྱུར་དགའ་བའི་བྱིས་པ་ཞིག་མིན་མོད་ལྡོམ་པོ་སྐྱིད་དང་ཁོ་གཉིས་ཉིན་རེ་རེ་སློབ་ཁང་ནས་མཉམ་དུ་འདུག་དགོས་ལ་ཡུལ་ལ་འགྲོ་སྐབས་ཀྱང་མཉམ་དུ་འགྲོ་བཞིན་པས་དབང་འདུ་ལ་ཟས་ཞིམ་པོ་ཅི་ཞིག་ཡོད་ཀྱང་ལྡོམ་པོ་སྐྱིད་ལ་སྐལ་བྱེད་སྲིད་ལ།ལྡོམ་པོ་སྐྱིད་དབང་འདུ་ལས་ལོ་གཅིག་གིས་ཆེ་བས་བྱིས་པ་གཞན་གྱིས་དབང་འདུ་ལ་ཐུབ་ཚོད་བྱས་ན་རོགས་སྐྱོར་བྱེད་བཞིན་པས་ཁོ་གཉིས་ལུས་དང་གྲིབ་མ་ལྟ་བུའི་གྲོགས་པོར་གྱུར།   དེ་ལྟ་ལོ་ངོ་དྲུག་གི་འཚོ་བ་གཅིག་ལ་གཅིག་བརྟེན་གྱིས་བསྐྱེལ་རྗེས་དབང་འདུ་མུ་མཐུད་དུ་རྫོང་སློབ་འབྲིང་དུ་ཞུགས་པ་དང་ལྡོམ་པོ་སྐྱིད་ལུག་རྩི་རུ་གྱུར།དབང་འདུས་ལྡོམ་པོ་སྐྱིད་ལ་ངས་བྱ་བ་ལོན་སོང་ན་ངས་ཁྱོད་ཆུང་མར་ལེན་ཁོ་ཐག་ཡིན་ཞེས་ཁོ་ཐག་ཆོད་པའི་གཏམ་ཞིག་རྣ་རྩར་བརྒྱབ་པ་དང་། ལྡོམ་པོ་སྐྱིད་ཀྱིས་ཀྱང་ངས་ཁྱོད་ལ་སྒུག་ཐག་གཅོད་ཡིན་ཞེས་སྐྱེངས་ཉམས་འདྲེས་མའི་ངང་ལན་ཞིག་བྱིན་རྗེས་རང་རང་སར་འགྲོ་དགས་བྱུང་།
            ལྡོམ་པོ་སྐྱིད་ལོ་བཅོ་བརྒྱད་ལ་སོན་པའི་ལོ་དེར་བྱད་བཞིན་བཟང་ལ་སྐྱེས་གཟུགས་དྲང་བས་ཡུལ་མི་ཀུན་གྱི་ཁྲ་ཆུང་མིག་གི་བལྟ་སར་གྱུར་བས། ལྡོམ་པོ་སྐྱིད་ཕ་འཛོམས་མ་འཛོམས་མིན་ན་ཡང་ཅི་འདྲ་བཤད་རུང་དཔོན་ཚང་གི་མི་རྒྱུད་ཡིན་པས་གཉེན་སློང་དུ་ཡོང་མཁན་རྒྱུན་ཆད་མེད། ཡིན་ནའང་ལྡོམ་པོ་སྐྱིད་ཀྱིས་ཨུ་ཚུགས་མཐར་སྐྱེལ་ངང་གནས་ལ་འགྲོ་རྒྱུར་འཐད་པ་མ་བྱུང་། ཨ་ཞང་ཚེ་རིང་རྒྱུ་ལ་དགའ་བས་སྔ་གཞུག་ཏུ་ཐེངས་འགའ་ལ་གནས་སུ་སྐྱེལ་ན་ཡང་ཕྱིར་ལྡོམ་ཡོང་། མཐའ་མ་འགོ་བ་ཚང་ལ་གནས་སུ་སྐྱེལ་སྐབས་ཨ་ཞང་ཚེ་རིང་གིས་མཐའ་ཚིག་ཐོག་འདྲ་བ་ཞིག་བབས་པ་ནི་གལ་སྲིད་ཐེངས་འདིར་ལྡོམ་རྒྱུ་ཡིན་ན་ཕྱིར་ཁྱིམ་འདིར་ཡོང་མི་ཆོག་ཅེས་པ་དེ་རེད། མི་ཚང་མས་རྒྱུ་མཚན་གསལ་བོ་ཞིག་མི་ཤེས་ཀྱང་ལྡོམ་པོ་སྐྱིད་གནས་ནས་མི་ལྡོམ་ཟེར་ན་ཆུ་བོ་ཡར་ལ་བཞུར་བ་དང་ཉི་མ་ནུབ་ནས་ཤར་བ་ལྟ་བུའི་འཇིག་རྟེན་ལས་ལྡོག་པའི་དོན་ཞིག་ཏུ་ངོས་བཟུང་ཆོག་ཆོག་ཡིན་པས།སྔར་བཞིན་འགོ་བ་ཚང་ནས་ལྡོམ་སོང་བ་མ་ཟད་ཨ་ཞང་ཚེ་རིང་གི་བཀའ་ལྟར་ཕྱིར་ཁྱིམ་ལ་ཡང་མ་ལོག་པར་གར་སོང་ཆ་མེད་དུ་གྱུར།
                           གསུམ་པ
       ད་ལོའི་དབྱར་ཟླ་འདིའི་ནང་ལ་ཆར་འབབ་རྒྱུ་མང་བས་བསྟུད་མར་ཉིན་འགའ་རེར་ཆར་བ་འབབ་རྒྱུ་ཡང་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་འདུག    ཡིན་ཡང་ཨ་ཁུ་འབུམ་ལོས་ཉིན་རྒྱུན་ལྟར་ཨ་ལགས་ཚང་གི་བཀའ་བཞིན་བསང་མཆོད་བྱེད་རྒྱུ་ནི་ཉིན་གཅིག་གི་ཁྲོད་ཀྱི་ནོར་ལུག་རྩྭ་ཁར་སྐྱེལ་རྒྱུ་ལས་ཀྱང་གལ་ཆེ་བའི་བྱ་བ་ཞིག་ཏུ་བརྩི་བཞིན་ཡོད། དེ་མ་ཟད་རྒྱུན་ལྡན་ལྟར་ཡོད་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་གི་བསང་ཁྲི་དེ་ད་ལྟ་མཐོན་པོར་བརྩིགས་ནས་བསང་ཁུང་དུ་བསང་ཕུད་ན་ཆར་གྱིས་གནོད་བྱེད་མི་ཐུབ་པར་བྱས་འདུག    
       འབུམ་ལོ་   ཨ་རོགས་་་་་འབུམ་ལོཨ་ཁུ་སྡེ་དཔོན་གྱིས་སྐད་བརྒྱབ་ནས་འབོད་བཞིན་ཡོད་པར་བལྟས་ན་དོན་དག་གལ་ཆེན་ཞིག་ཡོད་པ་ཐག་གིས་ཆོད་པ་འདྲ། ཨ་ཁུ་འབུམ་ལོས་ཕྱི་རོལ་ན་རང་གི་མིང་ནས་འབོད་བཞིན་པ་ཐོས་རྗེས་མྱུར་དུ་སྡེ་དཔོན་གྱི་སར་སོང་།ཁའི་འགྲམམ་གཉིས་ན་ཝུ་བ་སྲབ་མོ་རེ་ཆགས་ཡོད་པར་བལྟས་ན་ད་ནངས་ཡང་བསང་འབོད་ཡིད་འཚིམ་ཞིག་བྱས་ཟིན་པ་འདྲ། སྡེ་དཔོན་གྱིས་ཡི་གེ་ཞིག་ཨ་ཁུ་འབུམ་ལོར་སྤྲོད་བཞིན་ད་དུང་ཡང་དབང་འདུའི་གནས་ཚུལ་འདྲ་མ་གོའམཞེས་དྲིས་པ་ན། ཨ་ཁུ་འབུམ་ལོས་མགོ་བོ་འཕྲེད་དུ་གཡུག་བཞིན་ཟླ་ངོ་གཅིག་ལྷག་འགོར་སོང་ཡང་གནས་ཚུལ་རྟ་རྔ་ཙམ་མེད་ཀིའོ་   རེད་ཡ   ཡི་གེ་འདི་ཞང་སྲིད་གཞུང་ན་འདུག    ཁ་སང་ཚོགས་འདུ་ལ་སོང་ནས་ཁྱེར་ཡོང་བ་ཡིན། དབང་འདུའི་ཕྱོགས་ཀྱི་གནས་ཚུལ་འདྲ་ཡིན་སྲིད།ཡ་ཡ་    བཀའ་དྲིན་ཆེ།ཟེར་བཞིན་འཚབ་འཚུབ་ངང་ཕྱིར་ཁྱིམ་དུ་ལོགས་པ་དང་ནངས་ཇ་ཡང་མ་འཐུང་བར་ཞང་ཐོག་ལ་དགེ་རྒན་བཀྲ་ཤིས་འཚོལ་དུ་སོང་།
      ཨ་ཁུ་འབུམ་ལོ་སློབ་གྲྭར་ཐོན་པ་ན་ལྷིང་འཇགས་སེར་འདུག་ལ་རྒྱ་སྒོའི་འགྲམ་ན་ཡོད་པའི་རྒྱ་ལྕང་དག་ལས་བྱེའུ་ཅ་ཅོ་སྒྲོགས་པ་ཙམ་ལས་ཅི་ཡང་ཐོས་རྒྱུ་མི་འདུག   ཨ་ཁུ་འབུམ་ལོ་སློབ་གྲྭའི་རྒྱ་སྒོ་བརྒྱུད་ནས་དགེ་རྒན་བཀྲ་ཤིས་ཀྱི་ཁང་བའི་ཕྱོགས་སུ་སོང་བ་ན་དེ་གར་འགྲོ་བཞིན་པའི་དགེ་རྒན་བུད་མེད་ཅིག་གིས་མཐོང་ནས་དགེ་རྒན་བཀྲ་ཤིས་འཚོལ་བ་ཡིན་ནམ།ཞེས་དྲིས་པ་ན།ཨ་ཁུ་འབུམ་ལོ་ད་གཟོད་གཉིད་ལས་སད་པ་ལྟར་ཡིན་    ཅི་རེད། དགེ་རྒན་བཀྲ་ཤིས་མེད་པ་ཡིན་ནམ།མ་རེད། མ་རེད།   སྐབས་འདིར་ཁོས་སློབ་ཁྲིད་བྱེད་བཞིན་པའི་ལྒང་ཡིན་རྒྱུ་རེད།ཅེས་སློབ་ཁང་གི་ཕྱོགས་སུ་མཛུབ་མོ་ཀེར་ནས་བསྟན།   ཡ་    ངས་འདི་ནས་སྒུག་ཆོག་ཅེས་མེ་ཏོག་ལྡུམ་རའི་མཐའ་འཁོར་གྱི་རྩིག་པར་རྐུབ་སྟེགས་བྱས་ནས་བསྡད།     
        ཡུན་རིང་མ་འགོར་བར་སློབ་ཁྲིད་གྲོལ་བའི་བརྡ་བརྒྱབ་པ་ན་དགེ་རྒན་བཀྲ་ཤིས་གྱིས་ཁྲིད་དེབ་ཅིག་མཆན་ལ་བཙིར་ནས་ཐོན་བྱུང་།   སོ་རྒྱུ་མེད་པའི་ནུབ་ལྭ་ཞིག་གྱོན་ཡོད་ལ་སྒྲོག་གུ་ཡང་བརྒྱབ་མེད་པས་ནང་གི་བལ་ལྭ་དཀར་བོ་དེ་ཡང་གསལ་བོར་མཐོང་ཐུབ། འདི་འདྲ་སྔ་མོ་ཞིག་ནས་ཐོན་བྱུང་ངམ། ཡ་   ནང་ལ་འགྲོདགེ་རྒན་བཀྲ་ཤིས་ཀྱིས་ཨ་ཁུ་འབུམ་ལོ་འདི་འདྲ་ཞིག་ལ་སྒུག་ཏུ་བཅུག་པར་བཟོད་གསོལ་ཞུ་བ་ལྟར་དེ་ལྟར་བཤད་པ་ན།ཨ་ཁུ་འབུམ་ལོས་ནང་ལ་འགྲོ་མི་དགོས། ད་ནངས་འཕྲིན་ཡིག་འབྱོར་བྱུང་།ཟེར་བཞིན་སྡེ་དཔོན་གྱིས་ཁྱེར་ཡོང་བའི་འཕྲིན་ཡིག་དེ་དགེ་རྒན་བཀྲ་ཤིས་ཀྱི་ལག་ཏུ་བཞག
      དགེ་རྒན་བཀྲ་ཤིས་གྱིས་གཟབ་ནན་ངང་ཐེངས་གཅིག་ལ་བལྟས་རྗེས་འདི་དབང་འདུས་བསྐུར་ཡོང་བ་རེད། ངས་ཁྱོད་ལ་ཐེངས་གཅིག་འདོནཟེར་བཞིན་ཁོ་གཉིས་མེ་ཏོག་ལྡུམ་རའི་མཐའ་འཁོར་གྱི་རྩིག་པའི་སྟེང་ལ་བསྡད།
      གུས་པར་འོས་པའི་བྱམས་ལྡན་གྱི་ཕ་མ་གཉིས་ལགས།
     
ཁྱེད་གཉིས་ཀྱི་ངའི་ཕྱོགས་སུ་སེམས་ཁུར་བྱས་ནས་ཅི་བྱ་གཏོད་བྲལ་གྱི་གནས་སུ་ལྷུང་ཡོད་པ་ཚོར་ཡོད། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལ་སོན་པའི་བུ་རལ་ངས་ཁྱེད་ཅག་གི་རེ་བ་ཡོད་ཚད་ཐལ་རྡུལ་དུ་བརླག་པ་མ་ཟད་སེམས་སྡུག་གི་གཡང་ལ་བསྐྱུར་བར་སེམས་གཏིང་ནས་འགྱོད་གཤགས་བྱེད་བཞིན་ཡོད།   ལྡོམ་པོ་སྐྱིད་སྟག་ལུང་ས་ཁུལ་ནས་ལྡོམ་སོང་བ་ཁྱོད་ཚོས་གོ་ཡོད་རྒྱུ་རེད།ངེད་གཉིས་ཆུང་བྱིས་པའི་དུས་ནས་རྩེད་རོགས་ཡིན་པ་མ་ཟད་སློབ་ཆུང་གི་སྐབས་སུ་གྲལ་མཚེས་བྱས་ནས་ལོ་ངོ་དྲུག་འགོར་སོང་། ད་བར་དུ་འདི་ལྟར་ལྡོམ་དོན་ངའི་ཆེད་དུ་ཡིན་ལ་ལྡོམ་པོ་སྐྱིད་ཅེས་པའི་མིང་འདི་ཡང་ང་ལ་སྒུག་ཆེད་ཐོགས་པ་རེད། སྤྱིར་བཏང་ཡིན་ན་མཐོ་འབྲིང་མཐར་ཕྱིན་རྗེས་ཁྱེད་གཉིས་ལ་གྲོས་བྱེད་པའི་འཆར་གཞི་ཡོད་ནའང་། ཁོ་མོ་ང་ཡོད་སར་འཚོལ་དུ་ཡོང་བས་ངེད་གཉིས་ཀྱིས་རང་ཐག་རང་གིས་བཅད་ནས་བུད་སོང་བར་དགོང་འཇགས་མཛོད།    ཁྱེད་ཚང་མས་སེན་མགོ་རྣག་དང་སེན་རྩ་ཁྲག་བྱས་ནས་ང་རང་སློབ་གྲྭར་སྐྱེལ་བ་ངའི་མ་འོངས་པའི་ཆེད་དུ་གསལ་ན་ཡང་ཁོ་མོ་སྡུག་ལ་ཐུག་ནས་ང་རང་འཚོལ་དུ་ཡོང་བ་ཡིན་པས་འདི་ལྟར་མི་བྱེད་ཐབས་མེད་རེད།
    
ད་ལྟ་ལས་གྲྭ་ཞིག་ན་ཞོར་ལས་བྱེད་བཞིན་ཡོད་པས་འཚོ་བ་དང་ཕྱོགས་གང་ཅིའི་ཐད་ལ་དཀའ་ངལ་གང་མེད་པས། འཕྲིན་ཡིག་འདི་འབྱོར་རྗེས་ཁྱེད་ཅག་གིས་ངའི་ཕྱོགས་སུ་སེམས་ཁྲལ་མི་བྱེད་པར་མཁྱེན།    
བུ་དབང་འདུ་ནས

××××. ××. ××

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྡོམ་པོ་སྐྱིད།

2011-11-10 ལྗང་ཁུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།