ཐར་རྡོ།

ཧོར་ནག་པ་ཀླུ་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-10

         དེ་རིང་ནི་ཐར་རྡོ་ལ་མཚོན་ན་ཆེས་ཉི་ནག་གི་སྐར་མ་ཞིག་སྟེ། དབེན་སིམ་སིམ། གྲགས་འགུལ་ཅི་ཡང་མེད་པར་སྤྱི་ཚོགས་ཀྱི་བར་གསེང་གང་ལ་ངོ་བོ་རོ་གཅིག་ཏུ་འཐིམས་ཡོད་ཨང་།
          ང་གོམ་པ་དལ་དལ་གྱིས་ང་ཚོའི་མལ་ཁང་མདུན་གྱི་མཚོ་ཁ་དེར་གཡེང་སྐབས། སེམས་ཀྱི་ཡོལ་རས་ཕྱེས་ཏེ་ཅི་བསམ་འདི་བསམ་མེད་པར་དམའ་འབྲིང་གཉིས་པའི་གོང་གསེང་གི་ཉིན་མོ་དེར་འཕྱན་སོང་།
          ཉིན་དེར་ནམ་མཁའ་ན་ཉི་མ་དགའ་བ་ལྷག་ལྷག་ཏུ་དགོད་ཅིང་སྤྲིན་པས་ཀྱང་ཐེག་དཀའ་བའི་བེམ་རོ་འདྲུད་ཀྱིན་མེད་པས། ང་ངེད་ཚང་གི་གཡག་ལ་ཞོན་ནས་ཕྱུགས་རྫིར་སོང་བ ་ཡིན། སྐབས་དེའི་ང་ནི་ན་ཚོད་དར་ལ་ལང་ཚོ་སྨིན་པའི་སྤྲ་ལྟ་བུའི་འཇམ་པོ་ཞིག་མིན་པར་སྤྲེའུ་ལྟར་པྲ་ཚག་མ་རབས་ཆེ་བའི་བྱིས་པ་ཞིག་ལགས་པས། གཡག་རྒན་གྱིས་འཁྲབ་སྟོན་བྱས་པ་ལེགས་མིན་གང་ལྟར་ཀྱང་ངས་ལག་གི་གླང་ལྕག་དེ་གནམ་ལ་འཕྱར་ནས་ཁོ་ལ་ཅི་ནུས་གང་ནུས་ཀྱིས་འཚོག་རྡུང་གྱ་ནོམ་པ་བྱས་པ་ཡིན། ཡིན་ནའང་གཡག་རྒན་ནི་གཡག་རྒན་ཏེ་སྣ་ནས་ངུ་འབོད་ཀྱི་ཆོ་ངེ“ཧིར་ཧིར”འདོན་པ་དང་རྔ་མས་ན་ཟུག་མ་བཟོད་པར་ཕར་གཡུག་ཚུར་གཡུག་ཙམ་བྱེད་པ་ལས། མ་དགའ་བའི་ཁོང་ཁྲོ་མེད་ལ་མི་ལེགས་པའི་རྣམ་འགྱུར་ནི་དེ་བས་ཀྱང་ངོ་། ངས་རྐང་བ་ཟུང་གིས་གཡག་རྒན་གྱི་ཕོ་བ་ལ་དྲག་ཏུ་རྡུང་ཞོར་མགོ་བོ་གནམ་ལ་བཀྱགས་ནས་མིག་ཞགས་རྒྱང་ལ་འཕང་བ་ན། རྒྱང་རིང་གི་གཡའ་སྤང་མཚམས་ན་འབྲོང་རྒོད་དར་མ་ཞིག་རྭ་རྩེ་ལིང་ལིང་གིས་རྫ་ནས་བབས་ཏེ་འབྲོང་སྟག་ཐང་དུ་ཆས་ཀྱིན་ཡོད་ལ། ཁོག་ན་སྟག་རྒོད་ཟིལ་གྱིས་བཏུལ་ཏེ་རང་གི་སྙིང་ཉེ་བའི་འབྲོང་ཚོགས་ལ་དགྲ་ལན་ཐེངས་ཤིག་སློག་འདོད་པའི་དཔའ་སྤོབས་ཀྱི་ཉི་མའི་བློ་གྲོས་མེ་རུ་འཕྱུར། ངས་དེ་མ་ཐག་གཡག་གི་གོམ་ཁ་བསྒགས་ནས་ང་ནི་འབྲོང་ཞིག་ལ་ཞོན་ཡོད་དམ། ངའི་རྐང་འོག་གི་འདི་ནི་འབྲོང་གི་རྒྱུད་པ་ཡིན་ནམ་ཞེས་སྣ་དགོད་ཅིག་དང་ལྷན་དུ་སོམ་ཉིར་གྱུར། གདོང་ཁ་དེ་ནས་འཇུར་དུས་རྩྭ་ཆུ་ཆེས་ལེགས་པའི་རི་ཁུགས་དེ་ན་བསོད་ནམས་དང་སྟོབས་རྒྱལ་གཉིས་སྔ་ས་ནས་ཐོན་ཏེ་ཟོག་འཚོས་འདུག  ངས་རང་གི་ལག་གི་འོ་མ་དེ་བ་རྡོའི་སྟེང་གི་ཟངས་དེམ་ནག་རིལ་ནང་སྒོག་སྒོག་ཏུ་བླུགས་རྗེས་བསོད་ནམས་ཀྱི་གཞོགས་སུ་བསྡད་པ་ན་སྟོབས་རྒྱལ་གྱིས་ངོ་གདོང་ཅུང་ཟད་གནག་སྟེ་གཟབ་ནན་གྱིས“ད་ལྟ་པིན་ལ་ཏེན་ཅི་ཞིག་བྱས་ཡོད་དམ”ཞེས་དབུ་ཁྲིད་བཟང་བོར་བྱས་པའི་མཐུ་ལས་དེ་མ་ཐག་ལབ་གླེང་སྣ་ཚོགས་ཀྱི་ཁ་བཤད་ཆུ་ཡི་ཝུ་བ་མང་བོ་ཞིག་རེས་མེས་སུ་འཕྱུར་བྱུང་།
          བསོད་ནམས་ཀྱིས“ཆོས་ཟབ་ན་བདུད་ཟབ། ཁེས་ཆེ་ན་ཉེན་ཆེ་ཞེས་པ་ཅི་མ་བདེན། ཨ་རི་ཚན་རིག་ཆེ་ཡང་པིན་ལ་ཏིན་གྱི་ཚན་རིག་མ་ཁེགས”ཞེས་ས་རྡུལ་གྱིས་མནན་པའི་ལོ་ངོ་གཉིས་ཡར་སྔོན་གྱི་རྙིང་བ་རྙིང་ཧྲུལ་དུ་གྱུར་བའི་ལོ་རྒྱུས་ཀྱི་གནའ་རྫས་དག་གཅིག་རེ་གཅིག་རེ་བྱས་ནས་ཕྱིར་ཕྱུངས་མགོ་བརྩམས། གློ་བུར་དུ་གར་ཡོང་མི་ཤེས་པའི་རླུང་བུ་འཁྱམ་པོ་ཞིག་གིས་མཚོ་མོ་ལ་དཀྲོག་དཀྲོག་བཏང་སྟེ་གཉེར་མ་ལྷུག་ལྷུག་དུ་འཛུམ་པར་བྱས། ངས་ལོགས་སུ་བལྟས་པ་ན་སྟོབས་རྒྱལ་གྱིས་མགོ་བོ་གཡུག་གཡུག་བྱེད་ཀྱིན“ཞོགས་དུང་དེ། མི་རིགས་ཀྱི་རྣ་གཟོད། དེས་དཀོན་མཆོག་ལ་དགག་པ་རྒྱག་གིན་འདུག”“……”…………  
          ས་མཐའ་ཉུལ་ཉུལ་ནས་ཕྱིར་ཕ་ཡུལ་དུ་ལོག་བྱུང་། “ཨ་རོགས། ཐར་རྡོའི་ད་བར་གྱི་གནས་ཚུལ་མ་ཤེས”“ཉེ་སྔོན་འཐོར་སོང་བའི་ཆུང་མ་ཡང་དེང་སྐབས་ཕྱིར་ཡོང་ཡོད་ལ། འཚོ་བའི་ཆ་རྐྱེན་ཡང་ཅུང་ཟད་ལེགས་རབས་བཤད་ཀྱིན་འདུག”“དེས་ན་ཐར་རྡོ”“ཐར་རྡོ་དེ་འདྲ་ཞིག་ཡིན་གི་མེད་པ་འདྲ”  ངའི་སེམས་ཀྱི་ལྟེབས་སུལ་ནས་ཐར་རྡོ་རེས་གསལ་རེས་ཡིབ་དུ་མངོན་བྱུང་།
         ཐར་རྡོའི་མིང་དངོས་ལ་རྡོ་རྗེ་ཐར་ཟེར་ཞིང་། དེ་ནི་ཤ་བོ་རྡོ་རྗེ་ལ་རྡོ་རྗེ་ཤ་བོར་འབོད་པ་བཞིན་ཀྱག་ཀ་ཆེ་བའི་མི་ཞིག་གིས་རྩེད་མཚར་གྱིས་ལྐོག་ནས་ཐོག་མར་བོས་ལ། རིམ་གྱིས་ལྐོག་གྱུར་ནས་མངོན་སུམ་དུ་གྱུར་ཏེ་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་རེད། འདི་ནི་ཉེ་བའི་ལོ་འགའི་ནང་དུ་བཏགས་པ་ཞིག་ཡིན་པས་ཐར་རྡོ་ལ་མཚོན་ན་རྩེད་མཚར་གྱི་ནང་དུ་ཁྱད་གསོད་ཀྱི་དོན་ཞིག་ཀྱང་འདྲེས་འདུག
           ཐར་རྡོ་ཆུང་དུས་ནས་རིག་པ་རྣོ་ཞིང་རང་གཤིས་གསལ་བ་ཞིག་ཡིན་ལ། ང་ཚོའི་སྡེ་བའི་སློབ་གྲྭ་བ་ཐོག་མའང་ཡིན། དེ་དུས་ཀྱི་སློབ་གྲྭ་ནི་ང་ཚོའི་སྡེ་བར་མཚོན་ན་ཤག་གླུ་ལྟར་དགོད་བྲོ་ཞིང་ཟས་ལྷག་བཞིན་དང་ག་འགགས་པ་ཞིག་རེད། ཐར་རྡོ་ཁོ་ནས་ཨུ་ཚུགས་མཐར་སྐྱེལ་གྱིས་ཡང་ཡང་བྲོས་ཤིང་གྱོད་བརྒྱབ་པས་ད་གཟོད་སློབ་གྲྭར་འགྲིམ་པའི་སྐལ་བ་བྱུང་། ཁོ་ནི་ཤེས་རབ་ཆེ་ཞིང་ལོབས་ལྡོབས་རྐྱེན་པ། རང་གཤིས་གསལ་ཞིང་ལྟ་བ་ཡོད་པ་ཞིག་ཡིན་ལ། སྤོབས་པའང་ངང་གིས་རྒྱས་འདུག་པས། ཁོ་གཟུགས་དེ་འདྲ་རིང་རྒྱུ་མེད་རུང་ཅུང་ཟད་འདྲིལ་ཞིང་ཆེ་བའི་མིག་ནས་མཆེད་པའི་འོད་མདངས་དང་གསེང་ཞིང་མཐོ་བའི་སྐད་སྒྲ་ལས་སུ་ལའང་ཡོད་མ་མྱོང་བའི་རྫིག་ཉམས་ཤིག་མཐོང་ཐུབ། ཁོ་ལེ་དབར་དུ་མའི་ཕར་འགྲམ་གྱི་སློབ་གྲྭ་དེ་རུ་དགོང་ཞོགས་མེད་པར་སྤྲོ་སྣང་གིས་ཆས་འགྲོ། སློབ་གསེང་གི་བར་གླགས་སུ་ཁོས་མིག་གི་མདའ་མོ་དེ་དར་ཝུན་བཞིན་དྲ་ཁུང་ཕྱི་རོལ་གྱི་ལྡུམ་རའི་ནང་དུ་འཕངས་ཏེ་ལོ་མ་དང་ཉི་འོད་གཉིས་ཀྱི་འདྲེས་སྦྱོར་བྱ་ཚུལ་དང་ལྗོན་ཤིང་གིས་ཁོར་ཡུག་ལ་བཏེགས་པའི་དོན་སྙིང་། ལྗོན་ཤིང་ལས་མཐུན་པ་སྤུན་བཞི་ལྟ་བུའི་གནས་ལུགས་ཀྱི་དགོངས་པ་ཟབ་མོའི་བསམ་ཡན་དང་། ལྗོན་ཤིང་དང་བྱ་བྱེའུ་བར་གྱི་གཅིག་ལ་གཅིག་བརྟེན་ལས་སྣོད་བཅུད་ཀྱི་འཆམ་མཐུན་སོགས་ཕྱོགས་མེད་དུ་བསམ་ཞིང་གཞིག་ལ་འཆར་རྟོག་བྱེད། སློབ་ཐུན་སྐབས་སུ་རང་ཉིད་དད་པའི་བཤེས་གཉེན་གང་གི་ཁ་རུ་གཅེར་ཏེ་རྣ་བ་བླགས་ཤིང་བློ་རིག་བསྒྲིམས་ནས་ལན་རེར་དྲི་བ་སྣ་ཚོགས་ཨན་སི་ཐན་ལྟར་བར་མེད་དུ་འདོན་པར་བྱེད་ལ། སྐབས་རེར་གཅལ་དུ་བཀྲམས་པའི་འབྲི་ཤོག་གྲུ་བཞིའི་སྟེང་དུ་གསུང་ཚིག་གལ་ཆེན་དག་ཨ་ལགས་ཞབས་དྲུང་ལྟར་ཤར་ཤར་དུ་འདེབས་པར་བྱེད།  ཁོ་སྤྱི་ཚོགས་འཚོ་བ་ལ་དུང་ཀ་ཆེ་ཞིང་བྱ་བའི་གནས་ལ་བརྩོན་སེམས་ཡར་བསྐྱེད་ལྡན་པས་སློབ་སྦྱོང་སོགས་ཕྱོགས་གང་ཐད་ནས་སུས་ཀྱང་འགྲན་པའི་ཟླ་དང་བྲལ་ལ་ཁོའི་མི་ཚེའི་ནང་དུ་དགོད་བྲོ་བའི་རྣམ་ཐར་དང་ངོ་མཚར་བའི་རྟོགས་བརྗོད་སྣ་ཚོགས་འཚང་ཁ་ཤིག་ཤིག་གིས་སྔ་ཕྱི་གུང་བསྒྲིགས་ནས་ཡོད། དེ་རིང་དགེ་རྒན་འདིས་ཁྲིད་པའི་སློབ་ཁྲིད་ལ་ནང་དོན་མེད་ན་ཁོ་བྲོ་བ་ཅན་གྱི་དགེ་རྒན་གཞན་ཞིག་གི་སློབ་ཁྲིད་ལ་ཉན་དུ་བུད་འགྲོ། བྱ་དངོས་གང་ལའང་རྟོག་དཔྱོད་གསལ་བོ་དང་རང་ཉིད་ཀྱི་མིག་གིས་ལྟ་ཞིང་རང་ཉིད་ཀྱི་ཀླད་པས་བསམ་གཞིག་བྱ་ངེས། དགེ་རྒན་བཤད་ཉེས་ཐེབས་ཚེ་ཁོས་ཐད་ཀར་མཛུབ་མོ་རི་སྟོན་བྱ་ལ། སྦྱངས་འབྲས་ཞན་པའི་སློབ་གྲོགས་དག་ལ་རྣམ་ཀུན་རོགས་སྐྱོར་གྱི་ཆུ་མིག་བརྡོལ་བར་བྱེད་ངེས།
            དེ་རིང་སློབ་གྲྭའི་ལུས་འཁྲུད་ཁང་ལ་ཆག་ཉེས་ཐེབས་ཏེ་སྒོ་བརྒྱབ་པས་མི་རྣམས་ཀྱིས་སེམས་ལ་འཚུབ་ཆ་ལངས་ཤིང་ཁ་ནས་སྡིགས་དམོད་འདོན། ཐར་རྡོས་སློབ་གྲྭའི་སྐྱེད་ཚལ་གྱི་ཉི་འོད་འཇམ་པོའི་ངོགས་ན་སྣ་གླུ་ཐན་ཐུན་ཞིག་དང་མཉམ་དུ་གཞོང་བ་བཟུང་སྟེ་ལུས་འཁྲུད་ཀྱིན་འདུག  སློབ་གྲྭ་དེར་དམག་སྦྱོང་ནི་སྒྲིག་ལམ་ཀུན་གྱི་ཡབ་ཡུམ་བཞིན་སུ་ཡང་ཆད་མི་རུང་བར་ཆེས་གཙིགས་ཆེན་དུ་འཛིན་ཡང་དམག་སྦྱོང་གི་ཉིན་དེར་ཐར་རྡོ་དམག་སྦྱོང་ལ་མ་སོང་བའི་ཁར་ད་དུང་སྤྱང་ཀིའི་སྡེར་འོག་ནས་བྲོས་ཏེ་སྟག་གི་མཆེ་བར་འགྲིམ་པ་བཞིན་སློབ་གཙོའི་གམ་དུ་དཔེ་དེབ་གཡར་དུ་སོང་བས་སློབ་གྲྭ་ཡོངས་ལ་གྲགས་འགུལ་མི་ཆུང་བ་བཟོས། རྗེས་སུ་མི་རྣམས་ཀྱིས་དོན་དེར“དམག་སྦྱོང་དོན་རྐྱེན”ཞེས་རྗེས་དྲན་ཞུ་གྱིན་འདུག  ཡང་ཉིན་ཞིག་ལ་སློབ་མ་ཞིག་ཉིན་གུང་གི་བར་གླགས་ནས་ཡུལ་ལ་ཐེངས་ཤིག་ལོག་འདོད་ཀྱིས་ལྕགས་དྲའི་ཁ་ན་ལྡིང་གིན་པ་སློབ་གཙོས་མཐོང་འཕྲལ། ཁོས་རང་གི་མཛོད་ཁང་ཉུལ་བའི་ཇག་རྐུན་བཞིན་སློབ་གྲྭའི་སློབ་མ་ཡོངས་ཀྱི་སྔུན་ནས་སྐྱོན་བརྗོད་དྲག་པོ་བྱས་ལ། སློབ་དངུལ་རོགས་སྐྱོར་གྱི་སྐལ་ཡང་རྩད་ནས་བཅད། ད་དུང་སློབ་མའི་ཁྱིམ་མི་ལ་ཁ་པར་གྱི་ལམ་ནས་ཁོའི་སྐོར་གྱི་སྡིགས་གཏམ་ཚ་ནན་བཏང་བས། ཨེན་ཙམ་གྱིས་སློབ་མ་གང་དེ་རང་ཤི་བརྒྱབ་སོང་། ཐར་རྡོས་དོན་དེ་ཐོས་འཕྲལ་ཐད་ཀར་སློབ་གཙོ་ཁང་དུ་ཤོར་ནས་སློབ་གཙོའི་སྣ་རྩེ་ལ་སྡིགས་མཛུབ་ཀེར་ཀེར་གྱིས་སྲོལ་རྒྱུན་རྙིང་བའི་བྱེད་ཐབས་འདི་ལྟ་བུས་སློབ་གྲྭ་བཙོན་ཁང་དུ་བསྒྱུར་བ་ཁྱོད་ཀྱི་ནག་ཉེས་རེད་ཅེས་བཤད་བཤད་བཏང་མྱོང་།
         ཐར་རྡོ་སློབ་མཐར་ཕྱིན་རྗེས། བོད་ཡུལ་གྱི་ཕྱོགས་དང་ཕྱོགས་སུ་འགྲིམས་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་བརྒྱུད་བསྒྲགས། སློབ་གསོ་དར་སྤེལ་དང་ཚན་རིག་ལག་རྩལ་ལ་སློབ་སྦྱོང་དགོས་ཚུལ། ཐམས་ཅད་རྙིང་བའི་དབང་དུ་མི་འགྲོ་བར་རིན་ཐང་ཡོད་ཚད་ལ་བསྐྱར་དུ་ཚད་འཇལ་དགོས་ཚུལ། བསམ་བློ་གསར་བ་དང་རིག་གནས་གསར་བ་ནང་འདྲེན་དགོས་ཚུལ། བོད་ཀྱི་རིག་གཞུང་དང་སློབ་གསོའི་མ་ལག་ཆ་ཚང་དུ་བཏང་སྟེ་མི་རབས་གསར་བ་ལ་དུས་རབས་གསར་བར་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་པ། ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ནི་སློབ་གསོའི་ཁྲོད་ཀྱི་གལ་ཆེ་ཤོས་ཡིན་པས་དེ་སྤེལ་ན་ངེས་པར་དུ་ཕ་མ་དང་དགེ་རྒན་གྱི་སློབ་གསོའི་ནུས་པ་གོང་འཕེལ་གཏོང་དགོས་པ། བྱིས་པ་དག་དུས་སྐབས་གསར་བའི་ནང་འདིར་ངེས་པར་སློབ་གྲྭར་བསྐྱེལ་དགོས་ཚུལ་སོགས་དཔྱིད་ཀྱི་ཁུ་བྱུག་བཞིན་ལ་ལུང་འགྲིམ་པའི་ངལ་བར་མ་བལྟོས་པར་གང་སར་དུས་དེབ་དང་ཚགས་པར། སློབ་ཁྲིད་དང་གཏམ་བཤད་སོགས་ཀྱི་སྒོ་ནས་ཁྱབ་བསྒྲགས་རྐྱང་རྐྱང་བྱས་པས།  ཐར་རྡོ་ཚང་ནི་ཐར་རྡོའི་དྲིན་གྱིས་ཕྱུག་འགྱུར་གྱི་ཅན་བཞིའི་ལམ་དུ་བསྐྱོད་མ་དགོས་སྔར་ལས་དབུལ་ཞིང་ཕོངས་ལ་ཐབས་ཆག་ནུས་མེད་བལྟར་མི་བཟོད་པ་ཞིག་རེད། ཁོའི་སྙིང་ཉེ་བའི་ཆུང་མ་ཡང་ཁོ་དང་སྔ་ནས་ཁ་གྱེས་ཟིན།
          ཐར་རྡོ་ནི་རང་གཤིས་གསལ་བའི་འབྲོང་རྒོད་ཅིག་ཡིན་པས་བྱ་བའི་གནས་གང་ལའང་རྭ་རྩེ་གྱེན་འགྲེང་གིས་གདོང་དུ་བུད་ཡོད། ཐར་རྡོ་མི་རིགས་དང་ལ་རྒྱ་ཡི་ཆེད་དུ་ཁྲིམས་མུན་གྱི་བཙོན་ཁང་ཡང་ཡང་འགྲིམས་ལ། མི་སྒེར་ཡིག་ཚགས་སྟེང་དུའང་ནག་ཅན་གྱི་རྟགས་ཐིག་བཀོད་པས། དེ་སྔར་ཁྲག་ཤེད་མཐོ་ལ་སྙིང་ནད་ཆེ་བའི་ཨ་ཕ་ཐེངས་འགར་དྲན་མེད་དུ་བརྒྱལ་མྱོང་ལ། ད་ཐེངས་ཞིང་ཆེན་སྨན་ཁང་གི་ལག་རྩལ་བཟང་ཤོས་ལ་བརྟེན་ནས་ཕྱི་མའི་ཆོས་རྒྱལ་དང་འཕྲོག་རྩོད་དྲག་པོ་བྱས་མཐར་ད་གཟོད་སྐྱོབ་ཐུབ་པ་ཙམ་བྱུང་། ཨ་ཕས་ཀྱང“ད་རྡོ་གོ་ཁྱོད་ཅིག་ཟ”ཟེར་ལ། གཉེན་ཉེ་དུ་མི་རྒྱུད་རྩ་ལག་ཀུན་གྱིས་ནམ་ནམ་ཞ་ཞར་དུ“རྡོ་བྷ་ལོ་ལོ། ཁྱོད་འདུག་ཤེས་ན་ཅིག་སྡོད། ཨ་ཕ་ལོ་གན་འདྲ་ཆུང་། སྙིང་མི་བདེ་ནི་རིག་ནི་འདི་རེད། ད་རྗེས་རི་རྗེས་ནས་ཤེས་ནི་མ་རེད། མི་རིགས་དང་ལ་རྒྱ་ཟེར་བ་གང་གི་གང་རེད། ཁྱོད་གཅིག་པུ་མ་གཏོགས་སུས་དེ་འདྲའི་སྨྱོ་རྟགས་སྟོན་གྱིན་འདུག”ཅེས་ནར་མར་ཁོ་ལ་བཟློ་ཞིང་། རྒྱུན་དུ་ཁ་སེམས་མཐུན་པའི་བཟང་ས་རྒྱན་ས་དང་གྲོགས་པོ་གྲོགས་མོ་དག་གིས་ཀྱང་སྐུལ་མའི་ཁ་བསྒོ་སློབ་གསོ་ཆུའི་རླབས་གཉེར་བཞིན་གཅིག་རྗེས་གཅིག་གིས་མ་བཏང་བར་ཡང་ཡང་བྱས་བྱུང་བས། རིམ་གྱིས་ཁོའི་བསམ་པའི་འདུ་ཤེས་ཀྱི་ངོར་དེ་འདྲའི་སེམས་བྱུང་གི་བག་ཆགས་ཤིག་གིས་བསྒོས་བྱུང་ལ། རང་གི་སྔར་བྱས་ཀྱི་རླབས་ཆེ་བའི་བྱ་བཞག་དག་ཀྱང་ནོར་འཁྲུལ་ཞིག་ཏུ་བསམ་ནས་སེམས་ལ་གས་ཁ་ཆེན་པོ་ཤོར་ཏེ་ངུས་ནས་མི་དྭངས་བའི་སྡུག་བསྔལ་མི་བཟད་པ་བརྣགས་དཀའ་བ་ཞིག་གིས་ཁེངས་ཤིང་། ཁོང་གི་ཨ་ཕ་མལ་ས་ནས་ཡར་བསླངས་ཏེ་དེའི་ཚབ་དུ་ཁོ་རང་གཟིམས་བྱུང་། 
         ངས་ཁོར་ཡུག་གིས་མི་བསྐྲུན་ཞེས་པ་ཅི་མ་བདེན་སྙམ་བཞིན་མིག་གིས་གནམ་ལ་བལྟས་པ་ན་ཆེས་མཐོངས་ཡངས་པའི་གསལ་ལ་མི་གསལ་བའི་ཨ་སྔོན་གྱི་དབྱིངས་རུམ་དེ་རུ་ཐང་དཀར་དུ་མས་ནག་རིལ་རིལ་ནག་རིལ་རིལ་ངང་རང་དབང་གིས་ལྡིང་སྐོར་རྒྱག་ལ། འདི་དག་ནི་ཁོར་ཡུག་གི་བཀག་བསྐྱིལ་མེད་པར་ཅི་འདྲའི་རང་དབང་དང་ལྡན་པ་ཞིག་རེད་ཨང་སྙམ་པའི་ཡིད་སྨོན་དྲག་པོ་ཞིག་སྐྱེས་པའི་མུར་ཐར་རྡོའི་དོན་དག་དག་སེམས་ཀྱི་ལྟེབས་ཁུགས་ནས་སྔར་བཞིན་རེས་གསལ་རེས་ཡིབ་དུ་མངོན་བྱུང་།  ཐར་རྡོ་ཞེས་པའི་མིང་ཕྱིར་ལོག་མ་དེ་ཡང་འདིའི་དུས་ནས་བྱུང་སྟེ་ཀུན་གྱི་སྙན་ལམ་དུ་གྲགས་པ་ཞིག་རེད་པས་འདིའི་ནང་ན་ཁྱད་གསོད་བརྙས་དམོད་ཀྱི་དོན་ཞིག་རུས་པའི་ནང་གི་རྐང་ལྟར་སྐུང་ཡོད་པ་གདོན་མི་ཟ། རྗེས་སུ་ཐར་རྡོའི་ལུས་ཁམས་ཇེ་སྡུག་ཇེ་ཞན་དང་ཐར་རྡོའི་ཕ་ལོའི་ཕུང་ཁམས་ཇེ་བཟང་ཇེ་དར་རེད། ད་ནི་ཐར་རྡོའི་མིག་གི་མདངས་ཉམས་ཤིང་ལུས་ཀྱི་ཟུངས་ཟད་དེ་ལུས་པོ་རིད་ཅིང་སྐམ་ལ་མཆིན་ནད་དྲག་པོ་བྱུང་བའི་ནད་པ་ལྟར་ཁ་སྐྱ་ཐག་གེར་དང་གདོང་སེར་ཤར་རེར་གྱུར་འདུག  མིག་སྐྱིའི་མཐའ་བསྐོར་ཀུན་ལའང་སོལ་བ་མངོན་སུམ་དུ་བྱུགས་འདྲའི་ནག་རོག་གེར་གྱུར་ཡོད་ཅིང་འགྲོ་དུས་གོམ་པ་ཧལ་ལེར་ཧལ་ལེར་སྤོ་བས་རང་རྒྱལ་གྱི་རིམ་པ་དང་བོའི་སྲུང་སྐྱོབ་སྲོག་ཆགས་་བྱི་ལ་དོམ་དྲེད་ཞིག་དང་ཡང་དག་མཚུངས། ཁོ་ནམ་རྒྱུན་ཝ་མོ་ལྟར་ཚང་དུ་ཡིབ་ནས་འདུག་ཅིང་། གལ་ཏེ་ཁྱིམ་སྒོའི་ཕྱི་རོལ་དུ་བུད་ཚེ་རྐང་ལ་ཆུ་ལྷམ་དང་ལུས་ཡོངས་ལྭ་རིང་གིས་བཏུམས་པར་བྱེད་པས། ཆི་ཁི་ཧྥུའི་བརྩམས་སྒྲུང་ནང་གི་པེ་ལེ་ཁོ་ཧྥུ་དང་ཡང་གཉིས་སུ་མེད།
           ངས་ད་ནི་མི་རིགས་དང་མིའི་རིགས་ཀྱི་བདེ་སྡུག་སེམས་པའི་སྐྱེས་བུ་རླབས་ཆེན་ཞིག་འདི་ལྟར་དུར་དུ་སྦས་སོང་སྙམ་པས་མིག་ཀོང་མཆི་མས་བརླན་ཏེ་ཐབ་མགོའི་དེམ་ནག་ཀྱང་མོག་པོར་གྱུར་སོང་། ངས་བསོད་ནམས་དང་སྟོབས་རྒྱལ་གཉིས་ཀྱིས་མཐོང་བར་དོགས་ནས་མྱུར་དུ་མིག་ཆུ་འབྱིད་ཞོར་གཞོགས་ཤིག་ཏུ་ལོག་ཉལ་བྱས་ནས་བསྡད།  གློ་བུར་དུ་འོད་ལྔའི་གུར་ཁྱིམ་ཕུབ་པའི་ལྡིང་ཁང་ཞིག་ནས་ཐར་རྡོ་རྐྱང་ཞིག་ཏུ་གྱུར་ཏེ་སུས་ཀྱང་བྲེགས་མ་མྱོང་བའི་ཁ་རྔོག་རླུང་གིས་བསྐྱོད་སོང་།
          “བཀྲ་ཤིས། བཀྲ་ཤིས”ང་ཡེར་སེ་བཏང་བྱུང་། ངས་འཁྱམས་པའི་བླ་དག་ཕྱིར་བསྡུ་ཁུལ་ཙམ་བྱས་ནས་ཕྱོགས་དེར་བལྟ་དུས། མཚོའི་ཕར་འགྲམ་ན་གྲོགས་པོས“བཀྲ་ཤིས། ཤོག་དང་སློབ་ཁྲིར་འགྲོ”ཞེས་བརྡ་གཏོང་གིན་འདུག  ངས་ལག་གི་《མི་གཤིས་ཀྱི་ཞན་ཆ》ཞེས་པའི་དཔེ་དེབ་དེ་མཆན་དུ་བཙིར་ཞོར་མཁས་འཇུག་གི་སློབ་ཐུན་ཚོགས་སའི་སློབ་ཁང་དེར་བསྙེགས་ནས་སོང་། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐར་རྡོ།

2011-10-10 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།