སྒོ་སྲུང་བ།

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-23

  ལར་སྒོ་སྲུང་བ་ཞེས་པའི་ལས་རིགས་འདི་མི་མཆོག་དམན་བར་མ་ཀུན་གྱི་མིག་གི་ལམ་དང་སེམས་ཀྱི་གཏིང་མཐའ་རུ་ཕྱགས་ལུད་བཞིན་དུ་ཆེས་དམན་གྲས་ཀྱི་ཚད་ཐིགས་ཤིག་ན་གནས་པ་ལས་མི་བུ་སུ་དང་གང་གིས་ཡི་རངས་ཐེ་གཏོགས་བྱེད་པ་དང་རེ་སྨོན་དོ་སྣང་བྱེད་མཁན་ནི་བརྒྱ་ཆའི་ནང་གི་གྲངས་ཀ་ཆ་ཤས་ཙམ་ལས་མི་ཟིན་པ་རེད། ཡང་གཅིག་བཤད་ན་སྒོ་སྲུང་བའི་ལས་ཀ་འདི་ནི་ཆེས་སྤྱིར་བཏང་ནང་གི་ཡང་བཏང་གི་ལས་ཀ་ཞིག་ཡིན་མོད། འོན་ཀྱང་ངས་འདི་རུ་ཆེད་དུ་སྒོ་སྲུང་བ་ཞེས་པའི་ཐ་སྙད་ཅིག་གི་གླེང་སློང་བ་ནི་གཏམ་རྒྱུད་ག་གེ་མོ་ཞིག་གི་གྲུ་ཟུར་ལས་འཕོས་པའི་ཀུན་སློང་ཞིག་གིས་སྨྱུ་གུའི་འཁོར་ལོ་མི་བསྐོར་ག་མེད་བྱུང་བ་དང་ཡང་ན་ལྷག་བསམ་ཅན་འདི་ལྟ་བུ་ཞིག་གི་སྣང་བརྙན་དེ་རྩོམ་རིག་གི་ལམ་ནས་མཚོན་པར་འདོད་པ་ནི་ངའི་ལས་འགན་ཡིན་ཞེས་བཤད་ན་ཡང་མི་ཆོག་རྒྱུ་མེད་བསམ།
  ཟམ་མི་ཆད་པའི་རླངས་འཁོར་གྱི་དུང་བརྡ་དང་གོ་རིམ་ཉོག་ཅིང་བྱུར་བུར་སྤུངས་འདྲའི་གཞུང་ལམ་འགྲམ་གྱི་སྣ་མང་གི་འཕྲུལ་འཁོར་རིགས་ལ་བལྟས་ཚེ། ཕལ་ཆེར་གཟའ་ཉི་མའི་ངལ་གསོའི་དུས་ཚོད་ཅིག་ཡང་བསྐྱར་བསུས་བྱུང་བ་སྙམ།
  དཔྱིད་རླུང་གྲང་མོའི་གཙུབ་བརྡར་གྱི་སོ་ཁ་ཇི་འདྲའི་དངོ་ན་ཡང་། སྣང་དོགས་ཅི་ཡང་མེད་པའི་བྱིས་པ་ཚོའི་ཁྱིམ་བདག་རྣམས་ཀྱིས་སློབ་གྲྭའི་སྒོ་ཆེན་གྱི་ལྕགས་དྲའི་གསེབ་ན་ཅི་ཞིག་འཕྲོག་འདོད་ཀྱི་རིག་རིག་མིག་གིས་སློབ་གྲྭའི་སློབ་ཁང་གི་ཕྱོགས་སུ་ཕུར་ཚུགས་སུ་བལྟས་འདུག་ལ། ཁྱིམ་བདག་ཧ་ཅང་མང་དྲགས་པས་སློབ་གྲྭའི་སྒོ་ཁ་རུ་འཚང་ཁ་ཤིག་ཤིག་ལོས་བྱེད། ཐ་ན་སྒོ་ཆེན་གཡས་གཡོན་གྱི་དེའུ་འབུར་སྟེང་ན་ཡང་བྱ་ཕོ་རྡང་ལ་བབས་པ་བཞིན་གྲལ་གཤར་རིང་བོ་མུའུ་བརྒྱ་ལྷག་ཙམ་བསྒྲིགས་ནས་སློབ་གྲྭའི་ནང་ཕྱོགས་སུ་ཅེར་ནས་མྱུར་བ་མྱུར་བར་རང་གི་བུ་བུ་མོར་ཐུག་འཕྲད་བྱུང་ན་བསམ་ཡོད།
   རྒྱང་རིང་ནས་མིག་མྱུལ་ཐེངས་ཤིག་བྱས་ཚེ། ཁྱིམ་བདག་ཡོད་དོ་ཅོག་གིས་ཨུ་ཚུགས་མཐར་སྐྱེལ་ནས་ཆེ་ཆུང་འདྲ་མིན་གྱི་ཁུག་མ་རེ་ཐོགས་ཏེ་རེ་བའི་ངང་སྒུག་འདུག་པ་ནི་བྱེའུ་ཕྲུག་ལ་རྒུམ་བུ་བསྐྱལ་ཡོང་བའི་བྱེའུ་མ་ཞིག་དང་ཀུན་ནས་མཚུངས།
སྒོ་སྲུང་བ་ཀུན་བྷས་གནས་ལུགས་ཡོད་མདོག་གིས་རྐུབ་སྟེགས་ནར་མོ་ཞིག་གི་ཐོག་ཏུ་ཀེར་རེར་འགྲེང་སྟེ་ཁྱིམ་བདག་རྣམས་ཀྱི་ཕྱོགས་ལ་ཁ་གཏད་དེ་བཤར་རྒྱུར་དྲོས་ཇའི་དུས་ཚོད་ཀྱི་སྐབས་སུ་ཁྱེད་ཅག་རང་རང་གི་བུ་བུ་མོར་ཐུག་ཆོག་ཆོག་ཡིན།  འདི་ནས་ངས་གསལ་འདེབས་བྱ་རྒྱུ་ཞིག་ལ་སློབ་མའི་ལུས་ཕུང་བདེ་ཐང་ལ་གནོད་པའི་ཁ་ཚའི་རིགས་དང་བྲོ་སྨན་སོགས་རྫས་མང་བའི་ཞོར་ཟས་ཀྱི་རིགས་གཏན་ནས་ཁྱེར་མི་ཆོག་པ་དང་། སློབ་གྲྭའི་ར་བསྐོར་ནང་སླེབས་ཚེ་གང་བྱུང་དུ་གད་སྙིགས་འཕེན་མི་རུང་བ། དུ་བ་སོགས་འཐེན་མི་ཆོག་ཅེས་ཤ་ཚ་བའི་ཚིག་གིས་ཡང་ཡང་བརྗོད་ན་ཡང་། དེའི་ཁྲོད་ཀྱི་སེར་ཞིང་འཛིང་བའི་སྐྲ་ལོ་འཇིལ་ལི་ཅན།  གདོང་ཉག་གཟར་བོའི་ཐོག་ན་གཟེངས་མཐོ་བའི་སྣ་བོ་གཉིས་ཁུར་གྱིས་མནར་བ་འདྲ་བའི་མིག་ཤེལ་ནག་པོ་བརྒྱབ་པའི་ཁྱིམ་བདག་ཆེ་གེ་མོ་ཞིག་གིས་བཤད་རྒྱུར་ཞིམ་པོའི་ཟས་བྱིན་མི་ཆོག མངར་མོའི་སྦྲང་བྱིན་མི་ཆོག་ན་བྱིས་པ་ཚོའི་ཁ་རྒན་ལ་ཟ་རྒན་བརྒྱབ་ཡོད་དམ། ཐ་ན་བུ་ཕྲུག་གི་དབང་ཆ་ཕ་མ་ལའང་མི་ཉན་ནམ། ཞེས་གཏམ་ལ་ཁ་མེད་ཀྱང་མི་སྙིང་དུམ་བུར་གཅོད་འདྲའི་མ་དགའ་བའི་དམོད་ཚིག་ཡང་ཡང་བཏང་ནའང་། ཀུན་བྷས་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་རྣ་གཡས་པ་འོན་པ་དང་མིག་གཡོན་པ་ཞ་རའི་ཚུལ་དུ་ཁ་རོག་གེར་བསྡད།   ཡང་མདོག་ངན་པའི་ལྭ་རིང་སྔོ་སྡང་གོན་པ། དུང་སོ་སུམ་ཅུའི་མདུན་སོ་འགའ་ལ་དངུལ་སོས་བརྒྱན་པའི་ལོ་བཞི་བཅུ་གཟུར་ལ་ཉེ་བའི་ཁྱིམ་བདག་ཞིག་གིས་མི་ངན་པར་དབང་ཐོབ་ན། རྩྭ་སྔོན་པོར་མེར་བསྲེག་ཅེས་པ་ཆི་མ་བདེན། མ་ཡོང་མ་ཡོང་ཐེངས་གཅིག་ཡོང་ན་ཡང་སྒྲིག་ལམ་ཆ་བེ་ཆོབ་བེ་ཞིག་བཤད་རྒྱུ་ཡོད་པ་ངོ་མ་དགོད་སྤྱད་རེད། སྒོ་སྲུང་བ་ཞིག་གི་ངོས་ཐད་ནས་མི་འདུག་པར་ད་དུང་བཤད་རྒྱུ་གཏམ་རྒྱུ་མང་གི་ཡ་ཞེས་མདུང་སྐྱ་རིང་གིས་བསྣུན་འདྲ། འབིག་རྣོན་པོ་ཡིས་བསྣུན་འདྲའི་གཤེ་གཤེ་ཚིག་གིས་ཁོའི་གངས་དཀར་སེམས་ལ་ཡང་ཡང་གཙགས་ན་ཡང་ད་དུང་ཁོ་རང་ཀ་བ་བཞིན་དུ་བརྟན་ཅིང་། རི་རྒྱལ་ལྟར་དུ་འགྱིང་ནས་ཅི་ཡང་མི་ཤོད་པར་རྒྱ་སྒོའི་ཟུར་ནས་རང་གི་ལས་གནས་སྲུང་སྟེ་སྡོད་པ་རེད།
སྤྱིར་ཀུན་བྷ་ཁོག་སེམས་རྒྱ་ནམ་མཁའི་མཐའ་ལྟར་རིང་ཞིང་། མིག་རྒྱ་བློ་རྒྱ་མཚོ་མོ་ལས་གཏིང་ཟབ་པ་ཞིག་མིན་རྒྱུ་ན་དེ་རིང་འདི་ནས་ལག་འབད་པ་བྱས་ནས་འཁོན་འཛིང་དྲག་པོ་ཞིག་མི་ལང་བསམ་རྒྱུ་མེད། ངོ་མ་བྱ་སྡོང་རྐོའི་སྐྱེ་བ་བླངས་ན། ། མགོ་ན་རུང་སྡོང་བོ་རྐོ་དགོས་པས་ཀུན་བྷས་རང་ཉིད་ཀྱི་ཕྲག་ལ་བཀལ་བའི་བྱོལ་མེད་ཀྱི་འགན་འཁྲི་དེ་གཙང་ལེན་བྱས་ནས་དུས་ད་ལྟའི་བར་དུ་སློབ་གྲྭའི་འཕེལ་རྒྱས་ཀྱི་ཆེད་ལ་ནུས་ཤུགས་ཡོད་རྒུ་བཏོན་དང་འདོན་པ་ལས་ཕྱི་བཤོལ་དང་ངོ་གཉིས་མའི་བྱ་བ་སྒྲུབ་མཁན་ཞིག་མིན་པ་ངས་འདི་ནས་ཁ་ཚོན་བཅད་ཆོག ལས་རིགས་གཞན་གྱི་ཕོགས་དང་བསྡུར་ན་ཁོ་དང་ཁོ་ལྟ་བུའི་ལས་རིགས་འདིའི་རིགས་གཉེར་མཁན་ཚོའི་གླ་ཕོགས་ཀྱིས་རང་ཉིད་ཀྱི་རྒྱབ་འགེབ་ཐུབ་ཙམ་དང་ཁ་གསོ་ཐུབ་ཙམ་ལས་མང་པོ་ཞིག་གི་ཐོབ་བྱ་མེད་ན་ཡང་། བདེན་མེ་ལོང་འདྲ་བོ་ལག་ཏུ་བཟུང་ཞིང་སེམས་བུམ་པ་འདྲ་བོ་ཁོག་ལ་བཅུག་ནས་དུས་རྒྱུན་སློབ་མ་ཐམས་ཅད་ཀྱི་དཀའ་ཁག་མང་པོའི་ཁྲོད་ན་སྒོ་སྲུང་བ་ཀུན་བྷ་སློབ་མ་དེ་དག་གི་གཉེན་དང་གྲོགས་སུ་གྱུར་འདུག
  སློབ་གྲྭའི་བཀོད་སྒྲིག་ལྟར་དུ་ཁོ་ལ་ཀ་མེད་གྱན་གཅིག་ཅན་གྱི་ཁང་བ་སྒལ་གཟེངས་ཤིག་ལས་ཐེམ་མེད་ན་ཡང་འོས་ཤིང་འཚམས་པའི་མཛེས་སྤྲས་ལས་བྱུང་བའི་བར་སྟོང་ཆུང་ངུའི་ཁྲོད་ན་མལ་ཁྲི་ཞིག་དང་ཅོག་ཙེ་གཅིག ལྕགས་ཐབ་ཅིག་ལས་སྣོད་ཅ་ལག་གི་རིགས་མིག་འབྲས་གཉིས་ཀས་གཡས་གཡོན་ཕར་ཚུར་ལ་བཙལ་ཡང་རྙེད་དཀའ་བའི་གནས་སུ་ལྷུང་།  འོན་ཏེ་ཁོང་གིས་རྒྱུན་པར་མི་ལ་ན་ཚ་མེད། ལྟོ་རྒྱབ་འདང་རྒྱག་མེད་ན་བདེ་སྐྱིད་ཡིན་ཞེས་རང་སེམས་རང་གིས་གསོས་ཏེ་ངོ་གདོང་ན་ཆེད་མངགས་སུ་བྲུས་པའི་གཉེར་མའི་གྲོག་ཤུར་གྱི་གསེང་ན་ལྷད་མེད་པའི་འཛུམ་ཆུང་ཞིག་རྒྱུན་པར་དགེ་སློབ་དག་གི་འདུ་འགོད་ལས་མངོན་ཚེ། བློ་མགུ་ཞིང་སེམས་མཐུན་པའི་མྱོང་སྣང་ཞིག་བཅོས་མིན་དུ་སྟེར།
  ལྷག་པར་དུ་ཁོའི་ཐུན་མིན་གྱི་ཕྱག་རྗེས་རེ་རེ་ལས་ང་ཚོ་མི་བུ་ཀུན་ལ་བག་ཆགས་ཆེས་ཟབ་མོ་བཞག་མྱོང་། དགུན་ཁའི་ལྷགས་རླུང་རྒོད་པའི་དུས་ཀྱི་བར་གསེང་ནས་སློབ་མ་ལ་ཤས་འཆམ་པ་ཕོག་པའམ་མགོ་ན་བའི་ནད་རིགས་སྣ་ཚོགས་བྱུང་ཚེ་ཁོང་གིས་ལྕགས་ཐབ་ཏུ་མེ་སྒོང་ནས་དྲོ་སར་ཕུད་པ་དང་རང་སྟེང་ནས་སྨན་ཉོས་ཏེ་ནད་འཇོམས་པའི་ཆེད་ལ་ལུས་སེམས་གཉིས་ཀས་ཚེགས་སྡུག་མང་པོ་མྱོང་བཞིན་ཡོད། འོ་ན་གཞི་རྒྱ་ཆེས་ཆེ་བའི་སློབ་གྲྭ་ཞིག་ལ་ཡང་སྨན་ཁང་མེད་དམ་ཟེར་ན་དེ་ནི་གཏན་ནས་མ་ཡིན་ཏེ། ཁོས་སློབ་མ་ཚོའི་ཁྲོད་ན་སྨན་པ་སྟོན་བྱེད་ཀྱི་སྒོར་མོ་དཀོན་པའམ་གཉེན་ཉེ་ཁ་ཐག་རིང་བའི་སློབ་གྲོགས་དེའི་རིགས་དམིགས་སུ་བསལ་ནས་སེམས་ཀྱིས་སྐྱོང་བ་དང་མིག་གིས་འཚོ་བཞིན་ཡོད་པ་ མ་ཟད་དགོང་མོ་ངལ་གསོ་ཁར་ཡང་སློབ་མ་ཇི་སྙེད་ཅིག་གིས་འགྱིག་དམ་དུ་ཆུ་ཁོལ་སློང་བར་ཁོ་ལ་རང་དབང་མེད་པར་བྲེལ་འཚུབ་སྟེར་ལ། སློབ་མ་སུ་དང་གང་གིས་དོན་དག་ཡོད་མེད་ཀྱི་ཁྱིམ་ལ་ཁ་པར་གཏོང་རྒྱུར་རེ་བ་ཞུས་ན་ཡང་ཁོང་གིས་ལྷག་བསམ་ཟོལ་མེད་ཀྱི་ཀློང་ནས་ཡོད་ཚད་ལ་ཡ་ཡ་ཡོད་ཡོད་ཞེས་ལན་སློག་ནས་རེ་བ་ཅི་འདོད་དུ་སྐོང་བ་རེད།
   གོང་ནས་བཤད་པ་ལྟར་གྱན་གཅིག་ཅན་གྱི་ཁང་བ་ཞིག་ཧ་ཅང་ཆེ་རྒྱུ་མེད་ན་ཡང་། སློབ་མ་སྟོང་གསུམ་འདུ་སའི་སློབ་གྲྭ་འདིའི་སློབ་གྲོགས་གྲངས་མེད་ཅིག་གིས་ཡང་ལྕི་མི་མཉམ་པའི་དངོས་ཟོག་སྣ་ཚོགས་པ་ཞིག་སྒོ་སྲུང་ཁང་གི་གྲུ་ཟུར་གང་རུང་དུ་ཕོན་པོར་སྤུངས་པས་ཁོ་ལ་འོ་བརྒྱལ་བཟོས་ཡོད་ན་ཡང་། ཁོང་གིས་ཀ་ཅ་རེ་རེའི་སྟེང་དུ་སློབ་མ་རེ་རེའི་མིང་དང་ཨང་ཀི་བཀོད་ནས་ཚགས་སྒྲིག་ལེགས་པོ་བྱས་ཡོད། འདི་དག་ཡོད་ཚད་ནི་གཞན་གྱི་སྐུལ་མ་མིན་ལ། སྒྲུབ་དགོས་པའི་འགན་འཁྲི་ཡང་མིན་མོད། ཡིན་ན་ཡང་འདི་ནི་ ཁོ་རང་གི་བསམ་པའི་རྒྱུད་ལས་བྱུང་བའི་ལྷད་མེད་ཀྱི་དན་རྟགས་ཤིག་ཡིན་ལས་ཆེ།  ཆུ་ཤེལ་འདྲ་བའི་སེམས་པ།  ཁ་བཏགས་ལྟ་བུའི་ངང་རྒྱུད། རྡོ་རྗེ་འདྲ་བའི་གཤིས་ཀ འདི་ནི་སྒོ་སྲུང་བ་ཀུན་བྷའི་ཆ་ཤས་ནང་གི་ཡང་ཤས་ཀྱི་ཁྱད་ཆོས་ཤིག་ལགས།
   མངགས་པའི་མི་དེས་གོ་ཆོད། འཕངས་པའི་མདའ་ཡིས་དགྲ་ཐུལ་ཞེས་པ་ལྟར་དུས་རྒྱུན་ནངས་སྔ་མོའི་སྐྱ་རེངས་བཀྱགས་པ་དང་བསྡོངས་ནས་ཀུན་བྷས་རང་ཉིད་ཀྱིས་རང་ཉིད་ལ་སྲོལ་བཟང་པོ་བཙུགས་པའི་ཁ་བཏོན་དགེ་སྦྱོར་ལེགས་པར་འགྲུབ་རྗེས་སློབ་གྲྭའི་རྒྱ་སྒོའི་ཕྱི་ནང་ཀུན་མ་ལུས་གཙང་ཕྱགས་བྱེད་པའི་མི་ཚད་སློབ་གྲྭའི་ར་སྐོར་གང་རུང་ན་གད་སྙིགས་ཡོད་པ་ཐམས་ཅད་རང་རྟོགས་སྒོས་འདོར་ལེན་བྱས་ཏེ་ཁོམ་ལོང་བྲལ་བའི་རྣམ་པ་རེ་རེ་ནངས་མོའི་ཞོགས་སྦྱོང་ཁྲོད་ཀྱི་སློབ་མ་ཚང་མའི་མིག་གི་མདུན་དུ་རྒྱུན་པར་མངོན་པ་རེད། ད་དུང་སློབ་གྲྭའི་གནས་གང་རུང་ན་རོགས་རམ་བྱེད་དགོས་ས་ཡོད་ཚེ་ཁོ་རང་གནས་དེ་རུ་མི་ཐོན་ས་ཐེངས་གཅིག་ཀྱང་མེད་ཅེས་བཤད་ན་སྒྲོ་བཏགས་ཀྱི་ཆ་ཏིལ་འབྲུ་ཙམ་ཡང་མེད་སྙམ།
ལྭ་བ་བཀྲུ་རྒྱུར་དགའ་བའི་ཀུན་བྷས་རྒྱུན་པར་ཁང་བའི་གྲུ་ཟུར་དུ་ཀ་ཏོ་ར་ཆེན་པོ་ཞིག་གི་འཁྲིས་སུ་སྐབས་རེར་མཐོ་དྲག་གེར་ལག་པས་ཕུར་ཕུར་བྱེད་ཅིང་། ལན་རེར་དམའ་ཤོང་ངེར་ལག་ཟུང་    ལྡེམ་ལྡེམ་དུ་འགུལ་བ་དེས་ཁོ་རང་ལུས་ཤུགས་ཀྱི་རྩོལ་བར་བྱང་ཆ་ལྡན་པ་ངང་གིས་མཚོན་ལ། ཁོ་རང་གཙང་དག་བྱེད་རྒྱུར་ཧ་ཅང་དགའ་བ་ཡང་མངོན་སུམ་གྱིས་ཤེས་ཐུབ། དུས་རྒྱུན་ཅ་དག་དང་གཙང་མ་བྱེད་པར་དགའ་བས་ཚི་དྲེག་གིས་ཟིན་པའི་སློབ་གྲྭའི་དགེ་རྒན་ཆེ་གེ་མོ་འགའ་ལ་སྐྱེངས་པ་ཡང་སྟེར། ཐ་ཐོར་སྐྱེས་པའི་གནག་སྣུམ་གྱི་སྐྲ་ལོ་གཡས་ཕྱོགས་སུ་ཤད་ཅིང་། སྔོ་མདོག་གྱོན་པའི་ནུབ་ལྭ་དང་ལྷམ་རྩི་ནག་པོ་འོད་ཀྲིག་གེར་བྱུག་པའི་ཀོ་ལྷམ་གོན་ཏེ་ཕར་ཚུར་ལ་ཁྱར་ཁྱོར་གྱི་གོམ་འགྲོས་སྤོས་ཚེ་ཀུན་བྷ་ནི་དངོས་ནས་ཕྱི་གླིང་བའི་མིང་གྲགས་ཅན་གྱི་གློག་བརྙན་ག་གེ་མོ་ཞིག་གི་འཁྲབ་སྟོན་པ་ཞིག་དང་ཨ་ན་མ་ན་རེད།
   རླབས་ཆེ་ཞིང་བླ་ན་མེད་པའི་ལས་བཟོ་བ་ཀུན་བྷའི་འཛད་མེད་འོད་སྟོང་ལྡན་པའི་བྱ་གཞག་དང་། གཞན་ཕན་གྱི་ལྷག་བསམ་དཀར་པོ། བདག་ལས་གཞན་གཅེས་ཀྱི་སྙིང་སྟོབས་དང་སྤོབས་པ་རེ་རེས་སློབ་ར་འདིའི་དགེ་སློབ་ཅི་ཡོད་ཅིག་ལ་ལེགས་སྐྱོད་ཀྱི་ངར་ཤུགས་ཕྲན་ཙམ་སྦྱིན་ཐུབ་པ་དང་། དགེ་སློབ་ཕལ་མོ་ཆེ་ལ་བཟང་ཕྱོགས་ཀྱི་ལམ་སྣེ་ཨེན་ཙམ་སྟོན་པ་བྱུང་ན་ཅི་འདྲའི་སྐྱིད་ཨང་། ལག་ཟུང་བྲང་ངོར་སྦྱར། མིག་གཉིས་ཡུན་གྱིས་བཙུམས། བློ་སེམས་གཅིག་ཏུ་བསྡུས་ཚེ་སྒོ་སྲུང་བ་ཀུན་བྷ་དང་ངེད་གཉིས་ཀྱི་བར་ཐག་ཧ་ཅང་ཉེ་བའི་ཚོར་སྣང་ཞིག་གིས་ཡོངས་སུ་བསྒྲིབས་བྱུང་ངོ་། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོ་སྲུང་བ།

2011-09-23 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།