ཚོགས་འདུ།

རྨ་ཆུའི་མགོན་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-13

   ཁོ་ཚོ་རེ་རེ་བཞིན་རང་རང་གི་ཁང་མིག་ཕྱོགས་སུ་འདུར་སོང༌།  རྒྱུ་མཚན་ནི་དེ་རིང་གི་ནམ་ཟླ་ཧ་ཅང་གྲང་ལ་ད་ལོའི་ཁ་བ་འབབ་ཐེངས་དང་པོ་ཡིན་པས་མི་ལ་ལ་འཁྱག་སྣང་གིས་དེད་ནས་རང་གི་མལ་གོས་ཀྱི་གསེབ་དུ་མི་འཚང་ག་མེད་རེད།  འོན་ཀྱང་ཚེ་རིང་རང་གི་གཞུང་སྒྲུབ་ཁང་གི་ནང་དུ་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་བསྡད་ཡོད།    ཚེས་བཅུ་གཅིག་ནས་གོང་རིམ་གྱི་མགོ་ཁྲིད་གྲོང་བརྡལ་དུ་ལོ་གཅིག་གི་བྱ་བ་སྤྱི་སྡོམ་བྱེད་དུ་ཡོང་རྒྱུ་ཡིན་པས་ད་ལྟ་ཁོ་བོས་རང་ཉིད་གཅིག་པུ་ལ་འཚོགས་འདུ་རབ་དང་རིམ་པ་ཚོགས་ཀྱིན་ཡོད།    སྐབས་དེར་སྒོ་རྡུང་བྱུང༌།   ཁོ་སྔར་བཞིན་གྲག་འགུལ་ཅི་ཡང་མེད་པར་རང་ཉིད་ཀྱིས་འཚོགས་འདུ་ལ་གོ་རིམ་དང་ནང་དོན།   དེའི་ནང་གི་གནད་དོན་སོགས་ལ་སེམས་པ་གཏད་ཡོད།   ཅུང་ཙམ་འགོར་རྗེས་སྒོ་རྡུང་མཁན་གྱི་མི་དེ་ནང་དུ་ཐོན་བྱུང༌།   མ་གཞི་དེ་ནི་བུད་མེད་ཅིག་ཡིན་འདུག་ལ། 
   “ཚེ་རིང༌།   ངལ་གསོ་བྱོས་དང་ང་ཚོ་ཡུལ་ལ་འགྲོ།”
    སྐད་ཆ་འདི་བཤད་ཚར་ནས་དུས་ཚོད་སྐར་མ་ལྔ་ལྷག་འགོར་རུང་ཨ་ལན་ཅི་ཡང་མི་འདུག
    སླར་ཡང༌།   “ཚེ་རིང༌།   ངལ་གསོ་བྱོས་དང་ང་ཚོ་ཡུལ་ལ་འགྲོ།”
    དེ་ནས་ཅུང་ཙམ་འགོར་རྗེས་ཚེ་རིང་གིས་འཐད་མི་འཐད་ཀྱི་མགོ་བོ་གཡུག་ཙམ་བྱས་བྱུང༌།    མ་གཞི་བུད་མེད་དེ་ནི་ཚེ་རིང་གི་བཟའ་ཟླ་ཡིན་འདུག་ལ།  ཁོ་གཉིས་ཀྱིས་བཟའ་སྟོན་བྱས་ནས་ལོ་གཅིག་མ་གཏོགས་འགོར་མེད་ཀྱང་བྱིས་པ་ཞི་ལི་ཞིག་ཡོད་ལ་ཁོ་མོས་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད་ཀྱང་ཁྱོ་བོར་ཧ་ཙང་ཤ་ཚ་བའི་བུད་མེད་ཅིག་ཡིན།   དེ་ནས་ཚེ་རིང་གིས་ཀྱང་རང་གི་གཞུང་སྒྲུང་ཁང་གི་གློག་གཟིམ་ནས་བཟའ་ཟླ་སྐྱིད་ཁོ་དང་མཉམ་དུ་རང་ཁྱིམ་དུ་ལོགས།
    ཕྱི་ཉིན་སྔར་བཞིན་ཚེ་རིང་ལས་ཁུངས་དུ་སོང་ནས་གཞུང་སྒྲུབ་ཁང་ནང་ནས་ཁོ་གཅིག་པུས་འཚོགས་འདུ་ཞིག་སྒྲུབ་པ་རེད།   དེ་རིང་གི་ཚོགས་འདུའི་གོ་རིམ་ནི་འདི་ལྟར།  ཐོག་མར་ཁོས་རང་གི་མདུན་དུ་ཡོད་པའི་གློག་ཀླད་ལ་སྔ་དྲོའི་མཚམས་ཞུ་དང་མཉམ་དུ་གནད་དོན་འདྲི་རྒྱུ་རེད།    ཁ་སང་གི་ཚོགས་འདུའི་བར་མཚམས་གང་དུ་ཐོན་ཡོད་པ་རེད།  ད་དུང་ཡང་དག་ངང་ཐག་གཅོད་མ་བྱས་པའི་གནད་དོན་འདྲ་ཨེ་ཡོད།   མདང་ནུབ་མོ་རྨི་ལམ་སྐྱིད་པོ་ཞིག་རྨིས་ཨེ་སོང་ཟེར་བའི་ཀུ་རེ་ཞིག་ཀྱང་ལབ་བྱུང༌།     དེ་ནས་ཡིག་ཆ་རེ་རེ་ལ་སྤྱི་སྡོམ་དང་ཞིབ་གཤེར་བྱེད་དུས།    དེའི་ནང་གི་ཡིག་ཆ་ཀ་བས་བརྗོད་དོན།  སྤྱིར་ན་ཁོ་ཚོ་ནི་རྫུན་ལ་གོམས་དགོས་པས་སུས་རྫུན་བཤད་པ་སྔོན་ཐོན་དང་ཡིག་ཆ་ང་དང་མཐུན་ན་དེ་ལ་བྱ་དགའ་ཆེན་པོ་ཡོད་ཟེར།   ཡང་ཡིག་ཆ་ཁ་བས་བཤད་རྒྱུར།   ཁྱོད་ཀྱིས་ང་འདི་ལྟར་ཁ་ནང་ནས་མ་ཎི་བཞིན་ཟློ་བ་ཧ་ཅང་སླ་མོ་ཡིན་ཡང་ལག་ལེན་བྱེད་རྒྱུ་མི་ཞིག་གི་འཇོན་ཐང་ལ་ཐུགས་ཡོད།   འོན་ཀྱང་ངས་ང་རང་ཉིད་ངོ་སྤྲོད་ཅུང་ཙམ་བྱས་ན་དེ་ནི་སྟབས་བདེ་སྟབས་བདེ་ཞིག་ཡིན་པ་མ་ཟད་ཁྱོད་ཚོར་ཡང་ཕན་ཐོག་ཅུང་ཙམ་འདུག   ཡིག་ཆ་ག་བས་ང་ནི་དམིགས་གསལ་གྱི་ཡིག་ཆ་ཞིག་ཡིན།   རྒྱུ་མཚན་ནི་རེའུ་མིག་ཅིག་གི་ཁ་གྲངས་མ་འདང་བས་ད་གཟོད་ང་བྱུང་བ་རེད།   དེའི་ཕྱིར་ངས་ཁྱོད་ཚོར་དུས་ཚོད་ཆུ་ཟོས་བྱེད་དུ་མི་འཇུག་ལ་ཀླད་པའི་ནང་གི་རྩ་རྒྱུས་དག་ལ་ཚོད་ཚོད་དུ་འཕག་འཚག་རྒྱག་པར་མི་བྱེད་ཞེས་བཤད།   ཡིག་ཆ་ང་བས་གླེང་རྒྱུ་ཡིན་ན།   ད་ལོའི་ལོ་འདི་ལ་ང་ནི་གལ་ཆེན་ནང་གི་ཧ་ཅང་འགངས་ཆེན་ཡིན།  དེ་བས་ང་ནི་ཁྱོད་ཚོས་ལག་འགྲུབ་བྱུང་དགོས་པ་མ་ཟད་ངའི་ཐད་ནས་གནད་དོན་གང་ཡང་བྱུང་མི་རུང་ཟེར།   ད་དུང་མུ་མཐུན་དུ་ཡིག་ཆ་ཅ་བ་དང་ཆ་བ་ལ་སོགས་པ་བཅུ་ཕྲག་འགས་འཚང་ཁ་རྒྱག་གིན་ཚེ་རིང་གི་མིག་མདུན་དུ་མངོན་བྱུང༌།    སང་ཉིན་ནམ་ལངས་པ་ན་ཚེ་རིང་སླར་ཡང་གློག་ཀླད་མདུན་དུ་ཐོན་པ་ནས་འཚོགས་འདུ་སྒྲུབ་དགོས་པ་རེད།  
   ཏག་ཏག་ཚེ་རིང་འཚོགས་འདུ་ལ་ཞུགས་ནས་ལོ་ངོ་བཅོ་བརྒྱད་ཙམ་ལ་རྒྱུན་ལྡན་གྱི་བྱ་བ་ཙག་ཙིག་མ་གཏོགས་ཡོད་ཚད་དེའི་ཁྲོད་ནས་ཟད་ཀྱང་མཐའ་མར་ཁོ་རང་གི་བྱིས་པ་ཡང་འཚོགས་འདུའི་ཆེད་དུ་འཚོགས་འདུ་སྒྲུབ་མཁན་ཞིག་ཏུ་གྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོགས་འདུ།

2011-05-13 རྨ་ཆུའི་མགོན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།