ནག་ཉེས།

   མི་ལོ་ཉེར་གཉིས་ཀྱི་འཚོ་བ་རླུང་གི་གཏོར་བའི་སྤྲིན་ཕུང་དེ་བཞིན་ངའི་དྲན་འཛིན་གྱི་མཁའ་དབྱིངས་སུ་རིམ་གྱིས་འཐིམ། དགའ་སྐྱོ་ཆགས་སྡང་གི་མི་ལོ་ཉེར་གཉིས་ཀྱི་དེབ་ཐེར་ངས་དོ་ནུབ་ཕྱིར་དྲན་གྱི་དགའ་མ་མགྲོན་དུ་བསུས་ནས་བསྐྱར་ཀློག་བྱས་ན་ང་ནི་མག་མོག་གི་ལྒང་ཞུ་ཞིག་དང་འདྲ་སྟེ། འདས་ཟིན་པའི་ལོ་ཟླ་མང་པོ་ཞིག་ལ་གསལ་སྣང་གི་འོད་ཞུན་བསྒྲོན་མ་ཐུབ།
   འདི་ལྟར་བསམ་ན་ང་ནི་སྔོན་ཆད་འཚོ་བ་ལ་རྒྱུན་ལོན་གྱིས་སྟོང་བ་མུ་ཏོ་བ་ཞིག་དང་གཉིས་སུ་མེད།
   ངའི་བསམ་གཞིག་གི་རྩ་ལམ་ལ་རླུང་བུ་གཏོར་བའི་དགེ་བའི་བཤེས་གཉེན་དང་ཕྲད་པ་ནས་ངའི་འཇུག་ཤེས་དྲུག་གི་བློ་རིག་ལ་བྱ་དངོས་གང་མང་ཞིག་གི་ཤེས་བྱའི་འདབ་མ་ཡུན་གྱིས་འབུས་འགོ་བརྩམས།
   འཇིག་རྟེན་འཁོར་བའི་ང་ཚོ་ལ་བསམ་བློའི་འདུ་ཤེས་སྣ་མང་ཞིག་འཛོམས་ན་རྟག་བརྟན་མིན་པའི་སེམས་ཀྱི་མྱོང་རོལ་གྱིས་ཡིད་བཞིན་ནོར་བུའི་རེ་སྐོང་དེ་བཞིན་ཟད་མཐའ་མེད་པའི་བདེ་སྐྱིད་ཀྱི་ཟེའུ་འབྲུ་ལ་ལོངས་སུ་སྤྱོད་མི་ནུས་པའི་ག་ལ་ཡོད། དཔེར་ན་ངས་ནང་ཆོས་ཀྱི་ལྟ་བས་ཀྱག་ཀྱོག་གི་མི་ཚེའི་བགྲོད་ལམ་ལ་བྱམས་དང་སྙིང་རྗེ་ཡི་བསིལ་གདུགས་དེ་ཕུབ་ཡོད་ལ། ངའི་མི་ཚེ་ལྟ་བས་སྡུག་བསྔལ་དང་ཕམ་ཁ་བདེ་སྐྱིད་སློང་བྱེད་ཀྱི་ཁ་མཚར་ཞིག་ལ་སྒོམ་ཡོད།
   ངས་ནམ་རྒྱུན་བསམ་གཞིག་གི་སྒོ་མོ་དལ་གྱིས་རྡུང་ན་ངའི་རྗེས་དཔག་གི་ཡོལ་བའི་ངོས་ལ་ཐོལ་གྱིས་འཆར་བ་ནི་འགོག་བདེན་སྒྲུབ་བྱེད་ཀྱི་ས་ལམ་མ་ཡིན་པར་དགའ་སྐྱོ་ཆགས་སྡང་གིས་བསླངས་པའི་འཚོ་བའི་གཏམ་རྒྱུད་རེད། ལྷིང་འཇགས་ཀྱི་དྲོད་རླངས་འཁྱིལ་བའི་གྲྭ་རྐྱང་གི་འཇིག་རྟེན་ནི་ངས་འཚོ་བ་འབྲི་བྱེད་ཀྱི་སྣག་ཚ་ཡིན་ཞིང་ལྷག་པར་དུ་ང་དགེ་སྤུན་གྱི་གམ་ནས་ཁང་གསར་ནང་སྤར་ཏེ་ཁེར་འགོ་བཟུང་བ་ནས་ང་ནི་གྲྭ་རྐྱང་གི་འཚོ་བ་འཁྲབ་པའི་འཁྲབ་སྟོན་པ་ཆུང་ཆུང་ཞིག་ཡིན་པས་ངས་དགའ་བའི་དགོད་སྒྲ་འཛུམ་མདངས་ཀྱིས་བྲིས་ཡོད་ལ་སྐྱོ་བའི་སྡུག་བསྔལ་མིག་ཆུ་ལ་བསྲེས་ཡོད། འཚོ་བའི་རོལ་བའི་སེམས་ཀྱི་སྒེའུ་ཁུང་ལས་ཁུ་སིམ་མེར་གནས་པའི་ཁྱིམ་ཚང་རེ་རེ་ལ་ཞིབ་བལྟ་བྱས་ན་ངས་མིའི་རིགས་ཀྱི་གཡོ་འཛུམ་དང་ཧམ་སེམས་ཤིག་མཐོང་ལ་དེ་དང་ལྷན་དུ་མི་ནི་སྟོབས་འབྱོར་ལ་འཛུམ་མདངས་སྟོན་ཞིང་ཉམ་ཐག་ལ་མཆེ་བ་གཙིགས་པའི་འཇིགས་རུང་གི་གཅན་གཟན་ཞིག་ཡིན་པའི་སྣང་བ་འཆར་འོང་། ངོ་མ་གླེང་ན། སྣང་ཚུལ་དེ་འདྲ་ནི་དོ་མི་མཉམ་པའི་འཇིག་རྟེན་སྟེང་ལ་རྒྱུན་འབྱམས་སུ་སོང་ན་ཡང་ངས་སེམས་ལ་ཉར་བའི་འགྱོད་གདུང་གི་གཏམ་རྒྱུད་དེ་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་ནས་རང་གི་ནག་ཉེས་ལ་འགྱོད་གཤགས་བྱེད་ན་འདོད།
   ངས་ཐོག་མར་ཁོ་ངོ་ཤེས་ཏེ་རྒྱུན་ལོན་བྱེད་སྐབས་ང་མི་ལོ་བཅོ་ལྔ་དང་ཁོ་ང་ལས་ལོ་ཚོད་གཅིག་གིས་ཆུང་། ངེད་གཉིས་ཀ་ནི་རང་རང་གི་དགེ་རྒན་གྱི་ཐུགས་ཁུར་འོག་ན་གསར་དུ་གཉོམ་ལག་རྒྱས་བཞིན་པའི་གྲྭ་བ་ན་གཞོན་གྱི་སྐོར་ཡིན། ཉི་མ་རེ་རེ་ཁྱིམ་ལ་གཙང་སྦྲ་བྱེད་པ། ཟ་བསྐོལ་གཡོ་བ། ནངས་སྔ་མོ་མཁར་རྔ་རྡུང་བ་ནས་ཚོགས་དང་ཆོས་གྲྭ་འགྲོ་བ། ད་དུང་དཔེ་ཁྲིད་དཔེ་འདོན་ལ་དུས་ལྟར་འགྲོ་བ་སོགས་ནི་དགོན་པའི་བཅའ་ཡིག་འོག་ཚུད་པ་ཞིག་ཡིན་ན་ལོ་བརྒྱད་ཡིན་པའི་བན་ཆུང་ཞིག་ཡིན་ངེས་པར་ཐེག་དགོས་པའི་གྲྭ་རྐྱང་གི་འཚོ་བ་ཡིན། གནོན་ཤུགས་དེ་འདྲ་ལྗིད་ན་ཡང་བྱིས་པའི་ཐུན་མོང་གི་གཤིས་ཀ་ནི་རོལ་རྩེ་ལ་དགའ་བས་ནམ་རྒྱུན་དགོན་པའི་གླིང་བར་ནས་མེ་སྟག་འདྲ་བའི་བན་དེ་ཆུང་ཆུང་རྣམས་ཀྱི་པྲ་ཆལ་བྱེད་པའི་རྣམ་པ་མཐོང་ངེས། ང་ཚོ་གྲྭ་གཞོནདག་གི་བསམ་བློ་དང་དགའ་ཕྱོགས་གྲྭ་ཕྲུག་དེ་དང་བསྡུར་ན་བར་ཁྱད་ཅུང་ཟད་ཡོད་པ་ནི་རོལ་རྩེ་རྐྱང་རྐྱང་མ་ཡིན་པར་ཁོམ་ལོང་གི་དུས་ཚོད་ཕྲན་བུ་བྱུང་ན་གླེང་མོལ་བྱེད་རྒྱུ་དེ་རེད། ཁོ་ནི་སྐབས་དེར་ཁ་ཡ་ན་ཟླའི་ཁྲོད་ན་ཁ་ལས་རླུང་རྟ་ཡར་ནས་ཡར་ལ་འཕུར་བའི་སྐར་མ་འོད་ཆེན་ཞིག་ཡིན། ཁོ་ནི་ངོ་མ་སློབ་གཉེར་བ་ཆུང་ཆུང་ཞིག་སྟེ་འཛིན་གྲྭའི་གཞུང་གི་དཔེ་ཁྲིད་མ་ཡིན་པའི་རང་སྒེར་གྱི་དཔེ་ཁྲིད་ཡོད་ལ་ཐ་ན་ཁ་བརྡ་བྱེད་སྐབས་ཀྱང་རིག་གནས་གང་རུང་གི་གོ་དོན་དང་རྣམ་དབྱེ་གླེང་བར་དགའ། ད་དུང་ཆོས་རྩོད་བརྒྱག་སྐབས་ཁོའི་རིག་ལམ་གྱི་མྱུར་ཤ་ནམ་མཁའི་གློག་དམར་ལ་འགྲན་པས་འཛིན་གྲྭའི་ནང་གི་ཆོས་གྲོགས་གང་མང་ཞིག་ལྐུགས་པར་གྱུར་ཡོད་ཅིང་ཨ་ཁུ་བླ་རྒན་ཁ་ཤས་ཀྱིས་ཁོ་ལ་མཐེ་བོང་བསྒྲེངས་ནས་ཁོ་མ་འོངས་པར་དགེ་བཤེས་ཤིག་འཁྱོངས་རྒྱུ་རེད་ཅེས་བསྟོད་བསྔགས་བྱེད་བཞིན་ཡོད། ང་ཚོ་བྱིས་པ་ཡིན་ན་ཡང་ཁོའི་བློ་རིག་རྣོན་པོའི་ངྷི་སྐད་ལ་དགའ་བ་དང་ཡང་ན་གཞན་གྱིས་གཏོར་བའི་ཁ་ལས་རླུང་རྟ་ལ་དགའ་བ་གང་བྱས་ཀྱང་ཁོ་ནི་དྲི་བསུང་འཐུལ་བའི་མེ་ཏོག་པད་མ་ཇི་བཞིན་རྐང་དྲུག་བུང་བས་རྟག་ཏུ་འཕུར་ལྡིང་བྱེད་པར་རེམ། གོང་ན་རྒན་པའི་བསྟོད་པ་དང་བར་ན་གྲོགས་པོའི་རྩིས་འདང་ཆེ་བའི་ཁོ་ནི་ང་ལས་འཛིན་གྲྭ་དང་ལོ་ཚད་གཅིག་མཉམ་གྱིས་དམའ་ན་ཡང་ངའི་སློབ་སྦྱོང་དང་ཀུན་སྤྱོད་ཁོ་དང་བསྡུར་ན་སྟག་མཆོང་ས་ཝ་ལྡང་བའི་གཏམ་རྒྱུད་དུ་གྱུར་ཡོད། སྐབས་དེར་ཁོ་ནི་ངོ་གདོང་ལ་འཛུམ་རིས་ཆགས་པའི་མི་ཁམས་ཡང་གཅིག་ཡིན་ཏེ། ཁོ་བོའི་སྙན་ལྷང་ལྷང་གི་དགོད་སྒྲས་ཁོས་འཚོ་བ་ལ་བཅངས་པའི་སྤྲོ་སྣང་དང་ཡིད་ཆེས་མཚོན་ལ་ཁོའི་སློབ་བརྩོན་གྱི་གཤིས་ཀས་ཁོས་མ་འོངས་ཕུག་བསམ་ལ་བཟུང་བའི་སྙིང་སྟོབས་དང་རེ་སྨོན་མཚོན་པ་ནི་དག་ཅིང་གསལ་བའི་མེ་ལོང་ངོས་ལ་བུ་མོ་གཞོན་ནུ་མ་ཞིག་གི་མཛེས་པའི་ལང་ཚོ་མངོན་པ་དང་ཀུན་ནས་མཚུངས།
   ལོ་ཟླའི་འགྲོས་ཀྱིས་མི་ལོ་གཉིས་ཀྱི་ཉིན་གྲངས་ང་ཚོ་དང་གཏན་དུ་བྲལ་ཏེ་འདས་པའི་ལོ་རྒྱུས་ལ་ཐིམས། ད་ལྟ་ང་མི་ལོ་བཅུ་བདུན་དང་ཁོ་མི་ལོ་བཅུ་དྲུག་ལ་བུད། ལོ་དེའི་དཔྱིད་འགོར་ཁོའི་ཕ་ཡུལ་གྱིས་ཁོ་ལ་གྲྭ་ཤག་སྟབས་བདེ་ཞིག་ལས་པ་དང་བསྟུན་ནས་ཁོས་ཨ་ཁུ་དང་ལྷན་སྡོད་ཀྱི་འཚོ་བ་ལ་གཞི་ཤད་བྲིས་ནས་གྲྭ་རྐྱང་གི་འཚོ་བའི་ལམ་ཕྲན་ལ་གོམ་པ་དང་པོ་སྤོས། གྲྭ་རྐྱང་གི་འཚོ་བ་ནི་ཟླ་ནས་ཟླ་དང་ལོ་ནས་ལོར་མཐུད་པའི་མི་ཚེ་དཔེ་ཆ་ལ་བཅོལ་བའི་ཁེར་རྐྱང་གི་ལམ་ཕྲན་རིང་མོ་ཞིག་ཡིན་པའི་ཐད་ནས་ཁོའི་ན་སོ་དེ་འདྲའི་སྒང་ལ་སྙིང་སྟོབས་ཀྱི་གཤོག་ཟུང་བརྐྱངས་ཏེ་ཅི་ཡང་འཛོམས་ལ་ཅི་ཡང་མེད་པའི་ཁེར་རྐྱང་གི་འཇིག་རྟེན་ཞིག་ལ་འཕུར་བ་ནི་ལས་སླ་མོ་ག་ལ་ཡིན། ཁོ་ཁེར་འགོ་བྱས་ནས་ཟླ་འགའ་འདས་པ་ན་ཁོའི་གྲྭ་ཤག་ནི་སྦྲང་ཚང་མཚུངས་པར་མ་བོས་མགྲོན་པོ་ཇེ་མང་ནས་ཇེ་མང་དུ་གྱུར་ལ་དེ་ནི་དགོན་གྲྭའི་སློབ་གསོའི་ངོས་ནས་སློབ་སྦྱོང་གི་དགག་བྱ་ལ་བརྩི་ན་ཡང་ཁོའི་སློབ་སྦྱོང་དང་ཀུན་སྤྱོད་སྔོན་ཆད་དང་འདྲ་བར་མི་འགྱུར་རྡོ་རྗེ་མདུད་པ་ཡིན། {ཁོ་ཚོ་ལ་ཁག་ཅི་ཡོད། ཆུང་ཆུང་ན་ཚོད་ཀྱི་སྐབས་སུ་ཐུན་མོང་གི་དགའ་ཕྱོགས་དེ་རྩེ་འུར་ཡིན་པས་དགོན་ཁྲིམས་ཀྱིས་ན་གཞོན་གྱི་འཚོ་བ་ལ་རང་དབང་གི་མཁའ་དབྱིངས་ཆུང་ཆུང་ཞིག་བསྐྱུར་ན་ཅི་མི་ཆོག} ངས་ནམ་རྒྱུན་ཇ་ཐུན་གྱི་སྐབས་སུ་ཁོའི་གྲྭ་ཤག་གི་དུ་ཞགས་སྔོན་མོ་གཡུ་འབྲུག་འཁྱུག་པའི་ཟོལ་གྱིས་ནམ་མཁའ་ལ་རྒྱུ་བ་མཐོང་དུས་ཁ་རོག་གེར་ཁོ་ཚོའི་ལྷན་འཛོམས་ཀྱི་དགོད་སྒྲ་དང་བཟའ་བཏུང་ལ་སྨོན་པ་འཆོར་མྱོང། དེ་ནི་མིའི་ཚེ་སྲོག་གི་དབུགས་རྒྱུན་བཟའ་བཏུང་གི་འཚོ་བ་ལ་བརྟེན་པ་ཡིན་ཡང་ལོ་ན་ཆུང་བའི་གྲྭ་རྐྱང་རྣམས་ཀྱིས་ཇ་ཐུན་གསུམ་ཀའི་འཚོ་བ་ལས་ཚེགས་ལ་མ་ལོན་པར་ཇ་ཐུན་གཅིག་གིས་འཚོ་བཅུད་ཀྱིས་ཉིན་ཧྲིལ་བོའི་འགན་ཁུར་གང་ཡོད་ཐེད་པར་བྱས་ཡོད་པ་ཡིན། ང་ནི་སྐབས་དེར་ཁེར་འགོ་བྱས་ནས་ཟླ་བཅུ་ལྷག་འགོར་བའི་ལོ་ན་ཆུང་བའི་གྲྭ་རྐྱང་གི་གྲལ་ཡིན་ལ་ངས་ཆུང་དུས་ནས་བློར་བཟུང་བའི་གུང་ཐང་སློབ་གཉེར་བསླབ་བྱ་སྟེ། ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་། རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། ཞེས་པའི་བརྗོད་དོན་བསྲུང་བྱ་ཞིག་ཏུ་བརྩིས་ཡོད་པས་ང་ལ་གྲྭ་ཤག་གཞན་ལ་འཁྱམས་ཉུལ་དང་གྲོགས་པོ་འདུ་འཛོམས་བྱེད་པའི་གོམས་གཤིས་ཆགས་མེད་ལ་དེ་ནི་ལྡོག་སྟེ་སྤང་བྱ་ཞིག་ཏུ་བསམ་ཡོད། དགུན་ཁ་སླེབས་བྱུང་། ཆོས་སྡེ་འདི་འབྲོག་དགོན་ཞིག་ཡིན་ལ་ཆགས་ཡུལ་གྱི་ས་བབས་རྒྱ་མཚོ་སྨི་ལས་མཐོ་ཚད་༢༧༠༠ཡིན་པས་དགུན་འགོ་མ་ཚུགས་གོང་ནས་རྡོ་སོལ་ཉོ་བ་དང་ཕ་ཡུལ་ལ་འབུད་ཆ་ཕབ་ཏུ་འཇུག་པ་ནི་ང་ཚོ་ཐུན་མོང་གི་གོམས་སྲོལ་ལ་གྱུར་བའི་དགུན་གྱི་འཚོ་བའི་སྟ་གོན་ཡིན། གྲྭ་བ་རྣམས་ཀྱིས་འབུད་ཆ་ཕབ་ལེན་བྱེད་པའི་དུས་ཚིགས་དེར་ཁོའི་ཕ་ཡུལ་གྱིས་འབུད་ཆ་མ་བླངས་ལ་ཁོས་ཀྱང་རྡོ་སོལ་མ་ཉོས། ཁོ་ནམ་རྒྱུན་འདྲ་བར་ཚོགས་ཆོས་གྲྭ་དང་དཔེ་ཁྲིད་དཔེ་འདོན་ལ་འབད་བརྩོན་སྒོས་འགྲོ་བ་ལས་འབུད་ཆ་འཐུ་ལེན་ཕྱོགས་ལ་དོ་སྣང་མི་བྱེད་པར་སོས་དལ་བག་ཕེབས་ངང་སྡོད་པའི་རྣམ་པ་ནི་དབྱར་དགུན་གྱི་དུས་ཚིགས་མེད་པའི་ཡུལ་ས་ཞིག་དང་འདྲ། དེ་ལ་རྒྱུ་མཚན་ཡོད་དེ་སྤྱིར་ན་འབུད་ཆ་ཕབ་པ་ནི་ཕ་ཡུལ་གྱི་ཁྱིམ་མིའི་འགན་ཁུར་ཡིན་པས་གྲྭ་བ་སུས་ཀྱང་སེམས་ཁྲལ་བྱེད་མི་དགོས་པར་རུ་བ་དགུན་ས་སྤར་བ་ནས་འབུད་ཆ་རབ་ཁ་བརྩིགས་པའི་འདྲུད་འཁོར་གྱི་ཐག་སྒྲ་ནི་ངུར་རྒྱང་གང་སར་ཁྱབ་པའི་དཔྱིལ་དཔལ་ཀློང་གི་རྐང་དྲུག་བུང་བ་དང་མཚུངས། ཡིན་ན་ཡང་། 
  བློ་ཡུལ་ལས་འགོངས་པ་ཞིག་ནི་ཉི་མ་རེ་རེ་དང་བསྟུན་ནས་དགུན་ཁའི་བཙག་རླུང་ཇེ་འཁྱག་ནས་ཇེ་འཁྱག་དང་ཁོའི་ཨོང་ཁང་གི་འབུད་ཆ་ཇེ་ཉུང་ནས་སྟོང་བར་གྱུར་ན་ཡང་ཁོའི་དགུན་གྱི་འཚོ་བ་སེམས་ཚེགས་ལ་ལེན་པའི་འཇིག་རྟེན་ཕ་མའི་ལྷད་མེད་ཀྱི་སེམས་ཁུར་དེ་མངོན་དུ་མ་གྱུར། སྐབས་དེར་ཁོ་ད་བཟོད་རང་གི་དངོས་ཡོད་གནས་ཚུལ་ལ་ཡིད་ཆེས་དཀའ་བའི་བྲེལ་འཚུབ་དང་སྡུག་བསྔལ་སྐྱེས་འགོ་བརྩམས་ཤིང་ཁོས་ཕ་མ་གཉིས་ལ་ཁ་པར་ལས་འབུད་ཆ་འཐུ་ལེན་དགོས་ཚུལ་གྱི་རེ་ཞུ་འདོན་དུས་མིག་མཐའ་མཆི་མས་གཡོགས་ཤིང་མགྲིན་པ་བརྣང་ནས་སྐད་ཆ་བཤད་ཐུབ་མེད་པའི་བཟོ་བལྟ་ངས་ད་ལྟ་ཡང་བརྗེད་མི་ཐུབ།
ཉི་མ་རེ་རེ་ཡི་རེ་སྒུག་གི་ཁྲོད་ནས་ཁོས་ཕ་མ་གཉིས་ལ་བཙུགས་པའི་རྩ་བ་བརྟན་ལ་ཡལ་འདབ་རབ་ཏུ་རྒྱས་པའི་རེ་བཞག་གི་གསོམ་སྡོང་ནི་དགུན་གཞུང་གི་ལྷགས་རླུང་དང་བསྟུན་ནས་རྩ་བ་སྐམ་ཞིང་ཡལ་ག་རྙིད་པར་གྱུར། ཉིན་དེ་ནས་བཟུང་ཁོས་འཚོ་བ་ལ་བཅངས་པའི་སྤྲོ་སྣང་དང་སློབ་སྦྱོང་གི་ངར་ཤུགས་མར་འགྲིབ་ཀྱི་ཟླ་འོད་བཞིན་མུན་ནག་གི་ཁ་ཟས་སུ་གྱུར་བ་སྟེ། ཁོའི་སྔོན་ཆད་ཀྱི་རྩོད་པའི་ལྡིར་སྒྲ་ལྷིང་འཇགས་ཀྱི་རོལ་དབྱངས་ལ་འཐིམ། ཁོའི་སྔོན་ཆད་ཀྱི་སྙན་ཞིང་འཇེབས་པའི་དགོད་སྒྲ་ཐོས་འཛིན་གྱི་མགྲོན་པོ་མ་གྱུར་བར་ཁོ་ནི་བླ་འཁྱམས་པ་ཞིག་དང་འདྲ། ཐ་ན་སྐད་ཆ་བཤད་སྐབས་རྣམ་རིག་མེད་པ་བླུན་པོ་ཞིག་དང་མཚུངས། ཁོ་འཇིག་རྟེན་ལ་ཨ་ཐང་ཆད་སོང་བ་འདྲ། འཚོ་བ་ལ་རེ་ཐག་ཆད་སོང་བ་འདྲ། {སྤྱིར་ཡིན་ན་འཇིག་རྟེན་སྟེང་གི་ཕ་མ་སུས་ཀྱང་རང་གི་བུ་ཕྲུག་ལ་བརྩེ་སེམས་མི་དཀར་བ་ཞིག་དང་ཤ་མི་ཚ་བ་ཞིག་མེད་ན་ཡང་དོན་དངོས་ཀྱི་གནས་ཚུལ་འདི་ལས་ངས་བསམ་བློ་གོ་རྟོགས་དམའ་བའི་ངེད་བོད་པ་ཚང་གི་ཕ་མས་རང་གི་བུ་ཕྲུག་ལ་འགན་མི་ཁུར་བའི་རྣམ་འགྱུར་གསོན་པོ་ཞིག་མཐོང་འོང་}
   ཁྱོད་ཀྱི་འཛུམ་མདངས་དང་ཁྲོ་གཉེར་ནི་ཐག་སྒུལ་འདྲ་གཟུགས་ཇི་བཞིན་འབྱོར་ན་འཛུམ་མདངས་དང་རྒུད་ན་ཁྲོ་གཉེར་སྟོན་པའི་གཞན་དབང་གི་བརྙན་རིས་ཤིག་སྟེ། ཁོའི་དབུལ་ཞིང་ཕོངས་པའི་འཚོ་བ་དང་ཉམ་ཐག་པའི་ཚུགས་ཀས་གྲྭ་བ་མང་མང་གི་ལྗན་ལྗིན་གྱིས་མ་གོས་པའི་སྙིང་རྗེ་དང་རྒྱབ་སྐྱོར་མ་བསླངས་པར་ལྡོག་སྟེ་རྩིས་མེད་བརྙས་བཅོས་དང་འཕྱ་དམོད་ཤྭ་འོད་བརྒྱུགས་པ་ལྟར་འཕྱུར། མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཟེར་བ་བཞིན་ཁོ་ལའང་སོ་སྐྱེས་ཐངས་ཅད་ལ་ཡོད་འོས་པའི་སྐྱོན་ཆ་མིག་ནང་ལ་འཛེར་བ་ལྟ་བུ་ཡོད་ཀྱང་གནད་འགག་ནི་ང་ཚོའི་ཁོར་ཡུག་ལ་དཀྱེད་ཡངས་ཀྱི་བསམ་བློ་དང་སོ་སྐྱེས་མི་ལ་བལྟ་བྱེད་ཀྱི་དཔྱོད་མིག་གསལ་བོ་ཞིག་མེད་སོང་བ་རེད། ལྷག་པར་ཏུ་ཁོའི་འཚོ་བ་དང་སློབ་སྦྱོང་དང་ཉམས་རྒུད་དུ་གྱུར་བ་ནས་གལ་ཏེ་ཁོའི་སྐྱོན་ཆ་རྒྱ་མཚོའི་གཏིང་གི་ཁབ་མིག་ཅིག་ཡིན་སོང་ཡང་ཁོ་ཚོའོ་རྙེད་ངེས་ཡིན།
   བར་མཚམས་ཤིག་ལ་ཁོའི་ཨ་ཁུ་དང་། དགེ་རྒན། གྲོགས་པོ་རེ་གཉིས་ཀྱིས་ཁོ་ལ་འབུད་ཆ་དང་འཚོ་བའི་ཕྱོགས་ནས་རོགས་རམཅུང་ཙམ་སྦྱར་ན་ཡང་དཀོར་ཟས་དཀོར་ཆུ་ལག་ལ་ཞུགས་པའི་གྲྭ་རྒོད་རེ་གཉིས་ཀྱིས་མཚན་མོའི་སྐབས་སུ་ཁོའི་སྒེའུ་ཁུང་གི་དྲ་མ་རྡོ་བས་བཅག་ནས་མངོན་སུམ་འཛེམ་མེད་ཀྱིས་ཐུབ་ཚོད་མང་པོར་བྱས་མཐར་ཁོ་ལ་གཞི་ནས་ངེས་གཏད་མེད་པར་གྲྭ་ཤག་སོ་སོ་ལ་རེས་ཉུག་བྱེད་པའི་གོམས་གཤིས་ངན་པ་ཞིག་ཆགས། གྲང་རླུང་རྒོད་པའི་ཞོགས་ཀ་རེ་རེ་། དགོན་པའི་ཞོགས་ཚོགས་གྲོལ་མ་ཐག་ཆ་སྟེགས་ལྟར་བརྩིགས་པའི་གྲྭ་ཤག་རྣམས་ཀྱི་དུ་ཁུང་ལས་ངར་གྱིས་འཕྱུར་བའི་དུ་ཞགས་དཀར་པོ་གཡའ་དག་པའི་མཁའ་དབྱིངས་སུ་སྤྲིན་པ་བཞིན་རྒྱུ་སྐབས་ཁོས་མགོ་བོ་གཟན་གྱིས་གཅུད་ནས་ཡུལ་ཕྱོགས་གང་ཞིག་ལ་རྒྱང་བལྟ་ཅུང་ཙམ་བྱས་རྗེས་གྲྭ་ཤག་རེ་རེ་ལ་རེས་མོས་ཀྱིས་ཉུག་འགྲོ། ངས་དུས་གཏན་ཏུ་བརྗེད་མི་སྲིད་པ་ཞིག་ནི་ཞོགས་ཀ་དེ་ལ་ངས་ཞོགས་ཚོགས་གྲོལ་རྗེས་ལྕགས་ཐབ་ནང་མེ་སྒོང་སྟེ་ཁྱིམ་ལ་གཙང་སྦྲ་བྱེད་སྐབས་ཁོའི་ཉམ་ཐག་པའི་བཟོ་བལྟ་དེ་ངའི་མཐོང་ལམ་དུ་མངོན་བྱུང་། ཁོའི་ཚུགས་ཀ་ནི་སྨུག་པ་ལང་ལོང་གི་ཁྲོད་ན་མགོ་འཁོར་བའི་བྱིས་པ་ཞིག་དང་འདྲ། ཁོའི་མིག་མདངས་ལས་ངས་རེ་ཐག་དགུ་ཆད་དུ་གྱུར་བའི་སྙིང་ཆུང་ཞིག་གི་འཕར་ལྡིང་ཐོས་འོང་། སྐབས་དེར་ང་ལ་ཁོར་ཡུག་དེའི་རིག་གནས་ཀྱིས་བསྐྱེད་པའི་དཔྱོད་ཤེས་བློ་མིག་གཡས་ཞར་དུ་གྱུར་ཡོད་སྟབས་ངའི་སྣང་ངོར་ཁོ་ནི་ཐ་ཤལ་གྱི་འཁྱམས་ཉུལ་བ་ཞིག་ཏུ་གྱུར་ཡོད་པས་ཉིན་དེར་ཁོ་ལ་སྤྲང་བོ་ཞིག་ལ་རྣམ་འགྱུར་གྱིས་སྣེ་ལེན་བྱས་པ་ཡིན། ཁ་དཔེ་ལ་ཟས་མི་ལག་བརྒྱུད་ན་ཇེ་ཉུང་དང་། གཏམ་མི་ཁ་བརྒྱུད་ན་ཇེ་མང་ཟེར་བ་ལྟར་ཁོའི་འཁྱམས་ཉུལ་གྱི་འཚོ་བ་དགོན་སྡེ་འདིའི་ཐུན་མོང་གི་ཁུར་བོར་གྱུར་བ་ནས་ཁོ་ནི་ཐམས་ཅད་ཀྱི་གླེང་བྱ་གཙོ་བོ་གྱུར་བ་དང་ལོ་དེའི་མཇུག་མཐར་ཁོ་གཞི་ནས་དགོན་པ་དང་ཁ་བྲལ་ཏེ་ཕ་ཡུལ་ལ་ལོག། ད་ལྟ་ཁོ་སྐྱ་ས་བབས་ནས་མི་ལོ་ལྔ་ལྷག་ཕྱིན་ན་ཡང་ངས་དུས་གཏན་དུ་ཁོའི་གཏམ་རྒྱུད་དང་ངས་དེ་ལྟར་ཁོའི་ཡ་ང་བའི་གནས་བབས་ལ་མཐོང་ཆུང་དང་སྣང་མེད་བྱས་པ་བརྗེད་མི་ཐུབ།
   མཇུག་མཐར་ངས་ད་དུང་གཟབ་ནན་གྱིས་བརྗོད་འདོད་པ་ནི་སེམས་ཁམས་སྐྱོ་གདུང་དང་བརྙས་དམོད་ཀྱིས་མནན་པའི་ཁོ་ལ་སྐབས་དེར་ཆེས་མཁོ་བ་ནི་ཡར་སྐུལ་གྱི་རང་བཞིན་ལྡན་པའི་བརྩི་བཀུར་དང་སེམས་གསོ་ཡིན་པ་ལས་སྐྱོན་བརྗོད་ཀྱི་སློབ་གསོ་དང་དམའ་འབེབས་ག་ལ་ཡིན། གཅན་རོང་བསྟན་འཛིན་གྱིས་གླེང་བ་སྟེ། ཡར་སྐུལ་གྱིས་བླུན་པོ་འཇོན་མིར་གཏོང་ཐུབ་ལ། སྐྱོན་བརྗོད་ཀྱིས་འཇོན་མི་བླུན་པོར་བསྒྱུར་ཐུབ། ཅེས་བཤད་པའི་བརྗོད་དོན་འདི་ནི་ཧ་ཅང་དོན་ལ་གནས་པ་ཞིག་རེད་ཨང་། 

                                                                                  ༢༠༠༩.༡༡.༥

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནག་ཉེས།

2011-05-11 གདུ་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།