རང་གི་མགོན་ནི་རང་ཉིད་ཡིན།

གཅན་ཚ་རྟ་མགྲིན་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-01

  དབྱར་ཟླ་བདུན་པའི་དུས་ཚིགས་འདི་དྲོད་གྲང་སྙོམས་ཤིང་ཆར་ཆུ་མོད་པའི་སོ་ནམ་གྱི་ལས་ལ་བརྟེན་པའི་ཆུ་མ་ས་ཁུལ་ལ་མཚོན་ན་སོན་འདེབས་ཞིང་ལས་གཉེར་བའི་དུས་བཟང་ཡིན་པས་ཆུ་མ་ས་ཁུལ་གྱི་སྐྱེས་ཕོ་མོ་རྒན་གཞོན་ཚང་མའང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་ལག་ཀ་དལ་བ་མེད་པར་སོན་འདེབས་གྱི་ ལས་ལ་བརྩོན་བཞིན་གདའ།
  དེ་རིང་གི་ནམ་མཁའ་ནི་སྔོ་ཞིང་གཡའ་དག་ཅིང་ནོར་འཛིན་སྒེག་མོའི་ཁྱོན་ལ་གསོན་ཤུགས་ཀྱིས་ཁེངས་འདུག།དབྱར་མཚོ་སྡེ་བའི་དུད་ཁྱིམ་རེ་རེའི་དུ་ཁུང་ནས་དུ་བ་སྔོ་ཞིང་ཕྲ་བ་རེ་ནམ་མཁར་འཐེན་འདུག་ལ་སྡེ་མགོ་ནས་ཕུང་བོ་གཅིག་ཏུ་གྲུབ་སྟེ་རྒྱང་རིང་ནས་བལྟས་ཚེ་དར་དཀར་གྱི་ཡུག་ཅིག་དང་གཉིས་སུ་མ་ མཆིས།དུས་ནམ་རྒྱུན་དང་མི་འདྲ་བ་ཞིག་ལ་དེ་རིང་ནངས་མོར་དབྱར་མཚོ་སྡེ་བའི་གྲུབ་ཟུར་རེ་རེར་བསང་དྲི་སྟུག་པོ་ཅིག་གི་ཁེངས་འདུག།མར་སྲེག་པའི་དྲི་དང་ཤུག་པ་སྲེག་པའི་དྲི།བསང་རྫས་རིལ་བུ་སྣ་ཚོགས་སྲེག་པའི་དྲི་སོགས་ལ་བསྣོམ་ཚེ་བསང་རྫས་ཕུན་སུམ་ཚོགས་པ་འདྲ།ཅུང་མ་འགོར་བར་རྔ་སྒྲ་དྲག་པོ་ཞིག་ཀྱང་ངམ་ངམ་ཤུགས་ཀྱིས་གྲགས་ཡོང་སྟེ་རྨི་ལམ་གྱི་ཞིང་ཁམས་ན་བདེ་བར་གཉིད་ཡོད་པའི་ཁྱིམ་བདག་མ་ཚོ་གཉིད་ལས་ དཀྲོགས།རྔ་སྒྲའི་དབྱངས་རྟ་དྲག་པོ་དེ་དང་ལྷན་དུ་ལེན་རེར་དྲིལ་བུ་དང་སྦུབ་ཆའི་སྒྲ་ཞིག་ཀྱང་གྲགས་གིན་འདུག
  རྫས་སྣ་མང་པོ་འཛོམས་པའི་བསང་དྲི་སྟུག་པོ་དེ་དང་།དྲིལ་བུ་དང་སྦུབ་ཆའི་རམ་དཀྲོལ་བྱེད་པའི་རྔ་སྒྲ་དྲག་པོ་དེས་དེ་རིང་ཉིན་གང་བོར་དབྱར་མཚོ་སྡེ་བའི་སྡེ་མི་ཡོངས་ཀྱི་དྲི་འཛིན་དབང་བོ་འགག་ཀྱང་སྒྲ་འཛིན་དབང་བོ་གས་པར་བྱས།
  ཉིན་འགའ་བུད་སོང་།བསང་དྲི་སྟུག་པོ་དེ་དང་རྔ་སྒྲ་དྲག་པོ་དེ་ད་དུང་རྒྱུན་མ་ཆད་པར་དབྱར་མཚོ་སྡེ་བར་ཁེངས་འདུག།དོན་དག་འདིའི་ཐད་སྡེ་མི་ཚོས་ཀྱང་སྐད་ཆ་སྣ་ཚོགས་བཤད་ཀིན་འདུག
  དེ་རིང་སྡེ་འདབས་ཀྱི་ཞིང་ནང་ན་གཞོན་ནུ་མ་སྐོར་ཞིག་གིས་ལྷན་དུ་ཡུར་མ་ཡུར་བཞིན་འདུག།ཕར་བལྟས་ཚོད་ཀྱི་ཁོ་ཚོས་ཡུར་མ་ཡུར་ཞོར་དུ་དོན་དག་ག་གེ་མོ་ཞིག་ལེབ་གླེང་བྱེད་ཀྱིན་ཡོད་པ་འདྲ།
  དེའི་ཁྲོད་ལང་ཚོ་དར་ལ་བབས་པའི་གཞོན་ནུ་མ་ཞིག་གིས་བཤད་རྒྱུར།དེ་རིང་དང་ཉིན་བདུན་ལྷག་གི་རིང་ལ་ཨ་ཁུ་ལྷ་མཆོག་ཚང་གིས་ཕ་གིའི་སྡོང་མགོ་སྡེ་བ་ནས་སྔགས་རྒན་ནུས་མཐུ་ཅན་ཞིག་གདན་དྲངས་སྟེ་ཉིན་རེར་བསང་ས་ཕུང་འདྲ་བ་དང་རྔ་འབྲུག་སྒྲ་ལྡིར་བ་འདྲ་ཞིག་རྡུང་ནས་ཅི་བྱེད།
  ཨེ།ཨ་ནེ་གཡང་སྒྲོན་གྱི་ནད་རྙིང་ཕྱིར་འཕར་བ་མིན་ནམ།
  མ་རེད།མ་རེད།གོ་ཐོས་ལྟར་ན་ཁོ་ཚང་གི་བློ་བཟང་གིས་ད་ལོར་མཐོ་རྒྱུགས་སྤྲོད་དགོས་པ་རེད་ཟེར།ཉིན་འགའི་སྔོན་ཨ་ཁུ་ལྷ་མཆོག་ཨ་ལག་ལ་ཁོ་རིན་པོ་ཆེའི་དྲུང་དུ་ཕྱིན་ནས་ཁོའི་བུའི་ད་ལོ་མཐོ་རྒྱུགས་སྤྲོད་སྐབས་ བགེག་བར་ཆད་ཅི་ཡང་མེད་པར་བསམ་པ་ལྷུན་གྱི་འགྲུབ་པར་སྐུ་རིམ་འདྲ་ཞུ་བའི་རིམ་གྲོ་རེད་ཟེར།
  ཡང་གཞོན་ནུ་མ་གཞན་ཞིག་གི་ཅི་ཞིག  ཧ་གོ་བ་ལྟར།
  ཨོ་ལེ།ཨོ་ལེ།ཨེད།ཁོ་ཚང་གིས་བློ་བཟང་ཉིན་བཅུ་ཁ་ལྷག་གི་སྔོན་ལ་སློབ་གྲྭའི་སྒྲིག་ལམ་ལ་ཐེངས་འགའ་ འགལ་ཏེ་ཕྱིར་ཁྱིམ་བདག་ལ་སྤྲད་པ་མིན་ནམ།                                                   
  རེད་ཡ།བློ་བཟང་ཡུལ་ནས་ཉིན་གསུམ་ཙམ་ལ་བསྐྱུར་རྗེས་ཨ་ཁུ་ལྷ་མཆོག་བཟའ་ཟླ་གཉིས་ཀྱི་སེམས་འཚུབ་ནས་མ་བཟོད་པར་སླར་ཡང་བློ་བཟང་གི་འཛིན་བདག་དང་ཁོ་ཚོའི་སློབ་གཙོའི་མདུན་ནས་ངུ་སྟེ་ཞུ་བ་ ཡང་ཡང་བྱས་མཐར་ཁོང་མགོ་ཁྲིད་རྣམ་པའི་ལོ་ལོན་འདི་གཉིས་ལ་སྙིང་རྗེ་ནས་མཐར་བློ་བཟང་ཕྱིར་སློབ་གྲྭར་བླངས་བ་རེད་ཟེར།ཨོ་ལེ།བློ་བཟང་འདི་ཨ་ཁུ་ལྷ་མཆོག་ཚང་གི་བྱིས་པ་ཆུང་བ་བུ་གཅིག་པོ་ཡིན་པའི་ཕ་མ་གཉིས་ཀྱི་སྙིང་ཁོངས་གི་ནོར་བུ་གཅིག་པོ་ཡིན་སྟབས་ཆུང་དུས་ནས་ཕ་མ་གཉིས་ཀྱི་ཟས་གང་ཞིམ་དང་གོས་གང་འཇམ།ཚིག་གང་སྙན་ཁོ་ནའི་བློ་བཟང་འདི་ཡར་བསྐྱངས་ཞིང་སློབ་གྲྭར་བསྐྱལ་བ་ཡིན།བློ་བཟང་ནི་དམའ་ འབྲིང་གི་སྐབས་སུསློབ་མ་ཡ་རབས་ཞིག་ཡིན་ལ་འབྲིང་རྒྱུགས་སྤྲོད་སྐབས་སྐར་གྲངས་མི་དམན་པ་ཞིག་བླངས་ནས་སློབ་གྲོགས་ཚང་མའི་དཔེ་མཚོན་གྱི་མིག་དཔེ་བཟང་བོར་གྱུར་མྱོང་།མཐོ་འབྲིང་འགྲིམས་ནས་ཅུང་མ་འགོར་ བར་ཁོ་སློབ་ཁྲིད་ལ་དུས་ལྟར་མི་ཞུགས་པ།ཆང་འཐུང་བ།དུ་བ་འཐེན་པ།སྤྱི་ཚོགས་སྟེང་གི་མི་འདྲ་མིན་སྣ་ཚོགས་ལ་འབྲེལ་འདྲིས་བྱས་ནས་མཐོ་འབྲིང་ལོ་གསུམ་པོའི་རིང་ལ་དོན་མེད་མནོག་ཆུང་གི་དོན་ཉོག་འབའ་ཞིག་ལ་ མགོ་འཁོར་ནས་ཨ་ཁུ་ལྷ་མཆོག་བཟའ་ཟླ་གཉིས་ཀྱི་སེམས་ཁ་ཡང་ཡང་དཀྲུགས་པར་མ་ཟད་ད་དུང་ཁོ་ཚོའི་ འཛིན་བདག་གི་མིག་ནང་གིའི་ཚེར་མར་གྱུར་འདུག་ཟེར།
  ཧོ།ཧོ།ཚེས་གཅིག་ལ་རྟ་རྒྱུགས་དགོས་ན་གནམ་གང་ལ་རྟ་གསོས་ནས་ཅི་ཕན།སྟབས་འགྲིག་ནས་སྟག་ལ་བཞོན་འདོད་པ་མིན་ནམ།
  ཨེ།གཡུ་སྒྲོན།དེ་ལྟར་བཤད་མི་ཉན་།གོ་ཐོས་ལྟར་ན་ཕ་གིའི་སྡོང་མགོ་སྡེ་བའི་ཨ་ཁུ་སྔགས་རྒན་དེ་ནུས་ མཐུ་ངོ་མཚར་ཅན་ཞིག་རེད་ཟེར།ཡང་གཅིག་བཤད་ན་སྐུ་རིམ་འདི་ཚང་མ་ཨ་ལག་ལ་ཁོའི་ལུང་བསྟན་མིན་ ནམ།ནོར་སྲིད་ནས་མ་རེད།
  རེད།རེད། དཀོན་མཆོག་གསུམ་པོར་བསླུ་བ་མེད།དཀོན་མཆོག་གསུམ་པོའི་མཁྱེན།
  དེ་ལྟར་རྫས་སྣ་མང་པོ་འཛོམས་པའི་བསང་དྲི་སྟུག་པོ་དང་རྔ་སྒྲ་དྲག་པོ་དེ་བློ་བཟང་གི་མཐོ་རྒྱུགས་སྤྲད་ནས་ཚར་ རག་བར་གྱི་ཟླ་ངོ་གཅིག་ལྷག་གི་རིང་རྒྱུན་ཆད་མ་མྱོང་ལ།རྒྱུགས་སྤྲོད་རན་པའི་ཉིན་འགའི་སྔོན་ཨ་ཁུ་ལྷ་ མཆོག་གིས་ད་དུང་བློ་བཟང་ཁྲིད་ནས་དགོན་ཆེན་མིང་གྲགས་ཅན་དང་གནས་འགངས་ཆེན་དུ་མར་མཇལ་སྐོར་དུ་ཁྲིད་ནས་ལྷ་ཁང་ཆེ་མ་ཆུང་གསུམ་སོ་སོའི་ནང་སྐྱབས་འཇུག་དང་སྨོན་ལམ་རྒྱ་ཆེན་པོ་བརྒྱབ།
   མཐོ་རྒྱུགས་སྤྲད་ནས་ཉིན་བཅུ་ཁ་ལྷག་བུད་སོང་།གོ་ཐོས་ལྟར་ན་དེ་རིང་ད་ལོའི་མཐོ་རྒྱུགས་སྤྲོད་མཁན་གྱི་སློབ་མ་ཚོའི་སྐར་གྲངས་ཐོན་རྒྱུ་རེད་ཟེར།དེའི་རྐྱེན་གྱིས་ད་ལོའི་རྒྱུགས་ཞུགས་སློབ་མ་ཚང་མ་དང་ཁྱིམ་བདག་རེི་འགའ་ད་ནངས་སྔ་མོ་ནས་སློབ་གསོ་ཅུའུ་སྒོ་ཆེན་གྱི་མདུན་ལ་བཀང་འདུག།ཉིན་གུང་སླེབས་ལ་ཉེ་བའི་སྐབས་དེར་རྒྱུགས་འབྲས་ཐོན་བྱུང་བས།གཞུང་གི་ལས་བྱེད་མི་སྣ་འགའི་སློབ་གྲོགས་ཚོའི་རྒྱུགས་འབྲས་མཐོ་ས་ནས་དམའ་ས་ལྟར་གོ་ རིམ་བཞིན་སྒྲིག་ཡོད་པའི་བརྡ་ཐོའི་ཤོག་བུ་འགའ་སློབ་གསོ་ཅུའུ་སྒོ་ཆེན་གྱི་འགྲམ་ལ་སྦྱར།མི་ཚོགས་ནི་གྲོག་ཚང་གི་ཁ་ཕྱེ་བ་ལྟར་གནས་དེར་འདུས་དེ་འཚང་ཁ་རྒྱག།ཁྱིེམ་བདག་ལ་ལའི་གདོང་ལ་འཛུམ་ཀྱི་ཁེངས་ནས་ བརྡ་ཐོ་དེའི་སྟེང་ཡང་ཡང་བལྟ་བར་མ་ཟད་རང་རང་གི་བུ་ཕྲུག་དང་ལྷན་དུ་དོན་ཆེན་གང་ཞིག་ལ་གྲོས་བྱེད་ པ་འདྲ།ཁྱིམ་བདག་ལ་ལའི་གདོང་ཧྲིལ་བོར་སྙིང་རྗེ་དང་ཡིད་སྨོན་གྱི་ཉམས་ཞིག་ཐོན་ནས་རྒྱུགས་འཕྲོད་ཟིན་པའི་སློབ་མ་དང་ཁྱིམ་བདག་དེ་ཚོའི་བཟོ་ལྟ་ལ་ལྟོས་ནས་དོན་དངོས་འདི་དག་དང་ལེན་བྱེད་ཐུབ་ཀྱིན་མི་ འདུག
  ཨ་ཁུ་ལྷ་མཆོག་གི་གདོང་ཧྲིལ་བོར་སྐྱོ་བའི་ཁེངས་འདུག།ཨ་ཧོ།བྱ་འདི།ད་སྐར་གཉིས་ཀྱི་མཐོ་རྒྱུ་ན་ངེད་ཚང་གི་བློ་བཟང་གིས་ཡང་ཆེད་སྦྱོང་འཛིན་གྲྭ་ཞིག་ལ་རྒྱུགས་འཕྲོད་འདུག།ད་འདི་ཚང་མ་ལས་དབང་ཡིན་རྒྱུ་རེད།བློ་བཟང་ལས་ངན་འདིའི་སྐྱེས་བ་སྔོན་མར་ལས་ངན་པ་ཅི་ཞིག་གསག་ཡོད་པ་སུས་ཤེས་ཞེས་བློ་བཟང་གི་ཚེ་སྔོན་མའི་ལས་རྒྱུ་འབྲས་དང་ཚེ་འདིའི་ལས་དབང་ལ་ལས་གདའ་བྱེད་ཀིན་འདུག
  བློ་བཟང་གི་ད་ལོ་མཐོ་རྒྱུགས་མ་འཕྲོད་པའི་གསར་འགྱུར་དེར་སྡེ་མི་ཚང་མས་ཡང་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་ཀིན་འདུག།
  སྡེ་མི་ལ་ལས་བཤད་རྒྱུར་ད་ལོ་ཟླ་ངོ་གཅིག་ལྷག་གི་རིང་ཨ་ལག་ལ་ཁོའི་ལུང་བསྟན་ལྟར་སྔགས་རྒན་ནུས་མཐུ་ཅན་དེའི་རྔ་རྡུང་བ་དང་ཨ་ཁུ་ལྷ་མཆོག་ཚང་གིས་ལྷ་དཀོན་མཆོག་གསུམ་པོ་དང་ཡུལ་ལྷ་གཞི་ བདག་དག་ལ་འདི་འདྲའི་མཆོད་བཀུར་དཔེ་མེད་པ་ཞིག་བྱས་པའི་ཁ་ངོར་བསླུ་མེད་ཀྱི་དཀོན་མཆོག་གསུམ་པོ་དང་ཡུལ་ལྷ་གཞི་བདག་འདི་དག་གིས་བློ་བཟང་ལ་མགོན་སྐྱབས་བྱས་ནས་སྐར་མ་གཉིས་གནང་ཡོད་རྒྱུ་ན་ད་ལོ་བློ་བཟང་གིས་མཐོ་རྒྱུགས་འཕྲོད་ཡོད་པ་མིན་ནམ།
  ཡང་སྡེ་མི་ལ་ལའི་སྤྲང་བོའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པ་ཅི་མ་བདེན།གལ་ཏེ་བློ་བཟང་གིས་མཐོ་འབྲིང་ལོ་གསུམ་པོའི་རིང་རང་གི་ལྷན་སྐྱེས་ཀྱི་བློ་རིག་བཟང་བོ་དེའི་སྟེང་ འབད་པ་ལྷོད་མེད་ཀྱི་བརྩོན་པ་བྱས་ཡོད་རྒྱུ་ན་ཁོ་ཚང་གི་དབྱར་མཚོ་སྡེ་བའི་སྡེ་མི་ཡོངས་ཀྱི་དྲི་འཛིན་དབང་བོ་འགག་ཅིང་སྒྲ་འཛིན་དབང་བོ་གས་པར་བྱེད་དུ་འཇུག་མ་དགོས་པར་བདེ་ལེགས་ངང་མཐོ་རྒྱུགས་གི་གཡུལ་ལས་རྒྱལ་ཡོད་ཁོ་ཐག་ཡིན་ཟེར།
  གང་ལྟར་ད་ཐེངས་ཀྱི་བསླབ་བྱ་འདིའི་བློ་བཟང་ལ་འཇིག་རྟེན་གྱི་གནས་ལུགས་རྒྱ་ཆེན་པོ་ཞིག་ཤེས་སུ་བཅུག་ཡོད་པ་འདྲ།འཇིག་རྟེན་འདིའི་སྟེང་རང་གི་མགོན་ནི་རང་ཉིད་ལས་མེད་པ་དང་རང་ཉིད་ཀྱི་ཚེ་འདིའི་བདེ་སྐྱིད་དང་རྒྱལ་ཁ་མཐའ་དག་རང་ཉིད་ཀྱི་ཚེ་འདིའི་བྱ་སྤྱོད་དང་ཧུར་བརྩོན་ལ་རེག་ལས་པ་ལས་འཇིག་རྟེན་ལས་འདས་པའི་སྟོབས་ཤུགས་ཞིག་གིས་དུས་ནམ་ཡང་ང་ཚོའི་ལས་དབང་ལ་ཁ་ལོ་བསྒྱུར་མི་ཐུབ་པ་ཤེས།
  ཡང་ད་ཐེངས་ཀྱི་བསླབ་བྱ་འདིའི་བློ་བཟང་གི་སེམས་གཏིང་གི་ཁེངས་རློམ་བཅོམ་ཤིང་རུས་གསེང་གི་ན་ཟུག་འབྱིན་པར་བྱས།ཁོ་རང་ཉིད་ཀྱི་ལོ་གསུམ་ལྷག་གི་རིང་མ་རབས་སློབ་གཡེང་བྱས་པའི་འདས་དོན་ལ་འགྱོད་ སེམས་སྐྱེས་ཤིང་སློབ་སྐབས་རྗེས་མའི་ནང་ནས་མགོ་བརྩམས་ཏེ་རང་ཉིད་ཀྱི་བློ་གྲོས་དང་བརྩོན་འགྲུས་ལ་བརྟེན་ནས་ཡང་བསྐྱར་མཐོ་རྒྱུགས་གི་གཡུལ་སར་ཞུགས་ཤིང་གཡུལ་ལས་རྒྱལ་བར་ཡིད་ཆེས་ཀྱིས་ཁེངས་འདུག་གོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་གི་མགོན་ནི་རང་ཉིད་ཡིན།

2011-05-01 གཅན་ཚ་རྟ་མགྲིན་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།