ཆག་སྒོ།

དམེ་སྲས་བསྟན་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-08

                                                                         གཅིག
        ཁ་པར་ཞིག་ལ་བསྒུག་ནས་ཡུན་རིང་ཞིག་འགོར་རྗེས་སིལ་སྒྲ་དང་བཅས་ཁོ་བོས་རེ་ཞིང་སྒུག་པའི་ཁ་པར་དེ་གཞི་ནས་མངོན་གྱུར་བྱུང་སོང༌། “བེ་་་་་ཁྱོད་རྒྱ་མཚོ་ཡིན་ནམ”“ཡིན་ཡཱ།”“ངས་ཁྱོད་ཀྱི་ཁ་པར་ལ་བསྒུག་ནས་ཅི་ཙམ་འགོར་བ་ཁྱོད་ཀྱིས་ཨེ་ཤེས”ཞེས་འཁང་ར་བྱེད་བཞིན་ཁོ་གཉིས་གྲོང་ཁྱེར་གྱི་སྤྱི་གླིང་ག་གེ་མོ་ནས་ཐུག་རྒྱུ་བྱས།  གཟའ་ཉི་མའི་ཕྱི་དྲོ་དེར་གྲོང་ཁྱེར་གྱི་སྤྱི་གླིང་ནི་གྲོག་ཚང་བརྡོལ་བ་ལྟར་ཏེ། དེར་ཡོད་ཀྱི་མི་རྣམས་འཚང་ཁ་ཤིག་ཤིག་གིས་ཞབས་བྲོ་རྒྱགས་པའམ་ཡང་ན་བྱ་སྒྲོ་སྤོ་ལོ་རྩེད་བ་སོགས་ལུས་རྩལ་གྱི་རྣམ་གྲངས་སྣ་ཚོགས་ལ་རོལ་བཞིན་ཡོད།   ཁོ་མོས་ཅི་ཞིག་འཚོལ་བའི་མིག་ཟུང་མི་ཚོགས་ཀྱི་རྦ་རླབས་ཁྲོད་བཙུགས་ནས་དུས་ཚོད་གཅིག་ཙམ་འགོར་རྗེས་ད་གཟོད་ཁོ་བོ་མཐོང་བྱུང༌། “ངས་ཁྱོད་ལ་ཅི་ཙམ་ཞིག་ལ་བསྒུག་པ་ཁྱོད་ཀྱིས་ཨེ་ཤེས”ཞེས་ཁོ་ལ་རྒོལ་ལན་སྤྲོད་པ་ལྟར་བཤད་རྗེས་ཁོ་གཉིས་ལམ་འགྲམ་གྱི་རྡོའི་འདུག་སྟེགས་ཤིག་ཏུ་བསྡད།  ཁོ་གཉིས་ནི་སློབ་ཆེན་གྱི་སློབ་མ་ཕལ་ཆེར་དང་འདྲ་བར་ཕ་མས་བཙན་གྱིས་བསྒྲིགས་པ་དང་བླ་མས་ལུང་བསྟན་ལྟར་མཉམ་དུ་སྡོད་པ་མ་ཡིན་པར་རང་དབང་རང་འཐད་ཀྱི་ན་གཞོན་ཕོ་མོ་ཟུང་ཞིག་ཡིན། 
      རྒྱ་མཚོ་ནི་ལུས་ཅུང་ཟད་སྐམ་ལ་རིང་བའི་ཁར་སྐྲ་ལོ་ཡང་རིང་པོ་ཞིག་བཞག་ཡོདཔའི་གསར་བུ་ཞིག་ཡིན། སྒྲོལ་དཀར་གྱི་མགོ་བོ་ཁོའི་ཕྲག་པར་གླན་ནས་འུ་གཉིས་ནམ་ཞིག་ལ་གཉེན་སྒྲིག་བྱེད་རྒྱུ་ཡིན་ཟེར་བཞིན་རྒྱ་མཚོའི་གདོང་ལ་བལྟས་པ་ན། “གླེན་མ་དེ་འདྲ་ཞིག་རྔམ་ནས་ཅི་བྱེད།  སློབ་ཆེན་ནས་མཐར་ཕྱིན་རྗེས་ད་གཟོད་གཉེན་སྒྲིག་བྱས་ནའང་འཕྱི་མི་འདུག”ཅེས་འཛུམ་མདངས་ཤིག་དང་མཉམ་དུ་དེ་ལྟར་བཤད། “འོན་ཀྱང་ངས་དུས་རྒྱུན་དུ་འུ་གཉིས་སྔ་མོ་ཞིག་ནས་གཉེན་སྒྲིག་མ་བྱས་ན”“རྗེས་ནས་བཤད”ཅེས་སྒྲོལ་དཀར་གྱི་ཚིག་རྔ་བསྐྱུར་ནས་  “ད་འུ་གཉིས་འདིར་འོང་ནས་ཅུང་འགོར་སོང་བས་སྔ་ས་ནས་ཕྱིར་མ་ལོག་ན་ང་ཚོའི་སྒོ་སྲུང་གིས་སྒོ་རྒྱག་སྲིད་”ཅེས་བཤད་མ་ཐག་རྒྱ་མཚོ་ཡང་དྲན་པ་སོས་བ་ལྟར། “ཨོ་རེད།ད་ཅུང་འགོར་སོང་འུ་གཉིས་འགྲོ་རྒྱུ་བྱེད་”ཟེར་ནས་ཁོ་མོ་མལ་ཁང་དུ་བསྐྱལ་རྗེས་ཁོ་ཡང་ཕྱིར་མལ་ཁང་དུ་ལོག  ཅུང་མ་འགོར་བར་ཁྲོག་སྒྲ་ཞིག་དང་བཅས་མི་ཞིག་ནང་དུ་འཛུལ།  ཁོ་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་བདུད་འཇོམས་ཏག་ཏག་ཆང་གིས་ར་བཟི་བར་གྱུར་ནས་“ངས་ཁྱོད་ལ་བཤད་སྒྲོལ་དཀར་ཁྱོད་ལ་མི་དབང་ཁོ་ཐག་ཡིན་”ཟེར་བཞིན་རྒྱ་མཚོ་ལ་་སྡིག་དམོད་བྱེད་སྐབས་སློབ་གྲོགས་འགའ་ཐོན་ནས་   “བདུད་འཇོམས་ཧ་ཅང་བཟི་འདུག   ཁྱོད་ཀྱིས་ཁོའི་སྐད་ཆར་དོ་སྣང་བྱེད་མི་   དགོས་”ཟེར།
      “ཡཱ་ཡཱ་་་ངས་དོ་སྣང་བྱེད་ནི་མ་རེད་”ཟེར་བཞིན་ཁོ་ཡང་མལ་དུ་ཉལ། འོན་ཀྱང་ད་སོ་མར་བདུད་འཇོམས་ཀྱིས་བཤད་པའི་“སྒྲོལ་དཀར་ཁྱོད་ལ་མི་དབང”ཟེར་བ་དེའི་རྐྱེན་ཡིན་ནམ། གང་ལྟར་དགོང་མོ་དེར་གཉིད་གཏན་ནས་ཁུག་མ་ཐུབ།
      དེ་རིང་ནི་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཡིན་ལ་གཟའ་ཟླ་བ་ཡིན། རྒྱ་མཚོ་མལ་ལས་ལངས་མ་ཐག་གླལ་སྒྱང་ཞིག་བྱས་རྗེས་ཞོགས་རྩལ་སྦྱོང་བར་འགྲོ་འདོད་ཀྱང་མདང་དགོང་གཉིད་མ་ཁུག་པའི་རྐྱེན་གྱིས་ཡིན་ནམ། གང་ལྟར་ལུས་པོ་ཧ་ཅང་བདེ་ཐང་མ་རེད།  “ལུས་པོ་ཅི་འདྲ་མི་བདེ་རུང་ཟ་མ་རུ་འགྲོ་དགོས་”ཟེར་ནས་མལ་གྲོགས་གསེར་སྐྱབས་ཀྱིས་ཁོ་རང་བཙན་གྱིས་ཟ་ཁང་དུ་ཁྲིད་སོང༌། སློབ་གྲྭའི་ཟ་ཁང་དུ་ཐོན་ནས་ཞོགས་ཟས་ཟ་སྐབས་རྒྱབ་ཕྱོགས་ནས་སློབ་གྲོགས་བུ་མོ་འགས་སྒྲོལ་དཀར་ཨ་ ལགས་བསྟན་ཁོའི་རིག་མར་བྱིན་ཡོད་ ཚུལ་ལབ་ཀྱིན་ཡོད་པ་མ་ཟད།    ད་དུང་ཁོ་མོར་བསོད་ནམས་ཆེ་ཚུལ་སོགས་མང་པོ་ཞིག་ཡང་ལབ་ཀྱིན་འདུག      སྐད་ཆ་དེ་རྒྱ་མཚོའི་སེམས་ལ་ཚེར་མ་ལྟར་ཟུག་སོང༌།   ཁོས་ད་གཟོད་མདང་དགོང་བདུད་  འཇོམས་ཀྱིས་ཁོ་ལ་དེ་ལྟར་བཤད་དགོས་པ་ཤེས་སོང་ལ་སྒྲོལ་དཀར་གྱིས་སྔ་མོ་ནས་གཉེན་སྒྲིག་བྱེད་འདོད་པའི་རྒྱུ་མཚན་ཡང་རྟོགས་སོང༌། ཕར་བལྟས་ན་གསེར་སྐྱབས་ཀྱིས་རྒྱ་མཚོའི་བསམ་ཚུལ་རྟོགས་ཡོད་པ་འདྲ། “ཁོ་ཚོས་བཤད་པའི་སྐད་ཆར་ཁྱོད་ཡིད་ཆེས་མི་ཉན། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཡང་སྒྲོལ་དཀར་ཁྱོད་དང་ཁ་མི་བྲལ་ཁོ་ཐག་ཡིན།”   གསེར་སྐྱབས་ཀྱིས་སེམས་གསོའི་ཚུལ་དུ་དེ་ལྟར་སྨྲས་རྗེས་རྒྱ་མཚོས་མགོ་བོ་ལྡེམ་ལྡེམ་བྱེད་ཞོར་འུ་གཉིས་མལ་ཁང་དུ་འགྲོ་ཟེར་ བཞིན་བུད་སོང༌།
                                                                                 གཉིས།
    སྒྲོལ་དཀར་གྱི་སེམས་ལ་ཡང་ཁོ་མོ་ཕ་མ་གཉིས་ཀྱིས་བཙན་གྱིས་ཨ་ལགས་བསྟན་ཁོའི་རིག་མར་བྱིན་ཡོད་པ་ཤེས་ནའང་རྒྱ་མཚོ་དང་ཁ་འབྲལ་མི་ཐུབ་པའི་བརྩེ་དུང་ཞིག་ཆགས་ཡོད།    གང་ལྟར་ཀྱང་ངས་ཁོ་ལ་བཅངས་བའི་བརྩེ་དུང་ནམ་ཡང་འགྱུར་བ་མི་སྲིད་ཅེས་རང་ཉིད་ཀྱི་སེམས་ལ་དམ་བཅའ་བརྟན་པོ་བཞག་ཡོད་པ་རེད། ཉིན་འགའི་རྗེས་ནས་སློབ་གྲྭར་དབྱར་གནང་གཏོང་བར་རན་འདུག་ལ་སློབ་གྲོགས་ཚང་མས་དབྱར་གནང་གི་བར་གསེང་འདི་ཅི་ལྟར་རོལ་རྒྱུར་འཆར་གཞི་རེ་འཐེན་གྱིན་འདུག་ལ་ལ་ལས་ཕ་མ་དང་མིང་སྲིང་དག་དྲན་པའི་ཁར་གྲོང་ཁྱེར་གྱི་འདུ་འཛིའི་སུན་སྣང་ལ་ བྲལ་ནས་རེ་ཞིག་རྩྭ་ཐང་གི་ལྷིང་འཇགས་ལྡན་པའི་འཚོ་བ་ལ་ལོངས་སྤྱོད་ཡིད་ཚིམས་པ་ཞིག་བྱེད་པའི་དམིགས་ཡུལ་ཡོད་པ་འདྲ།  རྒྱ་མཚོ་དང་སྒྲོལ་དཀར་གཉིས་སློབ་གྲྭའི་ལྡུམ་རྭའི་གཡས་ཟུར་གྱི་སྡོང་འོག་ཅིག་དུ་གཅིག་གིས་གཅིག་གི་གདོང་ལ་ཅེར་ནས་ཡུན་རིང་འགོར་རྗེས་ཁྱོད་ཀྱིས་དབྱར་གནང་གི་འཚོ་བ་ཇི་ལྟར་སྐྱེལ་རྩིས་ཡོད་ཅེས་བཤད་མ་ཐག་ཁོ་མོ་རྒྱ་མཚོའི་མགྲིན་པར་འཁྱུད་ནས་ང་ཁྱོད་དང་ཁ་འབྲལ་མི་ཐུབ་ཟེར་བཞིན་སྐྱོ་གདུང་ཆེན་པོས་ངུས་བྱུང༌།    རྒྱ་མཚོས་ཀྱང་ཁོ་མོ་བྲང་ལ་སྦྱར་ནས་མིག་ཆུ་རྡོག་ཅིག་མཁུར་མགོ་རྒྱུད་ནས་སར་ལྷུང༌།   “ཁྱོད་མེད་ན་ང་འཚོ་ཐབས་མེད་ལ་ཁྱོད་ཀྱི་དོན་དུ་ང་འཆི་དགོས་ཀྱང་འགྱོད་པ་མེད”ཟེར་ནས་སྒྲོལ་དཀར་ཡུན་རིང་ངུས་བྱུང༌།   “སྙིང་ཉེ་མ་ཁྱོད་ཀྱིས་དེ་ལྟར་མ་གསུངས”ཟེར་བཞིན་ཁོ་མོའི་གནག་ཅིང་མཐུག་པའི་སྐྲ་ལོར་བྱིལ་བྱིལ་བྱེད་བཞིན་འདུག  སྒྲོལ་དཀར་ནི་ནམ་རྒྱུན་སྤྱིར་བཏང་གི་ལྭ་བ་གྱོན་རྒྱུར་དགའ་ཞིང་ལུས་ཅུང་ཟད་ཕྲ་བའི་ཁར་གནག་ཅིང་མཐུག་པའི་སྐྲ་ལོ་རིང་པོ་ཞིག་ཀྱང་ཡོད།    “ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ཅི་ཞིག་ལ་ཁྱོད་ཨ་ལགས་བསྟན་ཁོའི་ཆུང་མར་སྟེར་དགོས་  བྱུང༌།”  རྒྱ་མཚོས་གཟབ་ནན་དང་བཅས་དེ་ལྟར་དྲིས་བྱུང༌།  “དམའ་འབྲིང་སྐབས་སུ་ང་དང་བདུད་འཇོམས་དང་བསོད་བྷོ་སྣབས་ལུག (ཨ་ལགས་བསྟན་ཁོའི་གྲོང་མིང་རེད)     ངེད་གསུམ་སློབ་གྲོགས་ཡིན།  སློབ་མཐར་མ་ཕྱིན་གོང་གི་ཉིན་ཞིག་ལ་བདུད་འཇོམས་ཀྱིས་བསོད་བྷོར་གཅར་རྡུང་བྱས་ནས་བསོད་བྷོའི་སྣབས་མན་མགོར་དྲུད་ནས་བདུད་འཇོམས་ལ་ཞུ་བ་བྱེད་པ་ལས་ཕྱིར་མི་འཐད་པའི་རྣམ་འགྱུར་ཙམ་ཡང་སྟོན་མི་ཐུབ།  ནམ་རྒྱུན་ཁོས་སློབ་གྲོགས་སུ་ཞིག་ལ་རྡུང་རེས་བྱས་ནས་མ་ཐུབ་ཚེ་འདི་ལྟར་ཞུ་བ་བྱེད་སྲིད་ལ་ད་དུང་ཞོགས་ཟས་ཟ་སྐབས་ཅོང་རྡོག་གཉིས་རེ་ཡོད་པའི་གཅིག་ཀྱང་དེ་ལ་བྱིན་ནས་ཁ་ཡག་བཤད་ཀྱིན་འདུག” “འོ་ན་ཁོ་གཉིས་ཀྱིས་ཅི་ཞིག་ལ་རྡུང་རེས་བྱེད་དགོས་སོང༌།” རྒྱ་མཚོས་དེ་ལྟར་དྲིས་རྗེས་ཁོ་མོ་ཅུང་དོག་མི་བདེ་བར་གྱུར་ཞིང་དེ་གཉིས་ཀྱིས་ཁོ་མོར་འཕྲིན་ཡིག་ཅིག་  སྟེར་རྒྱུ་བརྩད་ནས་མ་འགྲིག་པ་དང༌།  མོའི་ཕ་མ་གཉིས་ཀྱིས་ཨ་ལགས་བསྟན་ཁོར་དྲིན་ལན་ (ཨ་ལགས་བསྟན་ཁོའི་སྐུ་གོང་མ་སྒྲོལ་དཀར་གྱི་ཕ་མ་གཉིས་ལ་ཐུགས་འདང་ཆེ་བར་བཤད)འཇལ་ཆེད་ཁོ་མོ་ཁོའི་རིག་མར་བསྟེར་རྒྱུ་བྱས་པ་སོགས་ཀྱི་རྒྱུ་མཚན་དག་བཤད་རྗེས་ནུབ་ཁའི་ཉི་འོད་དེ་ཡང་ དམར་ལམ་ལམ་ངང་འཁར་བར་ཁེན་པའི་རྒན་པོ་ཞིག་དང་འདྲ་བར་ཁོ་གཉིས་ལ་གྱེས་ཕྱག་ འབུལ་བཞིན་ནུབ་སོང༌།
                                                                                 གསུམ།
      དབྱར་གནང་གི་འཚོ་བ་ནི་སློབ་གྲོགས་གཞན་པ་ཚོར་མཚོན་ན་ཡུལ་མི་སྤུན་ཟླ་འཛོམས་པའི་དགའ་བ་དང་ཆུང་འདྲིས་རོགས་ལོར་འཕྲད་པའི་སྤྲོ་བས་ཁེངས་ཤིང་མཆིས་ནའང༌། རྒྱ་མཚོ་ནི་དེ་ལས་ལྡོག་སྟེ་ཁེར་རྐྱང་དང་སུན་སྣང༌། དྲན་གདུང་བཅས་ཀྱི་ངང་ནས་དབྱར་གནང་གི་ཉིན་ཞག་དྲུག་ཅུ་རིམ་བཞིན་ཕར་བསྐྱལ་ཐུབ་ བྱས།  དེ་རིང་ནི་ཁོ་རང་ཕྱིར་སློབ་གྲྭར་ཐོན་པའི་ཉིན་དང་པོ་ཡིན་པས་སྔ་མོ་ནས་འཛིན་བདག་དགེ་རྒན་གྱི་སར་སོང་ནས་ཕྱིར་སློབ་གྲྭར་ཐོན་ཡོད་པའི་མིང་ཐོ་བཀོད་པ་ན་འཛིན་བདག་གིས་ད་དུང་སློབ་གྲོགས་ཉུང་ཤེས་མ་གཏོགས་ཐོན་མེད་པས་ཉིན་གསུམ་ལ་སློབ་ཁྲིད་བྱ་མི་ཐུབ་ཟེར། རྒྱ་མཚོ་ཁེར་རྐྱང་དང་སུན་སྣང་གི་ཀློང་ན་སློབ་གྲྭའི་ལུས་རྩལ་རྭ་བའི་ནང་དུ་ཅི་ཞིག་འཚོལ་བའི་བདག་པོ་ཞིག་དང་འདྲ་བར་མགོ་བོ་དུད་ཅིང་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་འདུག་པས་སློབ་གྲོགས་སུ་ཞིག་གིས་   བལྟས་ཀྱང་ཁོས་སྙིང་གི་དགའ་མ་སྒྲོལ་དཀར་ལ་རེ་ཞིང་སྒུག་པ་ཤེས་ཐུབ།  འདི་ལྟར་གཟའ་འཁོར་གསུམ་ལྷག་འགོར་ཡང་ཁོ་མོ་ད་དུང་སླེབས་རྒྱུ་མ་བྱུང༌།
                                                                                 བཞི།
       སློབ་ཁྲིད་གྲོལ་རྗེས་རྒྱ་མཚོ་དང་གསེར་སྐྱབས་གཉིས་ཀྱིས་རྒྱུན་ལྡན་གྱི་ལོབས་སྲོལ་ལྟར་ཟ་ཁང་ནས་ཟ་མ་ཟོས་རྗེས་ཕྱིར་མལ་ཁང་དུ་ལོག  རྒྱ་མཚོ་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་ནས་ཅི་ཞིག་ལ་བསམ་གཞིག་གཏོང་གྱིན་འདུག གསེར་སྐྱབས་ཀྱིས་སྣ་གླུ་ཞིག་འཐེན་ཞོར་མལ་ཁང་ལ་གཙང་སྦྲ་ཡིད་ཚིམས་པ་ཞིག་བྱས་རྗེས་ལག་དུ་  དཔེ་ཆ་ཞིག་ཐོགས་ནས་མལ་ཁྲིའི་ཟུར་ཞིག་དུ་བསྡད་མ་ཐག་སིལ་སྒྲ་ཞིག་དང་མཉམ་དུ་ཁ་པར་ཐོན་བྱུང༌།  “བེ་་་་རྒྱ་མཚོ་ཨེ་ཡོད་ཁུ”“ཡོད་ཁུ”གསེར་སྐྱབས་ཀྱིས་ཁྱོད་ཀྱི་ཁ་པར་ཟེར་ཞོར་རྒྱ་མཚོའི་ལག་དུ་བཞག    “བེ་་་རྒྱ་མཚོ་ཡིན་ནམ”“ཡིན།”“ཁྱོད་གང་དུ་ཡོད།” ཕར་བལྟས་ན་ཁོའི་ཁ་པར་ཡོངས་མཁན་སུ་ཡིན་པ་ཤེས་བ་འདྲ།  “ང་རླངས་འཁོར་ས་ཚིགས་ན་ཡོད།”  “ཁྱོད་རང་དེར་སྡོད་དང་ང་རང་མྱུར་དུ་ཡོངཟེར་བཞིན་ཁ་པར་གྱི་སྒོ་བརྒྱབ་མ་ཐག་རླངས་འཁོར་ས་ཚིགས་སུ་བརྒྱུགས་སོང༌།   སྒྲོལ་དཀར་གྱིས་འདུག་སྟེགས་སྔོན་པོ་ཞིག་གི་སྟེང་ནས་རྒྱ་མཚོར་བསྒུག་ནས་བསྡད།ཁོ་མོས་རྒྱ་མཚོ་མཐོང་མ་ཐག་སྐྱོ་འཛུམ་ཞིག་དང་བཅས་ཁོའི་ཕྱོགས་སུ་བརྒྱུགསབྱུང༌།  ཁོ་གཉིས་ཕན་ཚུན་ལ་འཁྱུད་ནས་ཅུང་ཙམ་འགོར་རྗེས་སྔོན་ཆད་ཁོ་གཉིས་རྒྱུན་དུ་འགྲོ་སའི་སྤྱི་གླིང་དེར་སོང༌།འཚང་ཁ་ཤིག་ཤིག་གི་མི་ཚོགས་ཁྲོད་རྒྱ་མཚོ་སྒྲོལ་དཀར་གྱི་ ལག་པར་འཇུས་ནས་འགྲོ་བཞིན་འདུག་ཅིང་ཁོ་མོའི་གདོང་ལ་ལྟ་བཞིན་ “ ཉིན་འདི་འགའི་རིང་ལ་ངས་མཚན་མོར་གཉིད་བཅག་དང་ཉིན་དཀར་ཟས་བརྗེད་ཀྱི་ངང་  ནས་ཁྱོད་ལ་བསྒུག་ནའང༌།  ཁྱོད་ཐོན་རྒྱུ་ཕར་ཞོག་ཐ་ན་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག་ཤུ་་་་་”ཟེར་བཞིན་བསྡད། སྒྲོལ་དཀར་ཀྱིས་ངོ་གདོང་རྒྱ་མཚོའི་བྲང་ལ་གླན་ཞིང་མིག་མཐར་མཆི་མ་འཁོར་ནས་མོ་རང་ཅི་ཞིག་ལ་ཕྱིར་སློབ་གྲྭར་ལོག་མ་ཐུབ་པའི་རྒྱུ་མཚན་འཕྲིན་ཡིག་ལ་བཅོལ་ནས་བསྐུར་འདོད་ཀྱང་ཕ་མ་གཉིས་ཀྱིས་ང་ལ་ཁྱོད་ དང་མཉམ་དུ་སྡོད་པའི་གོ་སྐབས་ཞིག་སྟེར་རྒྱུ་ཕར་ཞོག། ཁྱོད་ཀྱི་མིང་ནས་གླེང་བ་  ཙམ་གྱིས་ང་ལ་སྡིགས་དམོད་བྱེད་བཞིན་འདུག ད་དུང་ཕྱིར་སློབ་གྲྭར་མི་གཏོང་བའི་ཁར་ཨ་ལགས་བསྟན་ཁོའི་རིག་མར་བྱིན་ཡོད་ཚུལ་བཤད་པས།ང་དངོས་གནས་སྡོད་ཐབས་མེད་པ་བཟོས་སོང༌།  ངས་ང་སློབ་གྲྭར་འགྲོ་རུ་མ་བཅུག་ན་རང་སྲོག་ གཅོད་རྒྱུ་ཡིན་ཚུལ་སོགས་ལབ་པས་ད་གཟོད་ང་ཁྲིན་ཏུའུ་ལ་སློབ་གྲྭར་བཏང་པ་རེད།  ད་ཐེངས་ཁྱོད་ལ་ཐེངས་གཅིག་ཐུགས་ཐུབ་པ་འདིའང་ངའི་ཨ་ནེ་གྲོང་ཁྱེར་འདིའི་སྨན་ཁང་དུ་བསྟེན་དགོས་བྱུང་བའི་སྟབས་འགྲིག་པ་མིན་ན་ང་ཚེ་གང་བོར་ཁྱོད་ལ་ ཐུགས་མི་ཐུབ་པ་འདྲ་ཟེར་བཞིན་མིག་ནས་མཆི་མ་ཡང་ཡང་འདོན་བཞིན་འདུག “གལ་ཏེ་ཁྱོད་རང་ངོ་མ་ང་དང་ཁ་འབྲལ་མི་འདོད་ན་སློབ་མཐར་ཕྱིན་རྗེས་འུ་གཉིས་ཁོ་ཚོས་མི་ཤེས་པའི་ས་ཆ་ཐག་རིང་ཞིག་ལ་སོང་ནསབསྡད་ཆོག” རྒྱ་མཚོའི་གདོང་ལ་ཕུག་བསམ་དང་ཡིད་ཆེས་ཀྱིས་གང་ནས་དེ་ལྟར་བཤད།ཁོ་མོའི་ཡིད་ཙམ་ཞིག་ལ་ཅི་ཡང་མི་སྨྲ་བར་རྒྱ་མཚོའི་གདོང་ལ་ཅེར་ནས་བསྡད་ཅིང༌། སྤྱིར་ནའང་ཁོ་མོས་རྒྱ་མཚོའི་སྐད་ཆ་དེར་རེ་སྒུག་བྱས་ཡོད་པ་འདྲ། རྒྱ་མཚོས་ཡང་བསྐྱར “ངའི་ཕ་མ་གཉིས་ཀྱིས་འུ་གཉིས་ལ་རྒྱབ་སྐྱོར་མི་བྱེད་ནའང་བར་ཆད་མི་བྱེད་ཁོ་ཐག་ཡིན”ཞེས་བཤད་མ་  ཐག་ཁོ་མོའི་གདོང་ལ་ཡིད་ཆེས་དང་རེ་བའི་འཛུམ་མདངས་ཞིག་ཤར་ནས “ཁྱོད་ཀྱིས་ངོ་མ་བཤད་པ་ཡིན་ནམ། འོན་ཀྱང་ངའི་ཕ་མ་གཉིས་ལ་ཅི་བྱེད”ཟེར་བཞིན་རེ་ཞིག་ཁོ་མོ་སོམ་ཉིའི་དྲ་བར་ཚུད། རྒྱ་མཚོ་ཡིད་ཆེས་དང་རེ་བས་ཁེངས་ཡོད་སྟབས་ སྔར་ལས་ཀྱང་བརྩེ་དུང་གི་ཟབ་ས་ཞིག་ནས་འགྲེང་སྟེ་བསྡད།
                                                                             ལྔ།
      སྒྲོལ་དཀར་ཀྱི་ཨ་ནེ་ཡང་སྨན་ཁང་དུ་ཕྱིར་བུད་དེ་སྨན་པས་བཤད་པ་ལྟར་ཡུལ་ལ་ངལ་གསོ་བྱེད་དུ་བུད་སོང༌།   རྒྱ་མཚོ་དང་སྒྲོལ་དཀར་གཉིས་མེ་འཁོར་འབབ་ཚིགས་སུ་སོང་ནས་འཛིན་བྱང་ཉོས་རྗེས་མེ་འཁོར་གཏོང་བའི་དུས་ཚོད་ལ་ཐོན་རག་བར་བསྒུག་སྟེགས་ཤིག་གི་སྟེང་དུ་བསྡད།  ཕར་བལྟས་ན་ཕན་ཚུན་བློས་ཐོངས་ཀྱིན་མེད་པའི་མིག་མདངས་ཤིག་དང་ལྷན་དུ་གཅིག་གིས་གཅིག་ལ་བྲེལ་འཚུབ་ཀྱི་ངང་ནས་ཁ་བརྡ་ ཅུང་ཙམ་བྱས་མཐར་མེ་འཁོར་གཏོང་བའི་དུས་ཚོད་ཀྱང་གཞི་ནས་སེམས་ཀྱི་ཟབ་ས་ཞིག་དུ་ཚ་བེར་བེར་གྱིས་ལྷུང་སོང༌།  རྒྱ་མཚོས་ཁོ་མོ་བསྐྱལ་ནས་མེ་འཁོར་གྱི་འགྲམ་དུ་འགྲོ་འདོད་ཀྱང༌།འཛིན་བྱང་ལ་ལྟ་བའི་བུ་མོ་དེས  “སྐུ་ཞབས་འཛིན་བྱང་མེད་ན་ནང་དུ་བགྲོད་མི་ཆོག་དོ་ཁུར་གནང་རོགས།  བཀའ་དྲིན་ཆེ།” ཞེས་རྒྱ་སྐད་ཀྱིས་བཤད་བྱུང་བས་རྒྱ་མཚོ་ཡང་དེ་རུ་མི་འདུག་ཐབས་མེད་དུ་གྱུར།  སྒྲོལ་དཀར་གྱིས་གྱེས་ཁའི་ལག་བརྡ་གཏོང་ཞོར་ཕྱིར་མིག་ཡང་ཡང་ལྟ་བཞིན་མེ་འཁོར་ལ་བསྡད་མ་ཐག  མགོ་བོ་སྦྲུལ་དང་འདྲ་བའི་མེ་འཁོར་དེ་ཡང་ཧ་ཅང་ཐང་ཆད་པའི་ཉམས་དང་བཅས་སྨྲེ་ངག་འདོན་ཞོར་ཅུང་འདར་ཙམ་འདར་ཙམ་བྱས་རྗེས་ཡུན་གྱིས་    འགུལ་ཞིང་རིམ་གྱིས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན་ནས་མཐར་གྲོང་ཁྱེར་འདིའི་སྨིག་སྒྱུ་ཇི་བཞིན་མཇུག་མ་ཡང་རབ་རབ་ཙམ་ལས་མི་སྣང་བར་གྱུར།
     ཁྲིན་ཏུའུ་ལ་ཐོན་མ་ཐག་མོ་སློབ་གྲྭའི་ཕྱོགས་སུ་བསྐྱོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་ནས་རྒྱ་མཚོས་ཁོ་མོར་བཅངས་བའི་འགྱུར་བ་མེད་པའི་བརྩེ་དུང་དང་མ་འོངས་བའི་ཕུག་བསམ་ལ་སེམས་པ་གླན་གྱིན་བགྲོད་སྐབས་གློ་བུར་དུ  “མ་འགྲིག་ཐལ” ཞེས་རླངས་འཁོར་ཁ་ལོ་བས་རྒྱ་སྐད་ཀྱིས་འུར་བརྒྱབ་མ་ཐག་རླངས་འཁོར་ལ་མེ་སྐྱོན་ཐེབས་ནས་ལྷོག་ལྷོག་དུ་འཕྱུར་བའི་དུད་སྤྲིན་ནག་པོ་དེ་ཅི་ཞིག་ལ་རྒྱལ་ཁ་ཐོབ་པ་ལྟར་དགུང་ལ་མཆེད་བྱུང༌།
                                                                                དྲུག 
       རྒྱ་མཚོ་ལ་ཡང་ཁོ་གཉིས་ཀྱི་འགྱུར་བ་མེད་པའི་དམ་བཅའ་བརྟན་པོ་དེས་སེམས་ཀྱི་མེ་ཕུང་རེ་ཞིག་གསོས་ཡོད་ནའང༌། དེ་རིང་ཁོའི་སེམས་ལ་འཚུབ་ཆ་ཞིག་དང་སྔངས་སྐྲག་ཅིག་མཉམ་དུ་ཐོན་ནས་གོམ་ཁ་རང་དབང་མེད་པར་དྲ་ཁང་དུ་བསྒྱུར།ཐོག་མར་ཁོའི་གོམ་སྲོལ་ལྟར་བོད་ཡིག་ཟིན་བྲིས་ཀྱི་ཁ་ཕྱེས་ནས་ཟིན་ཐོ་རེ་རེ་བཞིན་རིམ་གྱིས་ཀློག་དུས་གཡས་ཕྱོགས་ཀྱི་དྲ་གྲོགས་དེས་ཅི་འདྲའི་“སྙིང་རྗེ་བ་ལའང”    གསར་འགྱུར་ཞིག་ལ་ལྟ་བཞིན་དེ་ལྟར་བཤད།  རྒྱ་མཚོས་གསར་འགྱུར་དེའི་ཁ་ཕྱེས་པ་ན་ གསར་འགྱུར་གྱི་ནང་དོན ཁ་སང་ཕྱི་དྲོ་ཆུ་ཚོད་༡༤ཡས་མས་སུ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་མེ་སྐྱོན་ཤོར་ནས་མི་དྲུག་ཚེ་ལས་འདས་པ་དང་མི་༡༥   ལྷག་ལ་རྨས་སྐྱོན་ཚབ་ཆེན་ཐེབས་ནས་ད་ལྟ་མྱུར་སྐྱོབ་བྱེད་ཀི་ཡོད་ཚུལ་སོགས་བཀོད་འདུག  རྒྱ་མཚོ་སྔངས་སྐྲག་ཅིག་དང་བཅས་དྲ་ཁང་ནས་ཕྱིར་བུད་ཏེ་མལ་ཁང་དུ་  བསྐྱོད་སྐབས་གསེར་སྐྱབས་ཀྱི་གདོང་མདོག་སྐྱ་བོར་གྱུར་ནས་“ངས་ཁྱོད་ལ་གཏམ་ངན་   ཞིག་ཁྱེར་ཡོང་ཡོད”ཟེར་ནས་སྒྲོལ་དཀར་མེ་སྐྱོན་ཤོར་བའི་སྤྱི་སྤྱོད་རླངས་འཁོར་དུ་ཡོད་པའིགནས་ཚུལ་བཤད་རྗེས་རྒྱ་མཚོས་གོམ་པ་འཁྱར་འཁྱོར་ཞིག་སྤོ་བཞིན་སློབ་གྲྭའི་ མེ་ཏོག་ལྡུམ་རྭའི་ཕྱོགས་སུ་འགྲོ་བཞིན་འདུག་་་་་་་་་
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆག་སྒོ།

2011-04-08 དམེ་སྲས་བསྟན་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།