ཕྱིར་དྲན་ཁྲོད་ཀྱི་འགྱོད་གདུང་།

  སློབ་ཆེན་མཐར་ཕྱིན་ཁའི་བྱ་བའི་དངོས་སྦྱོང་གི་གོ་རིམ་མཇུག་རྫོགས་ནས་སློབ་མ་རྣམས་ཕྱིར་ཡོང་བཞིན་འདུག     ངས་སློབ་དེབ་གཅིག་མཆན་ལ་བཟུང་ནས་སློང་ཁང་གི་ཕྱོགས་སུ་འགྲོ་བཞིན་པའི་དུས་དེར་འཇིག་རྡོ་ཞེས་པའི་སྐད་ཆ་སྙན་མོ་ཞིག་ཐོས་འཛིན་རྣ་བའི་མགྲོན་པོར་སླེབས་བྱུང་།ངས་དེའི་ཕྱོགས་སུ་བལྟས་པ་ན་དེ་ནི་ད་ལོའི་མཐར་ཕྱིན་སློབ་མ་ངའི་ཡུལ་གྲོགས་བསྟན་ཁོ་ཡིན།ཁོས་རྒྱབ་ཏུ་དཔེ་ཁུག་ཆུང་ཆུང་ཞིག་ཁུར་འདུག་ལ།ལག་ཏུ་བོད་ལྗོངས་ཞིབ་འཇུག་ཅེས་བའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་གཅིག་ཀྱང་བཟུང་ཡོད།ཁོས་གདོང་ལ་འཛུམ་ཞིག་མངོན་བཞིན་ང་ལ་དཔེ་ཆར་བལྟ་རུ་འགྲོའམ་ཞེས་དྲིས།ངས་ཁོ་ལ་ཡིན་ཞེས་པའི་ལན་བཏབ།དེ་ནི་ཧ་ཅང་བཟང་བོ་རེད།ཨོ་དེ་རིང་ཕྱི་དྲོ་ཁྱོད་ལ་ཁོམ་པ་ཡོད་དམ་ཞེས་དྲིས་བྱུང་།ངས་ཕྱིར་ཁོ་ལ་དེ་རིང་གཟའ་པ་སངས་ཡིན་ལ?དགོང་ཚོགས་མེད་པས་ཁོམ་ཡོད།ཁོས་ཧ་ཅང་གཟབ་ནན་གྱི་ངང་ནས་ང་ལ་དོན་དག་གལ་ཆེན་ཞིག་ཡོད་པས་ཁྱོད་རང་ངེས་པར་དུ་ཡང་བསྐྱར་ང་ལ་ཐེངས་གཅིག་མཇལ་དགོས་མོད། ད་དུང་ས་གནས་གང་ལ་ཡོང་དགོས་བ་མི་ཤེས་པས།ཐོག་མར་ཁྱོད་ཀྱི་ཁ་པར་ཨང་གྲངས་དེ་བཤད་རོགས་ཟེར།ཁོས་ངའི་ཁ་པར་ཨང་གྲངས་བྲིས་རྗེས་ཉལ་ཁང་ཕྱོགས་སུ་ཕྱིན་སོང་།
             ཕྱི་དྲོ་ངས་ཉལ་ཁང་དུ་ངལ་གསོ་བའི་དུས་དེར་ཁ་པར་སིང་སིང་སིང་གྲགས་བྱུང་།ངས་ཁ་པར་ལ་ཉན་པ་ན་ཡུལ་གྲོགས་བསྟན་ཁོ་རེད།ཁོས་ང་ལ་ཁྱེད་མྱུར་དུ་ནུབ་སྒོར་ཤོག་དང་ངས་གནས་དེ་ནས་ཁྱེད་ལ་སྒུག་ཟེར།ངས་བྱ་བ་ཅི་ཞིག་ཡོད་སྙམ་བཞིན་དེ་མ་ཐག་ནུབ་སྒོའི་ཕྱོགས་སུ་འགྲོ་མགོ་བརྩམས།ཁོས་གནས་དེ་ན་ང་ལསྒུག་ཡོད།ངས་ཁོ་ལ་བྱ་བ་ཅི་ཡོད་ཅེས་དྲིས་པ་ན།ཁོ་འཛུམ་བཞིན་དུ་དེ་རིང་ངེད་གཉིས་ཀྱི་སློབ་ཆེན་འཚོ་བའི་ཆེས་མཐའ་མའི་བསམ་བློ་བརྗེ་རེས་ཐེངས་གཅིག་བྱེད་འདོད་པ་ཡིན་ཟེར་ལ་བླ་བྲང་ནང་མ་ཟེར་བའི་ཆང་ཁང་དེའི་ཕྱོགས་སུ་སོང་།
             སྔོན་ཆད་ང་ལ་གཅིག་ནས་སློབ་སྦྱོང་ལ་བྲེལ་བ་ཆེ་བའི་དབང་གིས་སམ།ཡང་ན་སློབ་མ་གསར་བ་ཡིན་པའི་རྐྱེན་གྱིས་གང་ཡིན་མི་ཤེས་མོད་ནང་མ་ཞེས་བའི་ནང་དུ་སོང་མ་མྱོང་།དེ་རིང་གློག་འོད་ཆེམ་ཆེམ་འཕྲོ་བཞིན་པའི་བླ་བྲང་ནང་མ་ཞེས་པའི་ཡིག་འབྲི་དག་མཐོང་མ་ཐག་ངའི་རྣམ་ཤེས་སྦྲང་ཆུང་འདྲ་བ་དེ་བླ་བྲང་དགོན་པའི་མཁའ་དབྱངས་སུ་ལྡིང་སྐོར་ཐེངས་གཅིག་རྒྱག་དགོས་བྱུང་།སྒོའི་ནང་རོལ་ན་གུས་བའི་ཉམས་དོད་པའི་གཞོན་ནུ་མ་གཉིས་ཀྱིས་སྤྲོ་བའི་འཛུམ་དང་བཅས་ཕྱོགས་བཞིའི་སྐུ་མགྲོན་ལ་རྟེན་འབྲེལ་ཞུ་བཞིན་ཡོད་ལ་ཐོག་མར་མིག་ལམ་དུ་མངོན་པ་ནི་ཁང་བའི་ཕྱོགས་བཞིའི་ལྡེབས་ངོས་སུ་བཀྲ་ཤིས་?ྟགས་བརྒྱད་དང་།མཐུན་པ་སྤུན་བཞི་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་མང་བོ་སྦྱར་ཡོད་པ་དེ་དག་རེད།ཁྲ་ཆུང་མིག་གིས་མཐོང་མ་ཐག་སེམས་ལ་སྨྲ་མི་ཤེས་བའི་སྤྲོ་སྣང་ཞིག་ངང་གིས་ཤར་བྱུང་།འོན་ཀྱང་ཡུལ་གྲོགས་བསྟན་ཁོ་ནི་ནང་མ་ཁང་དང་ཆང་ཁང་སོགས་ལ་སྔ་མོ་ཞིག་ནས་ལོབས་ཡོད་པ་དང་འདྲ་བར་འདུག་གནས་བདེམས་ནས་ཞབས་ཞུ་བ་ཇ་ཕོར་བ་གཉིས་ཁྱེར་ཡོངས་དགོས་བའི་མངག་ཆ་བྱས་བ་ན།ཞབས་ཞུ་བ་ཧ་ལས་བཞིན་སྐུ་ཞབས་དེ་རིང་ཇ་འཐུང་རྒྱུ་ཡིན་ནམ་ཟེར་བ་ན།བསྟན་ཁོ་དོགས་མི་བདེ་བའི་ཚུལ་དུ་མགོ་བོ་བསྒུར་ནས་བསྡད།ཅུང་ཙམ་ཞིག་འགོར་རྗེས་ཞབས་ཞུ་བ་ཞིག་གིས་ཇ་ཕོར་བ་གཉིས་ཁྱེར་ཡོང་ནས་མདུན་ཅོ?་ཐོག་ཏུ་བཞག
           བསྟན་ཁོས་ཇ་ཧུབ་གང་འཐུང་རྗེས།སྤྱིར་ཆང་འཐུང་ན་བཟང་མོད།འོན་ཀྱང་ཝུ་ཆང་གི་བཟི་ཁ་དེས་ངའི་མི་ཚེ་ལ་ཁ་སྐོང་བཞག་སོང་ཟེར་བཞིན་མགོ་བོ་འཕྲེད་དུ་ཐེངས་འགར་གཡུག་ཏེ་བསམ་བློ་གཏོང་བཞིན་འདུག
ངའི་སེམས་པ་ཆང་ཁང་གི་ལྡེབས་རིས་དག་གི་བསླུ་བྲིད་ཐེབས་ནས་བཀྲ་ཤིས་རྟགས་བརྒྱད་དང་མཐུན་པ་སྤུན་བཞི་སོགས་ཀྱི་མཛེས་སྡུག་ལ་ལྡིང་སྐོར་གཅིག་བྱས་རྗེས།ཕྱིར་ཡུལ་གྲོགས་བསྟན་ཁོར་བལྟས་པ་ན་ཁོས་བསམ་བློ་དང་བསམ་བློའི་ཁྲོད་ན་བདེ་སྐྱིད་ཞིག་རོལ་བཞིན་ཡོད།སྐབས་དེར་ངས་ཁོ་ལ་ཡུལ་གྲོགས་བསྟན་ཁོ་བྱ་བ་ཅི་ཡོད་ཅེས་དྲིས་པ་ན།
           ཁོས་ཤུགས་རིང་ཞིག་འབྱིན་བཞིན་ཇ་ཧུབ་གང་འཐུང་རྗེས“མི་ཕྱོགས་ཟེར་ཡང་རང་ཕྱོགས།།མཛོ་སྣ་ལོ་དྲང་ཡང་ཡུལ་ཕྱོགས།།”ཟེར་བཞིན།དེ་རིང་ངས་སློབ་ཆེན་འཚོ་བ་ལ་ཕྱིར་དྲན་ཞིག་བྱ་འདོད་ལ་དེ་ལས་ཁྱོད་ལ་ཡང་ཐོབ་བྱ་ཞིག་ཡོད་འདོད་པ་ཡིན།
           ལོ་ངོ་བཅུ་གཉིས་ཀྱི་དཀའ་སྡུག་གི་འཚོ་བའི་ཁྲོད་ནས་ངས་མི་ཚེ་འདིར་སློབ་ཆེན་འགྲིམས་པའི་སྐལ་བ་ལྡན་སོང་།སློབ་ཆེན་གྱི་སྒོ་ནང་དུ་གོམ་པ་དང་པོ་སྤོ་སྐབས་ངའི་སེམས་ལ་ད་ནི་དཀའ་སྡུག་གི་འཚོ་བའི་མཇུག་རྫོགས་ཏེ་རང་དབང་རང་སྐྱིད་ཀྱི་བདེ་བ་རོལ་དགོས་སྙམ།དེ་བས་སློབ་ཆེན་གྱི་ལོ་ངོ་གསུམ་ནི་ལས་བྱ་འབྲི་མཁན་གླས་མ་ཞིག་དང་མཉམ་དུ་ཆང་ཁང་།རྨི་ལམ་ཁྲོད་ནས་རྫོགས་ཚིག་བཀོད།བཤད་མཚམས་དེར་ཐོན་སྐབས་ཁོ་མགྲིན་བརྣངས་བཞིན་ལག་ཟུང་བྲང་ཁར་སྦྱར་ནས་རེ་ཞིག་ལ་བསམ་བློ་གཏོང་དགོས་སོང་།དེ་ནས་མགོ་ཕྲད་དུ་གཡུག་བཞིན་ཨོལ་ཀོ་ཡང་ཡང་འཐེན།
           ཇ་ཕོར་ཁམ་གང་འཐུང་རྗེས་ཡང་འདི་ལྟར་བཤད་བྱུང་།ཟླ་སྔོན་མར་ང་ཚོ་དངོས་སྦྱོང་དུ་སོང་མོད།ང་ལ་ཅི་ཡང་བཤད་རྒྱུ་དང་འབྲི་རྒྱུ་མེད་པར་ཁོམ་འདུག་ལ།ད་དུང་ཁ་པར་གྲགས་ཐེངས་རེ་ནི་གསབ་རྒྱུགས་ལེན་དུ་ཤོག་ཟེར་བའི་བརྡ་ཐོ་རེད།འདི་ལྟར་ཁོམ་མེད་ཚོར་མེད་ཁྲོད་དངོས་སྦྱོང་མཇུག་རྫོགས་ཡང་།མཐར་ཕྱིན་དཔྱད་རྩོམ་ཟེར་བ་འདི་ཡང་ཇི་ལྟར་འབྲི་དགོས་བ་མ་ཤེས་པར་བོད་ལྗོངས་ཞིབ་འཇུག་སོགས་དཔེ་ཆ་འགའ་མདུན་དུ་བཞག་ནས་དཔེ་ཆ་རེ་ལས་ཤོག་གྲངས་གཅིག་རེ་བྲིས་ཏེ་ཨུ་ཚུགས་ཀྱིས་སྦྲེལ་དུས་འདས་ཟིན་པའི་རྨི་ལམ་དང་།ཆང་ཕོར་ངེད་གཉིས་ཀྱི་གཏམ་རྒྱུད་དེ་ཕྱིར་ལེན་ན་འདོད།བཤད་མཚམས་དེར་ཐོན་དུས་ཞབས་ཞུ་མ་སླེབས་ནས་ཁོ་ཚོས་ངལ་གསོ་བྱེད་དགོས་ཟེར་བས་ངེད་གཉིས་ཡ?་ཕྱིར་ཉལ་ཁང་དུ་ལོག་མགོ་བརྩམས།
         དབེན་ཐང་ཐིང་གི་མཚན་མོ་འདིར་ངེད་གཉིས་མཉམ་དུ་འགྲོ་བཞིན་པའི་དུས་དེར་བསྟན་ཁོས་ང་ལ་ངེད་གཉིས་ཀྱི་ཕ་ཡུལ་ན།ཡུལ་མི་ཚོས་མུག་ནག་གི་གྲུ་ག་ནས་ལྷ་བསང་དང་གསོལ་འདེབས་ཞུ་བཞིན་ང་ཚོར་སྒུག་འདུག་ཟེར།ང་ཚོ་ནི་འུར་ཟིང་གི་གྲོང་ཁྱེར་འདིར་དམ་བུའི་ཁ་གྲངས་བརྩི་བཞིན་ལོ་ངོ་བཞིའི་རྫོགས་ཚིག་འགོད་པར་སྒུག་འདུག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་དྲན་ཁྲོད་ཀྱི་འགྱོད་གདུང་།

2011-03-29 རིག་བྱེད་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།