ཁེ།

འཇམ་དཔལ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-20

    མི་ཞིག་སྤུ་ཉག་ཅིག་གི་དཔེར་བཀོད་ན་དེ་ནི་དགོད་བྲོ་བའམ་འཇིག་རྟེན་གྲགས་ཚོད་ལས་བརྒལ་བ་ཞིག་ཡིན་མོད།དགུན་གྱི་གྲང་ངར་ཁྲོད་འཁྱིལ་འཁོར་བྱེད་པའི་ཁེ་ཡི་ལུག་ཁྱུ་དང་།དེའི་དབུས་ཀྱི་བཙས་མ་ཐག་པའི་ལུ་གུ་དག་ཧམ་གསོད་བྱེད་པར་རྔམ་པའི་ཝ་མོ་ཚོའི་ལུས་ཀྱི་སྤུ་ཉག་རེ་རེ་རླུང་ཁ་ནས་འོད་ཀྱིག་ཀྱིག་ཏུ་གཡོས་ཐེངས་རེར།ལུག་རྫི་ཁེ་ཡི་ཀུ་སྒྲ་ལུག་ཁྱུའི་འབའ་སྐད་དང་འདྲེས་ཏེ་རྩྭ་ཐང་གི་གཞི་རུ་བྲག་ཅར་འཁྱིལ།སྐྱེན་འགྱུར་རྒོད་པའི་མིག་ཟུང་ཕྱོགས་སོ་སོ་ནས་འདུར་ཡོང་བའི་ཝ་མོའི་ཚོགས་ཀྱི་སྐྲ་རྩེ་ན་འཁྱུག་ཅིང་།སེམས་ཀྱི་སྤངས་སྟོད་དུ་ལྡང་བའི་གྲང་རླུང་ཁོལ་མོས་ཁོ་རང་སྙན་ངག་མཁན་གྱིས་བློས་བསླངས་བྱས་འདྲའི་འཇིག་རྟེན་འདི་ནས་མངོན་སུམ་དུ་སྒུལ་བྱུང་།ད་གཟོད་སྒྱུ་མ་མཁན་ནས་འགུལ་བཅས་ཀྱི་མི་འདི་སྤུ་ཉག་ཅིག་གི་གཟུགས་སུ་བཀོད་འདོད་དེ།སྐབས་འདིར་འཇིག་རྟེན་འདིར་ཚུགས་ཐུབ་ཀྱི་སྤུ་ཞིག་མེད་པར།ཐ་ན་ལུག་རྫི་ཁེ་ཡི་ལུས་ཀྱི་བ་སྤུ་དག་ཀྱང་སྙིང་རླུང་དྲག་པོས་གཡོས་ཏེ་རབ་ཏུ་གཟེངས་ཤིང་འགུལ།
    ལུག་རྫི་ཁེ་ཡིས་མེ་མདའ་ཐོགས་ཏེ་གཟས་ཀར་སོང་བ་ཐེངས་དང་པོ་ཡིན་ལ།ཕལ་ཆེར་འཇིག་རྟེན་འདིར་མེ་མདའ་དང་འབྲེལ་འདྲིས་བྱས་པ་ཆེས་ཐོག་མ་ཡིན།དེ་སྔོན་ཁེ་ཡི་ལུག་ཁྱུ་ལོ་རེ་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་གྱིན་པའི་དོན་དངོས་ཀྱི་གནད་དོན་དེ་ཅི་ཡིན་ཞེ་ན།བཙས་མ་ཐག་པའི་ལུ་གུ་རྣམས་ཝས་བསད་པ་དེ་རེད།ཡིན་ནའང་ད་བར་དུ་ཁོའི་ཀླད་པའི་ནང་དུ་ལུ་གུ་ཝའི་ཁ་ནས་ཅི་ལྟར་སྐྱོབས་པ་ལ་མནོ་བསམ་འཁོར་བ་ལས།ལུ་གུར་འཚེ་བའི་ཝ་རྣམས་ཅི་ལྟར་གསོད་པའི་སྐོར་ལ་འདང་རྒྱག་མ་མྱོང་།ཐ་ན་རང་གི་རྒྱུད་དུ་ཝ་གསོད་པའི་ཤེས་རབ་དང་ནུས་རྩལ་ཞིག་ཡོད་མེད་ཀྱང་ཤེས་མེད།ད་ལོ་དགུན་ཟླ་འདིར་བཙས་མ་ཐག་པའི་ལུ་གུ་ཉུ་ཤུ་ལྷག་སྔར་ལྟར་གར་སོང་ཆ་མེད་དུ་གྱུར།དེ་ཡང་གཡོ་ཅན་ཝ་མོ་དག་གི་ཆོ་འཕྲུལ་ཡིན་པ་ཁྱིམ་མི་ཚང་མས་ཤེས་གསལ་ཡིན།ཁ་སང་ཡང་གཟས་ཀ་ནས་གོ་མེད་ཚོར་མེད་ངང་ལུ་གུ་གཉིས་ཝས་བསད།དགོང་མོ་ལུག་ཁྱུ་ལྷས་སུ་བསྐྱིལ་རྗེས།ཕ་ལགས་ཀྱིས་མ་མོ་གཉིས་ཀྱི་ལུ་གུ་མེད་པ་ཤེས་པ་མིན་ཚེ།ཁེ་ཡིས་ཚོར་རྟོགས་ཙམ་ཡང་མ་བྱུང་།ཕ་ལགས་ཁོང་ཁྲོ་རབ་ཏུ་འབར་ཏེ་སྐད་ལོག་བྱེད་ཞོར།སང་ཉིན་ནས་བཟུང་གཟས་ཀ་རུ་མེ་མདའ་ཁྱེར།ཝ་མོར་ལུ་གུ་གཅིག་ཀྱང་གསོད་དུ་འཇུག་མི་ཆོག གལ་ཏེ་ལུ་གུ་གཅིག་ཝས་བསད་ན།དེའི་སྐྱིན་ཚབ་ཏུ་ཝ་གཅིག་གསོད་དགོས་ཞེས་བཙན་གྱིས་སྐུལ་བས།དེ་རིང་ཉིན་གང་བོར་ཁེ་ཡིས་མེ་མདའ་ཁུར་ཏེ་ལུག་ཁྱུ་ཕྱོགས་གང་དུ་འཁོར་ན་དེའི་ཕྱོགས་སུ་འདུར།ཝ་ཞིག་ལུག་ཁྱུ་དང་ཐག་ཉེ་སར་བཅར་བ་ཙམ་གྱིས་མདེའུ་གཅིག་གིས་རྩ་བརླག་གཏོང་བར་སྟོང་བསམ་ཆེན་པོ་བཅངས།
     ཕྱི་དྲོ་གྲང་རླུང་ཅུང་འཇགས་ཤིང་ཉི་ཟེར་འཇམ་པོ་ཞིག་རྩྭ་ཐང་གི་གཞི་རུ་ལྷོད་ཀྱིས་འཕྲོས།སྐབས་དེར་ཁེ་ཡིས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་བར་སྣང་དུ་བལྟས་ཚེ།བྱ་རྒོད་ཅིག་གིས་མཁའ་དབྱིངས་ནས་ལྡིང་སྐོར་བྱེད།གཤོག་འགྱུར་གྱིས་བསྐྱོད་པའི་བར་སྣང་ནི་གཡའ་དག་ཅིང་དྲི་དང་བྲལ་བས།ཁེ་ནི་འཇིག་རྟེན་འདིའི་ཆེས་དྭངས་གཙང་གི་ཉི་འོད་འོག་འཚར་ལོངས་བྱུང་བའི་རྩྭ་ཐང་གི་རྫི་བོ་ཆུང་ཆུང་ཞིག་ཡིན་པར་དྲན་སྐུལ་བྱེད་པ་དང་དབྱེར་མ་མཆིས།ཁེ་ལ་མཚོན་ན་འཆར་ཡན་གྱི་སྣང་བ་ཅི་ཡང་སྟེར་མི་ཐུབ།རྒྱུན་ལྡན་ལྟར་ན་བྱ་རྒོད་འཁོར་བ་ནི་ཝ་མོས་ལུ་གུ་བསད་པའི་ལྟས་ངན་གྱི་རྟགས་ཡིན་པས།ཁེ་འཚབ་འཚུབ་ངང་ལུག་ཁྱུའི་མཐའ་རུ་ཕར་རྒྱུགས་ཚུར་རྒྱུགས་བྱས་ཀྱང་ལུ་གུ་གསོད་མཁན་གྱི་ཝ་མོ་མཐོང་རྒྱུ་མེད་ལ་ལུ་གུ་ཞིག་གི་རོ་ཡང་མེད་མོད།ཁེ་ཡིས་ཝས་ལུ་གུ་ཞིག་གི་སྲོག་བརླག་ཟིན་པར་སྔོན་དཔག་བྱས་ཏེ་མིག་མཐར་མཆི་མ་དབང་མེད་དུ་འཁྱིལ།ཕ་ལགས་ཀྱི་བཙན་སྐུལ་དང་ཝས་བསད་པར་འདོད་པའི་ལུ་གུ་གང་ཡིད་ལ་ཤར་བའི་མོད།ཅི་བྱེད་འདི་བྱེད་མེད་པར་ཝ་མོས་བསླངས་པའི་འགྱོད་སྣང་དང་ཕངས་སེམས་དྲག་པོ་དེ་བར་སྣང་གི་བྱ་རྒོད་ཀྱི་སྟེང་དུ་བབས།རྒྱབ་ཀྱི་མེ་མདའ་བླངས་ནས་ནང་དུ་མདེའུ་གཅིག་དེད་དེ་འཁྱར་མ་འཁྱོར་གྱིས་བོའུ་ཁ་གནམ་ལ་གཏད།སྐབས་དེར་ཁོའི་མིག་ནང་གི་བྱ་རྒོད་དེ་སྐད་ཅིག་ཉིད་ལ་ཡལ་བར་གྱུར་ཏེ་ནམ་མཁའ་ཧྲིལ་བོ་མིག་ནང་དུ་སྐྱ་ཐང་ངེར་གྱུར།ཁེ་ཡིས་དེ་འདི་མེད་པར་མེ་མདའི་འཕར་ཁ་ནས་བསྣན་མ་ཐག་ལྟས་དབང་གིས་མདེའུ་བྱ་རྒོད་ལ་ཕོག་པས།བྱ་རྒོད་མཁའ་དབྱིངས་ནས་འགྲིལ་ལོག་ཅིག་བྱས་ཏེ་སྐར་མདའ་ཞིག་ལྟར་མར་ལྷུང་།བྱ་རྒོད་ཀྱི་བེམ་པོས་ན་སྐུང་ནང་གཉིད་ཡུར་བའི་ལུ་གུ་ཞིག་ལ་བརྡབས་པས།ལུ་གུ་དེ་མ་ཐག་གླེབས་ནས་བསད།ཁེ་རེ་ཞིག་ཧད་དེ་ལུས་ཤིང་ཕ་ལགས་ཀྱིས་གནང་བའི་མེ་མདའ་དེ་དབྱུ་གུ་ཞིག་དང་འདྲ་བར་ལག་ནས་ཤོར་ཏེ་སར་ལྷུང་།
     རེ་ཞིག་འགོར་རྗེས།ཁེ་སྐྱི་གཡའ་བའི་བསམ་གཞིགས་ལས་ཕྱིར་བུད་དེ་ནུབ་ཕྱོགས་སུ་བལྟས་པའི་མོད།ཉི་མ་ནི་ནུབ་རིའི་རྩེ་རུ་ཐོགས་པའི་གསེར་གྱི་ཀུ་ཤུ་ཞིག་དང་འདྲ་བར་ཕྱོགས་སོ་སོར་འཕྲོ་འགྱེད་བྱེད་པའི་འོད་ཀྱི་ཟེར་མ་དག་རིམ་བཞིན་འཁྱགས་ཀྱིས་བཟུང་བའི་བལ་སྐུད་ཇི་བཞིན་བར་སྣང་ནས་ཧྲིག་ཧྲིག་ཏུ་འཐོར་ཡོང་།ཐག་རིང་གི་གནམ་སའི་མཚམས་སུ་མི་ཞིག་དྲངས་པོར་འགྲེང་འདུག རིམ་གྱིས་མུན་མག་གི་ཁྲོད་ཟད་པར་
གྱུར་ཏེ། ད་ནི་སྒྱུ་མ་མཁན་གྱི་མིག་ཏུ་སྤུ་ཉག་ཅིག་ལྟར་ཇེ་ཕྲ་ནས་ཇེ་ཕྲ་རུ་གྱུར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེ།

2011-03-20 འཇམ་དཔལ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།