སློབ་ཁྲིད་གསར་བ།

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-29

  ཅོང་བརྡ་སྙན་མོ་ཞིག་གིས་དགེ་རྒན་དང་སློབ་མའི་བྲེལ་འཚུབ་འཇགས་སེར་བཏང་སོང་།ད་ནི་རྩྭ་ལྗང་གི་གྱོན་པ་མནབས་པའི་གྲུ་བཞི་གླིང་བཞི་ཡི་སློབ་ར་འདི།མཐའ་ཁ་ན་སྐྱེས་ཡོད་པའི་སྡོང་ཕྲུག་ཐར་ཐོར་དག་གི་མིག་ལམ་དུ་བག་ཕེབས་ཀྱི་ཉམས་ཀྱིས་སྟོང་འཇགས་སེར་འདུག སྣང་ཚུལ་འདི་ནི་རི་མོ་བ་ཞིག་གི་པིར་རྩེ་ནས་ད་སོ་མར་བྲིས་པའི་ཁོད་ཡངས་ཀྱི་སྐྱེད་ཚལ་ཆུང་ཆུང་ཞིག་དང་མཚུངས། སློབ་རའི་ནང་ན་ཐར་ཐོར་དུ་རྒྱུ་བའི་སློབ་མ་དང་དགེ་རྒན་དག་ནགས་གསེང་ལ་ཞོགས་སོང་བའི་ལུག་ཁྱུ་ཞིག་ལྟར། ཅོང་བརྡ་གྲགས་ནས་ཅུང་མ་འགོར་བར་མཐོང་ལམ་སྐད་ཅིག་ཙམ་གྱི་ནང་ལ་མི་སྣང་བར་གྱུར་སོང་།ད་ནི་སློབ་གྲྭའི་ར་སྐོར་ནང་ན་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག སློབ་རའི་དཀྱིལ་དུ་ཀྲོང་ངེར་འགྲེང་ནས་ཡོད་པ་ནི་མགོ་ལ་སྐར་ལྔའི་དར་དམར་བཏགས་པའི་ལྕགས་སྦུག་ཕྲ་མོ་དེ་རེད།སློབ་ཁྲིད་ཀྱི་ཅོང་བརྡ་བརྒྱབས་པ་དང་ལྷན་དུ་སློབ་རའི་ནང་ལ་རླུང་བུ་ཡངས་མོ་ཞིག་དལ་བུར་ལྡང་སོང་།འདི་ནི་སློབ་ར་འདིའི་ལྷིང་འཇགས་ལ་སུ་ཞིག་གིས་རེ་སྒུག་གི་མཐོང་སྣེ་ནས་རོལ་མྱོང་བྱེད་པ་དང་འདྲ།ལྷིང་འཇགས་ཀྱི་གོ་སྐབས་འདི་དང་རླུང་བུ་འདི་ལྡང་ཐེངས་ལ་བསྟུན་ཏེ་སློབ་རའི་དཀྱིལ་གྱི་སྐར་ལྔའི་དར་དམར་ནི་དལ་བ་དལ་བུར་ལྷབ་ལྷུབ་ཀྱིས་བསྐྱོད་ཀྱིན་འདུག   དགེ་རྒན་དོན་ཡོད་ཀྱིས་གཞུང་སྒྲུབ་ཁང་གི་ནང་ནས།ད་སོ་མར་མིག་མང་དེད་དེ་བླངས་པའི་སྒོར་རྡོག་འགའ་མགོ་སྒུར་ནས་ཐང་ཆད་པའི་ངང་རྩིས་ཙམ་བྱས་ཏེ་གློ་ཁུག་ནང་ལ་བཅུག་པ་དང་།གང་ནས་ཡོང་བ་མི་ཤེས་པའི་དབུགས་རིང་ཞིག་དལ་བུར་བརྔུབས་རྗེས་སྣང་བ་ཡངས་མོའི་སྒོས་དཔེ་དེབ་ཅིག་མཆན་དུ་བཙིར་ནས་སློབ་ཁང་གི་ཕྱོགས་སུ་ཆས་སོང་།
   དགེ་རྒན་དོན་ཡོད་ནི་རྫོང་གི་ལས་བྱེད་པ་ཞིག་གི་བུ་ཡིན།ཁོ་སློབ་ཆེན་མཐར་ཕྱིན་རྗེས་བྱ་བ་མ་རེག་པར་ལོ་གཉིས་འགོར་སོང་།ཡིན་ནའང་།ཁོའི་ཨ་ཕ་ཡར་རྒྱུགས་མར་རྒྱུགས་བྱས་ནས་དཔོན་པོ་དག་ལ་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་ངང་རྒྱུ་མང་པོ་བརྫངས་པའི་མཐར་ཁོ་རང་ལ་མཐོ་འབྲིང་གི་སློབ་གྲྭ་འདིའི་དགེ་རྒན་གྱི་ལས་གནས་ཐོབ་པ་ཡིན།ཁོའི་ཆེད་ལས་བོད་ཡིག་མིན་ནའང་ཁོ་རང་སློབ་གྲྭ་འདིར་ཡོང་ནས་བོད་ཡིག་གི་དགེ་རྒན་བྱ་དགོས་བྱུང་།ཁོ་རང་གསེར་གྱི་ཕོར་བ་ལྟ་བུའི་བྱ་བ་ཟེར་བ་དེ་རྙེད་སོང་བར་དགའ་ནས་ཡོད་པས།ཆེད་ལས་ཟེར་བའི་ཐ་སྙད་འདིའི་ཕྱོགས་ལ་བསམ་གཞིགས་དང་དོ་སྣང་ཅི་ཡང་བྱེད་ཀྱིན་མེད།སློབ་གྲྭ་འདིའི་འགོ་མཇུག་བར་གསུམ་ལ་དོ་དམ་བྱེད་པའི་སློབ་གཙོ་དང་མགོ་ཁྲིད་དག་གིས་ཀྱང་ཆེད་ལས་ནི་སློབ་གསོའི་ལག་ལེན་ཁྲོད་ན་དགོས་མེད་ཀྱི་ལམ་བུ་ཞིག་ཏུ་འཁྲུལ་ཡོད་པས།ཁོ་ལ་མཚོན་ན་དེ་ནི་བསམ་གཞིག་ལྷག་མ་ཞིག་ལས་མ་འདས།སློབ་གྲྭ་འདིའི་ནང་དུ་བོད་ཡིག་དགེ་རྒན་ནི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་ཀྱིན་པའི་རིམ་པ་དང་པོའི་སྲོག་ཆགས་དག་ལྟར་ཉུང་ཉུང་ཞིག་མ་གཏོགས་མེད།དེའི་རྐྱེན་གྱིས། སློབ་མ་ཚོས་ཐེངས་འགར་དགེ་རྒན་དོན་ཡོད་ཀྱི་བོད་ཡིག་སློབ་ཁྲིད་ཐད་ལ་བསམ་འཆར་བཤད་ནས་བརྗེ་དགོས་ཞེས་བཤད་ནའང་།རེ་འདོད་འདི་སློབ་གྲྭས་ཀྱང་བསྐང་མ་བྱུང་། ད་ནི་དགེ་རྒན་དོན་ཡོད་ཀྱིས་མི་བྱེད་ཐུ་མེད་ཀྱི་ཨུ་ཚིགས་ཤིག་གིས་བོད་ཡིག་གི་སློབ་ཁྲིད་ཕྲག་ཏུ་བླངས་ནས་ཡོད།སློབ་མ་ཚོ་ཡང་གཙང་བོ་བཞིན་སྐམས་སོང་བའི་སྐྱ་ཐིང་ཐིང་གི་རེ་འདོད་དེའི་སྡུག་སྣང་གི་འོག་ན་ཁ་རོག་གེར་སློབ་ཁྲིད་ལ་ཞུགས་ནས་བསྡད་འདུག
  ཕར་བལྟས་ཚོད་ཀྱིས་དགེ་རྒན་དོན་ཡོད་ཀྱི་གོམ་ཁ་ནི་སུན་སྣང་གི་ལྗིད་ཤུགས་ཤིག་གིས་དམ་དུ་བཏགས་ཡོད་པ་དང་ཧ་ཅང་མཚུངས། གོམ་པ་རེ་རེ་སྤོ་ཐེངས་རེར་ཉི་འོད་འཇམ་པོ་ཡི་ཕག་ལ་ཡིབ་པའི་སུན་སྣང་རིགས་ཤིག་གིས་ཁོའི་སྤྲིན་ནག་འཁྲིགས་འདྲའི་སེམས་ཁམས་ཀྱི་འགྱུར་བ་ལ་རབ་ཏུ་གཙེས་ཀྱིན་པ་འདྲ།ཁོའི་གོམ་འགྲོས་སོང་གིན་སོང་གིན། ཇེ་དལ་དུ་འགྲོ་བའི་སྣང་བ་ཞིག་འགོག་མེད་དུ་བྱིན་ཡོང་།ཁོས་ཞོགས་པ་འདིའི་མཁའ་དབུགས་བསིལ་མོ་དང་།ཉི་འོད་འཇམ་པོ། ཁོར་ཡུག་གི་འཇགས་སྣང་དྲོན་མོ་ཡི་པང་ན་བང་བང་དུ་གྲགས་པའི་འབའ་འབུའི་སྐད་སྒྲ་སོགས་ལ་སྣང་འཇོག་ཅི་ཡང་མ་བྱས། ཁོས་དགེ་གྲོགས་གཞན་པ་དག་ལྟར་ཕྱོགས་བཞིར་ལག་པ་བརྐྱངས་ཏེ་དབུགས་རིང་ཞིག་ཀྱང་མ་རྔུབས་པར།ཕམ་ཉེས་བྱུང་བའི་ཚོང་བ་ཞིག་ལྟར་ཁང་མིག་གྲུ་བཞི་དག་གི་གྲུ་ག་བརྒྱུད་ནས་སློབ་ཁང་གི་ཕྱོགས་ལ་བུད་སོང་།
  འོད་ཀྱི་ཐུག་ལེ་རེ་རེ་ཁོར་ཡུག་འདིའི་རྩྭ་ཕྲན་དང་ལྗོན་ཤིང་གི་གསེབ་ལ་བབས་ནས་སྔར་ལས་ལྷག་པའི་བཀྲག་མདངས་ཤིག་སྦྱིན་གྱིན་པ་འདིས། དགེ་རྒན་དོན་ཡོད་ཀྱི་སུན་སྣང་ཁུར་བའི་སེམས་ཁམས་ཀྱི་འགྲུལ་བཞུད་འདི་ལ་འཁང་ར་དང་ལེ་བདའ་ཅི་ཡང་བྱེད་ཀྱིན་མེད་པ་འདྲ།
  སྒོ་སམ་གྱི་སྟེང་དུ་ས་སྨྱུག་གི་རྡུལ་མང་པོ་ཞིག་ཆགས་འདུག སློབ་ཁང་འདིའི་ནང་ལའང་ས་སྨྱུག་གི་རྡུལ་ལྟ་བུའི་སུན་སྣང་ཞིག་རིམ་གྱིས་ཆགས་ཀྱིན་འདུག སློབ་མ་ཞིག་གིས་སློབ་ཁྲིད་འདིའི་སྔོན་བརྡ་ལྟར་སྒོ་སམ་ངོས་ཕར་འབྱིད་ཚུར་འབྱིད་འགའ་བྱས་སོང་བས།ད་ནི་སྒོ་སམ་ནི་འདམ་འབག་གིས་ཕུར་ནས་ཡོད་པའི་ངོ་གདོང་ཞིག་དང་ཨ་ན་མ་ན་རེད།དེ་ནི་ལས་རེས་པས་དགེ་རྒན་དོན་ཡོད་ཀྱི་སློབ་ཁྲིད་ཡིན་པ་ཤེས་བཞིན་དུ་གཙང་མ་ཞིག་མ་ཕྱིས་པ་ཡིན་པ་ཁོ་ཐག་ཡིན།ཞོགས་པའི་ཉི་ཟེར་འཇམ་པོ་དལ་ལྷོད་ལྷོད་ངང་སྒེའུ་ཁུང་བརྒྱུད་ནས་འཕྲོས་ཡོད་པ་ནི་གཉིད་ཀྱིས་བཅིངས་པའི་རྣམ་རིག་རབ་རིབ་དག་གསལ་བར་བྱེད་པའི་སྣང་ཚུལ་ཞིག་རེད། སྒེའུ་ཁུང་གི་འགྲམ་ངོས་ན་སྡོང་བོའི་ཡལ་ཀ་ལྟར་བརྐྱངས་ནས་ཡོད་པའི་དྲ་མིག་དག་ནི་སློབ་སྦྱོང་བཟང་བོ་བྱེད་པའི་ཆེད་དུ་མཁའ་དབུགས་དྭངས་མོ་ཞིག་འདོན་སྤྲོད་བྱེད་པ་དང་གཉིས་སུ་མ་མཆིས།ཡིན་ནའང་།སློབ་ཁང་འདིའི་ནང་ན་གང་ནས་ཡོང་བ་མི་ཤེས་པའི་སུན་སྣང་ཞིག་གིས་སློབ་མ་ཚོར་རིམ་གྱིས་ཉོབ་མདངས་ཤིག་སྟེར་གྱིན་འདུག ད་ནི་སློབ་ཁང་འདིའི་ནང་ལ་འགོག་མེད་ཀྱི་སུན་སྣང་ཞིག་གིས་ཁྲིད་ཡོང་བའི་ཉམ་ཐག་གི་ངོ་གདོང་དག་གིས་གང་ནས་ཉི་ཟེར་གྱི་འཇམ་ཤ་ཡང་གཞི་ནས་ཡལ་འདུག་པ་དང་མཚུངས།
མི་གྲངས་ལྔ་བཅུའི་བདག་པོ་ཅན་གྱི་འཛིན་གྲྭ་འདི་ནི་མཐོ་འབྲིང་གཉིས་པའི་འཛིན་གྲྭ་དང་པོ་ཡིན། ཁོ་ཚོ་ནི་ཆེས་ཐོག་མར་དགེ་རྒན་དོན་ཡོད་བརྗེ་སྤོར་བྱེད་དགོས་ཞེས་སློབ་གྲྭར་བསམ་འཆར་བཏོན་པའི་འཛིན་གྲྭ་དེའང་ཡིན།
གཡུལ་ནས་ཕམ་པའི་དམག་མི་དག་དང་མཚུངས་པའི་སློབ་མ་དག་གིས་རང་རང་ནི་འདུག་གནས་དག་ན། ཕམ་ཉེས་ཀྱི་བསམ་གཞིག་ཅིག་ཐུར་དུ་དཔྱངས་པའི་སྡུག་མདོག་གི་ངོ་གདོང་ལ་དྲུད་ནས་བསྡད་འདུག དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ། སློབ་གྲོགས་རེ་འགའ་སུན་སྣང་གི་བར་གསེབ་ནས་གཉིད་ཀྱི་པང་ལ་ལོག་གིན་འདུག དབྱར་དུས་ཀྱི་གནམ་གཤིས་ལྟ་བུའི་སློབ་མ་ཚོའི་སེམས་ཁམས་ལ་སུན་སྣང་གིས་འཇབ་རྒོལ་ཐེབས་ཡོད། ད་ལྟ་སློབ་ཁང་ཕྱི་རོལ་གྱི་སྣང་བརྙན་མཛེས་པོ་འདི་དང་སློབ་མ་ཚོའི་སྣང་བ་ལ་རི་བོའི་ཕ་རོལ་ལྟ་བུའི་བར་ཐག་ཅིག་བྱུང་འདུག
  ཁོད་ཡངས་པའི་སློབ་རའི་ནང་ལ་སློབ་ཁང་དག་གི་སྒེའུ་ཁུང་བརྒྱུད་ནས་༼དགེ་རྒན་བཟང་༽ཞེས་པའི་ཚིག་འབྲུ་དག་གཅིག་རྗེས་གཉིས་མཐུད་དུ་མཐོ་དམའ་མི་སྙོམས་པའི་གདངས་དབྱངས་ཤིག་ལྟར་མཆེད་བྱུང་།
     ༼དགེ་རྒན་བཟང་།༽
  དགེ་རྒན་དོན་ཡོད་སློབ་ཁང་ནང་དུ་ཐོན་མ་ཐག་སློབ་གྲོགས་རེ་འགའ་ཡར་ལ་ལངས་པ་དང་།སློབ་གྲོགས་རེ་འགས་མགོ་བོ་སྒུར་ཏེ་ཅོག་ཙེའི་ནང་ནས་བོད་ཡིག་དཔེ་ཆ་ལེན་ཞོར་དང་།འགའ་ཤས་ཀྱིས་གླལ་སྒྱིང་ཞིག་དང་ལྷན་དུ་ཡར་ལངས་ནས་དེ་ལྟར་ཟེར།ད་དུང་།ཁ་ཤས་ཀྱིས་ལངས་པའམ་ཙོག་པར་བསྡད་ནས་༼དགེ་རྒན་མི་བཟང་དང་།དགེ་རྒན་དོན་མེད་བཟང་།༽ཞེས་ཞེ་རྩ་འཁྱག་པའི་སྡུག་སྐད་ཅིག་ཕན་ཚུན་གྱི་ཕག་ནས་ཤབ་ཤུབ་ངང་བཏོན་ནས་དོ་སྣང་མི་བྱེད་པའི་སློབ་ཁང་གི་གྲུ་གསེབ་གང་རུང་ལ་ཚེ་ཐར་དུ་བཏང་སོང་།
      ༼ཙོག༽ཅེས་བཤད་རྗེས།དགེ་རྒན་དོན་ཡོད་ཀྱིས་ཁྲིད་སྟེགས་སྟེང་གི་ལག་ཕྱི་བཟུང་ནས་རང་གི་མདུན་ཅོག་དང་སྒོ་སམ་ངོས་ཡང་ཡང་ཕྱིས།དེ་དང་བསྟུན་ནས་ཁོའི་སྨུག་པ་ལྟ་བུའི་རིག་པ་མག་མོག་དེ་གཅིག་ཏུ་སྒྲིམ་ཞིང་།སེམས་ཀྱི་རྩིགས་ངོས་ཟིན་པའི་ཡིད་བརྙན་དག་ཀྱང་སྒོ་སམ་ངོས་ཀྱི་གསལ་ལ་མི་གསལ་བའི་ཡིག་འབྲུ་དག་ལྟར་དལ་བུར་བསུབས་སོང་།ཡིན་ནའང་།སློབ་མ་རྣམས་ཀྱི་ཕྱོགས་བཞིར་གཡེང་བའི་རྣམ་རིག་གི་སྒོ་མོ་ངལ་དུབ་ཀྱིས་སློག་གིན་པའི་དཔེ་ཆའི་བར་གསེབ་དག་ལ་དལ་བུར་གཏད་འདུག་པ་ཤེས་ཐུབ། ཁོ་ལ་སྣང་ཚུལ་འདི་ལས་༼ལས་དབང་རེད་༽ཟེར་བའི་ཐ་སྙད་འདི་གསུམ་གྱི་པང་ལ་ཤོང་བའི་སེམས་ཁམས་ཤིག་ལས་ཅི་ཡང་མ་ཐོབ། གང་ལྟར་ཀྱང་། ཁོས་སློབ་ཁང་ཧྲིལ་བོར་མིག་ཉུལ་ཞིག་བྱས་རྗེས་ལག་ཏུ་བཟུང་བའི་བསླབ་དེབ་གཅིག་པུ་ཁྲིད་སྟེགས་སྟེང་དུ་བཞག་སྟེ་སློབ་ཁྲིད་གསར་བ་ཁྲིད་འགོ་མརྩམས་སོང་།
            སློབ་ཁྲིད་ནི་སློབ་མ་ཚོར་མཚོན་ན་དགོས་འདོད་ཀྱི་ཤེས་བྱ་གང་ཞིག་ལེན་སའི་འབྱུང་ཁུངས་ལྟ་བུ་ཡིན་མོད། སློབ་ཁང་འདིའི་ནང་གི་སློབ་མ་ཚོར་མཚོན་ན་སློབ་ཁྲིད་ནི་རང་གི་འཚོ་གནས་ཁྲོད་ཀྱི་ཆེས་ཕལ་བར་གྱུར་བའི་ཟ་མ་ཟ་བ་དང་སྐྱག་པ་གཏོང་བ་ལྟ་བུའི་རྒྱུན་ལྡན་གྱི་ལས་གནས་ཤིག་ལ་རྩིས་བཞག ཁོ་ཚོ་ཞུགས་ཀྱིན་པའི་སློབ་ཁྲིད་མང་ཆེ་བའི་སྐབས་སུ་གསར་བ་ཞེས་པའི་མིང་ཚིག་དེ་རྒྱུན་སྤྱོད་དུ་གྱུར་ཡོད། དོན་གྱིས་བརྟག་ཡོང་ན་ནི་སློབ་མ་ཚོའི་སྣང་ངོ་ཀུན་ན་སློབ་ཁྲིད་དང་གསར་བའི་བར་ལ་འབྲེལ་བ་ཆེར་མེད། དེ་བས། ཁོ་ཚོས་གསར་བ་ཞེས་པའི་མིང་ཚིག་དེ་ལ་དོན་མཐུན་གྱི་རྣམ་འགྱུར་ཅི་ཡང་འཛིན་གྱིན་མེད་ལ། ཁོ་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་བའི་གསར་བའི་རྣམ་པ་དག་ཀྱང་།ངོ་མས་བཤད་ན་རྙིང་བས་ཤན་པའི་གཟུགས་ཅན་འབའ་ཞིག་ཡིན།
            ཁོ་ཚོར་ད་ལྟ་ཡང་ཐང་ཆད་པའི་སྐབས་སུ་གཉིད་ལ་རོལ་བ་ལྟ་བུའི་ཁུན་སྤྱོད་ཀྱི་སྣང་ཚུལ་ཙམ་ལས་སྦྲ་སྒོ་བཀྱགས་འདྲའི་སློབ་ཁྲིད་གསར་བའི་སྒོ་མོ་ལ་ལུས་ངག་ཡིད་གསུམ་གྱི་བསུ་མའི་སྟ་གོན་ཅི་ཡང་མི་འདུག
           དགེ་རྒན་དོན་ཡོད་ཀྱིས་རྐང་སྣེ་གཉིས་ཀྱིས་ཐུང་ལ་རྒྱགས་པའི་ལུས་པོ་ཡར་ལ་བཀྱགས་ཙམ་བྱས་ཏེ་སྒོ་སམ་གྱི་གོང་དཀྱིལ་དུ་༼སློབ་ཚན་བཅུ་གསུམ་པ། ལང་ཚོའི་རྦབ་ཆུ། ༽ཡིག་འབྲུ་འདི་དག་གསེག་ནས་བྲིས་སོང་།
            དགེ་རྒན་དོན་ཡོད་ཀྱིས་༼དེ་རིང་གི་སློབ་ཁྲིད་གསར་བ་ནི་སློབ་ཚན་བཅུ་གསུམ་པ་ལང་ཚོའི་རྦབ་ཆུ་ཟེར་བ་དེ་རེད།རྒྱུགས་ཀྱི་ནང་དུ་སློབ་ཚན་འདིའི་ནང་ནས་བཞག་ཡོད་པ་ཉུང་ཉུང་རེད།ལང་ཚོའི་རྦབ་ཆུ་ཞེས་པའི་རང་མོས་སྙན་ངག་འདི་བོད་ཀྱི་རང་མོས་སྙན་ངག་གི་ཐོག་མ་དང་རྩོམ་པ་པོ་དོན་འགྲུབ་རྒྱལ་ཡིན་པ་ཤེས་སོང་ན་ཆོག་གི༽ཅེས་རྒྱུས་ཡོད་དང་གོམས་ལོབས་ཀྱི་རྣམ་པས་བཤད།འདི་ནི་ཆང་གི་མཆོད་ཁ་ལྟ་བུའི་སློབ་ཁྲིད་གསར་བ་འདིའི་གཏམ་གྱི་འགོ་མ་ཡིན། དེ་ལས་ཀྱང་དགོངས་པ་ཆེར་བསྐྱེད་ཀྱིས་རྟོགས་དགོས་པ་ནི་དབུགས་ཐག་གཅིག་ལ་བརྒྱུས་པའི་སློབ་ཁྲིད་འདིའི་སློབ་ཚན་དང་བཅས་པའི་བརྗོད་བྱའི་སྙིང་བོ་དེའང་ཡིན།འདི་ནི་དགེ་རྒན་དོན་ཡོད་ཀྱིས་དུས་རྒྱུན་སློབ་ཁྲིད་བྱེད་སྐབས་ཀྱི་གོ་རིམ་ཞིག་ཡིན།
སྐབས་འདི་ལ་སློབ་མ་ཚོས་ཀྱང་གོ་རིམ་ཞིག་ལྟར་གཅིག་རྗེས་གཉིས་མཐུད་དུ་དཔེ་ཆ་སློག་གིན་འདུག ཤོག་གྲངས་བརྒྱ་དང་བརྒྱད་ཀྱི་ངོས་ཀྱི་དུས་རྒྱུན་སློབ་གྲྭའི་རྩེད་རིགས་སོགས་བྱ་འགུལ་གྱི་སྐབས་སུ་གླུ་བརྒྱ་མགྲིན་གཅིག་ཏུ་གྱུར་ཞིང་།རྣ་བའི་བུ་ག་ལ་གོམ་ལོབས་སུ་སོང་ཡོད་པའི་༼ལང་ཚོའི་རྦབ་ཆུ་༽ཟེར་བའི་སྙན་ངག་དེ་ཀློག་གིན་འདུག སྨུག་རྒྱུ་ལྟ་བུའི་ཉོབ་མདངས་ཁྲོད་ཀྱི་སེམས་པ་དག་ལ་༼ལང་ཚོའི་རྦབ་ཆུ༽འི་ནང་གི་ཀྱེ་ཀྱེ་དང་ཀྭ་ཡེ།ཨེ་མ་སོགས་ངག་ལ་གྱེར་བའི་དབུགས་རྒྱུ་དེ་མེད་པ་འདྲ།སློབ་མ་ཚོ་ཁ་རོག་གེར་འདུག་སྟངས་འདིས་སྣང་ཚུལ་འདི་དང་དུ་བླངས་འདུག
དེ་དང་མཐུད་ནས་ཁོས་རྩོམ་པ་པོའི་ལོ་རྒྱུས་སམ་འཁྲུངས་ལོ་དང་བརྩམས་ཆོས་ཀྱི་མཚམས་སྦྱོར་ཐུང་ངུ་ཞིག་དཔེ་ཆའི་བར་ནས་ཤོག་བུ་ལེབ་མོ་གཅིག་བླངས་ནས་དེ་ལ་བལྟས་ནས་སྒོ་སམ་སྟེང་དུ་བྲིས་སོང་།འདི་ནི་སློབ་ཁྲིད་ཀྱི་གོ་རིམ་གཉིས་པ་རེད། ཡང་གཅིག་བཤད་ན་ཆེས་མཇུག་གི་གོ་རིམ་དེའང་རེད། བྲིས་ཚར་རྗེས་ས་སྨྱུག་བཟུང་བའི་ལག་པ་གཡས་པའི་རྒྱབ་ཀྱིས་གཉེར་རིས་ཐར་ཐོར་གྱིས་བཀང་བའི་ཡ་ཐོད་འབྱིད་ཙམ་བྱས་སོང་།
ཁོའི་གདོང་གི་མིག་ཟུང་སྐར་ཆེན་འདྲ་བ་དེ་ནི་རྡུལ་གྱིས་མ་གོས་པའི་དྭངས་གཙང་གི་མེ་ལོང་ཞིག་ལྟར་གསལ་རིག་གི་བདག་པོ་ཞིག་ཡིན་ནའང་། ཏུའུ་གྲངས་མེད་པའི་མིག་ཤེལ་ཞིག་ཐུར་དུ་གཟར་བའི་རི་ཆེན་ལྟ་བུའི་སྣ་གདོང་གི་ཐོང་ཀར་ཐད་དུ་བཞག་ཡོད་པ་འདིས། ཁོའི་དྲགས་ཉམས་ཀྱི་བཞིན་རིས་ནི་ཞུ་དུལ་གྱི་ཆ་ཞིག་ཏུ་བསྒྱུར་འདུག
ཁོས་ངལ་དུབ་ཀྱིས་ཁེངས་པའི་སློབ་མ་ཚོའི་ངོ་གདོང་ལ་མིག་ཞགས་འཕེན་ཞོར། ཐང་ཆད་པའི་ཉམས་ཤིག་གིས་སྒོ་སམ་སྟེང་གི་མཚམས་སྦྱོར་ཐུང་ངུ་དེ་འགྲེལ་བའི་ཚུལ་གྱིས་ཐེངས་གཅིག་བཀླགས་སོང་།
དེ་དང་མཐུད་ནས་ཁོས་སློབ་མ་ཚོར་སློབ་ཚན་འདི་།འགོ་ནས་མཇུག་ཐེངས་གཅིག་ལ་གྱེར་དུ་བཅུག་བྱུང་།༼སྔོ་ཞིང་བསངས་བའི་ནམ་མཁའ། དྲོ་ཞིང་འཇམ་པའི་ཉི་འོད། ་་་་་་་་་་་་་་   ་་་་་་་་་༽ཞེས་གྱེར་བ་ན། སློབ་མ་ཚོའི་སྐད་སྒྲ་ནི་ལྷུང་ལྷུང་དུ་འབབ་པའི་རྦབ་ཆུ་ལྟར་ལྷང་ལྷང་དུ་གྲགས་བྱུང་།༼ལང་ཚོའི་རྦབ་ཆུ་༽ནི་གྱེར་འདོན་སྙན་ངག་ཅུང་རིང་གྲས་ཤིག་ཡིན་པས། སློབ་མ་ཚོའི་ངག་གི་རྒྱུན་ཐག་གིས་མ་ཐེག་པ་ལྟར་༼རྦབ་ཆུ་ཡ། རྦབ་ཆུ། ༽ཞེས་གྱེར་ཚར་ལ་ཉེ་སྐབས། ངག་གི་གཏིང་ལ་ཟུག་པའི་ངར་ཤུགས་ནི་གར་སོང་ཆ་མེད་དུ་གྱུར་འདུག་ཅིང་། ཉམ་ཐག་གི་སྐད་སྒྲ་དེ་ཡིས་དགེ་རྒན་དོན་ཡོད་ཀྱང་ཉོབ་མདངས་ཤིག་དང་འགྲོགས་ནས་བཟི་རུ་བཅུག་སོང་།ད་ནི་ཁོའི་སེམས་པའང་་གཉིད་ཁ་མའི་བག་ཕེབས་དེ་ལྟར་སོས་དལ་ངང་ཕྱོགས་བཞིར་འཁྱམས་འདུག སྐབས་ཐོག་འདིར། ༼ལང་ཚོའི་རྦབ་ཆུ༽འི་བྲང་ཁོག་ན་འཕྱོ་བའི་རླབས་སྒྲ་དེ་དང་དགེ་རྒན་དོན་ཡོད་དང་སློབ་མ་ཚོའི་སེམས་ཚོར་གྱི་སྟོབས་ཤུགས་དེ་ནི་ཅི་འདྲའི་ཆ་ཁ་ཡ་རྡིབ་ཅིག་ཡིན་ཨང་།
ཕྱི་རོལ་གྱི་ཁོར་ཡུག་ནི་འཇམ་མཉེན་གྱི་ཉི་མའི་ལག་ཟུང་གིས་བྱིལ་བྱིལ་བྱེད་པའི་རྣམ་རིག་དོད་པོའི་བྱིས་པ་ཞིག་དང་མཚུངས་བར་གསལ་ལྷང་ངེར་མཐོང་ཡོང་།སློབ་རའི་སྣང་ཚུལ་འདིས་མི་རྣམས་ཀྱི་ཡིད་ལ་༼ལང་ཚོའི་རྦབ་ཆུ༽འི་ནང་གི་སྔོ་ཞིང་བསངས་བའི་ནམ་མཁའ། དྲོ་ཞིང་འཇམ་པའི་ཉི་འོད་ཅེས་པའི་སྣང་བརྙན་དངོས་མ་དེ་ནི་འདི་ལྟ་བུ་ཞིག་མིན་ནམ་སྙམ་དུ་འཇུག་སྲིད།
གྱེར་ཚར་རྗེས་དགེ་རྒན་དོན་ཡོད་ཀྱིས་སློབ་ཚན་འདི་མཇུག་བསྡུ་བའི་ཚུལ་གྱིས་༼དེ་ན་སློབ་ཚན་འདི་འདི་ཙམ་གྱིས་ཆོག་ནི་བྱ།དེ་ན་ང་ཚོས་སློབ་ཚན་གསར་བ་སྟེ་སློབ་ཚན་བཅུ་བཞི་བ་བོད་ཀྱི་མི་རྒྱུད་ཇི་ལྟར་བྱུང་ཚུལ་ཞེས་པ་ཁྲིད།༽ཅེས་བཤད་སོང་།
སྐར་མ་ཞེ་ལྔ་ཡོད་པའི་སློབ་ཁྲིད་ཧྲིལ་བོའི་སུམ་ཆའི་གཅིག་གི་དུས་ཚོད་ཀྱི་ནང་དུ་སློབ་ཚན་གཅིག་བསླབ་ཚར་ཟིན། སློབ་མ་ཚོ་ནི་འཕྲུལ་ཆས་ཤིག་དང་མཚུངས་བར། སློབ་ཚན་ལྔ་དྲུག་ཚམ་སློབ་ཁྲིད་གཅིག་གི་ནང་དུ་དབུགས་ཐག་གཅིག་གིས་ཁྲིད་ཚར་བར་བྱས་ཀྱང་།སྣོད་དུ་ཤོང་མི་ཤོང་བའི་ཐད་ལ་གྲགས་འགུལ་ཅི་ཡང་མེད། དེ་བས། ད་ནི་དགེ་རྒན་དོན་ཡོད་ཀྱིས་བཟུང་ནས་ཤུལ་དུ་ལུས་པའི་དུས་ཚོད་དག་ཕར་ལ་སྐྱེལ་དགོས་བྱུང་།
         སློབ་ཁང་གི་སྒེའུ་ཁུང་ཕྱེ་ནས་ཡོད་པས་ཕྱི་རོལ་ནས་རླུང་བུ་བསིལ་མོ་དག་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་ཁང་ནང་དུ་ལྡང་ཡོང་།སློབ་ཁང་འདི་ནས་ཁ་རོག་གེར་དགེ་རྒན་གྱི་སྐད་སྒྲ་གཅིག་པུ་ཡང་དང་བསྐྱར་དུ་རླུང་གི་རྒྱུ་ཕྱོགས་ཀྱིས་སློབ་ཁང་ཕྱི་རོལ་གྱི་གསོམ་སྡོང་དང་རྩྭ་ཕྲན་དག་གི་གསེབ་ལ་འཁུར་གྱིན་འདུག་ཅིང་།སློབ་ཁང་རྒྱབ་ངོས་ཀྱི་སྒོ་སམ་སྟེང་གི་སློབ་གྲོགས་ཚོའི་ཕུགས་བསམ་བསྐོར་གྱི་རྩོམ་ཡིག་བྲིས་པའི་ཤོག་བུ་དག་ཧྲག་ཧྲག་ཏུ་འགུལ་ཙམ་འགུལ་ཙམ་བྱེད་ཀྱིན་འདུག
        སློབ་ཁང་ནང་དུ་དགེ་རྒན་དོན་ཡོད་ཀྱི་སྐད་སྒྲ་མ་གཏོགས་ཁུ་སིམ་མེར་འདུག མཇུག་ས་ཨ་ཆེན་ཟེར་བའི་ཚོ་སྟུག་ཅིག་གིས་དཔེ་ཆ་སྔས་མགོ་བྱས་ནས་གཉིད་ནས་ཡོད་ཅིང་།བར་མཚམས་ཕྱེ་ཡོད་པའི་ཤོག་ངོས་ན་༼འདི་ནི་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་སེམས་ན་འབབ་པའི་ལང་ཚོའི་རྦབ་ཆུ་རེད།་་་་་་་་་་་་་་་་༽ཚིག་འབྲི་འདི་དག་ཁ་ཆུས་བརླན་པར་བྱས་ནས་ཡི་གེ་རེ་རེའི་ཚིགས་ཀ་ཡང་འཁྱོག་པོར་གྱུར་འདུག
དགེ་རྒན་དོན་ཡོད་ཀྱིས་མུ་མཐུད་དུ་༼ཤོག་གྲངས་བརྒྱ་དང་བཅུ་བཞིའི་ངོས་ལ་ལྟོས་༽ཞེས་བཤད་ནའང་།གྲལ་མཇུག་གི་སློབ་གྲོགས་མང་ཆེ་བ་གཉིད་ནས་ཡོད།ཁོས་མཐོང་ཡོད་ནའང་མ་མཐོང་ཁུལ་གྱིས་སྐྱོ་སྣང་ཞིག་ཁོག་ལ་སྦུས་ཤིང་ཅི་ཡང་མ་བཤད་པར་གྲལ་མགོ་ན་ཉན་གྱིན་པའི་སློབ་མ་དག་ལ་བལྟས་ནས་ཁྲིད་འགོ་བརྩམས་སོང་།
          ཁོ་གྲལ་ཤར་གཡས་གཡོན་གཉིས་ཀྱི་བར་ནས་ཕར་འགྲོ་ཚུར་འགྲོ་བྱེད་ཞོར་བསླབ་དེབ་ཀྱི་ངོས་ལ་བལྟས་ནས་སློབ་ཚན་དེ་འགྲེལ་བའི་རྣམ་པ་ཞིག་གིས་མགོ་ནས་མཇུག་བར་ཐེངས་གཅིག་བཏོན་སོང་།ཁོའི་ངལ་དུབ་ཀྱིས་ཁེངས་པའི་ངོ་གདོང་ལ་རྔུལ་ཆུ་ཙུང་ཙམ་རེ་འཛུམ་ནས་ཡོད་པས་སྣུམ་ཤིག་ཤིག་ཏུ་མངོན་ཡོང་།ཁོས་ཡང་བསྐྱར་ས་སྨྱུག་གི་རྡུལ་གྱིས་དཀར་པོར་བཏང་ཡོད་པའི་ལག་པ་གཡས་པའི་རྒྱབ་ཀྱིས་ཡ་ཐོད་འབྱིད་ཙམ་བྱས་སོང་།
         དགེ་རྒན་དོན་ཡོད་ཀྱི་སློབ་ཁྲིད་ཡོད་ཚད་ཀྱི་ནང་དུ་མང་ཆེ་བ་ནི་དགེ་སློབ་བར་ལ་དྲི་བ་འདོན་པ་དང་དྲིས་ལན་འདེབས་པའི་མཉམ་འབྲེལ་གྱི་རྣམ་པ་མེད་པ་དག་དག་ཡིན་པས།སྐར་མ་ཞེ་ལྔ་ཡོད་པའི་སློབ་ཁྲིད་ཧྲིལ་བོ་ནི་དགེ་རྒན་དོན་ཡོད་ཀྱི་ཁ་ལྕེ་ཁོ་ན་ལ་དབང་བའི་གར་སྟེགས་ཤིག་ཡིན།དེ་རིང་ཡང་དེ་ལས་མ་འདས་པར་སློབ་ཁྲིད་ཀྱི་སྐབས་སུ་སློབ་གྲོགས་དག་ཁ་རོག་གེར་དགེ་རྒན་དོན་ཡོད་ཀྱི་ཅི་བཤད་ལ་ཉན་ནས་བསྡད་ཡོད།གལ་ཏེ་སླབ་ཁྲིད་འདི་བརྙན་ཕབ་བྱས་ནས་བལྟས་ཚེ་ཅི་འདྲའི་ལྷིང་འཇགས་ཤིག་ཡིན་ཨང་།
བཏོན་ཚར་རྗེས་ཏག་ཏག་ཕྱི་རོལ་གྱི་རླུང་བུ་འཁྱགས་པོ་ཞིག་སློབ་ཁང་གི་ནང་ལ་ལྡང་སོང་བས་དགེ་རྒན་དོན་ཡོད་ཀྱི་ངལ་དུབ་ཀྱི་ངོ་གདོང་ལ་རླུང་གཡབ་ཅིག་གཡུགས་སོང་བའི་སྣང་བ་ཡིས་ཁྱབ་སོང་།དེ་དུས།རླུང་བུ་དེ་འཁྱགས་དྲགས་པས་ཡིན་ནམ་ཁོས་སློབ་ཁྲིད་ཀྱི་སྤྱི་ཁོག་བསླབས་ཚར་བའམ་བཏོན་ཚར་བས་ཡིན།གང་ལྟར།གྲལ་མཇུག་གི་སློབ་གྲོགས་རེ་འགའ་ཡང་གཉིད་ལས་སད་ཅིང་སྒེའུ་ཁུང་ཕྱི་རོལ་ལ་མིག་ཉུལ་རེ་བྱས་རྗེས་དགེ་རྒན་དོན་ཡོད་ཀྱི་ངལ་དུབ་དང་ཆད་སྣང་གི་གདོང་ལ་ཅེར་ནས་བསྡད་འདུག
      གྱང་འགྲམ་གྱི་གྲལ་བར་ན་ཡོད་པའི་སློབ་གྲོགས་དཔའ་ལོག་ཏུ་འབོད་པའི་གཟུགས་པོ་རིང་རྒྱུ་མེད་ལ་ལུས་པོའི་ཐད་ཞེང་ཆེ་བའི་གསར་བུ་སྣང་མཐོ་དེས།རང་གི་ལག་པ་གཉིས་ཀྱི་སྟེང་ལ་བཞག་ཡོད་པའི་མགོ་བོ་ཡར་བཀྱགས་བྱུང་།ད་ནི་ཁོ་གཉིད་ལས་སད་བྱུང་།ཁོས་སྒོ་སམ་ཀླད་དུ་བཏགས་ཡོད་པའི་དུས་ཚོད་དེ་ལ་རེ་སྒུག་གི་མིག་ཟུང་ཐང་ཆད་པའི་ཉམས་ཀྱིས་འཕངས་སོང་།
     ༼ཨ་བ་ཨ་མ།དེ་རིང་གི་སློབ་ཁྲིད་འདི་གྲོལ་རྒྱུ་མེད་ནོ་ཅི་རེད།༽ཁོས་སུན་སྣང་གིས་སྐད་དམའ་མོའི་ངང་མགོ་བོ་འདུག་གྲོགས་ཕྱོགས་ལ་འཁོར་ནས་དེ་ལྟར་སྡུག་སྨྲེ་བཏོན། འདུག་གྲོགས་ཀྱིས་ཨ་ལན་ཅི་ཡང་མ་བྱིན་པས་ཁོས་མགོ་བོ་སྒུར་ནས་ལག་འཁྱེར་ཁ་པར་ལས་རོལ་རྩེད་ཅིག་རྩེད་འགོ་བརྩམས་སོང་།
དགེ་རྒན་དོན་ཡོད་ཁྲིད་སྟེགས་ཀྱི་སྟེང་ནས་མར་བབས།ཐང་ཆད་པའི་ངང་གྲལ་མགོའི་ཅོག་ཙེ་དང་པོའི་སྣེ་ལ་འཕོངས་མགོ་བཞག་ནས་བསྡད་དེ་༼སློབ་ཚན་འདིའི་ནང་དུ་རྟགས་རྒྱག་རྒྱུ་འགའ་ཡོད་པས། ཚང་མས་ངས་བཤད་པ་ལྟར་རྟགས་རྒྱོབ། ཤོག་གྲངས་གན་གྱི་ཐིག་ཕྲེང་གན་ནས་གན་གྱི་བར།ཤོག་གྲངས་འདིའི་ཐིག་ཕྲང་འདི་ནས་འདི་ཡི་བར་༽ཞེས་རྒྱུས་ཡོད་པའི་ངང་ནས་ནན་ཏན་གྱིས་སློབ་མ་ཚོར་སློབ་ཚན་གྱི་ནང་ནས་རྟགས་རྒྱགས་སུ་བཅུག
         ཁོས་༼རྟགས་རྒྱག་ཏུ་བཅུག་པ་དག་ངེས་པར་དུ་བློར་འཛིན་དགོས།མང་ཤོས་རྒྱུགས་ཀྱི་ནང་ན་ཡོད་ནི་རེད།༽ཅེས་ཚིག་ཐག་ཆོད་པའི་སྐད་ཆ་འདི་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་བཤད་སོང་།དེ་དུས།སློབ་གྲོགས་ཚོ་ཡང་གཅིག་གཉིས་རེ་མ་གཏོགས་སད་འདུགཅིང་།ཅི་ཞིག་ཤེས་སོང་དང་གང་ཞིག་ཐོས་སོང་གི་རྣམ་འགྱུར་གྱིས་ཁོ་ཚོས་ཞན་སྨྱུག་དང་ལྕགས་སྨྱུག་ལག་ཏུ་བཟུང་ནས་བསླབ་དེབ་ཀྱི་ངོས་ལ་རྟགས་རྒྱགས་བཞིན་འདུག
༼ཧྲག་ཧྲག ཧྲག་ཧྲག༽
སློབ་མ་ཚོས་དགེ་རྒན་དོན་ཡོད་ཀྱི་ཅི་བཤད་ལ་ཉན་ནས་ཤོག་གྲངས་ཕར་སློག་ཚུར་སློག་བྱེད་པའི་སྒྲ་ཡིས་སློབ་ཁང་འདིའི་ཁུ་སིམ་སྒུལ་བར་བྱས་སོང་།
ཕྱི་རོལ་གྱི་ནམ་མཁའ་ནི་གཡའ་དག་ཅིང་ཉི་འོད་ལམ་ལམ་དུ་འཕྲོ་བཞིན་ཡོད་ཅིང་།སློབ་རའི་ར་བསྐོར་གྱི་གྱང་ངོས་ན་༼སློབ་སྦྱོང་བཟང་བོ་བྱས་ནས།།ཉིན་རེར་ཡར་ཐོན་ཡོང་དགོས།།༽ཞེས་པའི་ཚིག་འབྲི་དེ་སློབ་ཁང་དག་གི་ཁ་གཏད་ལ་འཁོར་ནས་གསལ་ལྷང་ངེར་ཡོད་པ་ནི་ཉི་འོད་འཕྲོ་བའི་འོག་ཏུ་སློབ་མ་ཚོར་གསོན་ཤུགས་ཤིག་སྦྱིན་པའི་སྣང་བ་ཞིག་གིས་གསལ་ལེར་ཁྱབ་འདུག
ད་དུང་སློབ་ཐུན་གྲོལ་བར་སྐར་མ་བཅུ་ཡོད་ནའང་།དགེ་རྒན་དོན་ཡོད་ཀྱིས་སྒེའུ་ཁུང་གི་སྟེགས་བུ་ལ་ཁེན་ནས་དུ་བ་རྐང་གཅིག་ལ་མེ་བསྒྲོན་ཞིང་།སློབ་ཁྲིད་མཇུག་རྫོགས་སོང་བའི་ངལ་དུབ་དག་སེལ་བར་དུ་རྐང་དེ་ཧུབ་ཀྱིས་བརྔུབས་ཤིང་།སྒེའུ་ཁུང་ཕྱི་རོལ་གྱི་ཁ་གཏད་ན་དགེ་གྲོགས་སྐོར་ཞིག་གིས་ཉི་མར་ལྡེ་ཞོར་གླེང་མོལ་སྣ་ཚོགས་བྱེད་པའི་ཉམས་འགྱུར་ལ་བལྟས་ནས་བསྡད།ཕྱི་རོལ་གྱི་ལྷིང་འཇགས་དང་སོས་དལ་བག་ཕེབས་ཀྱིས་ཁོ་རང་གི་སློབ་ཁྲིད་གཅིག་གི་ངལ་བ་ཡང་སེལ་སོང་།ད་ལྟ་ཁོས་ཐ་མག་ཀྱང་བརྔུབས་ཚར་བས། དུ་སྣེ་ནི་ངལ་དུབ་དང་ལྷན་དུ་སྒེའུ་ཁུང་ཕྱི་རོལ་ལ་འཕངས་རྗེས་༼དགེ་རྒན་ལ་དོན་དག་ཅིག་ཡོད་པས་བུད་འགྲོ།ཁྱོད་ཚོས་སློབ་ཐུན་གྲོལ་རག་བར་འུར་མི་རྒྱགས་པར་སློབ་སྦྱོང་བྱོས།འུར་རྒྱགས་ནི་ཡོད་ན་སྐྱོར་དཔོན་གྱིས་མིང་ཕྲིས་ཏེ་ང་ཡོད་སར་ཁྱེར་ཤོག༽ཅེས་བསླབ་དེབ་གཅིག་པུ་མཆན་ལ་བཙིར་ནས་ནག་འཚུབ་བེར་བུད་སོང་།
སློབ་ཁང་ནི་ཁུ་སིམ་མེར་ཡོད་པ་ནས་རིམ་གྱིས་སློབ་གྲོགས་ཚོའི་ཁ་བརྡ་ཡིས་ལྷིང་འཇགས་དག་དལ་བུར་སྒུལ་སོང་།གྲལ་མཇུག་གི་སློབ་གྲོགས་སྐོར་ཞིག་སླར་ཡང་མགོ་བོ་ཅོག་ཙེའི་སྟེང་དུ་བཞག་ནས་གཉིད་འགོ་བརྩམས་སོང་།ད་ལྟ་གྲལ་མགོ་ཡི་སློབ་གྲོགས་རེ་འགའ་ཡིས་སྐར་མ་བཅུ་བོ་བེད་སྤྱད་ནས་ལས་བྱ་འབྲི་བཞིན་འདུག
སློབ་ཁང་གི་ཕྱི་རོལ་ནི་སྔར་བཞིན་འོད་གསལ་ལེར་ཡོད་།རླུང་བུ་ནི་སྐབས་འགར་སློབ་ཁང་གི་སློབ་མ་ཚོའི་ཚོར་བ་ཡིས་མ་ཟིན་པའི་བར་སྣང་ཆུང་ཆུང་ཞིག་ལ་ལྡང་ཡོང་ཞིང་།སྐབས་འགར་དལ་བུར་ལྡང་ནས་སློབ་རའི་སྡོང་བོ་དག་གི་ལོ་མ་སྒུལ་གྱིན་འདུག
                                ༢༠༡༢ ༠༨ ༡༠རྩེ་ཁོག་ནས་བྲིས།
                                         ༢༠༡༢ ༡༢ ༡༠ཟི་ལིང་ནས་བཅོས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཁྲིད་གསར་བ།

2012-12-29 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།