རི་བསང་གཏོང་བ།

  ངའི་མིང་ལ་སྦྱིན་པ་རྒྱ་མཚོ་ཟེར་ཞིང་ང་གྲྭ་བ་བྱས་ནས་ལོ་གསུམ་ཙམ་འགོར་རྗེས་ཀྱི་དབྱར་གཞུང་ཞིག་ལ་ཨ་ཁུའི་གསུང་བཀོལ་བཞིན་ཕྱིར་ཕ་ཡུལ་དུ་སོང་ནས་ཕ་མ་གཉེན་མི་ཡོངས་ལ་བསྐོར་ཞིག་བརྒྱབ་པ་ཡིན། དེ་དུས་ ངེད་ཚང་གི་ཁྱིམ་མཚེས་ཚེ་ལོས་ང་ལ་བཤད་རྒྱུར་སང་ཉིན་ངེད་ཚང་གི་རུ་རྫོང་ཐོག་ཏུ་སྤོར་རྒྱུ་ཡིན་པས་ཨ་ཁུ་དང་ཁྱོད་གཉིས་རྫོང་དུ་ཡོང་ན་ངེས་པར་ཏུ་ངེད་ཚང་ལ་ཡོང་དགོས་ཟེར། ངས་ཨ་ཀ་ཚེ་ལོ་རྫོང་ཐོག་ཟེར་བ་གང་ན་ ཡོད། དེ་ཅིའི་ཕྱིར་འགྲོ་རྒྱུ་ཡིན་ཞེས་དྲིས་བ་ན། ཁོས་ང་ལ་རྗེས་ཕྱོགས་ཨ་ཁུ་དང་ཁྱོད་གཉིས་ཡོང་ན་ཤེས་ནི་རེད། ཨ་ ཀ་ས་དེར་སོང་ནས་པདྨ་སྐྱབས་སློབ་གྲྭར་འཇོགས་དགོས་ཟེར། སྐབས་དེར་ངའི་སེམས་སུ་རྫོང་ཐོག་ཟེར་བ་ནི་ག་ འདྲ་ཞིག་ཡིན་ནམ། དེ་ནི་ཨ་ཁུས་རྒྱུན་ཏུ་གསུང་བའི་ཤམ་པ་ལ་ཞེས་པ་དེ་ཡིན་ནམ་མིན་སྙམ་པའི་དོགས་པ་ཞིག་ སྐྱེས་བྱུང་ལ་མ་འོངས་པ་ན་རང་ཉིད་ཀྱང་རྫོང་ཐོག་ཏུ་ངེས་པར་འགྲོ་དགོས་བསམ།
  ལོ་ཟླ་ནི་ཤང་ཤང་འབབ་པའི་ཆུ་བོ་བཞིན་མདུན་ནས་མདུན་དུ་བཞུར་བས་མི་ལོ་བཅུ་ཕྲག་གཅིག་གཉིས་ཙམ་ནི་སྐད་གཅིག་ཙམ་ལ་འདས། ང་ཕ་མ་གཉིས་ཀྱི་གམ་ཏུ་སོང་ཐེངས་རེ་རེར་ཨ་ཀ་ཚེ་ལོ་ཚང་གི་བུ་པདྨ་སྐྱབས་སློབ་ གྲྭ་ག་གེ་མོ་ཞིག་ཏུ་འགྲོ་བཞིན་ཡོད་ལ་ཁོའི་སློབ་སྦྱོང་གི་འབྲས་བུ་བཟང་ཚུལ་གྱི་ཁ་བརྡ་ལུང་བ་གང་རེ་བྱས་ཡོང་། ང་རང་རྗོང་མཁར་དུ་སོང་ཐེངས་རེ་རེར་པདྨ་སྐྱབས་ལ་ཐུག་འདོད་ཀྱི་འདུན་པ་ལྡོག་མེད་ཞིག་ཡོད་རྐྱེན། ཨ་ཀ་ཚེ་ ལོ་ཚང་ལ་ཐེངས་ཁ་ཤས་འགྲོ་མྱོང་ཡང་ཁོ་སློབ་གྲྭར་བུད་སོང་བ་སོགས་བྱ་བ་སྣ་ཚོགས་ཀྱི་དབང་གིས་ཐེངས་ གཅིག་ཙམ་ལ་ཡང་ཐུག་མ་ཐུབ།
ཉིན་དེའི་ཞོགས་པར་ང་མལ་ལས་ལངས་ཏེ་ཁ་ལག་བཀྲུ་བཞིན་པའི་སྐབས་ཁ་པར་གྱི་འབོད་བརྡ་སིང་སིང་ གྲགས་བྱུང་། ཁ་ངོ་བཀྲུ་འཚམས་བཞག་ནས་ཁ་པར་རྣ་བར་གླན་མ་ཐག ཨ་རོ། ཨ་ཁུ་སྦྱིན་པ་ཡིན་ནམ།  ང་ཚེ་ལོ་ ཡིན། འོ་རེ་རེ་ངའི་ཤེས་གི། ང་སྦྱིན་པ་ཡིན། ཁྱོད་བྱ་བ་ཅི་ཞིག་ཡོད། ངེད་ཚང་གི་པདྨ་སྐྱབས་སློབ་མཐར་ཕྱིན་ལ་ཉེ་ བས་ཨ་ལགས་རིན་པོ་ཆེ་ཚང་ལ་ལུང་བསྟན་ཞིག་ཞུས་བ་ཡིན། ཁོང་ཚང་གི་ཁོའི་སྐྱེས་ལྷའི་མགོ་ནས་བསང་མཆོད་ ཞིག་བྱེད་དགོས་གསུང་བྱུང་། དེ་བས་དེ་རིང་ངེད་གཉིས་དེ་རི་བསང་ཞིག་གཏོང་བར་ཡོང་འདོད། ཁྱོད་ནང་ན་ཡོད་ དམ།  འོ་ཁྱོད་གཉིས་ཤོག་དང་ང་ནང་ནས་བསྡད་ཆོག  ཡ་ཡ་དེ་ན་བདེ་མོ་བྱོས།
  པདྨ་སྐྱབས་ཀྱི་སྐྱེས་ལྷ་འདི་ཞིག་ན་ཡོད་དམ། དེ་རིང་ཁོ་རིག་ཐུབ་རྒྱུ་རེད། ནང་ལ་གད་དར་ཞིག་བྱེད་དགོས་ རྒྱུ་རེད། ཨ་ཀ་ཚེ་ལོ་མི་བཟང་ཞིག་ཡིན་པ་མ་ཟད་ཡུན་རིང་ལ་འཕྲད་པས་ཟ་མ་ཞིག་ལས་དགོས་རྒྱུ་རེད། དེ་ལྟར་ བསམ་བཞིན་ལས་ཀ་ལས་མགོ་བརྩམས་པ་ཡིན། ཉི་དྲོས་ལུག་གི་དུས་ཙམ་ལ་ངེད་ཚང་གི་རྒྱ་སྒོ་ནས་རླངས་འཁོར་ གྱི་དུང་བརྡ་ཞིག་གྲགས་བྱུང་། ཨ་ཁུ་ཞེས་མཐོ་ལ་སྦོམ་པའི་འབོད་སྐད་དེ་ཐོས་མ་ཐག་ཨ་ཀ་ཚེ་ལོ་ཡིན་པ་ཤེས་ བྱུང་། རྒྱ་སྒོ་ཕྱེས་མ་ཐག་ངའི་མཐོང་ལམ་དུ་སྟོད་ཐུང་སྨུག་ནག་གྱོན་པའི་རྒན་པོ་ན་རྒས་ཞིག་དང་ནུབ་ལྭ་ལྗང་ ནག་གྱོན་པའི་ཕོ་གསར་ལོ་གཞོན་ཞིག་མངོན་བྱུང་། ཨ་ཁུ་བདེ་མོ་ཡིན་ནམ།འདི་པདྨ་སྐྱབས་ཡིན་ནམ། ངོ་མ་ཐུག་ པར་ལོ་ངོ་བཅུ་ཕྲག་གཉིས་ཙམ་འགོར་ཡོད་ཚོད་རེད་ཁོ་ངོ་མ་གསར་རྒོད་ཞིག་ཏུ་གྱུར་འདུག ཡ་ནང་དུ་འགྲོ ད་ ནང་དུ་མི་འགྲོ ཨ་ཁུ་ལ་བསང་མེ་གཏོང་བྱེད་ཀྱི་འབར་ཁ་ཨེ་ཡོད། ངེད་གཉིས་ཀྱི་འབར་ཁ་འཛིན་རྒྱུ་བརྗེད་སོང་ ཞེས་ཨ་ཀ་ཚེ་ལོ་ཅུང་དོགས་མི་བདེ་བའི་རྣམ་འགྱུར་དང་བཅས་བཤད་པས་ངའི་འབར་ཁ་ལོས་ཡོད་ང་ཚོ་ནང་དུ་ འགྲོ་འབར་ཁ་ངས་གྲ་སྒྲིག་བྱས་ཆོག་ཞེས་ཁོ་གཉིས་ཅུང་ཨུ་ཚུགས་ཀྱིས་ནང་དུ་འཁྲིད་བརྩིས་བྱས་པ་ཡིན། ཨ་ཀ་ ཚེ་ལོས་མུ་མཐུད་དུ་ང་དེ་རིང་ཁྱོད་ལ་ཁ་བརྡ་བྱེད་དུ་ཡོང་བ་ཡིན། རི་བསང་གཏོང་བར་པདྨ་སྐྱབས་ཁོ་གཅིག་བུ་ འགྲོ་རྒྱུ་རེད། འེད་གཉིས་ཀྱིས་ཁོ་ལམ་ལ་འཕུད་རྗེས་དལ་མོ་བྱས་ནས་ཁ་བརྡ་བྱེད་ཞེས་ནན་གྱིས་བཤད་པས་ངས་ ཀྱང་འབར་ཁ་ཅུང་ཙམ་དང་ཨོང་བ་ཅུང་ཙམ་སྒྱེ་མོ་ཞིག་གི་ནང་དུ་བཅུག་ནས་རླངས་འཁོར་གྱི་གཞུག་སྒམ་ཏུ་ བཅུག ཨ་རོ་པདྨ་སྐྱབས་ལམ་བར་ཏུ་སེམས་ཆུང་བྱོས། བསང་ཕུད་ཚར་རྗེས་ཕྱིར་ཨ་ཁུའི་ནང་དུ་ཤོག ཨ་ཀ་ཚེ་  ལོས་སེམས་ཁུར་དང་བཅས་དེ་ལྟར་བཤད་ཀྱང་ཁོས་མ་གོ་བ་ཡིན་ནམ་ཡང་ན་ཁ་གྲགས་མ་འདོད་པ་གང་ཡིན་མི་ ཤེས་མོད་ཕྱི་མིག་ཙམ་ཡང་མེད་པར་ཤར་སེ་བུད་སོང།
  ངེད་གཉིས་ནང་དུ་སོང་ནས་པདྨ་སྐྱབས་རྒྱ་རིགས་སློབ་ཆེན་ཞིག་དུ་འགྲོ་བཞིན་ཡོད་ལ་དེང་སྐབས་སློབ་གྲྭ་མཐར་ཕྱིན་ལ་ཉེ་བ་སོགས་ནས་མགོ་བཙུགས་ཏེ་ཁ་བརྡ་སྣ་ཚོགས་བྱས་པས་ཆུ་ཚོད་གཅིག་གཉིས་ཙམ་ནི་མིག་རྡེབ་དབང་ཙམ་དུ་འགོར་སོང་།
  པདྨ་སྐྱབས་ཕྱིར་ཐོན་བྱུང་ལ་ངེད་གཉིས་ཀྱི་མུ་མཐུད་དུ་ཁ་བརྡ་སྣ་ཚོགས་བྱས་མོད་ཁོས་དུ་བ་རྐང་ཐུར་རེ་རེ་རྔམ་འཐེན་བྱེད་པ་ལས་ཁ་གཅིག་ཀྱང་མི་གྲགས། ངས་ཁོ་ལ་རྒྱ་རིགས་སློབ་ཆེན་སློབ་མའི་འཚོ་བ་ག་འདྲ་ཡིན་ཚུལ་ གྱི་དྲི་བ་ཁ་ཤས་དྲིས་མོད་ཁོས་ཅུང་བཤད་འདོད་མེད་པ་འདྲ་བའི་ལན་བཏབ་ཡོང་བས་ང་ཡང་གཏིང་འདྲི་བྱེད་ འདོད་མ་སྐྱེས། ཨ་ཀ་ཚེ་ལོ་དང་ངེད་གཉིས་ཀྱིས་མུ་མཐུད་ཕྱོགས་ཡར་མར་ཁ་བརྡ་བྱས་བས་ཕལ་ཆེར་ཉི་ཡོལ་ ཙམ་དུ་ཐོན་བྱུང་།
  གློ་བུར་དུ་རྒྱ་སྒོ་ཁྲོག་སྒྲ་ཞིག་དང་བཅས་ཕྱེས་བྱུང་།འཕྲུག་ལ་དམར་ནག་ཞིག་གི་སྟེང་དུ་སྐེ་རགས་གློ་ཁ་ཞིག་ བཅིངས་ཞིང་ཁ་དཀྲི་སྐྱ་བོ་ཞིག་གིས་ཁ་ངོ་ཡོངས་སུ་དཀྲིས་བའི་ཕོ་གསར་ཞིག་ནང་དུ་འཛུལ་བྱུང་།ཀན་སུ་རེ་ར། འོ་ཨ་ཀ་དོན་ལྡན་རེ་ངས་རང་དབང་མེད་པར་དེ་ལྟར་བཤད་རྗེས།ཨ་ཀ་ཚེ་ལོ་མྱུར་མོར་སྒོ་བུད་ནས་དོན་ལྡན་བདེ་མོ་ཡིན་ནམ་ཞེས་ཁམས་འདྲི་བྱས་བྱུང་།དོན་ལྡན་ཞལ་འཛུམ་ཙམ་བྱས་རྗེས་ནང་དུ་འཛུལ་བྱུང་ལ་པདྨ་སྐྱབས་ཀྱི་ གདོང་ལ་བལྟས་ནས་ཨ་ཁུའི་ནང་དུ་འདི་འདྲའི་དུ་བ་མང་བོ་ཞིག་འཐེན་སྲོལ་ཡོད་ནས་འཐེན་དགོས་ན་སྒོ་བུད་ ཞེས་དབུགས་ཐེངས་གཅིག་གི་བཤད་བྱུང་། དོན་ལྡན་ནི་མི་བཙན་པོ་ཞིག་ཡིན་ལ་པདྨ་སྐྱབས་ཀྱི་ཨ་མའི་སྤུན་རེད། པདྨ་སྐྱབས་ཅུང་མ་དགའ་བའི་རྣམ་འགྱུར་དང་བཅས་སྒོར་བུད་སོང་།
  ཁྱོད་ཅི་ཞིག་ལ་ཡོང་བ་ཡིན་ཨ་ཀ་ཚེ་ལོས་དེ་ལྟར་དྲིས་བྱུང་། ང་རི་བསང་ཞིག་གཏོང་བར་ཡོང་བ་ཡིན། འོ་ན་ པདྨ་སྐྱབས་དང་ཁྱོད་གཉིས་ཅི་ཡིན།ངེད་གཉིས་ཀྱང་ཨ་ལགས་སང་གི་པདྨ་སྐྱབས་སློབ་མཐར་ཕྱིན་ཁར་ཁོའི་སྐྱེས་ལྷའི་མགོར་རི་བསང་ཞིག་གཏོང་དགོས་གསུང་བས་དེ་རིང་རི་བསང་གཏོང་བར་ཡོང་བ་ཡིན། འོ་བསང་ཕུལ་དུ་ བུད་སོང་ངམ། ཁོའི་སྐྱེས་ལྷ་གང་རེ། དཔལ་འབར་རེ། བསང་ཕུལ་དུ་བུད་སོང་། དོན་ལྡན་གྱི་གློ་བུར་དུ་སྨིན་མ་ བསྡུས་ནས་ཁྱེད་གཉིས་ཀ་སོང་བ་ཡིན་ནམ། ཨ་ཀ་ཚེ་ལོས་མིན་ང་འདི་ནས་བསྡད་བཞག པདྨ་མ་སྐྱབས་གཅི་བུ་ སོང་བ་ཡིན་ཟེར། དོན་ལྡན་གྱིས་གློ་བུར་དུ་མ་གཞི་ཁོ་ཡིན་ནམ།ཧ་ཧ་ཧ་ཞེས་ཧབ་དགོད་ཞིག་འཐེན་པས་ང་དང་ ཚེ་ལོ་གཉིས་ཐེ་ཚོམ་གྱི་དྲྭ་བར་བརྫངས།
  པདྨ་སྐྱབས་དེ་རིང་ཁྱོས་བསང་ཀྱི་ལྟར་ཕུལ་བ་ཡིན་ཨ་ཞང་ལ་གཅིག་བཤོད་ར་ཞེས་ཧ་ཅང་ཁྲོས་བའི་མཉམ་ དང་བཅས་བཤད་བྱུང་། པདྨ་སྐྱབས་ཀྱི་ཡང་ཅུང་མ་དགའ་བའི་ཚུལ་གྱིས་རྒྱ་སྒོའི་ཕྱི་རོལ་དུ་ཤར་སེ་བུད་སོང་། ང་ ཅུང་ཧ་ལས་པའི་ངང་ཨ་ཀ་དོན་ལྡན་ཅི་ཞིག་རེ་ཁྱོད་སྤོ་མ་ལངས། ཁོས་ཅི་བྱས་སོང་ཞེས་ཚ་འདྲི་བྱས་བ་ཡིན།
  དོན་ལྡན་ཅུང་འཛུམ་ཙམ་བྱས་ནས་ཁོས་བསང་རྩི་དང་བསང་རྫས་སྣ་ཚོགས་བསང་ཁྲིའི་སྟེང་མི་ཕུལ་བར་ལབ་རྩེའི་གསེང་ལ་བླུགས་འདུག ད་དུང་འབར་ཁ་ཅུང་ཙམ་ལབ་རྩེའི་སྟེང་ལ་བཞག་ནས་དར་ལྕོག་གི་བསྡམ་འདུག་ ངའི་གླེན་པ་དེ་སུ་ཞིག་ཡིན་པར་འདོད་ཡོད། ད་ཁོ་མིན་ན་སུ་ཡིན་བསང་ཁྲིའི་སྟེང་ན་བསང་ཕུལ་ཤུལ་ཙམ་ ཡང་མི་འདུག་ཟེར།ངའི་ཅི་བཤད་དགོས་པའང་མི་ཤེས་པས་ཨ་ཀ་ཚེ་ལོས་གདོང་ལ་གཅིག་བལྟས་ཀྱང་ཁོས་ངོ་ཡོངས་རྫོགས་གདོང་དམར་བོར་གྱུར་ཞིང་མགོ་བོ་བྲང་ཁར་སྨད་འདུག
ཕྱི་དྲོས་གྲིབ་མ་ནག་པོས་ནོར་འཛིན་མའི་ཞལ་རས་བཀླུབས་པར་བརྩོན་ཅི་ཐུབ་བྱེད་བཞིན་འདུག་ལ་ཟོག་མགོ་རྟགས་ཅན་གྱི་རླངས་འཁོར་ཞིག་གི་ནང་ན་སྐྲ་འདབ་དཀར་སང་སེ་སོང་བའི་རྒན་པོ་ཞིག་གི་བུའི་གདོང་ལ་ཡང་ ཡང་བལྟ་བཞིན། ཤུ་རེ་ཁོ། ངའི་ཁྱོད་བོད་ཡིག་སྦྱངས་སའི་སློབ་གྲྭ་ཞིག་ལ་འགྲོ་རུ་བཅུག་ཡོད་ན་དེ་རིང་གི་ངོ་ཚ་ འདི་ཞེས་རང་གི་བྲང་ལ་སེན་མོས་འདེབས་བཞིན་འདུག
                                                                               ༢༠༡༢.༧.༢༧ཉིན་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བསང་གཏོང་བ།

2012-10-20 ནུབ་རླུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།