གྲུབ་སྦྱོངས་ཞིང་ཁམས།༣

རོང་སྨྱོན་རྣམ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-20

        ༣ རྣལ་འབྱོར་གྱི་བཀའ་དབང་།
  འདྲེན་བྱེད་དབང་པོ་ཧྲབ་ཧྲབ་བྱེད་ཡུག་ཙམ་ལ་བུ་ཕུན་ཚོགས་ན་རོ་གྲོག་ཆུང་དུ་དྲན་པ་ཐོར་བའི་གནས་ཚུལ་དེ་ལྷག་པ་ནས་ད་བར་ནི་དྲག་ཏུ་རྒྱུགས་ཞིང་མྱུར་བར་བགྲོད་པའི་ན་རོ་གྲོག་ཆུང་གི་ཆུ་རྒྱུན་དེ་བཞིན་ཡུག་ཅིག་འདུག་ལོང་བྱ་ལོང་མེད་པར་བྱ་ཁྲ་འུག་པས་དེད་འདྲར་ལོ་ཟླའི་ཉག་མ་ལྔ་ཡི་གྲངས་ལས་འདས།
  བུ་ཕུན་ཚོགས་ནི་སྔར་རྒྱུན་བཞིན་མྱང་རོང་ཚང་དུ་ཕ་མྱང་རོང་དཀའ་བ་འབུམ་སྟོང་གི་སྒམ་བརླིང་དང་མ་ལྷ་མོ་སྒྲོན་གྱི་བྱམས་བརྩེའི་བདག་སྐྱོངས་འོག་ཏུ་སེམས་སྤྱོད་དང་ལུས་ཕུང་གང་ཅིའི་ཐད་ནས་འཚར་དང་ལོངས་བཞིན་མཆིས།
  ཡ་མཚར་བ་ཞིག་ལ་ལོ་ལྔ་པོ་དེའི་ནང་བུ་ཕུན་ཚོགས་བདེ་བདེ་ཐང་ཐང་དུ་འཚོ་བར་མཚན་མོ་ཉལ་བའི་གཉིད་སྐྱིད་པ། ཉིན་མོ་བཟས་པའི་ལྟོ་ཞིམ་པ། སེམས་སྐྱིད་ཞིང་གཟུགས་ཕུང་ལ་ནད་གཞི་ ཆུང་ཙག་ཙམ་ཡང་བྱུང་མ་མྱོང་། མ་གཞི་ལུས་ལ་ནད་མེད་པ་བཟང་མོད། ཡིན་ནའང་ལོ་ལྔའི་རིང་ མགོ་ན་བ་དང་གྲོད་པ་ཤལ་བ། འཇམ་རྩི་བརྒྱབ་པ་ལྟ་བུའི་ནད་ཆུང་ཆུང་དེ་ཚོས་ཀྱང་མ་བསྒོ་བར་ཨ ་རུ་ཨུ་རུ་ཙམ་ཡང་མེད་པ་ནི་ཡུལ་དགའ་ལྡན་སྣང་སྐྱིད་ཚལ་འདིར་ལྷ་རྗེར་གྲགས་པའི་ཀུན་གྱི་བརྩི་འཇོག་བྱ་ཡུལ་གྱི་སྨན་པ་རྒན་པོས་རྩ་བ་མི་ཆོད་ཞིང་ཡུལ་ལྷ་བཞི་བདག་ཅི་ཡང་བཞུག་ནས་གསང་གནས་བརྡོལ་བར་མཛད་མཁན་ལྷ་པ་དེས་ཀྱང་བརྟོལ་མི་ཐུབ་པའི་གསང་གནས་ཤིག་ཏུ་ཆགས།
  རྟ་བདུན་དབང་པོས་དབང་རིའི་སྤོ་ནས་བྱ་རྨྱང་བྱེད་ཞིང་མཚམས་སྤྲིན་དམར་པོས་ཤར་ཕྱོགས་མཁའ་དབྱིངས་དེ་ཡང་བཀྲག་གདང་རྣམ་པར་རྒྱན། རི་བོ་གནམ་ལྕགས་འབར་བའི་རི་གཤམ་གྱི་ལམ ་འཕྲང་སྐྱ་མོ་དེའི་ཚུར་རོལ་ན་མི་བུ་ཟེར་བ་ལྷ་ཡི་སྲས་ལས་མཚར་བ་གཉིས་རྫིན་བུ་འཐུ་བཞིན་མཆིས།
  ༼ ཕུན་ཚོགས། ཁྱོད་ལ་རྫིན་བུ་མང་ལོས་བྱུང་།༽ཞེས་ལུས་སྟོད་སྨད་ལ་སྣམ་གོས་དང་རྐང་པར་ ཀོ་རྡོ་གྱོན་པའི་བུ་དེས་ཐལ་མདོག་གི་ཕྱུ་པ་ཕུ་དུང་ཡ་གཅིག་ཕུད་ཅིང་རྐང་པར་བུ་སྐད་ཆ་འདྲི་མཁན་དེ་དང་འདྲ་བར་ཀོ་རྡོ་གྱོན་པ་དེར་ཁ་གཏད་ནས་འདྲིས།
  ཕུན་ཚོགས་ཀྱི་ཁ་ངོ་ཚུར་བསྐོར་སྟེ་ན་རེ།༼ ངའི་སྒྱི་མོ་ཆུང་ཆུང་དེ་གང་གྲབ་འདུག རྣམ་སྲས། ཁྱོད་རང་ལ་མང་ལོས་བྱུང་། ༽
  ༼ ཁྱོད་དང་འདྲ་པོ་བྱུང་བ་འདྲ། ངའི་སྒྱི་མོ་ཁྱོད་ཀྱི་དེ་ལས་ཆེ་བ་ཡོད། ད་ལྟ་སྒྱི་མོ་ཕྱེད་ཀ་ལྷག་ཙམ་གང་འདུག ༽
  ༼ ཡཱ ད་འོ་ན་ང་གཉིས་ངལ་གསོ་ཅུང་ཙམ་བྱེད་དོ།༽ཞེས་ཟེར་གྱིན་རང་སར་གན་རྒྱལ་དུ་ལག་གཉིས་མགོ་མནན་བྱས་ཤིང་རྐང་པ་གཅིག་སྟེང་གཅིག་ཏུ་བརྡེབས་ནས་མིག་གཉིས་ཧུར་རེར་ནམ་མཁར་ལྟ་བཞིན་གླུ་ཆུང་སིལ་སིལ་ཞིག་བླངས།
རྣམ་སྲས་ཀྱིས་ཁ་བུབ་ཏུ་ཉལ་ནས་ལག་གཉིས་པོས་འགྲམ་བསྐྱོར་ཞིག་བྱས་ཏེ་ན་རེ།༼གྲོགས་པོ།  ད་ལྟ་སྔ་པོ་རེད་འདུག  ཁྱོད་ཀྱི་སྒྱི་མོ་ཆུང་ཆུང་དེ་གང་སོང་ན་འུ་གཉིས་དུར་ཁྲོད་དུ་བལྟ་ཙམ་བྱེད་ པར་ཨེ་འགྲོ  གོ་ཐོས་ལ་དུར་ཁྲོད་ན་ཀ་པ་ལི་མང་པོ་ཡོད་པ་དང་མཚན་མོ་ད་དུང་གདོན་འདྲེ་ཡང་ ཡོད་རེད་ཟེར་གྱིས། ད་ལྟ་སྔ་པོ་ཡིན་པས་གདོན་འདྲེ་ཡོད་ཀྱི་མ་རེད། སྐྲག་དགོས་པ་མེད།  འུ་གཉིས་ ཀ་པ་ལིར་བལྟ་བར་འགྲོ༽ཞེས་ཟེར་ནས་ཕུན་ཚོགས་ཡར་འཐེན་ཏེ་མུ་མཐུད་དུ་རྫིན་བུ་འཐུས།
ཅང་མ་འགོར་བར་ཁོ་གཉིས་ཀྱིས་རྫིན་བུ་འཐུས་ཚར་བས་རི་བོ་གནམ་ལྕགས་འབར་བའི་རྐྱེད་པར་གནས་པ་མིང་དུ་འཕོ་གྲུབ་ཞེས་འབོད་པའི་དུར་ཁྲོད་ཀྱི་ཕྱོགས་སུ་གོམ་ཁ་འགྱུར།
ལྷ་ལས་འཚར་བའི་མི་བུ་དེ་གཉིས་ཀྱི་འདྲེན་བྱེད་ཡུལ་དུ་འཆར་བའི་འཕོ་གྲུབ་དུར་ཁྲོད་ཀྱི་རྣམ་པ་ནི་འདི་ལྟ་སྟེ།
༄༄། །རྟ་བདུན་དབང་པོས་ཤར་རིའི་འཕག་ནས་འཛུམ་བྱེད་པ། །
        གནམ་ལྕགས་འབར་བར་གསེར་ཞུན་གོས་ཀྱིས་རབ་བཀླུབས་ཕྱིར། །
        མཁས་ལས་འབབ་པའི་གཡུ་འབྲུག་སྔོན་མོ་འཁྱུག་རྩེན་པས། །
        འཕོ་གྲུབ་དུར་ཁྲོད་བར་མདོའི་ཕྲང་གི་ས་སྒོ་འཕྱེ། །
        
        གཏན་འཇགས་སྦྲག་རྡོ་ཞག་གི་ཁུ་བས་སྣུམ་འཛེར་བ། །
        གྲངས་འདས་ཕུང་པོ་གནས་འདིར་གཤགས་པའི་ཚུགས་བརྟན་ཞིང་། །
        མཐོན་ཐིང་རྒོད་པོའི་སྒྲོ་ག་གང་སར་མཐོང་ཚེ་ན། །
        ཕུང་པོ་གཤགས་ནས་རྒོད་གཏོར་བཟང་བར་ཐེ་མི་ཚོམ། །

        སྟོམ་ལྡན་དུར་ཁྲོད་པ་ཡི་དུར་རྫས་སྣ་མང་པོ། །
        གྲི་དང་ལྕགས་སྐྱུ་ཐོ་བ་ལ་སོགས་མཚོན་ཇི་མ། །
        ཡན་ལག་འཕྲལ་དང་ཐོད་པ་རྡུང་བར་འཕྲུལ་སྣང་བར། །
        དུར་བདག་ནག་པོས་མཚོན་ཐོགས་མི་སྲོག་བཀུམ་པར་ཚོམ།།།།
  འཆར་སྣང་འདི་ལྟ་བུས་ཁོ་གཉིས་ཡོངས་སུ་རྔམས་པས་ལུས་ཀྱི་བ་སྤུ་གཟེངས་ཤིང་རྐང་པའི་ཉ་ཡང་རང་དབང་མེད་པར་འདར་སིག་སིག་བྱེད།
   ཕུན་ཚོགས་ཀྱི་ཕྱུ་པའི་ཕུ་དུང་ནས་རྣམ་སྲས་ཀྱིས་འཐེན་ཙམ་འཐེན་ཙམ་བྱེད་ཀྱིན་ན་རེ།༼ ཕུན་ ཚོགས། འུ་གཉིས་ལོག་འགྲོའདིར་ངོ་མ་གདོན་འདྲེ་ཡོད་པ་འདྲ། ངའི་ལུས་ཀྱི་བ་སྤུ་ཡོངས་སུ་ཟེངས་སོ ང་། གནས་འདིར་སྐྱི་གཡས་བའི་སྣང་བ་ཞིག་སྟེར་གྱིན་འདུག ང་ནི་འདར་གྱིས།  ཁྱོད་མི་སྐྲག་གམ། ༽
  ཕུན་ཚོགས་ཀྱང་གོམ་པ་འགའ་ཕྱིར་བཞུད་བྱེད་ཀྱིན་༼སྐྲག་དང་སྐྲག མི་སྐྲག་པའི་རྒྱུ་མཚན་ཅི་ ཡོད་༽ཅེས་ཟེར་རྗེས་ཁོ་གཉིས་པོས་༼ ཨྰ ༽ཞེས་སྐད་ཤུགས་ཆེན་པོ་ཞིག་རྒྱབ་ཀྱིན་རི་གཤམ་དུ་བྲོས་  རྩིས་བྱས།
སྐབས་དེར་རི་ལམ་གྱི་དཀྱོག་མཚམས་དེ་ནས་དགེ་འདུན་རྒས་པོ་ཤ་རིས་ལ་གཟན་ཤམ་ངུར་སྨྲིག་ལོ་མང་གི་གཉེར་རིས་ཁྲོད་དུ་བཀྲུས་དྲག་པ་ཡིན་ནམ་ཉི་མས་ཟད་དྲག་པ་གང་ཡིན་མི་ཤིད་ཀྱང་སྐྱ་ཐལ་ལེར་འགྱུར་བ་ཞིག་མནབས་ཤིང་ཕྱག་ཡས་ལ་ཕྲེང་བ་དམར་སྨུག་ཐོགས་པ་དལ་བ་དལ་བུར་འཕོ་གྲུབ་དུར་ཁྲོད་ཕྱོགས་སུ་ཕེབས་བཞིན་ཁོ་གཉིས་པོ་མདུན་ནས་བསུས་ཏེ་ན་རེ།༼་བུ་ཆུང་ཆུང་ཧ་ཉིད་མ་གོ་བ་ལ་ཨང་། གནས་འདིར་ཀྰི་འབོད་བྱ་ཡུལ་གང་ནས་ཡིན། ཀཱི་ཤ་མ་སྒྲོག གདོན་འདྲེས་བླ་ ཁུར་ཡོང་།༽ཞེས་གསུངས་རྗེས་བར་ཆད་ལམ་སེལ་སྙིང་བསྡུས་འདོན་པ་ལན་གཅིག་བཏོན་ནས་མུ་མཐུད་ཁོ་གཉིས་ལ་འདི་སྐད་༼འདི་འདྲའི་རྫབ་ཆེ་བའི་གླེན་ཕྲུག་གཉིས། དེ་རིང་རྣལ་འབྱོར་བླ་རྒན་ང་ མེད་ན་མི་རིང་བར་ཁྱོད་གཉིས་ངོ་མ་དུར་ཁྲོད་འདིར་བསྐྱལ་དགོས་པ་རེད། རྣམ་ཤེས་བྲལ་བའི་ ཕུང་པོ་དེ།༽གསུང་གིན་ཅུང་ཁྲོ་བའི་མིག་གདང་ཞིག་གཏད།
  ཁོ་གཉིས་ཀྱིས་གཉའ་ཁུམས་པའི་ཚུགས་ཀ་རྐུན་པོ་གཞན་གྱིས་བཟུང་བ་ལྟ་བུ་ཞིག་སྟོན་ཞིང་རྣམ་སྲས་ཀྱིས་ན་རེ༼ དགེ་འདུན་ལགས། དགོངས་འགལ་མེད་པ་མཁྱེན། གྲོགས་པོ་འུ་གཉིས་དུར་ཁྲོད་ དུ་ཀ་པ་ལིར་ལྟ་བར་ཡོང་བ་ཡིན། འོན་ཏེ། འདི་གར་འཇིག་ཞིང་སྐྲག་པའི་སྣང་བ་སྐྱི་གཡའ་བ་ཞིག་ དབང་མེད་དུ་སྟེར་གྱིན་འདུག་པས་རང་དབང་མེད་པར་སྐད་ངན་ཤོར་སོང་། འུ་གཉིས་ཀྱིས་རྐང་ བཙུགས་ནས་བྱས་པ་མིན།༽ཞེས་ཟེར་ཞིང་ཕུན་ཚོགས་ཀྱིས་ཀྱང་འགྲམ་ནས་དགོངས་དག་ཐུགས་བསྟན་ཞུ་བཞིན་མགོ་བོ་ཡང་སྐོར་སྐྱར་བསྐོར་ཕྱིར་བཅུད་ནས་དུར་ཁྲོད་ཀྱི་ཕྱོགས་སུ་བལྟ་ཙམ་བལྟ་ཙམ་བྱེད་པར་ཕལ་ཆེར་རྒྱབ་ནས་གདོན་འདྲེ་ཡོང་བར་དོགས་པ་འདྲ།
  ཕུན་ཚོགས་ཀྱིས་དགེ་འདུན་ལ་མིག་གཉིས་འབུར་ཚུགས་སུ་བལྟ་ཞིང་ན་རེ་༼དགེ་འདུན་ལགས།ཁྱེད་གང་དུ་ཕེབས་ཀྱིན་ཡིན་ནམ། ཁྱེད་དང་ང་དེ་སྔོན་ཐུགས་མྱོང་ངམ། ཁྱེད་ཀྱི་མཚན་ལ་གང་ཞུ།༽ ཞེས་ཅིག་ཅར་དུ་དགེ་འདུན་ལ་དྲི་བ་གསུམ་གཏོན།
༼འོ། ཁྱོད་ལ་རྣལ་འབྱོར་བླ་རྒན་ང་ཐུགས་མྱོང་བསམ་བསམ་འདུག་གམ། ང་གཉིས་སྔར་སོང་གི་ དུས་འདའི་ནང་ཕྲད་མ་མྱོང་བ་རེད།༽
༼ ཡིན་ནའང་། ང་ལ་ཁྱེད་དང་འབྲེལ་འདྲིས་ཆེ་བའི་སྣང་བ་ཞིག་འདུག༽
༼ ཨྰ། ཡ་མཚན།༽ཞེས་ཅིག་ལབ་བཞིན་སྒྲ་ཅུང་ཆུང་ངུ་འདོན་ཞིང་རིས་ལ་མཛུབ་དཀྱུས་རིང་ བའི་ཕྱག་གཡོན་མ་དེས་བྲང་མདུན་དུ་ཐེ་བོང་གིས་མཛུབ་མོ་གཞན་བཞི་པོའི་སྟེང་ཕར་མནུན་ཚུར་མནུན་གསེར་སྦྲང་མེ་ཏོག་སྣ་མ་བརྒྱ་ལ་མཆོངས་ལྡིངས་བྱེད་པ་ཇི་བཞིན་སྣང་།
ཁོ་གཉིས་དགེ་འདུན་གྱི་ཚུགས་ཀ་ལ་ཡ་མཚན་ཞིང་ཇི་མི་རྟོགས་པའི་རྣམ་འགྱུར་ཞིག་བརྟན་གྱིན་རྣམ་སྲས་ཀྱིས་ན་རེ་༼ དགེ་འདུན་ལགས། ཁྱེད་ཅི་བྱེད་ཀྱིན་ཡོད་དམ། མཛུབ་མོའི་རྩེད་མོ་ཨེ་རེད། ཁྱེད་ཀྱིས་ད་དུང་འུ་གཉིས་ལ་གང་དུ་ཕེབས་རྒྱུ་དང་མཚན་ལ་གང་ཞུ་བ་གསུངས་མ་བྱུང་།༽
རྣལ་འབྱོར་བླ་རྒན་དེ་ནི་རྣམ་སྲས་ཀྱི་སྐད་སྒྲས་གཉིད་ལས་དཀྲོག་པ་ཇི་བཞིན་ཧོན་ཐོར་ཐོར་བྱས།ཡིན་ཡང་དེ་མ་ཉིད་དུ་སྔོན་ལྟར་གཞན་གྱི་རྟོགས་དཀའ་བའི་རྣམ་འགྱུར་ངང་འདི་སྐད་༼རྣལ་འབྱོར་བླ་རྒན་ངའི་མིང་ལ་བླ་མེད་ཟེར། གཞན་གྱིས་རྣལ་སྨྱོན་ཞེས་ཀྱང་འབོད་ཀྱི་ཡོད། ཡུལ་ཁམས་བསྐོར་ ཞིང་བསོད་སྙོམས་ལ་སོང་ནས་དབེན་པའི་རི་ཁྲོད། གསང་བའི་གྲུབ་ཕུབ་ཏུ་ཕྱིར་ལྡོག་པ་ཡིན། མཛུབ ་མོ་ལྡེབས་པ་དེ་ནི་རྩེད་མོ་གང་ནས་ཡིན་དེ་ནི་སྐར་རྩིས་ནག་རྩིས་ལས་ནག་རྩིས་ཀྱི་མ་བུ་དགྲ་གྲོགས་བཏང་ནས་རྩིས་གཤར་བ་ཡིན་ཏེ། ད་གིན་ངས་ཁྱོད་གཉིས་ལ་རྩིས་གཤར་བ་ཡིན། ཁྱོད་གཉིས་མ་བུ་ དགྲ་གྲོགས་སྦྱོང་ཨེ་འདོད། འདོད་ན་བསླབས་ཆོག༽
༼ འདོད། འདོད། སྦྱོང་འདོད།༽ཞེས་ཁོ་གཉིས་ཀྱིས་མ་གྲོས་གཅིག་མཐུན་དུ་བཤད།
རྣལ་སྨྱོན་གྱི་བསམ་པར་ངོ་མ་བསྐལ་ལྡན་ལས་འགྲོ་ཅན་གྱི་སྔགས་ཀྱི་སློབ་མ་རེད་འདུག་སྙམ་བཞིན་སླར་ཡང་༼ སྦྱོང་འདོད་ན་རྣལ་སྨྱོན་ངའི་དགེ་ཕྲུག་བྱ་དགོས། དེ་ཨེ་འདོད་༽ཞེས་དྲིས།
རྣལ་སྨྱོན་གྱི་སྐད་ཆའི་མཇུག་རྫོགས་མ་རྫོགས་ནས་ཕུན་ཚོགས་ཀྱིས་སྐད་ཤུགས་ཆེན་པོས་༼ འདོད་༽ཅེས་ཟེར།
རྣམ་སྲས་ཀྱིས་ཅུང་མནོ་བསམ་ཞིག་བྱས་ནས་ཁ་ངོ་རྣལ་སྨྱོན་ལ་གཏད་དེ་ན་རེ་༼ རྣལ་འབྱོར་བླ་ལགས། ཁྱེད་ལ་བཀའ་འདྲི་ཞུ་རྒྱུ་ཞིག་ཡོད། ཁྱེད་ཀྱི་དགེ་ཕྲུག་བྱས་ན་བཙུན་ཆུང་བྱེད་དགོས་དམ། ཤ་ཆང་ཡིན་ཅིག་མིན་ཅིག་སྤངས་དགོས་པ་ཨེ་རེད།༽
       ༼ ཁྱོད་གཉིས་ངའི་དགེ་ཕྲུག་བྱས་ཚེ་རབ་བྱུང་གི་སྡེ་རུ་བཞུགས་དགོས་པའི་ཉེས་པ་མེད། གཙོ་བོ་ལས་ལ་ལྟོས། ལུས་ཕུང་འདིའི་དབང་དུ་ཤ་ཅུང་བཟས་ཀྱང་མི་རུང་བ་མེད། བྱུང་ན་མ་ཟོས་ན་དགའ། བཟས་ཀྱང་རྣམ་དག་གསུམ་གྱི་ཤ་ཟོས། ཆང་ནི་ཉེས་པ་ཀུན་གྱི་གཞི་ཡིན་པས་ངའི་དགེ་ཕྲུག་བྱས་ན་དུག་གི་ཉིང་ཁུ་འདྲ་བ་དེ་སྤྱོད་མི་ཆོག༽ཅེས་གསུངས།
       ༼ ཅུང་ཙམ་ཡང་འཐུང་མི་རུང་ངམ།༽རྣམ་སྲས་ཀྱིས་སྐད་ཤུགས་ཆུང་ངུའི་ངང་ནས་འདྲིས།
       རྣལ་སྨྱོན་གྱི་བཞིན་ལས་རྟོགས་དཀའ་བའི་འཛུམ་ཞིག་སྟོན་པ་ལས་གཞན་གང་ཡང་མ་འཆད།
       རྣམ་སྲས་ཀྱིས་མགོ་བོ་ཕུར་ཕུར་བྱེད་ཀྱིན་ན་རེ་༼ ཧྰི།ཧྰི། བདག་ཡང་ཁྱེད་ཀྱི་སློབ་མ་བྱེད་པར་འདོད་༽ཟེར་ནས་རྗེས་མ་ཉིད་དུ་ཁོ་གཉིས་ཀྱིས་པུས་མོ་རྡིག་སྒྲ་དང་བཅས་ཏེ་ས་ལ་བཙུགས་ནས་རྣལ་སྨྱོན་ལ་༼ སློབ་དཔོན་ལ་ཕྱག་འཚལ་ལོ་༽ཞེས་གསོལ་བ་བཏབ་རྗེས་སྒོ་གསུམ་གུས་པས་ཕྱག་འབུལ་ལན་བདུན་རེ་བྱས།
       རྣལ་སྨྱོན་གྱིས་ཧབ་ཅ་སྒྲོག་ཅིང་ན་རེ༼ ལེགས་སོ། ལེགས་སོ། ལས་དང་དམ་ཚིག་མཐུན་པའི་སྐལ་ལྡན་ལས་འགྲོ་ཅན་གྱི་སྔགས་ཀྱི་སློབ་མ་འཕྲད་བྱུང་། སྡིག་ཅན་ཆམ་ལ་འབེབ་པའི་དུས་བསྐལ་ལ་སླེབས་སོང་།༽ཟེར་གྱིན་ཐུགས་ཧ་ཅང་འགྱེས་པའི་ཚུགས་ཀ་བུ་མེད་ཀྱི་རྒན་རྒོན་ལ་འཆི་ཁར་བུ་བྱུང་བ་ལྟ་བུའི་སྤྲོ་བས་ཕུན་ཚོགས་དང་རྣམ་སྲས་ཀྱི་ཕྲག་པར་ལན་གསུམ་རེ་བརྡེབས་བཞིན་འདི་སྐད་༼ཕུན་ཚོགས། རྣམ་སྲས། དུས་བཟང་པོ་ཕ་རྒན་དང་བུ་སློབ་དམ་ཚིག་མཐུན་མཚམས་དང་གནས་བཟང་པོ་འཕོ་གྲུབ་དུར་ཁྲོད་དུ་ཚེ་རབ་མང་པོའི་ལས་བསྐལ་གྱི་ངེད་དགེ་སློབ་འཛོམས་པར་བཀྲིས་སོང་། ཉིན་དེ་རིང་ནས་ཁྱོད་གཉིས་པོ་རྣལ་སྨྱོན་ངའི་སློབ་མ་ཡིན། ད་ཕན་ང་ལ་དངོས་སློབ་ནི་མེད།ཕུན་ཚོགས་ཕུ་བོ་དང་རྣམ་སྲས་ནུ་བོ་གྱིས་ཤིག༽ཞེས་གསུངས་པར་ཁོ་གཉིས་པོས་ལགས་སོ་ཞེས་ལན་བཏབ།
     རྣམ་སྲས་ཀྱིས་ཡ་མཚན་པའི་ངང་ན་རེ་༼ སློབ་དཔོན། ཁྱེད་ནས་ངེད་གཉིས་ཀྱི་མིང་ཇི་ལྟར་མཁྱེ
ན་ནམ།༽ཞེས་དྲིས།
    ༼ དེ་ལ་ཡ་མཚར་རྒྱུ་ཅི་ཡོད། དེ་ལས་ལྷག་པར་ཁྱོད་གཉིས་ཀྱིས་གང་བསམ་གང་དྲན་ཐམས་ཅད་རྟོགས་པའི་མཐུ་སྔགས་ཡོད། བྲེལ་མི་དགོས། ཕྱིས་བྱུང་ངའི་མཐུ་སྔགས་གདམས་པ་ཡོད་དོ་ཅོག་ཁྱོད་གཉིས་ལ་བསླབ་ཆོག༽ཞིས་གསུངས།
       རྣལ་སྨྱོན་གྱིས་ཁོ་གཉིས་པོའི་ཕྲག་པ་ནས་བཟུང་ཏེ་ན་རེ་༼ ད་ལྟ་ཁྱོད་གཉིས་མིག་ཟུང་དམ་པོར་ཚུམ་ཞིག  ངས་ལན་མ་བྱས་བར་དུ་མིག་མ་ཕྱེ། ཁྱོད་གཉིས་ངའི་གྲུབ་ཕུབ་ཏུ་འཁྲིད་རྒྱུ་ཡིན།༽གསུང
ས་རྗེས་སྐད་ཅིག་ཙམ་དུ་སྔགས་ཀྱི་མཐུ་སྟོབས་དཔག་ཏུ་མེད་པའི་སྒྱུ་འཕྲུལ་ལ་བརྟེན་ནས་འཕོ་གྲུབ་དུར་ཁྲོད་ཀྱི་གནས་འདི་ལས་མི་མངོན་པར་གྱུར།
       དུས་བཞི་དབྱེར་མེད་དུ་ན་བུན་གྱི་དཀྲི་བ་དཀྲིས་ཅིང་ཁ་བ་གངས་ཀྱི་ཞྭ་དཀར་མནབས་པའི་ རི་བོ་གནམ་ལྕགས་འབར་བའི་རི་རྩེའི་བྲག་གི་འགྲམ་པར་འདོམ་པ་བཅུ་ལྷག་ཙམ་གྱི་སྡིང་ཆ་ལྡན་པའི་བྲག་ཕུབ་ཞིག་དབེན་སིམ་མེར་འདུག  གློ་བུར་དུ་སྡིང་ཆའི་དབུས་སུ་འོད་ལྷེམ་ཙམ་ཞིག་བྱས་ནས་གང་ཡོང་ཅི་ཡོང་ཆ་མི་རྙེད་པར་མི་གསུམ་གྱི་སྣང་བརྙན་ཇེ་གསལ་དུ་སོང་སྟེ་དབེན་གནས་འདི་གཉིད་ལས་དཀྲོགས།
   ༼ ད་མིག་གདང་ན་འགྲིག  ང་ཚོ་གྲུབ་ཕུབ་ཏུ་སླེབས་སོང་།༽ཞེས་རྣལ་སྨྱོན་གྱིས་གསུངས།
    ཕུན་ཚོགས་དང་རྣམ་སྲས་ལ་གྲང་ཤུབ་ཤུབ་སྣང་བ་ཞིག་འཆར་བ་དང་སྦྲགས་རྣལ་སྨྱོན་གྱི་ལན་ བྱེད་པ་ཐོས་རྗེས་འདྲེན་བྱེད་དབང་པོ་དལ་བ་དལ་བུར་གདང་ཙ་ན་རི་མཐོ་ལ་ས་གཙང་བ། ཁ་བ་བུ་ཡུག་གི་ཁྲོད་དུ་འོད་དཀར་གངས་ཀྱི་ལྭ་བ་བཀླུབས་པའི་དབེན་གནས་ཞིག་ཏུ་སླེབས་པ་མཐོང་ཞིང་ད་གིན་དུར་ཁྲོད་དུ་ཡོད་བཞིན་དུ་སྐད་ཅིག་ཙམ་ལ་རི་མཐོ་ས་གཙང་གི་དབེན་པའི་ཞི་གནས་འདི་འདྲ་ཞིག་ཏུ་སླེབས་པར་ཧ་ཅང་གི་ཡ་མཚན་དང་ཇི་ལྟ་བུ་ཡིན་སྙམ་པའི་འདྲི་རྟགས་ཀྱིས་ཀྱང་བླི་ཡི་བར་སྟོང་ཡོངས་སུ་བཀང་།
       དེ་ནས་ཁོ་གཉིས་རྣལ་སྨྱོན་གྱི་རྗེས་བསྙེགས་ནས་འདོམ་པ་ལྔ་ལྷག་གི་མདུན་ཕྱོགས་ན་ཡོད་པའི་བྲག་སྒོ་བརྒྱུད་དེ་ལམ་ཀྱོག་གསུམ་གྲོལ། དུས་ཚོད་གཅིག་ཙམ་སོང་བ་ན་ཁང་པ་ལྕམ་གང་ལྷག་གི་སྟོང་ཆ་ལྡན་པའི་ཕུབ་པ་ཞིག་ཏུ་འབྱོར། ཕུབ་པའི་ནང་ས་ཁྲི་ཞིག་དང་ཕྱག་དཔེ་འགའ་ལས་གཞན་ཅི་ཡང་མ་སྣང་།
       རྣལ་སྨྱོན་གྱིས་མཆོངས་མ་ལྡིངས་ཤིག་བྱས་ཏེ་ས་ཁྲིའི་སྟེང་ལྷམ་མེ་ལྷན་མེར་རྡོ་རྗེ་དཀྱིལ་ཀྲུང་དུ་བཞུགས་ནས་ན་རེ་༼ ཁྱོད་གཉིས་ཡང་དཀྱིལ་ཀྲུང་དུ་འདུག་ཅིག  ད་ལྟ་ཁྱོད་གཉིས་ལ་བསམ་གཏན་སྒོམ་ཏེ་གཏིང་འཛིན་དུ་བཞུགས་ནས་གྲུབ་པ་ཉམས་རྟོགས་བྱ་བའི་དབང་བཀུར་དང་གདམས་ངག་བརྒྱུད་སྤྲོད་བྱ་རྒྱུ་ཡིན། ཡིད་བག་ཡངས་སུ་མ་བཏང་བར་བློ་རྩེ་གཅིག་ཏུ་བསྡུས་ཤིག༽གསུངས་ནས་གསང་སྔགས་ཀྱི་རྡོ་རྗེའི་ཕྱག་རྒྱ་དང་གདམས་པ་སྦྲགས་ཏེ་སྐུ་ལུས་ལས་འོད་སེར་སྨུག་སྨུག་ཅིག་འཁྲུངས་ཤིང་ཕུན་ཚོགས་དང་རྣམ་སྲས་ཀྱི་ལུས་སྟེང་ལམ་ལམ་འཕྲོས།
       དུས་ནི་ཇི་ཙམ་འདས་པ་མི་ཤེས་པར་ཡང་ན་སྐད་ཅིག་ཙམ་ཡང་མིན་ན་ལོ་ངོ་བརྒྱ་ཕྲག  གང་ལྟར་ཡང་རྣལ་སྨྱོན་གྱི་གདམས་ངག་བརྒྱུད་སྤྲོད་དང་དབང་བཀུར་སྒྲུབ་ནས་ཕུན་ཚོགས་དང་རྣམ་སྲས་གཉིས་ཀྱང་གཉིད་ལས་བསད་པ་ལྟ་བུར་སྣང་ཞིང་ཁོ་གཉིས་ལ་རིག་པ་སྔར་ལས་དྭངས་བ་ཡན་ལག་བརྒྱད་ལྡན་ཆུ་བོས་བཀྲུས་པ། ལུས་པོ་སྔར་ལས་བདེ་བ་ལྷ་ཡི་བདུད་བརྩིས་གསོས་པ། དབང་པོ་སྔར་ལས་གསལ་བ་འཕྲུལ་གྱི་དབང་པོ་ལྟ་བུའི་འདུ་ཤེས་ཤིག་བརྙེས་ཅིང་བློ་ངོར་རྡོ་རྗེ་ལྟ་བུའི་གསང་སྔགས་ཀྱི་གྲུབ་པ་ཉམས་པར་ལེན་པའི་གདམས་ངག་ཅིག་ལྷང་ལྷང་དུ་འཆར།
       ༼ ཡྰ། བུ་སློབ་ཚུར་ལ་ཉོན་ཅིག  ད་ཕྱིན་ཆད་ཁྱོད་གཉིས་ཀྱིས་གདམས་ངག་དེ་ཉམས་རྟོགས་ལེགས་པར་ལེན། ཁྱིམ་དུ་ལོག་ནས་བཟས་ཡོལ་གྱི་གྲུབ་རྟགས་མ་ཐོན་བར་དུ་ཉམས་རྟོགས་གྱིས། གྲུབ་རྟགས་ཐོན་རྗེས་ཕྱིར་གྲུབ་ཕུབ་ཏུ་ལོག་ཤོག  དེ་བར་དུ་གདམས་ངག་འདིས་སྐྱོངས་ནུས།༽ཞེས་གསུང་གིན་ཕྱག་ཏུ་རྡོ་རྗེ་ཞིག་དང་ཕུར་པ་ཞིག་སྤྲུལ་ཏེ་ན་རེ་༼ སྔགས་མཚན་འདི་གཉིས་ངས་སྤྱོད་མྱོང་བའི་སྔགས་ཆས་ཡིན། རྡོ་རྗེའི་མིང་ལ་རྡོ་རྗེ་རྩེ་བརྒྱད་ཟེར་ལོ་ངོ་སྟོང་གི་ལྷ་ཤིང་ཤུགས་པས་བསྒྲུབ། བདུད་བརྡུལ་འདྲེ་བཅོམ་དྲག་པོའི་སྔགས་ཀྱི་མཐུ་སྟོབས་ལྡན་ལ་རྣམ་ཤེས་ཡར་འདྲེན་བྱེད་པའི་ཞི་སྔགས་ནུས་མཐུ་ཡོད། ཕུར་པའི་མིང་ལ་གཡུ་འབྲུག་གནམ་ལྕགས་ཟེར་གཡུ་འབྲུག་སྔོན་མོའི་འབྲུག་རུས་ལས་བསྒྲུབ། འབྲུག་འགྱུར་རྫུ་འཕྲུལ་ལྡན་ཞིང་ལྷ་འདྲེ་བདུད་སྲིན་ཀུན་གྱི་འགེགས་ཡིན། ཅི་ཡང་བཀུམ་པ འི་དྲག་སྔགས་ལྡན། རྡོ་རྗེ་རྩེ་བརྒྱད་ཕུ་བོ་ཕུན་ཚོགས་ལ་བྱིན། གཡུ་འབྲུག་གནམ་ལྕགས་ནུ་བོ་རྣམ་ སྲས་ལ་བྱིན། འདིར་མངག་བཅོལ་བྱ་རྒྱུར་སྔགས་མཚོན་གང་བྱུང་དུ་སྤྱད་མི་ཆོག་ལ་འགྲོ་བ་རིགས་ དྲུག་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་སྒོམ། སྒོས་རྫུ་འཕྲུལ་དང་སྔགས་སྦྱངས་ལུགས་ བརྒྱ་གྲགས་འབོད་གྲགས་བྱེད་མི་ཉན་ཨྰ།༽ཞེས་གསུངས་བཞིན་ཕྱག་མཚན་ཁོ་གཉིས་ལ་སྤྲད།
       ཕུན་ཚོགས་དང་རྣམ་སྲས་ནི་གདམས་ངག་དང་ཕྱག་མཚན་ཐོབ་པས་བློ་ཆུང་ཆུང་སྤྲོ་ཆེ་ཆེས་རབ་མྱོས་ཏེ་བྱེའུ་ཆུང་སྤྲིན་སྟུག་ཏུ་ཚུད་པ་ཇི་བཞིན་ཕྱོགས་མི་རྙེད་པ་ལྟ་བུར་གྱུར།
      གང་ཙམ་སོང་ནས་ཁོ་གཉིས་ཀྱིས་སློབ་དཔོན་ལ་བྲལ་ཕྱག་ཕུལ། བཀའ་བཞིན་ཁྱིམ་དུ་ཕྱིར་ལྡོག་པར་རྩོམ་པ་ན་ཇི་ལྟར་གྲུབ་ཕུབ་གནས་པའི་དབེན་གནས་འདི་ལས་བྲལ་དགོས་པར་སོམ་ཉིའི་དྲྭ་བར་ཚུད་ཅིང་སློབ་དཔོན་ལ་བཀའ་འདྲི་ཞུས་པར་སློབ་དཔོན་གྱིས་སླར་ཡང་གསང་སྔགས་རྡོ་རྗེའི་མཐུ་སྟོབས་རྫུ་འཕྲུལ་དོ་ཟླ་བྲལ་ཞིང་མཐའ་ཡས་པར་གྲུབ་པའི་རྟོགས་པ་དཔག་ཏུ་མེད་པ་ལ་བརྟེན་ནས་ཁོ་གཉིས་འཕོ་གྲུབ་དུར་ཁྲོད་དུ་བསྐྱལ་ལོ།།།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲུབ་སྦྱོངས་ཞིང་ཁམས།༣

2012-10-20 རོང་སྨྱོན་རྣམ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།