གྲུབ་སྦྱོངས་ཞིང་ཁམས།༢

རོང་སྨྱོན་རྣམ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-20

          ༢ ཁམས་ལྔའི་སྙིང་བོ།
  ལོ་འགའི་རྗེས།ཡུལ་སྣང་སྐྱིད་ཚལ་ཞེས་བྱ་བ་ནུབ་བྱང་ཕྱོགས་གཉིས་རི་བོ་གནམ་ལ་གཟེངས་འདྲར་བརྟེན་བྱས།རི་རྩེ་འོད་དཀར་ཁ་བས་གཏུམས་ཤིང་དུས་བཞིར་རྟག་པར་གནས་པ།རི་དབུས་སྐྱེར་པ་དང་གླང་མ།སྒྲོ་བ་སོགས་པ་རྩྭ་རྩི་ཤིང་སྟུག་པོས་ནགས་སུ་གྲུབ་པ།རྒྱབ་རིར་སྟག་གཟིག་གུང་སོགས་གཅན་གཟན་མང་བ།མདུན་རིར་ཤ་བ་དང་གླ་བ།རྐྱང།གཙོད་སོགས་པ་རི་དྭགས་ཁྱུ་ཚོགས་དང་ཁྱུ་ཚོགས་རྒྱུ་བ།ཡུལ་གྱི་མདུན་ངོས་ནས་གཡུ་འབྲུག་སྔོན་མོ་ཐང་ལ་ཉལ་འདྲའི་གཙང་ཆུའི་རྦ་རླབས་ལང་ལོང་མཁའ་ལ་འཕྱུར་ཞིང་རྒྱུ།ཕྱོགས་གཞན་དེར་མིག་ཟུང་ལམ་དུ་ཤོངས་སུ་དཀའ་བའི་མུ་ཁྱུད་ཀྱི་ཞིང་ཐང་པ་ཏྲའི་དབྱིབས་ཅན།རི་ཤོད་དུ་དུད་ཁྱིམ་གྲངས་བཅུ་ཤས་ཤིག་ཐར་ཐོར་དུ་གནས་པ་ཕྱི་སྣོད་ཀྱི་བཀོད་པ་རབ་ཏུ་མཛེས་པའི་ཡུལ་ལུང་ཞིག་འཆིས།
    འོག་ཤོད་རྡོ་ཆེན་གྱི་བརྩེགས་པ་དང་སྟེང་ཁང་སོ་བག་གི་བང་རིམ།ཐོག་ཁའི་ཟུར་བཞི་སྐོར་གཏེར་གྱི་བསྐོར་ལ་དར་ཚོན་སྣ་ལྔས་རྒྱན་པའི་དར་ལྕོག་དང་རྨུ་ཐག་རླུང་ཕྱོགས་སུ་ལྷབ་ལྷུབ་ཏུ་གཡོ་བ།ཁང་ཁྱིམ་གྱི་མདུན་སོ་ཕག་དགུ་བརྩེགས་ཀྱི་རྭ་བས་བསྐོར་བའི་སྒོ་རྭའི་ནང་བུ་ཕྱི་རྣམ་པ་ཀུན་ཏུ་མཛེས་ལ་མགོ་སྐྲ་ནག་ཅིང་རྩུབ་པ།དཔྲལ་བ་གཡུ་ཆུང་གཡང་འཁྱིལ།སྨིན་མ་ལྕང་ལོ་འགྱེན་མཆོངས།མིག་ཟུང་མཐོ་རེངས་སྐར་ཆེན།སྣ་གཞོངས་རི་བོའི་སྟག་པ།མཆུ་འགྲོས་པད་འདབ་གཉིས་བརྩེགས།ཁ་ནང་མུ་ཏིག་སོ་ཕྲེང་།ལོ་བཅུ་ལྷག་ཙམ་ལོན་པ་ཞིག་འདུག་པ་དེས་ཤུག་བུས་བཟོས་པའི་རླུང་འཁོར་ཆུང་ཆུང་ལག་ཡས་ཀྱིས་མཐོན་པོར་འགྲེངས་ནས་ཕར་རྒྱུགས་ཚུར་རྒྱུགས་བྱེད་ཀྱིན་རྩེད་མོའི་དགའ་སྤྲོར་རོལ་བཞིན་མཆིས།སྐབས་དེ་འདྲ་ཞིག་ལ་སྟེང་ཁང་གི་ཁྲ་མ་རིས་བཞི་ནས་བུད་མེད་ཅིག་གིས་མགོ་ཕྱིར་བཏོན་ནས་༼ཕུན་ཚོགས།བུ་ཕུན་ཚོགས།ལྟོ་ཟ་བར་ཤོག་ད་རྩེད་མོ་མ་རྩེ།ལྟོ་ཟ་བར་ཤོག༽ཅེས་འབོད།བུ་ཕུན་ཚོགས་ཀྱིས་༼ལགས་སོ།༽ཟེར་གྱིན་འོད་ཤོད་ཀྱི་སྒོ་ནང་དུ་འཛུལ་སོང་།
ཕྱི་ཉིན།བུ་ཕུན་ཚོགས་བྱ་སྐད་གསུམ་པ་དང་འགྲོགས་ནས་མལ་ས་དྲོ་མོ་ལས་ལངས་ཏེ་ངོ་འཁྲུས་བྱས།ཞིམ་ཞིམ་ངང་ཨ་མས་རྫིས་པའི་པགས་ལྡག་ག་གསུམ་བཟས།ཇ་བསྲུབ་མ་ཞོ་འདྲ་བ་ཇ་ཕོར་བདུན་བཏུང་རྗེས་ཨ་ཕ་དང་ཨ་མར་ལན་ཞིག་བྱས་ནས་ཕྱིར་རྩེད་མོ་རྩེ་བར་ཕྱིན་སོང་།
  བུ་ཕུན་ཚོགས་སྔར་རྒྱུན་ལྟར་ཡུལ་ལུང་གི་རྩེད་རྭ་གྲུ་བཞིར་རྩེད་གྲོགས་ཚོ་འཚོལ་བར་འགྲོ་སྐབས་གློ་བུར་དུ།དགུང་ཨ་མངོན་སྔོ་ཐིར་ངེར་གནས་པའི་དབྱིངས་ནས་འོད་ཀྱི་གོང་བུ་སྟར་ཀ་ཙམ་འོད་ཟེར་སྣ་ལྔ་རབ་ཏུ་འཕྲོ་བ་ཞིག་བུ་ཕུན་ཚོགས་ཀྱི་ཕྱོགས་སུ་ལྷུང་ཡོང་ཏེ་ཁོ་བོའི་མགོ་སྟེང་དུ་གཡས་སྐོར་གསུམ་རྒྱབ།མིག་མདུན་དུ་ཡུད་ཙམ་ལྡིང་རྗེས་ཡུལ་སྣང་སྐྱིད་ཚལ་གྱི་རྒྱབ་རི་གནམ་ལྕག་འབར་བ་དང་གླང་རིའི་འབྲེལ་མཚམས་ཕྱོགས་སུ་དལ་བ་དལ་བུར་འཕུར།བུ་ཕུན་ཚོགས་ནི་འོད་ཀྱི་གོང་བུ་ལས་འཕྲོས་པའི་འོད་ཟེར་སྣ་ལྔས་མིག་ཆིག་ཏེ་ཡུད་ཙམ་རིང་མིག་གདངས་མ་ཐུབ་པར་བྱུང་།གང་ཙམ་སོང་རྗེས་མིག་གདངས་ནས་ལྟ་སྐབས་འོད་ཀྱི་གོང་བུ་དེ་མདུན་ཕྱོགས་སུ་དལ་བ་དལ་བུར་འཕུར་འགྲོ་བ་མཐོང་།ཡ་མཚན་དང་བྱིས་བློ་རྩེད་མོར་དགའ་བའི་རང་བཞིན་གྱིས་མ་བཞག་པས་རང་དབང་མེད་པར་འོད་ཀྱི་གོང་བུ་དེའི་རྗེས་དེད་ནས་ཕྱིན།ཡིན་ནའང་།ཁོ་བོས་དབུགས་ཇེ་ཡོད་ཀྱིས་རྗེས་དེད་བྱས་ཀྱང་རྗེས་མ་ཟུན།འོད་ཀྱི་གོང་བུ་འོད་ཟེར་སྣ་ལྔ་འཕྲོ་བ་དེས་བུ་ཕུན་ཚོགས་ཀྱི་ཡིད་ཀུན་ནས་འཕྲོག་པས་དབུགས་ཧལ་བར་མ་འཛེམས་པར་མུ་ཐུད་རང་གིས་རྗེས་མ་ཟུན།འཛིན་མ་ཐུབ་ཀྱང་མིག་མདུན་ནས་བརླག་མི་འགྲོ་བའི་གོང་བུ་དེའི་རྗེས་དེད་བྱས།གློ་བུར་དུ་བུ་ཕུན་ཚོགས་ཀྱི་རྐང་འོག་ཏུ་ཡང་ལྷེན་ཙམ་གྱི་སྣང་བ་ཞིག་འཆར་བ་དང་སྦྲགས་རང་གི་སྐད་ངན་དང་ལྷན་དུ་གྲོག་རོང་དུ་ལྷུང་ནས་དྲན་པ་ཐོར།ཕལ་ཆེར་འོད་ཀྱི་གོང་བུ་དེ་བཟུང་སེམས་ཀྱིས་བློ་ཆུན་པོ་ཡོངས་སུ་བཀུག་ནས་ལམ་ལ་བལྟ་རྒྱུ་ཡང་རྗེས་སོང་བ་འདྲ།
  འོད་ཀྱི་གོང་བུ་འོད་ཟེར་སྣ་ལྔ་འཕྲོ་བ་དེ་ལས་འོད་ཟེར་དཔག་ཏུ་མེད་པ།ཡུལ་ལུང་ཡོངས་སུ་ཁམས་ལྔའི་མདོག་འོད་གིས་གངས་བ་ཞིག་མཚེར་རྗེས་བུ་ཕུན་ཚོགས་ཀྱི་ཐོད་པ་གཡུ་གཞོང་ལྟ་བུའི་དབུས་སུ་ཐིམས།
བུ་ཕུན་ཚོགས་ཀྱི་བག་སུ་ཉལ་བའི་ཡིད་སེམས་ཀྱི་གཏིང་ནས་རང་ཉིད་ཀྱི་མིང་ནས་འབོད་པའི་སྐད་སྒྲ་ཞིག་ལྷང་ལྷང་དུ་བསྒྲགས།
  གང་ཙམ་སོང་རྗེས་བུ་ཕུན་ཚོགས་ཀྱིས་མིག་ཁྲབ་ཁྲབ་ཁྲིབ་ཁྲིབ་ཏུ་གདངས་ནས་ལྟ་སྐབས་རང་ཉིད་མཁར་ཆེན་ཞིག་གི་སྒོ་འགྲམ་དུ་ཉལ་ནས་བསྡད་ཡོད་པ་ཤེས།ཁོ་བོས་ག་ལེར་ལངས་ཏེ་མཁར་ཆེན་དེར་ཞིབ་མོར་ལྟ་ཙ་ན།ཁོ་བོའི་མདུན་དུ་གནས་པའི་མཁར་ཆེན་འདི་ནི་རྡོ་ལྟ་བུ་ལ་རྡོ་མིན་པའི་རྫས་ལས་གྲུབ་པ།དབྱིབས་སླེ་པོ་ཁ་ཕུབ་དང་མཚུངས་ཤིང་རྒྱལ་སྒོ་ཆེ་ལ་རྒྱལ་སྒོའི་མདུན་གྱི་གཡས་གཡོན་དུ་བེམ་གཟུགས་ཀྱི་སེང་གེ་ངར་མ་གཡུ་རལ་ཅན་གཉིས་ཡོད་པ།ལྟས་པ་ཙམ་གྱིས་རྙིང་གཟུགས་ལྡན་ལ་བརྗིད་ཉམས་ཆེ་བ་ཞིག་རེད་འདུག།དེ་མཚམས་སུ་ཁོ་བོས་རང་ཉིད་ས་ཆ་གང་དུ་སླེབས་པ་ཡིན་སྙམ་ནས་གཡས་གཡོན་དུ་ལྟ་སྐབས།འདིར་ཕྱོགས་བཞི་མཚམས་བརྒྱད་འོད་སྨུག་སྨུག་ཙམ་ལས་གཞན་གང་ཡང་མེད་པ་མཐོང་།དེ་དང་སྐབས་མཚུངས་སུ་ད་གིན་རང་ཉིད་ཀྱི་མིང་ནས་ལྷང་ལྷང་དུ་འབོད་པ་དེ་ལྷང་ངེར་དྲན་ནས་འཇིགས་སྣང་གི་བུ་སྤུ་དབང་མེད་དུ་ལངས།
  གློ་བུར་དུ།མཁར་ཆེན་གྱི་ནང་ནས་༼ཕུན་ཚོགས།༽ཞེས་པའི་སྒྲ་དང་ལྷན་དུ་འོད་ཀྱི་གོང་བུ་འོད་ཟེར་སྣ་ལྔ་འཕྲོ་བ་དེ་མཁར་ཆེན་གྱི་རྩེ་མོ་ནས་འོད་ཀྱི་མཇུག་མ་དང་འགྲོགས་ཏེ་བུ་ཕུན་ཚོགས་ཀྱི་ཕྱོགས་སུ་ཕུར་འོང་ནས་སྔར་བཞིན་མིག་མདུན་དུ་ལྡིང་དེ་བསྡད།
ད་ཚོད་བུ་ཕུན་ཚོགས་ཀྱིས་མདུན་དུ་ཡོད་པའི་འོད་ཀྱི་གོང་བུ་དེར་མིག་འབུར་ཚུགས་ཀྱིས་ཞིབ་ལྟ་བྱེད་པའི་དུས་ཤིག་བྱུང་།འོད་ཀྱི་གོང་བུ་དེ་ནི་ཕྱི་ངོས་འོད་ཟེར་སྣ་ལྔ་འཕྲོ་བ་དང་བར་དུ་ཕྱི་ནས་ནང་གི་རིམ་པ་བཞིན་ལྗང་ཁུ།དམར་པོ།སེར་པོ།དཀར་པོ།ནག་པོ་བཅས་ཀྱི་ཚོན་མདོག་བང་རིམ་ལྡན་པ།དབུས་སུ་གོང་བུ་ཆུང་ཆུང་ལྔ་སོ་སོར་ཚོན་མདོག་རེ་ཡོད་པ།དེ་ཚོ་ཕན་ཚུན་དབར་མཚམས་ཅུང་ཙམ་ལྡན་པའི་ངང་སྒོར་དབྱིབས་སུ་གནས་པ་ཞིག་ཡིན་ཚུལ་མངོན་སུམ་དུ་མཐོང་།
བུ་ཕུན་ཚོགས་ཀྱིས་དེ་མ་ཉིད་དུ་འོད་ཀྱི་གོང་བུ་དེ་འཛིན་པར་འགྲོ་སྐབས།འོད་ཀྱི་གོང་བུ་དེས་ཁོ་བོའི་བསམ་པ་རྟོགས་པ་བཞིན་ཁོ་བོའི་ལག་པ་མ་ཉབ་སྔོན་གདོམས་པ་གང་ཙམ་ཞིག་ཇི་ཐོར་ལྡིང་།
དེ་མུར་ཁོ་བོའི་རྣ་བའི་བུ་གར་འདི་ལྟར་ཐོས་ཤིང་ཡིད་ཀྱི་འབེན་ལ་མགུར་གྱི་མདའ་མོ་ཟུག༼ཚུར་ལ་ཉོན་ཅིག་བུ་ཆུང་ཕུན་ཚོགས་ཁྱོད།རྣ་བ་མ་གཡེང་ང་ཡི་མགུར་ལ་གསོན།ང་ནི་འབྱུང་བཞི་ཁམས་ལྔའི་སྙིང་པོ་ཡིན།སྲིད་པ་འཇིག་རྟེན་བྱུང་བའི་མཐུན་རྐྱེན་ཡིན།ས་ཆུ་མེ་རླུང་འབྱུང་བཞིའི་གདོད་ནུས་ཡིན།ཤིང་མེ་ས་ལྕགས་ཆུ་ཡི་སྙིང་པོ་ཡིན།ཤར་ཕྱོགས་ནར་མོ་ལྗང་གུའི་སྙིང་པོ་ཤིང་།ལྷོ་ཕྱོགས་ཟུར་གསུམ་དམར་པོའི་སྙིང་པོ་མེ།ནུབ་ཕྱོགས་ཟླ་གམ་དཀར་པོའི་སྙིང་པོ་ལྕགས།བྱང་ཕྱོགས་ཟླུམ་པོ་མཐིང་ནག་སྙིང་པོ་ཆུ། མཚམས་ངོས་གྲུ་བཞི་སེར་པོའི་སྙིང་པོ་ས།བསྐལ་པ་འབྱུང་ཚུལ་གནམ་ས་ཁ་ཕྱེ་ནས།ང་ནི་འདུས་བྱས་ཀུན་གྱི་གདོད་མར་འཛིན།བསྐལ་ཆེན་གྲངས་མེད་བརྒྱུད་བརྒྱུད་ནས།ཁམས་གསུམ་ཡོངས་ལ་མ་བགྲོད་ས་ཞིག་མེད།སྔ་ཕྱིར་གདོད་གཟུགས་གསུམ་གྱི་ཁོག་ཏུ་བཞུགས།བདག་པོར་འཛིན་ནས་ལས་ཀྱི་རྒྱུ་འབྲས་བསྒྲུབ།ཐོག་མའི་བདག་པོར་བསྐལ་ཆེན་རྫོགས་ལྡན་ཞུ།གཟུགས་ཁམས་ལྷ་ཡི་སྲས་བུ་གདོད་གཟུགས་ཅན།ཁམས་གསུམ་དབང་དུ་བཀུར་ཞིང་ཁྲི་བཙན་མཛད།བསྐལ་ཆེན་གྲངས་མེད་འཚོ་ནས་མཐར་གཏུགས་སུ།ལྷ་ཆེན་རྒ་ལྔས་རྐྱེན་བྱས་སྐུ་ལུས་ཕོངས།བར་ཀྱི་བདག་པོར་གཟུགས་མེད་གསང་ཡུམ་ཞུ།གཟུགས་མེད་ཁམས་ཀྱི་ལྷ་མོ་གདོད་གཟུགས་ཅན།གཟུགས་མེད་ཁམས་ཀྱི་རྒྱལ་བཙན་དབང་དུ་བཀུར།བསྐལ་ཆེན་གྲངས་ཆས་འཚོ་ནས་མཐར་གཏུགས་སུ།ཁམས་འཁྲུག་ཁྲོད་དུ་ཚངས་བཙན་ཞིག་གིས་བཀུམ།ཐ་མའི་བདག་པོར་གསང་མཚན་གྲུབ་ཐོབ་ཞུ།འདོད་ཁམས་ལྷ་ཡི་ལྷ་མི་གདོད་གཟུགས་ཅན།ཁྲི་བཙན་གྲུབ་ཅིང་འཇིག་རྟེན་གང་འདོད་མྱུལ།བསྐལ་ཆེན་གྲངས་མེད་འཚོ་ནས་མཐར་གཏུགས་སུ།ལྷ་རྫས་དོན་དུ་ཁྲི་བཙན་བཞི་ཡིས་བཀུམ།དེ་ནས་བསྐལ་ཆེན་གྲངས་ཀྱི་མི་ལངས་འདས་སོང་ངོ་།སླར་ཡང་གདོད་གཟུགས་ཅན་གྱི་མི་བུ་འཕྲད།ཁྱོད་ཀྱི་བྲན་དུ་འདུག་ནས་བདག་པོར་འཛིན།ཁམས་གསུམ་དབང་དང་གང་འདོད་འཁྱམས་པར་འགྲོ།བཀའ་ལས་མི་འགལ་ཁྱོད་གསུང་ཅི་གར་བསྒྲུབ།ད་ལྟ་མཐུ་ནུས་ཕལ་ཆེར་རྒྱས་བཏབ་ནས།ཁྱོད་ཡིད་བག་གི་ཀློང་དུ་འཕྲོས་སྦྱོར་བྱེད།ལས་འབྲས་རྟེན་འབྲེལ་བཟང་པོའི་སྐབས་བསྟུན་ན།མངོན་མཐོ་ངེས་ལེགས་འཇིག་རྟེན་ཆོས་ཉིད་འཚོལ།༽སྐད་གདངས་ཀྱི་ལྷིང་འཇགས་མ་ཐག་ཏུ་འོད་ཀྱི་གོང་བུ་དེ་སླར་ཡང་མཁར་ཆེན་གྱི་རྩེ་མོར་འཐིམས།
  བུ་ཕུན་ཚོགས་ད་དུང་འདི་ཡིན་ཅི་ཡིན་ཧ་མ་གོ་བར་ཧོན་ཐོམ་མེར་གཟུགས་འགྲོངས་ངེར་མདུན་གྱི་བེམ་གཟུགས་སེང་གེ་གཡུ་རལ་བཞིན་འགུལ་ཙམ་ཡང་མི་བྱེད།གློ་བུར་དུ་ཁོ་བོར་གནམ་ས་འགུལ་བ་ལྟ་བུའི་བཟི་དོམ་ཞིག་ལངས་ནས་དྲན་ཤེས་ལས་འདས།
དྲན་པ་གསོས་སྐབས་རང་ཉིད་ཁྱིམ་གྱི་ས་ཁྲིའི་སྟེང་ཉལ་ནས་བསྡད་པ་དང་ས་ཁྲིའི་ཟུར་དུ་ཨ་མས་བྱམས་བརྩེའི་མིག་ཟུང་གྱིས་རང་གི་མདོང་ལ་བལྟ་བཞིན་པ།ས་ཁྲིའི་མདུན་ན་ཨ་ཕ་དཀྲོངས་ངེར་ལངས་ཤིང་བཞིན་རལ་ལས་བྱམས་བརྩེའི་འོད་མདངས་འཕྲོ་བ།ཁང་པའི་ནང་བསང་དྲི་དང་བསང་དུས་ཁེངས་པ་སོགས་འདྲེན་བྱེད་ལམ་དུ་ཁྲ་ལྷམ་མེར་མངོན།
ལྷ་མོ་སྒྲོན་ཏེ་བུ་ཕུན་ཚོགས་ཀྱི་ཨ་མས་རང་གི་གཅེས་ཕྲུག་དྲན་པ་གསོས་པ་མཐོང་སྐབས་མིག་ཟུང་ལས་མཆི་མ་དབང་མེད་དུ་ཤོརཞིང་བུ་ཕུན་ཚོགས་ཀྱི་ལག་ཡས་ནས་འཇུས་ཏེ།༼བུ་ཕུན་ཚོགས།ག་པར་ན་གི་འདུག་མགྱོགས་པོ་ཨ་མར་ཤོད་དང་།༽ཞེས་ལབ་གིན་ཁོ་བོའི་དཔྲལ་བ་དང་སྤྱི་གཙུག།རྐང་ལག་སོགས་ལུས་ཡོངས་ལ་འཕྱངས་ཙམ།འཇུས་ཙམ་བྱས།
  ཁོ་བོས་ས་ཁྲིའི་སྟེང་ནས་འགུར་ལངས་ཏེ།༼ཨ་མ་ལགས།ཁྱེད་རང་མ་ཤུམ་དང་།གཟིགས་དང་།ང་ན་གི་མིན་འདུག་ངོ་མ།ང་ན་གི་མིན་འདུག༽ཞེས་བརྗོད་རྗེས་ཨ་མའི་དཔང་ཁར་བསྡད།
  ཨ་ཕ་དང་ཨ་མའི་སྐད་ཆ་ལྟར་ན།དེ་ཉིན་བུ་ཕུན་ཚོགས་རྒྱུན་གཏན་ལྟར་ཁྱིམ་དུ་གུང་བཟས་ཟ་བར་མ་སླེབས་པས་ཨ་མ་ལྷ་མོ་སྒྲོན་རྩེད་རྭ་གྲུ་བཞིར་ཁོ་ལ་ལན་བྱེད་པར་ཕྱིན།ཡིན་ཡང་བུ་ཕུན་ཚོགས་རྩེད་རྭ་གྲུ་བཞིར་མེད་པ་མཐོང་སྐབས་བུ་ཕུན་ཚོགས་ཀྱི་རྩེད་གྲོགས་བཟང་ཤོས་གྲོགས་ཆང་རྒྱབ་མྱུང་བའི་རྣམ་སྲས་ལ་སྐད་ཆ་འདྲིས།རྣམ་སྲས་ཀྱིས་དེ་རིང་བུ་ཕུན་ཚོགས་རྩེད་རྭ་གྲུ་བཞིར་སླེབས་མ་སོང་ཞེས་འཆད་དུས་ལྷ་མོ་སྒྲོན་གྱི་སེམས་ལ་དངངས་སྐྲག་དང་འབྲེལ་འཚུབ་སོགས་མི་བདེ་བའི་སྣང་བ་ཞིག་བྱུང་།
  ལྷ་མོ་སྒྲོན་གྱིས་རྣམ་སྲས་ཁྲིད་དེ་བུ་ཕུན་ཚོགས་ཀྱི་ཨ་ཕ་མྱང་རོང་དཀའ་བ་འབུམ་སྟོང་དང་གཞན་ཡུལ་མི་ཁག་ཅིགའབོད་ནས་བུ་ཕུན་ཚོགས་འཚོལ་བར་ཕྱིན།དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་རྗེས་ཉི་མྱུར་ཟིན་མ་ཟིན་ཙམ་དུ་རྣམ་སྲས་ལ་ན་རོ་གྲོག་ཆུང་ནས་དྲན་པ་ཐོར་བའི་བུ་ཕུན་ཚོགས་རྙེད།དེ་རྗེས་རྣམ་སྲས་ཀྱིས་ལྷ་མོ་སྒྲོན་དང་ཡུལ་མི་གཞན་གྱི་ཕྱོགས་སུ་༼ཀྰུ། ༽ཞེས་ལན་གསུམ་རྒྱབ་ནས་བུ་ཕུན་ཚོགས་དཔུང་པར་སྟེགས་ཏེ་གྲོག་རོང་ལས་བུད་དེ་མི་གཞན་རྣམས་དང་ལྷན་དུ་བུ་ཕུན་ཚོགས་ཀྱི་ཁྱིམ་མྱང་རོང་ཚང་དུ་ལོག།བསང་ཕོར་བླངས་ནས་བསང་བརྡུལ།བྱིན་བརྟེན་སྦངས་ནས་བྱིན་བརླབ་བསྟེར་བས་བུ་ཕུན་ཚོགས་ཀྱིས་གློ་སངས་ཤིག་བྱས་རྗེས་དབུགས་ཀྱི་རྒྱུ་བ་ལྷེམ་ལྷེམ་འབྱིན།ཡུལ་མི་ཚང་མས་དབུགས་རིང་ཞིག་ནས་མྱང་རོང་དཀའ་བ་འབུམ་སྟོང་དང་ལྷ་མོ་སྒྲོན་ལ་སེམས་གསོ་ཅུང་ཙམ་བྱས་ཏེ་རིམ་པར་རང་རང་གི་ཁྱིམ་དུ་ལོག་དུས་ཚོད་ཕྱེད་ཙམ་རྗེས་བུ་ཕུན་ཚོགས་དྲན་པ་ཡོངས་སུ་གསལ།
  ཕ་མ་གཉིས་ཀྱིས་བུ་ཕུན་ཚོགས་ལ་གྲོག་རོང་དུ་ཇི་ལྟར་ལྷུང་ཚུལ་སོགས་པ་འདྲི་སྐབས་ཁོ་བོར་དེ་དོན་ཅི་ཡང་འཆད་རྒྱུ་མེད་དེ།རང་ཉིད་ཁྱིམ་སྒོ་ནས་ཐོན་པ་དང་དེ་རྗེས་ས་ཁྲིའི་སྟེང་ཉལ་ཡོད་པ་ལས་གཞན་གང་ཡང་དྲན་རྒྱུ་མེད།
  དེ་སྐབས།བུ་ཕུན་ཚོགས་ཀྱི་བགས་སུ་ཉལ་བའི་ཡིད་སེམས་ཀྱི་གཏིང་ན་ཕྱོགས་བཞི་མཚམས་བརྒྱད་ལ་བསྟུན་པའི་འོད་ཀྱི་གོང་བུ་མདོག་མི་འདྲ་བ་ལྔ་རང་གར་གནས།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲུབ་སྦྱོངས་ཞིང་ཁམས།༢

2012-10-20 རོང་སྨྱོན་རྣམ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།