གྲུབ་སྦྱོངས་ཞིང་ཁམས།༡

རོང་སྨྱོན་རྣམ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-20

                ༡  ཁམས་འཁྲུགས་འགེག་རྩ།།
    མཚན་མོ་ཞིག་ལ།  མཁའ་དབྱིངས་སུ་སྤྲིན་ནག་ལང་ལོང་དུ་འཕྱུར་ཞིང་། ཨ་སྔོན་བཤགས་འདྲའི་གློག་དམར་ལམ་ལམ་འཁྱུག་པའི་སྐབས་འདིར།  གནས་ག་གེ་མོའི་དུར་ཁྲོད་ཞིག་ན་བདུད་རླུངའཚུབ་འཚུབ་ལ་འབྱུང་བོ་རོ་ལངས་གྲངས་བཅུ་ཤས་ཅིག་ཕར་འགྲོ་ཚུར་འོངས་བྱེད་ཅིང་།   དེ་དག་གི་ལུས་སྟེང་ན་རོ་འབུས་ཤ་རུལ་བཟའ།  རོ་འབུ་འབྱུང་བོ་རོ་ལངས་ཀྱི་སྣ་ཁུང་ནང་འཛུལ་ཏེ་ཁ་ནང་ནས་བུད།  མིག་རིལ་ས་ལ་ལྷུང་བའི་མིག་སྟོང་ནས་འཛུལ་ཏེ་རྣ་ལམ་ལས་སྣག་ཁྲག་དང་ལྷན་དུ་ཕྱིར་ཐོན།  འབྱུང་བོ་རོ་ལངས་ལ་ལས་ནི་རང་གི་ལྟོ་བར་སེན་འབྲས་ཤུགས་ཀྱིས་བྱས་པས་ལྟོ་བ་རྡོལ་ཏེ་རྒྱུ་མ་ཤག་ཤག་དང་གློ་སྙིང་ལྡིག་ལྡིག་དང་བཅས་ཏེ་ས་སྟེང་དུ་ལྷུང་།  ལ་ལ་ནི་འགྲམ་ཡས་སྣག་གིས་ལུས། འགྲམ་ཡས་ཁྲག་གིས་འཛར།  རོ་འབུ་འགྲམ་ངོས་སུ་ཡར་འགྲོ་འགྲོ་མར་འབུད་འབུད་བྱས་པར་ཚོར་བ་མེད་པ་ཇི་བཞིན་ས་སྟེང་ནས་རྒྱུ་མ་དང་གློ་སྙིང་སྒྲུག  ཁ་ནང་ནས་གཞན་གྱིས་འཕྲོག་དོགས་བཞིན་སོ་ཡང་མ་བྱས་པར་གློ་ཡུར་མཛངས།  ལ་ལས་རང་གི་སྣག་ཁྲག་དང་རོ་འབུས་ཁེངས་པའི་ལག་ངར་ལ་སོ་བྱས།  དལ་དལ་དུ་ཅག་ཅག་བྱེད་བཞིན་པ་དེ་ནི་འཇིག་རྟེན་ན་དཀོན་པའི་བདུད་རྩིར་རོ་མྱོང་བྱེད་པ་དང་ཇི་འདྲའི་འདྲ་བ་ཞིག་ཨང་།།
དེས་མི་ཚད་བར།  འབྱུང་བོ་རོ་ལངས་གྲངས་བཅུ་ཤས་དེའི་ཁྲོད་དུ་“ཁྲ་ལག་ ཁྲ་ལག་”ཞེས་པའི་སྒྲ་དང་ལྷན་དུ་འགུལ་བསྐྱོད་བྱེད་པའི་རུས་སྒྲོམ་དང་། ལུས་པོ་ས་ལ་མ་རེག་པར་རླུང་གི་འགུལ་ཕྱོགས་དངའགྲོགས་བར་སྣང་དུ་ཕར་འཕུར་འཕུར་དང་ཚུར་འཕུར་འཕུར་བྱེད་པའི་སེམས་སྟོང་གཤིན་འདྲེ་ཡང་མི་ཉུང་ཞིག་འདུག།
 དེ་དག་གི་ཁྲོད་དུ་གཤིན་འདྲེ་གཞན་ལས་ཆེས་ཁྱད་པར་ལྡན་པའི་འབྱུང་བོ་རོ་ལངས་སྟོབས་ཚད་འདོམ་པ་གསུམ་ཙམ་བྱས་པ་ཞིག་དང་། སེམས་སྟོང་འོད་སྔོ་ལྷམ་ལྷམ་འཕྲོ་བ་ཞིག  རུས་སྒྲོམ་ཀ་པ་ལི་ཤིན་ཏུ་ཆེ་ཞིང་ཀ་པ་ལིའི་སྟེང་རྡོ་རྗེར་གློག་དམར་འཁྱུག་པའི་པར་རིས་བྱས་པ་ཞིག་ཀྱང་འདུག  ཕལ་ཆེར་གཤིན་འདྲེ་དེ་གསུམ་པོ་ནི་དུར་ཁྲོད་འདིར་འདུག་པའི་གཤིན་འདྲེའི་ ཚོགས་ཀྱི་བདུད་བཙན་ཡིན་པ་འདྲ།།
གློ་བུར་དུ་མཁའ་དབྱིངས་ནས་སེར་འོད་ཅིག་མྱུར་བ་མྱུར་མོར་དུར་ཁྲོད་ཀྱི་ཕྱོགས་སུ་རྒྱུགས་ཡོངས།  མིག་ཡུག་ཙམ་ལ་སེར་འོད་དེ་དུར་ཁྲོད་ཀྱི་ཕ་བོང་ཞིག་གི་སྟེང་དུ་ལྷུང་།  བདེ་མོར་བལྟས་ཚེ།  དེ་ནི་གསེར་འོད་ལྷུང་བ་གང་ནས་ཡིན།  དེ་ནི་མགོ་སྟེང་ན་བ་སྤུ་ཙམ་ཡང་མེད་པའི་ཤཀྱའི་ དགེ་འདུན་ཞིག་རེད་འདུག། དགེ་འདུན་དེ་ནི་ཕར་བལྟས་ཚེ་དགུང་ལོ་ལྔ་བཅུ་ཡས་མས་དང་ཤ་རིད་ལ་ལུས་སྟེང་ངུར་མིག་སྲབ་མོ་ཞིག་ལས་བཞེས་མེད་པ།  ཕྱག་གཡོན་ན་མདོག་དམར་ནག་གི་ཕྲེང་བ་ཞིག་བསྣམ་པ།  ཞི་ཞིང་དུལ་བ།  མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བ་ཞིག་རེད་འདུག།
  དགེ་འདུན་ནས་རྣམ་པ་འདི་ལྟ་བུ་ལ་གཟིགས་པས་མ་ཎི་ཡིག་དྲུག་འདོན་“འགྲོ་བ་རིགས་དྲུག་ཡ་ང་བ་ལ།  སྲིད་པ་འཇིག་རྟེན་སྙིང་རྗེ་བ་ལ།  དུས་མི་འགྱུར་རྟག་བརྟན་པ་ལ།  མི་སེམས་འགྱུར་བ་འགོག་ཐབས་རང་མི་འདུག  བདུད་སྲིན་འབུ་གཤིན་འདྲེ་མང་དུ་བྱུང་བ་དེ།  ཁམས་མི་བདེ་འཁྲུག་པར་འདུག།  འཚེ་བ་འདུལ་ཞིང་ཞི་བདེར་ལྷོངས་བའི་དམ་པ་འཁྲུངས་བར་ཤོག།”ཞེས་ཐལ་མོ་ཁ་སྦྱར་སྙིང་ཁར་ཐུག་ནས་སྨོན་ལམ་དང་བཅས་གསུངས་སོ།
  འབྱུང་བོ་རོ་ལངས་སོགས་པའི་འདུད་སྲིན་གཤིན་འདྲེ་དག་གིས་དུར་ཁྲོད་དུ་མི་ཞིག་སླེབས་པ་མཐོང་བས་ཚང་མས་ཕུང་པོར་རྒོད་པོ་འཕྱང་བ་བཞིན་དགེ་འདུན་གྱི་ཕྱོགས་སུ་རྒྱུགས་ཡོང་།    དགེ་འདུན་གིས་དངངས་ཚབ་མེད་པའི་སྒོ་ནས་ཕ་བོང་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས།  ཕྲེང་བ་མགུལ་ལ་བསྐོན།  ཐལ་མོ་བྲང་མདུན་དུ་ཁ་སྦྱར།  ཕྱག་ན་རྡོ་རྗེའི་ཟུངས་སྔགས་ཡང་བསྐོར་བསྐྱར་བསྐོར་འདོན།  དེ་མ་ཉིད་དུ་དུར་ཁྲོད་ཀྱི་ཁྱོན་འདིར་སེར་འོད་ཀྱི་ལྷུང་སྲིད་འདྲ་བ་ཞིག་ཕུག་སོང་།  འདུད་སྲིན་གཤིན་འདྲེ་ཕལ་ཆེ་བ་ནི་དགེ་འདུན་ལ་རྒོལ་རྒྱུ་ལྟ་ཅི།  ལྷུང་སྲིད་ཀྱི་འོག་ཏུ་ཕུབ་པ་དང་གསེར་འོད་ལུས་སྟེང་དུ་ཕོག་པའི་རྐྱེན་གྱིས་རང་ཚུགས་སུ་འདུག་ཅིང་།  སྤྱི་གཙུག་ནས་དུ་  ནག་ཐོན་ཏེ་སེར་འོད་ཀྱི་ལྷུང་སྲིད་ལ་འཐིམ།  རྐང་འཐིལ་ནས་ཡར་རིམ་གྱིས་ཐལ་རྡུལ་དུ་གྱུར་ནས་ས་ལ་ལྷུང་།  ཡིན་ནའང་། བདུད་བཙན་གསུམ་པོ་གཤིན་འདྲེ་གཞན་དང་མི་འདྲ་བར་འཇིགས་སྣང་ལྡན་པའི་ངང་ནས་དགེ་འདུན་གི་ཕྱོགས་ལ་རྒོལ་ཡོང་ཞིང་དགེ་འདུན་ལས་བར་ཐག་གདོམ་པ་བཅུ་ཡི་སར་སླེབས་སྐབས་རུས་སྒྲོམ་བདུད་བཙན་གྱིས་ཨོག་རུས་འགུལ་ཙམ་འགུལ་ཙམ་བྱས་ནས་ཕྱོགས་མི་རྙེད་ལ་མི་སེམས་འཇིགས་རུང་དུ་བཀུར་བའི་འཛེར་སྐད་ཀྱིས་{བླར་རྒན་འདོད་ཚུགས}ཞེས་ཟེར་གྱིན་རུས་པའི་རལ་གྲི་ཞིག་འོད་ཀྱི་ལྷུང་སྲིད་ལ་འཕངས་ནས་གཏོར་རྩིས་བྱས།  འོན་ཀྱང་།ལྷུང་སྲིད་ཀྱི་འོད་ཆུང་རུ་ཅུང་ཙམ་ཕྱིན་པ་ལས་གཏོར་མ་ཐུབ།  ཡང་རུས་སྒྲོམ་བདུད་བཙན་གྱིས་{བླར་རྒན།  ཁྱོད་ཁྱོད་ལ་དགོས་པའི་ཤཀྱའི་ཆོས་གྱིས། ང་ང་ཚོ་བདེ་བའི་དུར་ཁྲོད་མྱུལ། ཁྱོད་དང་ང་ཚོ་སྔར་ཡོད་ཟེ་འཁོན་འཛིན་མེད། ཉེ་དུས་འབྱུང་ཟེ་འཁྲུག་རྩོད་མ་བྱུང་། ཁྱོད་ཀྱིས་ང་ཚོར་རྒོལ་བའི་རྒྱུ་མཚན་ཅི་ཡིན། ང་ཚོ་འཆི་རྒྱུར་མི་སྐྲག མ་གཞི་ནས་ང་ཚོ་ཐེངས་གཅིག་འཆི་ཟིན་པ་ཡིན།  འཆི་བའི་མྱོང་བ་ཡོད། བླར་རྒན། ཁྱོད་ལ་གཏམ་ལན་གསལ་པོ་ཞིག་རྒྱབ་རྒྱུ་མེད་ན། ང་ཚོའི་རྣམ་ཤེས་ཤུལ་མེད་དུ་འགྲོ་དགོས་བྱུང་ཡང་ཁྱོད་དང་མཐའ་གཅིག་ཏུ་འཐབ་རྒྱུ་ཡིན}ཞེས་ཟེར་གྱིན་དགེ་འདུན་གྱི་ཕྱོགས་ལ་རུས་པའི་རལ་གྲི་ཞིག་སྤྲུལ་ཏེ་རྣོ་དབལ་གཏད། དགེ་འདུན་གྱིས་སྤྱན་ཟུང་གདང་ནས་བདུད་བཙན་གསུམ་པོར་རེ་རེ་བཞིན་ལྟས་རྗེས་མཐར་རུས་སྒྲོམ་བདུད་བཙན་གྱི་ལུས་སྟེང་དུ་མིག་ཚུགས་ཏེ{བདུད་བཙན་ཚུར་ལ་ཉོན་དང་། ཁྱོད་ཚོས་ཚེ་སྔོན་ལས་ངན་བསགས་པས་བདུད་ཀྱི་ལུས་ལ་སྐྱེས། ད་དུང་དགེ་བ་མ་བསྒྲུབས། བར་མདོའི་ལམ་ལ་མ་འཆས་པར་དུར་ཁྲོད་འདི་ན་ཅི་ཡི་ཆེད་དུ་འཚོ། བདུད་ཀྱི་འདུ་འཛོམས་ཚོགས་ནས་ཅི་ཞིག་བྱ། ང་ཡི་རྟོག་པའི་འབྲས་རྟགས་མ་ཐོན་རུང་ཁྱོད་ཚོ་འདུ་དོན་ཕྱིས་བྱུང་ཅི་ཡོང་ང་ཡིས་ཅུང་ཙམ་ཤེས། སྡིག་པའི་ལས་རྣམས་བསྐྱུར་ནས་དགེ་བའི་ཕྱོགས་ལ་ལོངས། དེ་མིན་ན། ཁྱོད་དང་ཁྱོད་རོགས་བཅས་པ་རྣལ་འབྱོར་ང་ཡིས་བར་མདོའི་ལམ་ལ་རྫོངས}ཞེས་གསུངས་རྗེས་སྔར་བཞིན་སྤྱན་ཟུང་བཙུམ་ནས་མུ་མཐུད་ཟུངས་སྔགས་འདོན། རུས་སྒྲོམ་བདུད་བཙན་གྱིས་{ཧ་ཧ། བླར་རྒན་ཁྱོད་ཀྱིས་དེ་ལྟར་རྟོགས་ན་རྒོལ་རྒྱུ་ཅི་ཞིག་མཆིས། ཁྱོད་ཀྱིས་ང་འདྲབཀུམ་ཡང་ཕན་འབྲས་ཅི་ཞིག་འོང་། ང་ཚོ་ནི་མདུན་གྱི་ལམ་བུར་མྱུལ་ཞིབ་བྱེད་མཁན་ཙམ་ལས་བདུད་ཀྱི་དཔུང་སྡེ་རྗེས་མ་སྙེགས་ནས་ཡོད། ང་ཚོ་འཆི་ཡང་མུན་པས་འཇིག་རྟེན་དབང་རྒྱུར་གནོད་མི་ཡོང་། མུན་པས་འཇིག་རྟེན་སྒྲིབ་པའི་དུས་ང་ཚོ་སླར་ཡང་གནས་འདིར་སྲོན། ཧ་ཧ་ཧ”””}ཞེས་འཛེམ་བག་སྤུ་ཙམ་མེད་པའི་ངང་ལག་ཏུ་བཟུང་བའི་མཚོན་འཕྱང་སྟེ་དགེ་འདུན་གྱི་ཕྱོགས་ལ་མཆོངས་ཡོང་།  དགེ་འདུན་ནས་བདུད་བཙན་གསུམ་པོའི་ངང་ཚུལ་གཟིགས་པས་ཕྱག་ཟུང་གིས་ཕྱག་སྐྱ་ལན་འགའ་གནང་རྗེས་“འཕགས་“ཞེས་འབོད།  ཕྱག་ཟུང་བདུད་བཙན་གྱི་ཕྱོགས་སུ་བརྐྱང་ནས་ཕྲེང་བ་དང་རྡོ་རྗེ།  དྲིལ་བུ་བཅས་ཕྱག་མཚན་སྣ་གསུམ་འོད་སེར་དང་འགྲོགས་བདུད་བཙན་གསུམ་པོར་འཕངས།  དྲིལ་བུ་འབྱུང་བོ་རོ་ལངས་འདོམ་པ་གསུམ་ཅན་དེའི་སྤྱི་བོའི་སྟེང་དུ་འཕུར་ཏེ་སྐད་ཅིག་ཉིད་དུ་ཁང་པ་ལྕམ་གང་ཙམ་དུ་འགྱུར་ནས་བསྣུན།  ཕྲེང་བ་སེམས་སྟོང་འོད་སྔོ་ལྷམ་ལྷམ་འཕྲོ་བ་དེར་བསྣུན་ནས་ཤུལ་མེད་དུ་བཏང་།  རྡོ་རྗེས་རུས་སྒྲོམ་བདུད་བཙན་གྱི་ཀ་པ་ལིར་འཕོག་ལ་ཉེ་བའི་སྐབས་དེར་གློ་བུར་དུ་ཀ་པ་ལིའི་སྟེང་གི་རྡོ་རྗེར་གློག་དམར་འཁྱུག་པའི་པར་རིས་ལས་འོད་ནག་པོ་ཞིག་འཕྱུང་ཏེ་རྡོ་རྗེ་དང་སྟོབས་འགྲན་དུ་ཐུགས་ནས་རུས་སྒྲོམ་ལ་སྲུང་འཁོར་ཞིག་བསྐྲུན་།  ཡིན་ཡང་།  ཅང་མ་འགོར་བར་རྡོ་རྗེ་ལས་འོད་སེར་ཤུགས་ཆེན་ཞིག་འཕྲོས་ཏེ་འོད་ནག་གི་སྲུང་འཁོར་ལས་འགལ་ནས་རུས་སྒྲོམ་གྱི་ཀ་པ་ལིའི་དབུས་སུ་བསྣུན་།  བདུད་བཙན་དེ་ཡང་ཐལ་བའི་མདུན་དུ་བརླགས་།  དེ་ཡང་སེ་གོ་ཏོག་གཅིག་གི་དུས་ཡུན་ལས་མ་འདས་།  དེ་རྗེས་དགེ་འདུན་གྱིས་ཕྱག་ན་རྡོ་རྗེའིཧ་ཟུངས་སྔགས་ཁ་འདོན་མཚམས་བཞག་། རྗེས་མ་ཉིད་དུ་སེར་འོད་གྱི་ལྷུང་སྲིད་འོད་ལྷམ་ལྷམ་ཁྲོད་དུ་ཡལ་།  ཕྱག་གཡས་ཀྱིས་ཕྱག་མཚན་གྱི་ཕྱོགས་ལ་འགུལ་ཙམ་བྱས་པས་ཕྱག་མཚན་སྣ་གསུམ་སེར་འོད་དང་འགྲོགས་དགེ་སློང་གི་སྐུ་ལུས་སུ་འཐིམ་།  དགེ་སློང་གིས་ཕ་བོང་ལས་ཡར་བཞེངས་ནས་དབུགས་རིང་ཞིག་སྦྱིན་། སྙིང་པོ་ཡིག་དྲུག་འདོན་ཀྱིན་ལུས་ལ་སེར་འོད་འཁྲུངས་ཤིང་ཤུར་སྒྲ་དང་བཅས་དུར་ཁྲོད་གནས་པའི་རི་བོའི་མདོ་ནས་ཕུ་ལ་འཕུར་སོང་།།     (མུ་འགོད)
                                                          
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲུབ་སྦྱོངས་ཞིང་ཁམས།༡

2012-10-20 རོང་སྨྱོན་རྣམ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།