ལོག་སྦྱོར་སྙིང་གི་ཚེར་མ།

  ཟླ་ཕྱེད་ལྷག་ལ། ཉིན་མཚན་གྱི་དབྱེ་བ་མེད་པར་དྲག་རླུང་འུར་འུར་དུ་ལྡིང་ཞིང་། ཁ་བ་བུ་ཡུག་གིས་ཟུག་ངུ་འབྱིན་བཞིན་རི་ལུང་ཡོད་ཚད་དར་དཀར་གྱིས་སྙོམ་པ་ལྟར་འཚུབ། མཐོང་བ་ཙམ་གྱིས་གྲང་ཞིང་འཁྱག་པའི་གནམ་གཤིས་ཀྱིས་གང་ཞིག་ལ་ངོ་རྒོལ་བྱེད་པ་དང་ཡོངས་སུ་མཚུངས་པས། ཨ་རིའི་གློག་བརྙན《2012ལོའི་ཆག་འཇིག》གི་རྣམ་པ་ཡིད་ལ་དྲན་ཏེ། འཇིག་རྟེན་འདི་ད་ལོ་དངོས་སུ་འཇིག་རྒྱུ་རེད་སྙམ་པའི་སྐྲག་སྣང་ཞིག་སྙིང་ཁམས་བརྒྱུད་དེ་ལུས་ཡོངས་སུ་ཁྱབ་འགྲོ
  ས་རུབ་སྟེ་ཡུན་རིང་འགོར་ཡོད་པས། མུན་ནག་གི་ཀློང་ནས་གྲང་རླུང་གི་འུར་སྒྲ་དང་བུ་ཡུག་གི་ཟུག་སྐད་མ་གཏོགས་ཅི་ཡང་ཐོས་མི་ཐུབ་ལ། ཕྱི་རོལ་གྱི་ཁ་བས་གཡོགས་པའི་སྐྱོ་ལྷང་ལྷང་གི་རྣམ་པ་ནི་དེ་བས་ཀྱང་མཐོང་མི་ཐུབ་པར་མིག་ལམ་དུ་སྣང་ཐུབ་པ་ཙམ་ནི་ཟླ་བ་ཚང་རེད།
  ཐབ་མགོའི་སླ་ང་དང་དཀར་ཡོལ་ལས་མཆེད་པའི་རླངས་པ་ནི་སྟོན་གྱི་ན་བུན་འཁྲིགས་པ་དང་འདྲ་བས། གློག་སྒྲོན་གྱི་ཟིལ་ཤུགས་ཀྱང་བཅོམ་པ་ལྟར་མག་མོག་ཏུ་གྱུར་ཅིང་འདར་ཤིག་ཤིག་བྱེད་པའི་ཚུལ་དུ་སྣང་།  གློག་སྒྲོན་དང་བར་ཐག་ཉེ་བའི་ཚ་ཐབ་སྟེང་ཨ་མྱེས་ཉི་མ་དང་ཟླ་བ་ཕ་བུ་ གཉིས་ཁ་གཏད་དུ་བསྡད་དེ་འོ་ཇ་འཐུང་བཞིན་འདུག་ལ།  ཁོ་གཉིས་ཀྱི་དཀྱིལ་དུ་ཚ་བོ་སྐར་མ་ཡིས་ཅི་ཞིག་འཐུང་བར་བྲེལ། རླངས་པའི་གཡོ་ཕྱོགས་དང་བསྟུན་ནས་ཁོ་ཚོའི་བཞིན་རས་ནི་རེས་གསལ་རེས་མོག་གིས་མངོན་པས། སེམས་སུ་བརྙན་འཕྲིན་ནང་གི་ལྷ་ཡུལ་ཁམས་ནི་འདི་ལྟར་བརྙན་དུ་ཕབ་པ་རེད་སྙམ་ཡོང་།_
  ཨ་མྱེས་ཉི་མས་མིག་ཤེལ་སྟེང་གི་རླངས་པ་འབྱིད་ཞོར་དུ་མིག་ཟུང་ཤེད་ཀྱིས་བཙུམས་ཙམ་བྱས་ཏེ“ཁ་སང་དེ་རིང་གི་ཁ་བ་དང་དྲག་རླུང་སྨྱོས་པ་ལྟར་འབབ་གཡུག་བྱེད་པ་འདི་ཅི་ཡིན་ནམ། ཐན་ལྟས། ང་སྐྱེས་ཏེ་ལོ་ངོ་དྲུག་བཅུ་ལྷག་འགོར་བའི་རིང་ལ། འདི་འདྲའི་གྲང་ངར་ཞིག་མཐོང་མ་མྱོང་། འདི་ལྟར་སོང་ན། ནོར་ལུག་ཚང་མ་ཤི་སྟེ་ཚར་རྒྱུ་རེད” ཅེས་ཡིད་ཆད་པའི་རྣམ་འགྱུར་ཞིག་གདོང་ལས་མངོན་བཞིན་སྨྲས།
   “རེད་ཡ། གཟན་རྩྭ་ཡང་ཚར་ལ་ཉེ། གོད་རོ(གོད་ཆག་ལས་ཤི་བའི་ནོར་ལུག)་འདི་དག་མ་བཙོང་ན། སྒོར་མོ་ཡང་མེད་པས་ཤུལ་དུ་ལུས་པའི་ནོར་ལུག་འདི་དག་ཀྱང་ཤི་རྒྱུ་རེད། སང་ཉིན་རྫོང་ཐོག་ལ་སོང་སྟེ་ཉོ་མཁན་ཁ་ཆེ་བ་ཞིག་ཨེ་ཡོད་ལ་བལྟ། ཞོར་དུ་ལོ་གསར་གྱི་ཉོ་ཆ་ཡང་རྒྱག་དགོས།” ཟླ་བས་མགོ་བོ་གཡུག་གཡུག་འགའ་བྱས་རྗེས་དེ་ལྟར་སྨྲས།
  ཨ་མྱེས་ཉི་མས“ཁྱོད་ཀྱིས་རྒྱུ་འབྲས་མེད་པའི་ཚོང་མ་རྒྱག  གོད་རོ་འདི་དག་མི་གཞན་གྱིས་བཟའ་ཆོག་གམ། རྒྱུ་མེད་ཀྱང་གཞན་ལ་གནོད་པའི་བྱ་བ་གཏན་ནས་བྱེད་མི་རུང” ཟེར་བཞིན་གནའ་རྫས་ལྟར་རྙིང་བའི་མིག་ཤེལ་གདོང་ལ་གྱོན།
   “ཨ་ཕ། གོད་རོ་འདི་དག་གྲང་ལྟོགས་ཀྱི་ཤི་བ་ལས་ནད་ཀྱི་ཤི་བ་མིན་པས། གཞན་གྱིས་བཟས་ཀྱང་སྐྱོན་ཅི་ཡོད།” ཟླ་བས་ཇ་དཀར་མདུན་ཅོག་སྟེང་འཇོག་ཞོར་དུ་སྨྲས།
 “གང་ལྟར་འདི་དག་ནི་ཤི་བའི་ཤ་ཡིན་པས། ཕ་མེས་ཡང་མེས་ཀྱི་རིང་ནས་ང་ཚོས་བཟས་མི་ཆོག་པ་མ་ཟད། གཞན་ལ་བཙོངས་ཀྱང་ཆོག་པ་མ་རེད། བྱམས་སྙིང་རྗེ་བསམ་མཁན་ཞིག་ཡིན་ན། མ་གྱུར་སེམས་ཅན་ཐམས་ཅད་བསམ་དགོས། རྒྱུ་སེན་མོ་ཙམ་ཞིག་གི་ཆེད་དུ་ཚེ་འདི་ཕྱི་གཉིས་ཀར་གནོད་པའི་བྱ་བ་གཏན་ནས་སྒྲུབ་མི་རུང་།”   ཨ་མྱེས་ཉི་མས་དད་པའི་ཕྱག་ཟུང་སྙིང་ཀར་སྦྱར།
     ཟླ་བའི་གདོང་ལས་ཡིད་མ་རངས་པའི་རྣམ་འགྱུར་ཞིག་མངོན་ཡོད་ནའང་ཁ་ནས་ཚིག་གཅིག་ཀྱང་མ་བཤད།
  “དེ་ལས་སང་ཉིན་ཁྱོད་རྫོང་ཐོག་ལ་འགྲོ་ན། མིག་སྨན་ཞིག་ཉོས་ཤོག  སྔོན་ཆད་མདའ་ཚད་གཅིག་གི་སར་སྐྱ་ཀ་ཁྲ་མོ་ཞིག་ཡོད་ཀྱང་མཐོང་ཐུབ་མོད། ད་ལྟ་འདོམ་གང་གི་སར་བྱ་ཁྭ་ཏ་ནག་པོ་ཞིག་འཕུར་ལྡིང་བྱས་ཀྱང་རབ་བེ་རིབ་བེ་རེད། ལྷག་པར། ཁ་བ་འབབ་རྒྱུ་མང་ན། ངའི་མིག་ནས་ཆུ་མི་འཚོག་པས།   མིག་སྨན་དགའ་ཞིག་ཉོ་རྒྱུ་མ་བརྗེད།” ཨ་མྱེས་ཉི་མས་ཇ་དཀར་གྱི་རླངས་པར་ཤུགས་ཀྱིས་ཕུད་འདེབས་བཞིན་སྨྲས།
  སྐབས་དེར། ཚ་བོ་སྐར་མ་གློ་བུར་དུ་ཡར་ལངས་ཏེ “ཨ་མྱེ། ཨ་ཕ་རྫོང་ཐོག་ལ་འགྲོ་ན། ང་རང་འཁྲིད་དུ་འཇུག་རོགས” ཟེར་བཞིན་ཨ་མྱེས་ཉི་མའི་པང་དུ་མཆོངས། “ཆོག་གི སང་ཉིན། ཨ་ཕས་ཁྱོད་རང་འཁྲིད་ཁོ་ཐག་ཡིན” ཨ་མྱེས་ཉི་མའི་གདོང་ལས་གཅེས་པའི་འཛུམ་ཞིག་མངོན་བཞིན་སྐར་མའི་མགོ་ལ་བྱིལ་བྱིལ་བྱས།  
  སྐར་མ་དགའ་དྲགས་ཏེ་གློག་དམར་འཁྱུག་པ་ལྟར་སྐད་ཅིག་ཉིད་ལ། ཨ་མྱེས་ཉི་མའི་སྐེ་ལ་ཞོན་པ་དང་། ལག་གཉིས་ཀྱིས་ཨ་མྱེས་ཀྱི་རྣ་འཇོག་གཉིས་ལ་འཇུས་ཏེ“ད་འགྲིག་སོང་། ད་འགྲིག་སོང་། སང་ཉིན་ང་རང་འཕྲུལ་རྟར་ཞོན་ཐུབ་སོང” ཞེས་འཕྲུལ་རྟར་ཁ་ལོ་བསྒྱུར་བའི་ཚུགས་ཀ་བསྟན། དེར་བལྟས་ན། ཁོ་རང་པྲ་ཚག་ཅིག་ཡིན་པ་ཤེས་ཐུབ་ལ། ཁྱིམ་མི་ཚོས་གཅེས་ལང་དུ་བཏང་ཡོད་པའང་རྟོགས་ཐུབ།
  ཨ་མྱེས་ཉི་མས་ཀྱང་ལུས་པོ་དགྱེ་སྒུར་བྱེད་ཞོར་དུ་ཁ་ནས“ལྡིར་ལྡིར། ལྡིར” ཟེར་བཞིན་འཕྲུལ་རྟ་ཡིན་ཁུལ་གྱིས་ཚ་ཐབ་སྟེང་གོག་བགྲོད་བྱས།  དེ་ནི་ཁོ་གཉིས་ལ་དབང་བའི་རོལ་རྩེད་ཅིག་དང་ཁྱིམ་གཞིས་ཆུང་ཆུང་དེར་སྤྲོ་སྣང་སྦྱིན་པའི་ལྟད་མོ་ཆུང་ཆུང་ཞིག་ཡིན་པས། དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་མཆེད།
སྟབས་མ་ལེགས་པར་སྐར་མས་ཨ་མྱེས་ཉི་མའི་མིག་ཤེལ་རྙིངས་པ་དེ་ཅོག་ཙེ་སྟེང་ལ་གཡུགས་ཏེ་དུམ་བུ་གཉིས་སུ་བཅག་པས།  ཁོང་ཚོའི་དགོད་སྒྲ་དེ་བརྙན་འཕྲིན་གྱི་གློག་སྒོ་བརྒྱབ་པ་ལྟར་ཆད། ཡིན་ཡང་། སྐར་མ་ལ་སྐྲག་སྣང་སྤུ་ཙམ་ཡང་མེད་པར“ད་ཐེངས་ང་ཡིན་གཅིག་མིན་གཉིས་འགྲོ་རྒྱུ་ཡིན། འགྲོ་རྒྱུ་ཡིན” ཅེས་ཨ་མྱེས་ཀྱི་རྣ་བ་གཉིས་ཀ་ཡང་དང་བསྐྱར་དུ་འཐེན། བྱིས་པ་གཅེས་ལང་ཞེས་པ་ནི་འདི་འདྲར་ཟེར་བ་ལོས་ཡིན།
  ཨ་མྱེས་ཉི་མའི་གདོང་ལ་ཁྲོ་བའི་རྣམ་འགྱུར་ཙམ་ཡང་མེད་པར་སྔར་བཞིན་གདོང་ལ་འཛུམ་ཞིག་བསྡུས་ཏེ“ཆོག་གི  ཆོག་གི  ཟླ་བ། སང་ཉིན་ཁོ་རང་རྫོང་ཐོག་ལ་ཁྲིད་དེ་རྩེད་རྒྱུ་ཡོད་ཚད་རྩེ་རུ་ཆུགས། བཟའ་རྒྱུ་ཡོད་ཚད་བཟའ་རུ་ཆུགས། ད་ཐེངས་ཁྱོད་ཀྱི་མ་འཁྲིད་ན། ངས་ཁྱོད་རང་ལ་མི་བསྐྱུར་ཁོ་ཐག་ཡིན། སྐར་མ། ཁྱོད་རང་སྔ་མོ་མ་སད་ན། སུ་ལ་ཡང་ལེ་བདའ་བྱས་མི་ཆོག” ཟེར་བཞིན་མིག་ཤེལ་ཆག་རོ་དེ་ཕྱིར་སྦྱོར་ཨེ་ཐུབ་ལ་བལྟས།
   “ཟླ་བ། ད་ལྟ་ལྕགས་རིགས་ཀྱང་འབྱར་ཐུབ་པའི་སྤྱིན་ཞིག་ཡོད་ཟེར་བ་བདེན་ནམ།” ཡུད་ཙམ་འགོར་རྗེས་ཨ་མྱེས་ཉི་མས་མགོ་བོ་འཕྲེད་དུ་གཡུག་བཞིན་དེ་ལྟར་དྲིས།
“བདེན་པ་འདྲ། གོ་ཐོས་ཡིན་ན། སྐད་ཅིག་ཉིད་ལ་འབྱར་ཐུབ་པའི་སྤྱིན་ཆུ་ཞིག་ཡོད་ཟེར། དེའི་མིང་ལ་རྒྱ་སྐད་ཀྱི་སེན་མོ(三秒)ཟེར་བ་འདྲ།” ཟླ་བས་བུ་ཆུང་སྐར་མར་སྡང་མིག་བགྲད་ཀྱིན་སྨྲས་པ་ན། སྐར་མས་ཕྱིར་ལྕེ་བསྣར་ཅིག་བྱས་ཏེ་ཨ་མྱེས་ཀྱི་རུམ་ལ་འཛུལ།
  “ད་འགྲིག་འདུག  སང་ཉིན་དེ་ཡང་ཉོ་རྒྱུ་མ་བརྗེད། ངས་མིག་ཤེལ་འདི་མ་སྦྱར་ན།  ད་དུང་ཁ་བ་བབས་ཚེ། ང་རང་གཅིན་ཐོག་ལ་ཡང་འགྲོ་ཐུབ་ཀྱི་མ་རེད” ཟེར་བཞིན་མིག་ཤེལ་ལ་འཕུར་འཕུར་བྱས།                                       
  ཕྱི་ནས་ལྡང་བའི་གྲང་རླུང་ནི་སྤྱང་ལྟོགས་ཁྱུ་ཞིག་དང་འདྲ་བར་ཁོ་ཚང་གི་ནང་སྒོ་དང་དྲ་མའི་སྲུབས་ཀ་ནས་སུར་སྒྲ་སྣ་ཚོགས་འབྱིན་བཞིན་བཙངས་ཡོང་སྟེ། ཁང་པའི་ནང་གི་རླངས་པ་ཕར་གཡོ་ཚུར་གཡོ་བྱས་ལ། འཁྱག་ལྷང་ལྷང་གི་ཚོར་བ་ཞིག་སྟེར།
  སྐྱ་རེངས་ཤར་བ་དང་མཉམ་དུ་གྲང་ལྷགས་སྔར་ལས་ཇེ་ཆེར་གྱུར་ཏེ་འཁུན་སྒྲ་བར་མེད་དུ་འབྱིན། ལྷས་རའི་ནང་དུ་ཟླ་བ་ཡིས་བསང་ཁྲི་ཞིག་གི་སྟེང་དུ་བསང་མེ་སྒོང་བཞིན་འདུག  དྲ་མ་ལས་འཕྲོས་པའི་གློག་འོད་ཀྱི་འོག་ཏུ། ཁོའི་ཁ་སྣ་གཉིས་ནས་རླངས་པ་སྔོ་ལང་ལང་དུ་འཕྱུར། དེར་བལྟས་ན། གྲང་ལྷགས་ཀྱིས་བཅུམས་པའི་འཇིག་རྟེན་ནས་དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ་སྙམ་པའི་བྲེད་སྣང་ཞིག་ངང་གིས་སྐྱེས་འོང་།
  བསང་ཁྲིའི་སྟེང་གི་མེ་ལྕེ་ལྷབ་ལྷུབ་ཏུ་མཆེད་པས། ཁོ་ཚང་གི་ལྷས་ར་ཡོངས་གསལ་ལྷང་ངེར་བཏང་ལ། རྟ་ནོར་ལུག་གསུམ་ལ་ཡང་གསོན་ཤུགས་རྒྱས་པ་དང་འདྲ་བར་རེ་རེ་བཞིན་ཡར་ལངས་པས། ཚ་ཞིང་བསྲེགས་པའི་མེ་ལྕེ་དེས་མུན་སྟུག་ཅིང་གྲང་ངར་ཆེ་བའི་ལྷས་ར་དེར་གསོན་ཤུགས་བསྩལ་བ་དང་ཡོངས་སུ་མཚུངས།
ཚ་ཐབ་སྟེང་གི་ཨ་མྱེས་ཉི་མས་ཤ་དྲོད་ཡོད་ཚད་ཚ་བོ་སྐར་མར་སྦྱིན་འདོད་པ་དང་འདྲ་བར་ རུམ་སྟེ་གཉིད་འདུག་ལ། སྐར་མས་ཁ་གདངས་ཏེ་སྔུར་བ་འཇམ་པོ་ཞིག་འཐེན་བཞིན་འདུག  དེར་བལྟས་ན། ཁོ་རང་རྫོང་མཁར་དུ་འགྲོ་འདོད་པ་དེ་གཏིང་བརྗེད་དུ་སོང་ཡོད་པ་འདྲ།  
  ཟླ་བའི་ཆུང་མ་ལྷ་མོ་ཡིས་ཁོ་ཚང་གི་པྲ་ཚག་ཆེ་ཆུང་གཉིས་ཀ་གཉིད་ལས་བསླང་བར་སྐྲག་པ་ལྟར་ཁ་ཏོན་ཁོག་འདོན་བྱེད་ཀྱིན་ནངས་ཇ་བསྐོལ་བ་དང་། སེམས་ཆུང་གིས་སྣོད་ཀ་ཅ་ཡར་འཇོག་མར་ལེན་བྱེད།
  ཁོང་བཟའ་ཟླ་གཉིས་ཀྱིས་ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས། ཟླ་བས་འཕྲུལ་རྟའི་སྟེང་ཁུག་མ་ཆེ་འབྲིང་ཆུང་གསུམ་བསྡམས་ཏེ་རྫོང་མཁར་ལ་འཐེན་པའི་ལམ་དུ་ཞུགས། མཐའ་ཡས་པའི་རྩྭ་ཐང་ནི་བདེ་ཞིང་སྙོམས་པས། མུན་ནག་ཀློང་གི་འཕྲུལ་རྟ་ནི་མཚམས་རེར་མེ་ཤུགས་འཕུར་མདའ་ཞིག་དང་འདྲ་བར་དྲང་ཐད་དུ་རྒྱུགས་ཤིང་། མཚམས་རེར་སྲིན་འབུ་མེ་ཁྱེར་ཞིག་དང་མཚུངས་པར་གཡས་འཁོར་གཡོན་འཁོར་ཡང་ཡང་བྱེད། མཚམས་རེར་ཤོག་སྦག་བཀད་པ་ལྟར་ཁ་བའི་ནང་དམར་འཚུབ་སེ་ཐང་ལ་འགྱེལ་བ་སོགས་ཀྱི་གོ་རིམ་མང་པོ་ཞིག་བརྒྱུད་དེ་རྫོང་ཐོག་ཏུ་ཐོན།
  ཟླ་བར་མཚོན་ན། ཆུང་དུས་སུ་མཐའ་ཡས་པའི་རྩྭ་ཐང་སྟེང་རང་དབང་གིས་རྒྱུགས་མྱོང་ལ། རང་ཁྱིམ་དྲོན་མོ་རུ་གང་འདོད་དུ་བསྡད་མྱོང་བས། གུ་དོག་པོའི་རྫོང་མཁར་ནི་ཁོའི་སྣང་ངོར་རླངས་འཁོར་སྣ་ཚོགས་ཀྱིས་བཀང་བའི་ཞིང་ཁམས་ཤིག་དང་། ཚོང་རྫས་སྣ་མང་འདུས་པའི་འཇིག་རྟེན་ཞིག་ཡིན་པས། འཕྲུལ་རྟ་གང་དུ་བཞག་སྟེ་ཚོང་ཁང་གང་ལ་འགྲོ་དགོས་པའང་མ་ཤེས།
  ཁོས་འཕྲུལ་རྟ་གཏད་དེ་སོང་སོང་མཐར་ལམ་འགྲམ་གྱི་འཕྲུལ་རྟ་མང་པོའི་གྲས་ནས་རང་ཉིད་ཀྱི་འཕྲུལ་རྟ་འཇོག་སའི་གནས་ཤིག་རྙེད།  ལམ་འགྲམ་དུ་ཁང་པ་མང་པོ་ཡོད་མོད། སྒོ་བྱང་ནི་རྒྱ་ཡིག་ཁོ་ན་ཡིན་པས་ནང་དུ་འཛུལ་མ་ཕོད།   ཡུན་རིང་བཙལ་བཙལ་མཐར་སྒོ་བྱང་སྟེང་དུ་སྣ་འཛེམས་ཚོང་ཁང་ཞེས་བྲིས་ཡོད་པ་མཐོང་སྟེ། སྣ་ལ་འཛེམས་དགོས་པའི་ཚོང་ཁང་ཞིག་ཀྱང་ཡོད་དམ་སྙམ་བཞིན་ནང་དུ་འཛུལ།
  ཚོང་ཁང་དེའི་ནང་དུ་ཟས་རིགས་དང་ལྕགས་རིགས། ཅ་ལག་དང་གྱོན་ཆས། འཕྲུལ་ཆས་དང་སྨན་རྫས་སོགས་ཚོང་ཟོང་མང་པོ་བསྒྲིགས་ཡོད་པས། སྣ་འཛོམས་ཚོང་ཁང་ཡིན་པ་རྟོགས་ཏེ་གྲོང་ཁྱེར་གྱི་སྒོ་བྱང་སྟེང་གི་ཡན་ལག་མི་འཚང་བའི་བོད་ཡིག་ལ་སྙིང་རྗེ་ཚད་མེད་ཅིག་སྐྱེས།
  ཚོང་པ་ནི་གདོང་ལ་སྐག་རྩི་དཀར་པོ་བྱུགས་པའི་རྒྱ་མོ་གཞོན་ནུ་མ་ཞིག་རེད། ཁོ་མོ་གྲང་སྟེ་འདར་སིག་སིག་བྱེད་ན་ཡང་། རང་ཉིད་ཅི་ཞིག་ཡིན་མདོག་གིས་ཟླ་བ་ལ་འོག་མིག་གིས་ཡང་ཡང་བལྟས། ཁོ་མོར་ཁག་མེད་དེ། ཟླ་བའི་སྨིན་མ་དང་མིག་སྤུ། ཁ་སྤུ། སྐྲ་འདབས་བཅས་སུ་ཆགས་པའི་བ་མོ་ད་དུང་ཞུ་མེད་པས། མཐོང་བ་ཙམ་གྱིས་སྐྱི་གཡའ་བ་ཞིག་ཏུ་སྣང་། ཡིན་ཡང་། ཟླ་བའི་མིག་ལམ་དུ་ཁོ་མོ་ནི་རོ་ལངས་བརྒྱབ་པ་དང་འདྲ་བར་འཇིགས་སུ་རུང་། ལྷག་པར། ཁོའི་རྒྱ་སྐད་བཤད་མི་ཤེས་པས། སེན་མོ་ཞེས་པའི་སྤྱིན་ཆུ་དང་མིག་སྨན་གཉིས་ཇི་ལྟར་བཤད་པར་སེམས་ཁྲལ་བྱས།
  ཁོས་ཚོང་སྟེགས་དང་ཚོང་སྒམ་ནང་གི་དངོས་ཟོང་དག་ལས་རང་ལ་མཁོ་བའི་དངོས་པོ་ཆུང་ཆུང་དེ་གཉིས་བཙལ། ཡིན་ཡང་། སྤྱིན་ཆུ་ནི་འདི་རེད། མིག་སྨན་ནི་དེ་རེད་སྙམ་པའི་བློ་ཞིག་སྐྱེས་མ་ཐུབ་པས། ལག་ངོས་གཉིས་ཀ་སྦྱོར་བའི་ཚིགས་ཀ་བསྟན་ཏེ “སེན་མོ་ཡོ་ལེ” ཞེས་མི་འདྲི་ཐུ་མེད་བྱུང་།
  གཞོན་ནུ་མའི་རྣ་བར་སྒོར་ཟུར་གསུམ་དགོས་སམ(三毛要来)ཞེས་པར་གོ་སྟེ་སྡང་མིག་ཅིག་བགྲད་རྗེས་ཁ་ཡའང་མ་བྱས་པར་མེ་ལོང་ནང་དུ་བལྟས་ཏེ་སྨིན་མ་འབྲི་བཞིན་བསྡད། ཁོ་རང་ངོ་ཚ་སྟེ་གདོང་མདོག་དམར་པོར་གྱུར་ཀྱང་བཅོས་མའི་འཛུམ་ཞིག་སྟོན་བཞིན “སེན་མོ། སེན་མོ” ཞེས་ལག་ངོས་གཉིས་ཡང་ཡང་སྦྱར།
“ལིག་མོང(流氓)”གཞོན་ནུ་མའི་སེམས་སུ་མི་འདི་སྨྱོན་པ་ཞིག་མིན་ན། འདིས་ཆགས་གཏམ་བཤད་པ་འདྲ། ཁོར་བཙན་གཏམ་ཞིག་བཤད་དེ་ལྷོད་ལ་འབབ་ཏུ་འཇུག་དགོས་སྙམ་བཞིན་སྐད་གདངས་མཐོན་པོས་སྡིག་དམོད་བྱས།
  ཟླ་བས་འཚབ་འཚུབ་ཀྱིས“ལིག་མོ་(六毛)མ་རེད། སེན་མོ་(三毛)རེད” ཅེས་ཤུགས་དྲག་པོས་ལག་ངོས་གཉིས་ཡང་ཡང་སྦྱར་བ་ན། ཅལ་ཅལ་ཅལ་ཞེས་པའི་སྒྲ་ཞིག་ཀྱང་གྲགས་ཡོང་།
  ཁོས་རེ་བའི་མིག་ཟུང་གཞོན་ནུ་མར་གཏད་ཅིང་། རྣ་ཡི་དབང་པོས་ཅི་ཞིག་བཤད་པར་རེ་སྒུག ་བྱས་ནའང་། གཞོན་ནུ་མས་ཁོ་ལ་ཁ་ཡ་བྱེད་རྒྱུ་ཕར་ཞོག ཁོ་དང་རྒྱང་དུ་བཀྱེད་དེ་ངུ་ངག་འདྲེས་མས་སུ་ཞིག་ལ་ཁ་པར་བཏང་།
  ཁོའི་སེམས་སུ་འདིས་ཁ་ཡ་མི་བྱེད་པ་ཅི་ཡིན་ནམ། ཕལ་ཆེར་ངའི་བཤད་པ་མ་གོ་བ་འདྲ། དེ་ལས་ཚོང་ཁང་གཞན་དུ་འགྲོ་སྙམ་བཞིན་འུ་ཐུག་ཐབས་ཟད་དེ་སྒོར་འབུད་གྲབས་བྱས།
  མ་བསམ་ས་ནས་༡༡༠གི་ཉེན་རྟོག་པ་གསུམ་ཐོན་ཏེ་ཁོར་བསམ་དབང་གཟུར་དབང་མེད་པར་ལག་སྒྲོག་བརྒྱབ་རྗེས་རླངས་འཁོར་ནང་དུ་བརྫངས། ཁོ་རང་བཟུང་དོན་ནི་གཞོན་ནུ་མས་ཁོའི་ལག་བརྡ་དང་རྒྱ་སྐད་གཉིས་ལས་མོར་ཚུལ་མིན་གྱི་བྱ་སྤྱོད་ཅིག་སྤེལ་བར་དོགས་ཏེ་ཉེན་རྟོག་ཁང་ལ་གཏུགས་པས་རེད། སྟབས་ལེགས་པ་ཞིག་ལ། ཉེན་རྟོག་པའི་གྲས་སུ་བོད་རིགས་གཅིག་ཡོད་པས། གོ་བརྡ་མ་འཕྲོད་པ་ཤེས་ཏེ་ཁོ་རང་ཕྱིར་གློད་ཅིང་སྤྱིན་ཆུ་དང་མིག་སྨན་གཉིས་ཉོ་རོགས་བྱས།
  ཁོ་རང་སྒོ་ཁར་བུད་པ་ན། མི་མང་པོ་རུབ་སྟེ་འཆལ་གཏམ་སྣ་ཚོགས་བཤད་ཀྱིན་ཁོ་ལ་སྡང་མིག་གིས་བལྟ་བ་མ་ཟད། མཆིལ་ཞགས་འཕེན་མཁན་ཡང་ཡོད་པས། ལོ་གསར་གྱི་ཉོ་ཆ་རྒྱག་པ་དང་གོད་རོ་བཙོང་བའི་དོན་ཆེན་གཉིས་ཀྱང་གཏིང་བརྗེད་དུ་སོང་སྟེ། མྱུར་དུ་འཕྲུལ་རྟར་ཞོན་ནས་ཕ་ཡུལ་གྱི་ལམ་དུ་ཞུགས།
ལམ་བར་དུ། བོད་མི་ཚོས་རྒྱ་སྐད་བཤད་མ་ཤེས་པར་ངོ་ཚ་ཉོས་པའི་དོན་དག་མང་པོ་ཡིད་ལ་དྲན་ཏེ་ཁོ་ཚོར་ཁག་མི་འདུག་སྙམ་པའི་གདུང་སེམས་ཤིག་སྐྱེས། ཡིན་ཡང་། ཁོ་ལྟར་རྒྱ་སྐད་བཤད་མ་ཤེས་པར་འཆལ་སྤྱོད་སྤེལ་བའི་དོན་དག་ཏུ་གྱུར་པ་ནི་ཐོག་དང་པོ་ཡིན་པས། ངོ་ཚ་དང་ཞེ་སྡང་། སྐྲག་སྣང་ཅིག་ཅར་དུ་སྐྱེས་ཏེ་འཕྲུལ་རྟ་ཐེངས་འགར་ལམ་མ་ཡིན་པའི་གནས་སུ་བརྒྱུགས།
  ལམ་ཐག་རིང་པོ་གཏམ་གྱིས་ཆོད་ཟེར་མོད། ཁོ་ལ་མཚོན་ན། ལམ་ཐག་རིང་པོ་སྡུག་གིས་གཅོད་ཟེར་བར་གྱུར་སྟེ། རྒྱ་སྐད་བཤད་མ་ཤེས་པར་ངོ་ཚ་ཉོ་བ་དེ་སུ་ཞིག་གི་སྐྱོན་ཡིན་ནམ། ཚོང་བ་ཡོད་ཚད་ཀྱི་བོད་སྐད་ཤེས་དགོས་སམ། ཡང་ན། བོད་མི་ཡོད་ཚད་ཀྱི་རྒྱ་སྐད་ཤེས་དགོས་སམ། དེ་རིང་གི་རྒྱ་སྐད་བཤད་མ་ཤེས་པའི་དོན་དག་འདིར་ངོ་ཚ་དགོས་སམ། ཡུལ་མི་ཚོས་ཁོ་ལ་འཕྱ་སྨོད་བྱས་ན་ཇི་ལྟར་བྱ་སོགས་ལ་བསམ་བློ་གཏོང་བཞིན་ཁྱིམ་དུ་ཐོན།
  གྲང་ལྷགས་སྔར་ལས་ཆེ་ནའང་ཁོའི་གདོང་གི་བ་མོ་ཡོད་ཚད་ཞུ་སྟེ་གར་སོང་ཆ་མེད་དུ་གྱུར་པ་མ་ཟད། གདོང་ན་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་གྱིན་འདུག
  ཁང་པའི་ཁྱམས་སུ་ཨ་མྱེས་ཉི་མ་དང་མཉམ་དུ་བརྩེས་པའི་བུ་ཆུང་སྐར་མ་རྒྱུགས་ཡོང་སྟེ“ཨ་ཕ། ཀ་ར། རྩེད་ཆས” ཞེས་ལག་པ་ཆུང་ཆུང་གཉིས་ཁོའི་མདུན་ལ་བསྲིངས། སྐད་ཆ་དེས་ཁོའི་ཉོ་དགོས་པའི་དངོས་པོ་མང་པོ་ཉོས་མེད་པ་དང་བཙོང་དགོས་པའི་གོད་རོ་མ་བཙོངས་པ་གསལ་འདེབས་བྱས་པས། ཞེ་སྡང་དང་བཅས་ཁོ་ཚོའི་ཡིད་ཆེས་པའི་རྫུན་ཞིག་བསྒྲིག
  “ད་ནངས། འཕྲུལ་རྟ་ལ་ཆག་སྐྱོན་ཤོར་བས། ཨ་ཕ་ང་རྫོང་མཁར་དུ་འགྲོ་མ་ཐུབ། རྗེས་ནས་འགྲོ་ན་ངས་ཁྱོད་རང་འཁྲིད་ཁོ་ཐག་ཡིན” ཟེར་ཞོར་དུ་སྤྱིན་ཆུ་དང་མིག་སྨན་གཉིས་སྐར་མའི་ལག་ཏུ་བཞག
  ཨ་མྱེས་ཉི་མས“ཁྱོད་ཚོས་འཕྲུལ་རྟ་བསྐོར་ན། སྨྱོས་པ་ལྟར་རྒྱུག་གིན་འདུག་པས། ཆག་སྐྱོན་ལོས་འབྱུང་། ལོ་རྔ་ཟླ་རྔ་འདིར་སེམས་ཆུང་བྱེད་དགོས” ཟེར་བཞིན་ཟླ་བ་དང་འཕྲུལ་རྟ་གཉིས་ལ་ཞིབ་ལྟ་ཐེངས་གཅིག་བྱས། རྨས་སྐྱོན་དང་ཆག་སྐྱོན་ཅི་ཡང་མེད་པ་མཐོང་རྗེས། ཁོང་ཁྲོའི་མིག་ཆུ་བཞུར་བཞིན་པའི་སྐར་མའི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན་ལག་གི་སྤྱིན་ཆུ་དང་མིག་སྨན་གཉིས་ཀ་བླངས།
  ཁོའི་ཆུང་མ་ལྷ་མོས་ཀྱང་གོ་སོང་བ་ལོས་ཡིན། རྒྱུགས་ཡོང་སྟེ“ཁྱོད་ལ་རྨས་སྐྱོན་འདྲ་མ་བྱུང་ངམ། སེམས་ཆུང་མ་བྱས་ན། རླངས་འཁོར་དང་འཕྲུལ་རྟ་ཡིས་མི་བསད་པའི་དོན་ངན་མང་པོ་ཐོས་རྒྱུ་འདུག དཀོན་མཆོག་གསུམ་པོ། ཁྱོད་ལ་མི་འཕྲོད་པ་ཞིག་བྱུང་ན་ངེད་གསུམ་གྱིས་ཇི་ལྟར་བྱ” ཟེར་བཞིན་ཁོའི་ལུས་སྟེང་གི་ཁ་བ་དང་ས་རྡུལ་སྤྲུགས་སྤྲུགས་བྱས།
  རྫུན་དང་ཨ་བྲའི་རྔ་མ་ཐུང་ཞེས་པ་བཞིན་སྤྱིན་ཆུ་དང་མིག་སྨན་གཉིས་ནི་ཁོ་རང་རྫོང་ཐོག་ཏུ་ཐོན་པའི་དཔང་རྟགས་ཡིན་མོད། འདི་གཉིས་གང་ནས་ཁྱེར་ཡོང་བ་ཡིན་ནམ་ཞེས་འདྲི་མཁན་ཞིག་མ་བྱུང་། ཕལ་ཆེར། འཕྲུལ་རྟའི་ཆག་སྒོ་ཡིས་ས་ཁུལ་འདིར་འཇིགས་སྣང་སྐུལ་བ་ཉུང་ཉུང་མིན་པས་རེད།
  ཁོའི་ངོ་གདོང་དམར་པོར་འགྱུར་བཞིན“ཐང་ལ་མ་བརྒྱབ་པས་སྐྱོན་ཅི་ཡང་མ་བྱུང་། ལམ་སྐེད་ནས་འཕྲུལ་རྟའི་མེ་མ་འབར་བས་ད་བར་དུ་ལུས་སོང་། ལྟོགས་ཏེ་མི་བཟོད་པས་ཟ་མ་འདྲ་ཨེ་ཡོད” ཅེས་བཤད་དེ་མྱུར་དུ་ཁྱིམ་ལ་འཛུལ།
   ཁོས་ཟས་ཁམ་གང་མ་ཟོས། ཇ་ཧུབ་གང་མ་འཐུང་བའི་མཚམས་སུ། ཨ་མྱེས་ཉི་མས་ཨག་རིང་ཞིག་བཏབ་ལ། བུ་ཆུང་སྐར་མ་སྐྲག་མ་སྔངས་ཀྱིས་རྒྱུགས་ཡོང་སྟེ“ཨ་མྱེ་ཡི་མིག  མིག  མིག་འབྱར་ཐལ” ཞེས་བཤད། ཁོང་བཟའ་ཟླ་གཉིས་ཀྱང་འཚབ་འཚུབ་ཀྱིས་སྔ་གཞུག་བྱས་ཏེ་སྒོར་རྒྱུགས།
  ཨ་མྱེས་ཉི་མའི་ལག་ཟུང་གིས་འབྱར་ཟིན་པའི་མིག་ཤའི་གོང་འོག་གཉིས་ནས་འཐེན་བཞིན་འདུག་ལ། ཁ་ནས“ཨ་ལྟས་ངན།  མིག་འབྱེད་མི་ཐུབ། མིག་སྨན་འདི་རྫུན་མ་ཞིག་རེད། སྤྱིན་ཆུ་དེ་ཡང་རྫུན་མ་ཞིག” ཅེས་ཚིག་མཚམས་ཆད་དེ་ཁ་རོག་གེར་བསྡད། ཕལ་ཆེར་ཁོས་ཀྱང་མིག་གཉིས་འབྱར་བའི་རྒྱུ་མཚན་ཅི་ཞིག་ཡིན་པ་ཤེས་སོང་བ་འདྲ།
     བུམ་པ་ཆུང་ཆུང་ཞིག་དང་འདྲ་བའི་སྤྱིན་ཆུ་དེ་ཨ་མྱེས་ཉི་མའི་ལག་གཡས་པར་འབྱར་འདུག་པས། ཁོང་བཟའ་ཟླ་གཉིས་ཀྱིས་ཁོའི་མིག་ནང་དུ་སྤྱིན་ཆུ་བཏིགས་པ་ཤེས། ཨ་མྱེས་ཉི་མའི་མིག་རིལ་གཉིས་མིག་སྐྱིབས་ཀྱི་འོག་ཏུ་འབུར་རི་རི་བྱེད་པ་མཐོང་སྟེ། མིག་སྐྱིབས་གཉིས་མ་གཏོགས་འབྱར་མེད་པ་རྟོགས་པས། ཁོང་གཉིས་ཀྱི་སེམས་པ་ཅུང་ཙམ་བདེ་ལ་བབས།
  ཟླ་བའི་སེམས་སུ་ད་ཐེངས་སྨན་ཁང་དུ་སོང་ན། རྒྱ་སྐད་བཤད་མི་ཤེས་པར་སེམས་ཁྲལ་བྱ་མི་དགོས། རྒྱུ་མཚན་ནི་བ་སོའི་འཕྱང་འཕྲུལ་ཞིག་དང་འདྲ་བར་ཨ་ཕའི་ལག་མགོར་འབྱར་འདུག་པའི་སྤྱིན་ཆུ་དེ་སྨན་པར་བསྟན་ཆོག་སྙམ་སྟེ། མྱུར་དུ་ཨ་མྱེས་ཉི་མ་འཕྲུལ་རྟའི་སྟེང་བསྐྱོན་ཏེ་རྫོང་མཁར་གྱི་ཕྱོགས་སུ་བརྒྱུགས།
ཨ་མྱེས་ཉི་མས་སྨན་ཐུམ་གྱི་སྟེང་དུ་བོད་ཡིག་མེད་པས་ང་ལ་ཁག་ཅི་ཡོད། སྨན་པས་ཀྱང་དབྱིན་ཡིག་མ་གཏོགས་མེད་པའི་སྨན་བཀོལ་ན་ངའི་འདི་ལྟར་བྱེད་ངེས་ཡིན་སྙམ་སྟེ། སྤྱིན་ཆུ་མིག་ནང་དུ་བཏིགས་པའི་ངོ་ཚ་དེ་རིམ་གྱིས་ཇེ་ཆུང་དུ་སོང་། ཡིན་ཡང་། སྨན་པས་རང་ཉིད་ཀྱི་མིག་གཉིས་ཇི་ལྟར་འབྱེད་དགོས་པ་དང་། གཤག་བཅོས་བྱས་ཏེ་སྟབས་མ་ལེགས་པར་གྲི་རྩེ་རྣོན་པོས་མིག་རིལ་ལ་ཐུག་པ་ཙམ་གྱིས་ཀྱང་ཞར་འགྲོ་བ་སོགས་ལ་སེམས་ཁྲལ་བྱེད།
  ཨ་མྱེས་ཉི་མ་ཕ་བུ་གཉིས་ཀྱིས་རང་རང་གི་ངོ་ཚ་དང་སྡུག་བསྔལ་ཁ་ཏོན་དུ་བསྒྱུར་ཏེ་རྐང་ལམ་ཕྲ་མོའི་སྟེང་དུ་རྡུལ་འཚུབ་འཚུབ་ཀྱིས་རྒྱུག་བཞིན་ཡོད་མོད། བར་ཆད་ཅི་ཞིག་གིས་ཁོ་གཉིས་ལ་བསྒུག་འདུག་པ་སུ་ཡིས་རྟོགས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོག་སྦྱོར་སྙིང་གི་ཚེར་མ།

2012-09-03 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།