B.Lཡི་ལས་དབང་།༨

           ༡༣  བརྒྱུད་འཚོང་གི་བསླུ་བྲིད།
  “ཉིན་ཞིག ངེད་གཉིས་ཟི་ལིང་གི་མགྲོན་ཁང་ཞིག་ཏུ་ཡོད་དུས། ལག་འཁྱེར་ཁ་པར་གྱོ་མོག་དང་འདྲ་བ་ཐོགས་མཁན་གྱི་མི་ཞིག་ཐོན་བྱུང་། དེ་དུས་ངས་ཐེངས་དང་པོར་ལག་ཆ་བྱས་ཆོག་ལ་འཁྱེར་ཡང་ཆོག་པའི་ཁ་པར་དངོས་སུ་མཐོང་བས་ང་རང་ཡ་མཚན་སོང་། ལེ་བར་སྟོང་ཕྲག་གི་སར་ཁ་བརྡ་བྱེད་ཐུབ་པའི་ཁ་པར་དང་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་སྒྲོག་ཐུབ་པའི་སྒྲ་སྡུད་འཕྲུལ་ཆས། རྩྭ་ཆུ་གང་ལ་ཡང་མ་བརྟེན་པར་སྐད་ཅིག་ཉིད་དུ་བགྲོད་ཐུབ་པའི་རླངས་འཁོར། འཕྲུལ་ཆས་རིགས་བསྐོར་ཐུབ་ཅིང་ཉི་འོད་ཇི་བཞིན་གསལ་པའི་གློག་སོགས་ནི་དངོས་ནས་ཧ་ལས་པ་ཞིག་རེད། ཨོ། ལག་འཁྱེར་ཁ་པར་བཙོང་བའི་མི་དེས་ཁོ་ནི་ལག་འཁྱེར་ཁ་པར་བཟོ་གྲྭ་ཞིག་གི་མི་སྣ་ཡིན་ཟེར། ཁོའི་ཀོ་ཁུག་ཆེན་པོའི་ནང་དུ་ལག་འཁྱེར་ཁ་པར་མང་བོ་བཅུག་འདུག  ཁོས་ལག་འཁྱེར་ཁ་པར་རེར་སྒོར་སྟོང་ལྔ་རེ་གཏམས་སྟེ་ངེད་གཉིས་ལ་ཉོས་ཟེར། ངེད་གཉིས་ཀྱིས་ཁྱིམ་སྤྱོད་ཁ་པར་ཡང་མེད་པའི་གནས་འདི་འདྲ་ཞིག་ཏུ་ལག་འཁྱེར་ཁ་པར་སུ་ལ་རྒྱག ངེད་གཉིས་ལ་བྱིན་ཀྱང་མི་དགོས་ཞེས་བཤད། ཁོས་ཁྱེད་གཉིས་ཀྱིས་ཁ་པར་འཚོང་རོགས་བྱ་ན། ལག་འཁྱེར་ཁ་པར་གཅིག་བྱིན་ཆོག  འོན་ཀྱང་། ངེད་བཟོ་གྲྭའི་ཚོགས་མི་བྱེད་དགོས།  ཚོགས་མིར་གྱུར་སོང་ན་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་འདྲ་བར་ཁ་པར་མ་བཙོང་ཡང་ཟླ་རེར་སྒོར་སྟོང་གཅིག་གི་ཟླ་ཕོགས་ཡོད། རྗེས་སུ་ཚོགས་མི་ཇེ་མང་དུ་སོང་བ་དང་བསྟུན་ནས་ཟླ་ཕོགས་ཀྱང་ཇེ་མཐོ་ནས་ཇེ་མཐོ་ཡིན། འདི་འདྲའི་ལས་ཀ་སྐྱིད་པོ་ཞིག་ཁྱོད་གཉིས་མ་གཏོགས་སུ་ལ་ཡང་མཚམས་སྦྱོར་བྱས་མ་མྱོང་། ད་ལྟ་ངེད་བཟོ་གྲྭས་བོད་རིགས་ས་ཁུལ་དུ་ལག་འཁྱེར་ཁ་པར་བརྒྱུད་འཚོང་བྱེད་རྩིས་ཡོད། ཁྱོད་གཉིས་ནི་མཐོང་རྒྱ་དང་ཐོས་རྒྱ་ཆེ་བས། ངས་བཟོ་གྲྭའི་ཚོགས་གཙོར་ཡར་ཞུ་བྱས་ཆོག་ཟེར།  ཏག་ཏག་ལ་དུས་དེར་ངེད་གཉིས་ལ་ཨ་ལགས་རྫུན་མ་མི་བྱེད་པའི་དམ་བཅའ་དང་བྱེད་མི་ཉན་པའི་འཇིགས་སྣང་བཅས་ཀྱི་ཅི་ཞིག་སྒྲུབ་དགོས་པའང་མ་ཤེས་པར་ལུས་ཡོད་པས། རི་བོང་ཐད་དུ་བརྒྱུགས་པ་དང་དབྱུ་གུ་འཕྲེད་དུ་གཡུག་པ་གཉིས་ཐོད་ཐུག་པའི་དཔེ་ལྟར་ཚོད་ལྟ་ཞིག་བྱེད་སྙམ་སྟེ། ཁོ་ཚོའི་ཚོགས་མི་བྱ་རྒྱུར་ཁས་བླངས། ཁོས་ཚོགས་མིར་ཞུགས་ན་སློབ་ཡོན་སྒོར་ཉུང་ཙམ་དང་ཁང་གླ འགྲོ་གླ་སོགས་མི་གཅིག་གི་སྒོར་ཁྲི་གཅིག་རེ་གྲ་སྒྲིག་བྱོས།  འགོར་འགོར་ན་ཚོགས་མི་ལོངས་འགྲོ་ཞེས་བཤད། ངས་སྒོར་མོ་ལ་སྐྱོན་མེད་པས་ནམ་སོང་ཡང་ཆོག་ཅེས་བཤད་དེ་ལག་འཁྱེར་ཁ་པར་བླངས། ཉིན་དེའི་ཕྱི་ཉིན་སྔ་མོ་མེ་འཁོར་དུ་བསྡད་དེ་ཞི་ཨན་གྲོང་ཁྱེར་དུ་སོང།  སྔོན་ཆད་ངེད་གཉིས་ཀྱིས་མི་གཞན་ལ་མགོ་བསྐོར་བཏང་བ་ཡིན་མོད། ཐེངས་དེར། ངེད་གཉིས་ཀྱང་ཚོང་པ་དེའི་གཡོ་འོག་ཏུ་ཚུད་པ་རེད། ཁོས་ངེད་གཉིས་ཅོག་ཙེ་གཅིག་དང་ཨོང་སྟེགས་གཅིག ཉལ་ཁྲི་གཅིག་བཅས་ལས་མེད་པའི་ཁང་སྟོང་ཞིག་ཏུ་འཁྲིད་དེ་གནས་དེ་ནི་ཁོ་ཚོའི་ཟུར་གཉེར་གཞུང་སྒྲུབ་ཁང་ཡིན་ཚུལ་བཤད། ཅུང་ཙམ་ཡང་མ་འགོར་བར་ཤེལ་མིག་ནག་པོ་རྒྱབ་ཅིང་སྐྲ་འཁྱིལ་བའི་གཞོན་ནུ་མ་ཞིག་ཡོང་སྟེ་སུན་སྣང་དང་བཅས་ཚོགས་མི་ལོངས་འདུག ཅི་ལྟར་བྱ་ཞེས་ཚོང་པ་དེར་དྲིས། ཁོས་བཟོ་གྲྭས་བོད་ཡུལ་དུ་ལག་འཁྱེར་ཁ་པར་བརྒྱུད་འཚོང་བྱ་ན་ཁོ་གཉིས་ལ་བརྟེན་དགོས། ཚོགས་གཙོ་ལ་ངས་ཡར་ཞུ་ཞུས་ཆོག་ཟེར་བཞིན་གཞོགས་ཤིག་ཏུ་སོང་ནས་ཁ་པར་བཏང་། ཁ་པར་ལས་ཅི་ཞིག་བཤད་པ་མི་ཐོས་མོད་ཁོས་མི་ཞིག་ལ་ཞུ་བ་བྱེད་པའི་སྐད་གསལ་པོར་གོ་ཐུབ། ཅུང་ཙམ་འགོར་རྗེས་ཁོ་ཕྱིར་ཡོང་སྟེ་ངས་ཞུ་བ་ཡང་ཡང་བྱས་པས། སློབ་ཡོན་སོགས་སྒོར་ཁྲི་གཅིག་རེ་སྟེར་ཐུབ་ན་བོད་ལྗོངས་གཙོ་བྱས་པའི་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན།  ཟི་ཁྲོན་ཞིང་ཆེན།  ཡུན་ནན་ཞིང་ཆེན་སོགས་བོད་ཡུལ་གྱི་བརྒྱུད་འཚོང་སྤྱི་གཉེར་པར་ཁྱོད་གཉིས་ཞོག་ཟེར། འདང་བཟང་བོ་རྒྱོབས། ས་ཆ་ཆུང་ཆུང་ཞིག་གི་སྤྱི་གཉེར་པ་མ་རེད་ཅེས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡི་ཚུལ་གྱིས་བཤད། སྤྱི་གཉེར་པ་ནི་ཅི་ཞིག་ཡིན་པ་ཡང་མི་ཤེས་པའི་ངེད་གཉིས་ཀྱི་གཡང་ཅན་ཉལ་ཏེ་བསྡད་ན་གཡང་ཟོག་འཁོར་ནས་ཡོང་། ས་རྒྱ་ཆེ་ཞིང་ཐོན་ཁུངས་མང་བའི་བོད་ཡུལ་དུ་ཚན་རྩལ་གྱི་ཐོན་རྫས་བརྒྱུད་འཚོང་བྱེད་པ་ནི་དོན་སྙིང་ཅན་གྱི་ལས་དོན་ཞིག་རེད་སྙམ་བཞིན་སྒོར་ཁྲི་གཉིས་གཞོན་ནུ་མ་དེར་སྤྲད། གཞོན་ནུ་མ་དེས་ བླངས་ཟིན་པའི་འཛིན་ཡིག་གཅིག་གསལ་པོར་བྲིས་ཏེ་ངེད་གཉིས་ལ་བྱིན་རྗེས། སང་ཉིན་ནས་བཟུང་གང་དུ་ཡང་སོང་མི་ཆོག་པ་མ་ཟད། མི་གཞན་ལ་འབྲེལ་གཏུག་ཀྱང་བྱ་མི་ཆོག  ཚོང་པའི་འཛིན་རྟགས་ལེན་ཐུབ་སོང་ན་ཚོགས་བདག་དང་པོར་གྱུར་སོང་བ་རེད། ད་ལྟའི་བར་དུ་བོད་ཡུལ་དུ་ཚོགས་བདག་གཅིག་ཀྱང་མེད་པས་ཁྱེད་གཉིས་ཐད་ཀར་སྤྱི་གཉེར་པ་བྱས་ཆོག སྐབས་དེར། གར་འགྲོ་འདིར་འགྲོ་རང་དབང་ཡིན།  ཚོང་པའི་འཛིན་རྟགས་ལེན་མ་ཐུབ་ན། སྤྱི་གཉེར་པར་འདུག་རྒྱུ་ཕར་ཞོག  ཟླ་ཕོགས་ཟེར་བའང་ལེན་རྒྱུ་མེད་ཟེར། སྒོར་མོ་འཕྲོ་མ་ཡང་ཁྱེད་གཉིས་ཀྱི་བཟུང་ན་རྐུན་མས་རྐུས་འགྲོ་ལ་ཇག་པས་འཕྲོག་ཀྱང་སྲིད་པས་བདེ་འཇགས་ཀྱི་ཆེད་དུ་ངས་བདག་གཉེར་བྱེད། རྗེས་ནས་ཕྱིར་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཕྱིར་སྤྲོད་ཟེར་བཞིན་ངེད་གཉིས་ཀྱི་ཁུག་མ་ནང་གི་སྒོར་ལྷག་ཡོད་ཚད་བླངས་པ་མ་ཟད། ལག་འཁྱེར་ཁ་པར་ཡང་ཕྱིར་བླངས། རྒྱ་མོ་དེ་འདྲའི་ཡག་མ་ཞིག་ངས་མཐོང་མ་མྱོང་། ངོ་མའི་ཤོམ་ལྭ་ངོམ་མཁན་ཞིག་དང་འདྲ། ཁོ་མོའི་ཕྲ་ཞིང་རིང་བའི་གཟུགས་དང་ལྷ་མོ་ལྟ་བུའི་གདོང་།  མེ་ཏོག་ལྟ་བུའི་མདངས་བཅས་ནི་ལྷ་བཟོ་ཞིག་གིས་ཆེད་དུ་ལས་པ་དང་འདྲ། ངས་ཁོ་མོའི་ལག་ནས་སྒོར་མོ་ལྔ་བརྒྱ་ཕྱིར་བླངས་ཏེ་འདི་ཁྱོད་ལ་བྱིན་པ་ཡིན།  རྗེས་ནས་ང་ལ་སྟེར་མི་དགོས་ཞེས་བཤད། དེ་ལྟར་ཅི་ཡིན་འདི་ཡིན་མ་ཤེས་པར་ངེད་གཉིས་ཀྱི་སྒོར་མོ་ཡོད་ཚད་ཁོ་ཚོས་བླངས་ཚར།”
  ཨ་ཁུ་B.Lཡི་བཤད་པའི་སྐད་ཆ་ལས། མཚམས་རེར་ཁོ་གཉིས་ཚོང་པ་བྱེད་དགོས་པ་དང་མཚམས་རེར་བཟོ་པ་བྱེད་དགོས་པ། མཚམས་རེར་ཚོགས་མི་བྱེད་དགོས་པ། མཚམས་རེར་སློབ་མ་བྱེད་དགོས་ཟེར་བས་ཅི་ཡིན་མ་ཤེས་པར “དོན་དངོས་སུ་ཅི་ཞིག་ལས་ས་རེད”ཅེས་དྲིས།
  ཁོ་དགོད་བཞིན་ཆང་ཉུང་ཙམ་འཐུང་སྟེ“ཁོ་ཚོར་ལག་འཁྱེར་ཁ་པར་གྱི་བཟོ་གྲྭ་ཞིག་གང་ན་ཡོད། ལག་འཁྱེར་ཁ་པར་དེ་དག་ནི་ཞང་ཀང་ནས་ལྐོག་འཚོང་བརྒྱུད་དེ་འཁྱེར་ཡོང་བ་རེད། ལག་འཁྱེར་ཁ་པར་ནི་ངེད་གཉིས་ལྟ་བུའི་ཧེབ་རྐྱལ་རྣམས་འགུགས་བྱེད་ཀྱི་རྙི་ལྟ་བུ་རེད། ཁོང་ཚོས་ངེད་གཉིས་ལྟ་བུའི་མི་བརྒྱ་ལྷག་ཁང་ཆེན་ཞིག་ཏུ་བཅུག་སྟེ་ཉིན་ཁར་ཉིན་དང་ཟླ་ཁར་ཟླ་བརྩེགས་ཏེ་གསབ་སྦྱོང་བྱས།  གསབ་སྦྱོང་གི་ནང་དོན་གཙོ་བོ་ནི་མི་གཞན་ཚོགས་མིར་འགུགས་དུས་ཁ་ཡག་ཇི་ལྟར་བཤད་པ་དང་། མགོ་བསྐོར་ཇི་ལྟར་གཏོང་བ་སོགས་སྒྲོལ་མ་འདོན་འདོན་བྱེད་ཐུབ་པའི་ཚད་དུ་སླེབས་སུ་འཇུག་པ་དེ་རེད།  གསབ་སྦྱོང་དེ་ལས་མཐར་ཕྱིན་མ་ཐག་ཚོགས་བདག་དང་པོར་གྱུར་སོང་། དེར་ཚོགས་མི་བཙལ་བའི་དབང་ཆ་ཡོད་ལ། དེས་ཚོགས་མི་བཅུ་ཡི་ཡན་རྙེད་པ་ན་ཚོགས་བདག་གཉིས་པར་གྱུར་སོང་། ཁོས་བཙལ་བའི་ཚོགས་མི་དེ་དག་གིས་ཚོགས་མི་བཅུ་རེ་རྙེད་པ་ན། ཁོ་ཚོགས་བདག་གསུམ་པར་གྱུར་སོང”ཞེས་ཁེད་ཅིག་བཤད་པ་དང་འདྲ་བས། རྩིས་རིག་གི་བེད་སྤྱོད་རྩིས་གཞི་འགྲེལ་བར་མཁས་པའི་ང་ཡང་བསྐྱར་མགོ་ཐོམ་པར་བྱས།
   “ཚོགས་མི་དེ་འདྲ་མང་བོ་ཞིག་བཙལ་ཏེ་ཅི་ཞིག་བྱེད་དགོས་པ་རེད”
   “ཚོགས་མི་བཙལ་ཏེ་སྒོར་མོ་ལེན་རྒྱུ་དེ་རེད། ཚོགས་མི་རེ་རེས་སྒོར་ཁྲི་རེ་བྱིན་ན། རང་རྒྱལ་ལ་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པས་སྒོར་མོ་ཅི་ཙམ་གྱི་ཡོང་སྒོ་ཡོད་རྒྱུ་རེད། ཁོ་ཚོས་ཧེབ་རྐྱལ་རྣམས་ཀྱི་སྒོར་མོ་ཐབས་ཀྱིས་བླངས་ཏེ་ཚོགས་བདག་རེ་རེར་རིམ་པ་བཞིན་དུ་ཡོང་སྒོ་ཡི་བརྒྱ་ཆ་ལྟར་བགོ་བྱ་བྱེད་པ་རེད། ཡོང་སྒོ་ཆེས་མང་པ་ནི་ཚོགས་གཙོ་རེད། ད་ཤེས་སོང་ངམ།”
  ངས “ཚོགས་པ་དེ་ནི་དཔེ་བཞག་ན། གསོམ་སྡོང་ཞིག་དང་འདྲ་བར་ཇི་ལྟར་རྒྱས་ན་དེ་བཞིན་དུ་ཡོང་སྒོ་མང་བ་དང་ཚོགས་གཙོ་ནི་སྡོང་བོའི་མ་རྐང་དང་། ཚོགས་བདག་གཞན་ནི་ཡལ་ག་དང་འདྲ་བ་ཨེ་རེད”ཅེས་ལན་འདི་བཏབ། ཁོས“རིགས་ཀྱི་བུ། དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ”ཞེས་བསྟོད་པའི་མཐེ་བོང་ང་ལ་བསྟན།
   “དེ་ན་ཁྱོད་གཉིས་ཇི་ལྟར་ཕྱིར་བྲོས་ཡོང་བ་ཡིན་ནམ། ”
  “རྒྱ་མོ་ཡག་མ་དེའི་བཀའ་དྲིན་རེད། ཁོ་མོར་སྒོར་མོ་བྱིན་པའི་བཀའ་དྲིན་གྱིས་ཁོ་མོ་ནི་ངེད་གཉིས་ཀྱི་ཤ་ཉེ་ཞིག་དང་འདྲ་བར་ངེད་གཉིས་ལ་བདག་བདག་སྐྱོང་བྱས། ཡོད་ན་རྡོ་རྗེ་ཡིན་ལ་གདོན་རྫས་ཀྱང་ཡིན་པའི་སྒོར་མོ་ཡིས་མཚམས་རེར་མི་རིགས་མི་གཅིག་པ་དང་མི་རྒྱུད་མི་གཅིག་པ་ཡང་ཤ་ཉེ་ལྟར་བཅོས་འགྲོ་ལ། མཚམས་རེར་ནང་མི་སྤུན་ཟླའི་བར་དང་ཕ་བུའི་བར་དུ་འཁྲུག་རྩོད་བྱས་ཏེ་རྒྱག་རེས་བྱེད་དུ་འཇུག་ཅིང་། མཚམས་རེར་མི་དང་མིའི་བར་དུ་བཅོས་མའི་འཛུམ་མདངས་དང་བརྗེད་མེད་ཀྱི་ཤ་འཁོན་འཛིན་དུ་འཇུག་པས། སྒོར་མོ་ཡིས་མི་ལུས་རིན་ཆེན་ཅི་འདྲའི་མང་པོ་ཞིག་ཕངས་མེད་དུ་བཏང་བ་སུ་ཞིག་གིས་རྟོགས་སམ། སྙིང་མ་རྗེ། རྒྱ་མོ་གཞོན་ནུ་མ་དེ་ཡང་སྒོར་མོའི་ཆེད་དུ་གཞན་གྱིས་མགོ་བསྐོར་འོག་ཚུད་དེ་དེར་འཁྲིད་ཡོང་བ་ཞིག་རེད། སྐབས་དེར་ཚོགས་གཙོ་ཡི་དགའ་གྲོགས་སུ་གྱུར་ཡོད་པས། ཅི་ཞིག་བཤད་ནའང་མིན་ཟེར་མཁན་ཞིག་མེད། ངས་རྒྱུན་དུ་ཁོམ་པ་རེ་ཡོད་དུས་ཁོ་མོ་དང་འབྲེལ་གཏུག་བྱས་ཏེ་བོད་ཡུལ་དུ་དབྱར་རྩྭ་དགུན་འབུ་དང་ཤ་རྭ།  དགོ་རྭ། གཙོད་ཁུལ་སོགས་མོད་ཚུལ།  ངེད་གཉིས་ལ་ཚོང་རྭ་ཆེན་པོ་ཞིག་ཀྱང་ཡོད་པས། དེ་ལྟར་བསྡད་ན་སྒོར་མོ་ཁྲི་ཁྲི་འབུམ་འབུམ་གྱིས་གྱོང་རེག་གི་ཡོད་ཚུལ། ཁོ་མོ་ཇི་ལྟར་ཡག་ཚུལ་དང་བློར་ཇི་ལྟར་འབབ་ཚུལ་སོགས་གླེང་མོལ་བྱས། ང་རང་ལ་ཕོ་སྒོ་ཡོད་པ་ཡིན་ནམ། ང་རང་གིས་བཤད་དེ་བསྐོར་བ་ཡིན་ནམ། གང་ལྟར་ཟླ་འགའ་ཡང་མ་འགོར་བར་ངེད་གཉིས་ཀྱི་ཞེ་སྣང་བ་
མཐུན་ཏེ་ཁོ་མོ་ངའི་སྙིང་གྲོགས་སུ་གྱུར། ངེད་གཉིས་ཀྱི་འདང་བརྩེ་གསོན་ན་མཉམ་གསོན་དང་ཤི་ན་མཉམ་ཤི་ཡི་ཚད་ལ་ཐོན་དུས། ངས་ཁོ་མོ་ལ་ཁྱི་ཕག་ལྟར་འཚོ་བའི་ཚོགས་པ་ལས་ཕྱིར་བུད་དེ་རྒྱས་བཟའ་རྒྱས་འཐུང་གི་ཚོང་བདག་བྱེད་འདོད་པའི་རེ་བ་ཡང་ཡང་ཞུས། ཁོ་མོ་ཡང་འཐད་དེ་ང་ཚོ་མཉམ་དུ་འབྲོ་བར་གྲོས་བྱས། གསར་ཞུགས་མི་སྣ་བཞི་ཡོད་པའི་ཉིན་ཞིག་གི་དགོང་མོ། ངེད་གསུམ་པོས་སྒོར་ཁྲི་བཞི་ལྷག་འཁྱེར་ཏེ་རླངས་འཁོར་ཞིག་གླས་ནས་ཟི་ལིང་དུ་ཡོང་། དེ་ལྟར་ཁོ་མོས་ངེད་གཉིས་འཇིགས་རུང་གི་རྨི་ལམ་ལྟ་བུ་ལས་བསྐྱབས་པ་རེད། སྙིང་མ་རྗེ། ཁོ་མོར་བོད་ཡུལ་གྱི་ས་ཆུ་མ་འཕྲོད་པར་ཕྱིར་ཡུལ་ལ་བུད་སོང་། ས་ཆུ་འཕྲོད་ཡོད་རྒྱུ་ན་ངེད་གཉིས་ཁྱིམ་གཅིག་གི་བཟའ་ཚང་ཉན་ཡོད། ཇི་འདྲའི་རྒྱ་མོ་ཡག་མ་ཞིག ཇི་འདྲའི་རྒྱ་མོ་བཟང་མ་ཞིག ཇི་འདྲའི་རྒྱ་མོ་འཇམ་པོ་ཞིག” ཁོས་མིག་ཆུ་ཡོང་ལ་ཁད་བྱས་ཏེ་སྨྲས་པར་བརྟགས་ན། ཁོའི་ཞེ་ཆགས་ས་གཅིག་པུ་ནི་ཁོ་མོ་ཡིན་པ་ཤེས་ཐུབ།

         ༡༤  མཐའ་མཇུག་གི་སྤྱི་སྡོམ།
     ཡུད་ཙམ་ལ་བསྡད་རྗེས་ལག་གཡས་པས་གཉེར་མས་བཀང་བའི་ཐོད་པ་ལ་བྱིལ་བྱིལ་འགའ་བྱས་ཏེ“ཐོད་པའི་ཁ་ཡིག་མེད་ན། འདི་འདྲ་རེད། ང་B.Lཡིས་མི་ལོ་སོ་ལྔ་ཡི་རིང་ལ་མ་མྱངས་པ་ཞིག་དང་མ་ལས་པ། མ་ཟོས་པ། མ་འཐུང་བ། མ་ཉན་པ། མ་བསམས་པ་ཅི་ཞིག་ཡོད། ཡིན་ཡང་། ད་ལྟ་སྔོན་གྱི་མཚང་མིང་དྭ་ཕྲུག་དང་གཡོག་ཕྲུག གླེན་ཕྲུག་དང་གདོན་ཕྲུག  ཁྱི་ཕྲུག མུག་ཕྲུག  སྤྲང་ཕྲུག སྐྱག་གཟན། བསྟན་དགྲ་སོགས་ཀྱི་སྟེང་དུ་རྫུན་རྐྱལ་དང་གཡོ་རྐྱལ། ལབ་རྐྱལ། ཆང་རྐྱལ། དུ་རྐྱལ། ལྟོ་རྐྱལ། ཁྲམ་པ། ཇག་པ། རྐུན་མ།  འདྲེ་རྒན། ཁྱི་རྒན། སྤྲང་རྒན། རྣོག་རྒན་སོགས་ཀྱིས་ཇེ་མང་དུ་སོང་བ་ལས་ཅི་ཡང་མེད། ངའི་མི་ཚེ་འདིར་བཏུང་བ་རྒྱ་མཚོ་བཞིན་ཟབ་ལ་བཟའ་བ་རི་རབ
་བཞིན་མཐོ། ངས་ཆང་དམ་རྡེའུ་འབུར་བཞིན་བརྩིགས་ཤིང་དུ་རྐང་གིས་ལབ་ཙེ་བཞིན་བསྟད།  ཤོག་སྒོར་ཀླུང་རྟ་བཞིན་གཏོར་པའི་མཐའ་མར་ཅི་ཡང་མ་འགྲུབ།  ཚེ་ཕྱི་མར་སོང་ན། དེ་དག་གཤིན་རྗེ་ཆོས་རྒྱལ་ལ་ཕྲ་ཞིང་ཞིབ་པར་རྩིས་སྤྲོད་དགོས། ཆོས་རྒྱལ་ཁོས་ཀྱང་ངའི་ཡ་ང་བའི་ལས་དབང་ལ་སྙིང་རྗེ་སྟེ་ང་རང་གུ་ཡངས་ལ་གཏོང་ངེས། མི་ཞིག་ལ་མཚོན་ན། རང་ལ་དབང་བའི་ཁྱིམ་གཞིས་དྲོན་མོ་ཞིག་མེད་ན་ཡོད་ཚད་ང་ལྟར་ཅི་ཡང་མི་འཁྱོངས་པས། རང་ས་རང་ཡུལ་གྱི་ས་ལག་མཐིལ་ཙམ་དང་ཆུ་མིག་ཆུ་ཙམ། རྡོ་ཁུ་ཚུར་ཙམ།  རྩྭ་ཉག་མ་ཙམ་ཡང་རིན་ཆེན་གསེར་ལས་ལྷག་པར་གཅེས་སྤྲས་ལེགས་པོ་བྱ་རྒྱུ་ནི་མི་རབས་ནས་མི་རབས་ཀྱི་དོན་ཆེན་ཞིག་ཡིན་པ་ལས། དཔོན་པོ་ཚོས་ཐོབ་གོ་ས་བསམས་པ་དང་མི་དམངས་ཀྱིས་སྒོར་མོ་བསམས་པའི་གནས་ལུགས་ཆུང་ཆུང་ཞིག་མ་རེད། འདི་ནི་ང་ཁྱི་ལྡོམ་ཞིག་གི་དྲི་མེད་ཀྱི་སེམས་གཏམ་དམར་པོ་ཡིན”ཅེས་མིག་ཟུང་བཙུམས་སྟེ་ཡུད་ཙམ་ལ་བསྡད།
   “རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་དང་ཚེ་མི་རྟག་ནམ་མཁའི་གློག་དང་འདྲ་ཞེས་པ་ཅིས་མ་བདེན། ཕྱིར་འདང་ཞིག་བརྒྱབ་ན། མི་ལོ་སོ་ལྔ་ནི་མིག་རྡེབ་དབང་ཙམ་རེད། ངས་བཤད་མ་ཐུབ་པའི་གཏམ་རྒྱུད་བགྲང་གིས་མི་ལངས་མོད། ད་ལྟ་ང་ངོ་མས་བཟི་འདུག་ལ་གཉིད་ཀྱང་ཡོང་བས་ད་མཚམས་འཇོག སང་ཉིན་ཁོམ་པ་ཡོད་ན། དུ་ཆང་གཉིས་ཉོས་དང་ངའི་གཏམ་རྒྱུད་ཡོད་ཚད་བཤད་ཆོག ང་ལ་ཉལ་ས་ཞིག་བཀོད་སྒྲིག་བྱེད་ཨེ་ཐུབ”ཅེས་ང་ལ་འཁོར་ནས་བཤད་རྗེས་སྤྱོད་ཁང་དུ་སོང།
ཁོའི་གཏམ་རྒྱུད་ལ་ཉན་པར་མགོ་འཁོར་ཏེ་ནམ་ལངས་ལ་ཉེ་བ་ཡང་ཤེས་ཀྱིན་མེད་པའི་ང་དང་དགེ་གྲོགས་ཚོས་ཁོ་རང་བཟི་དྲགས་ཏེ་ངོ་གདོང་ཐམས་ཅད་དམར་ནག་ཏུ་གྱུར་ཡོད་པ་ཡང་མ་ཚོར་ལ་འགྲོ་ཐུབ་ཀྱིན་མེད་པ་ཡང་མ་ཚོར།
  ཅུང་ཙམ་འགོར་རྗེས་ཁོ་རང་ཕྱིར་སླེབས་བྱུང་། ཆང་འཐུང་རྣམས་རླུང་བསེར་བུའི་ཁར་བརྒྱུད་ན་ཇེ་བཟི་རེད་ཅེས་པ་བདེན་པར་འདུག ཁོ་ཕྱིར་ཁང་པའི་སྒོ་ཁར་ཐོན་པ་ན། ཁོར་གཟའ་འཁེལ་བ་ཇི་བཞིན་འགྲོ་མི་ཐུབ་ལ། བཤད་ཀྱང་མི་ཐུབ་པའི་ཚད་ལ་ཐོན་འདུག དགེ་གྲོགས་ཚང་མས་ཁོ་རང་ཟ་ཁང་གི་ཚ་ཐབ་སྟེང་བསྙལ།
ཨ་ཁུ་B.Lཡི་གཏམ་རྒྱུད་མང་པོ་ཞིག་བཤད་མ་ཚར་བར་འདི་ལྟར་མཚམས་འཇོག་དགོས་པ་ང་ཚོའི་ཡིད་ལའང་དྲན་མེད་ལ། ང་ཚོར་མཚོན་ན། བགེགས་དང་བར་ཆད་ཆེན་པོ་ཞིག་རེད། ཁོའི་ཡ་ང་བའི་ལས་དབང་ལ་སེམས་འགུལ་ཐེབས་པ་ཡིན་ནམ། ཁོའི་མི་ཚེ་འདིའི་སྐྱིད་སྡུག་རེ་རེ་དང་དགོད་བྲོ་བའི་བསླུ་བྲིད་རེ་རེ་ལ་ཡ་མཚན་པ་ཡིན་ནམ། རྒྱུ་རྐྱེན་ཅི་ཡིན་མི་ཤེས་མོད། ང་ཚོས་གཅིག་གཅིག་གི་ངོ་ལ་ཅེར་ཏེ་ཡུན་རིང་འགོར། སུས་ཀྱང་ཁ་མ་གྲགས་པར་རང་རང་སར་གཉིད་དུ་སོང་མོད། ང་རང་ལ་གཉིད་གཏན་ནས་མ་ཁུགས།
  དེ་ལྟར་དགོང་མོ་ཉལ་འཕྱིས་པས་ཕྱི་ཉིན་སྔ་མོ་ལངས་འཕྱིས་སོང་། ངས་ཁ་ལག་བཀྲུས་པའི་སྐབས་སུ། ཇ་མ་བརྒྱུགས་ཡོང་སྟེ་ང་ལ“ཨ་ཁུ་B.Lགང་དུ་བུད་སོང་ངམ། ད་ནངས་སྔ་མོ་ནས་མེད། ཕལ་ཆེར་ཁོ་རང་ཁྱོད་ཀྱི་དོམ་ལ་སྐྲག་སྟེ་བྲོས་སོང་བ་འདྲ”ཟེར།
  ངས“འབྲོ་མི་སྲིད། ཁོ་རང་སྒོར་བུད་སོང་བ་ཁོ་ཐག་ཡིན”ཅེས་བཤད་མོད། ཇ་མའི་སྐད་ཆ་ཡང་བདེན་ན་ཐང་སྙམ། རྒྱུ་མཚན་ནི་དོམ་མི་དགོས་ཞེས་ཁ་སང་ཁོ་ལ་གསལ་པོར་མ་བཤད་པ་དང་།  ཐོག་དང་པོར་ཐུག་དུས་ཀྱང་འཚབ་འཚུབ་ཀྱིས་བྲོས་ཏེ་ཕྱིར་མ་ཡོང་བ་མིན་ནམ།  དུས་ཚོད་གཅིག་ལྷག་འགོར་མོད། ཁོ་རང་མཐོང་ཡུལ་དུ་མ་སྣང་བས་རིམ་གྱིས་ཇ་མའི་སྐད་ཆ་ལ་ཡིད་ཆེས་མི་བྱེད་ཐབས་མེད་བྱུང་།  
  ཨ་ཁུ་B.Lཡི་གཏམ་རྒྱུད་ལ་ཉན་མ་ཚར་བས་ཡིན་ནམ། མདང་དགོང་གཉིད་ཆག་པའི་རྐྱེན་སོགས་གང་ཡིན་མི་ཤེས་མོད། དགེ་གྲོགས་ཚོས་རང་རང་ས་ནས་ཁ་མ་གྲགས་པར་ནངས་ཇ་འཐུང་།
     གློ་བུར་དུ། ནངས་ཚོགས་ཀྱི་འདོན་དབྱངས་སྙན་མོ་དེ། སློབ་མ་ཚོས“ཆུ་དོང་ནང་དུ་མི་ཞིག་ལྷུང་འདུག”ཅེས་པའི་འཛེར་སྐད་ཅིག་གིས་དཀྲོགས་བྱུང་། ཁུ་སིམ་མེར་གནས་པའི་དགེ་གྲོགས་ཚོ་འུར་ཟིང་ངེར་བཏང་། སློབ་མ་མོ་ཐམས་ཅད་སྐྲག་ཐག་ཆོད་དེ་ངོ་གདོང་སྐྱ་བོར་གྱུར་ཡོད་ལ། ལ་ལས་རང་རང་གི་བཟང་སར་འཇུས་ཏེ་ངུ་བཞིན་འདུག སློབ་མ་ཕོ་ཚོས“ཨ་ཁུ་ཞིག་རེད།  ད་དུང་འགུལ་གྱིན་འདུག  ལྭ་བ་ནག་པོ་གྱོན་མཁན་ཞིག་རེད”ཅེས་འུར་བརྒྱབ།
  ཨ་ཁུ་རྟ་མགྲིན་གྱིས་ང་ལ་བལྟས་ཏེ“ ཚེ་བྷ།  ཁྱོད་མྱུར་དུ་ཆུ་དོང་ནང་བོབས་སྟེ་ཅི་ཞིག་ཡིན་པར་ལྟོས་དང་། B.Lཡིན་ན། ཁ་ཡར་བསྐོར་ཏེ་སྡོད”ཅེས་སྨྲས་རྗེས། “བཀྲ་ཤིས། ཁྱོད་སོང་སྟེ་སྡེ་དཔོན་དང་གསར་བུ་ཚོ་བོས་ཤོག ད་དུང་ཐག་པ་དང་སྐས་སོགས་ཡར་ལེན་སྤྱད་ཀྱི་ལག་ཆ་འཁྱེར་ཡོང་རྒྱུ་མ་བརྗེད”ཅེས་དམག་དཔོན་ཞིག་གིས་བཀོད་སྒྲིག་བྱེད་པ་དང་མཚུངས། འདི་འདྲའི་ཛ་དྲག་གི་གནས་ཚུལ་ལ་ཐེངས་དང་པོར་འཕྲད་པའི་བདག་ནི་རྣམ་ཤེས་མེད་པའི་མི་ཞིག་དང་འདྲ་བར་ཁ་ནས“ཡ་་་་་”ཞེས་བཤད་མོད། སྔོན་ལ་ཅི་ཞིག་བྱེད་དགོས་པའང་མ་ཤེས།
  ཆུ་དོང་དེའི་རིགས་ནི་ཆུ་དཀོན་པའི་རི་མ་ས་ཁུལ་དུ་ཆར་ཆུ་གསོག་བྱེད་དུ་རྫོང་ཆུ་བེད་ཅུའུ་ཡིས་ལས་པ་ཞིག་ཡིན་ལ། མི་ཕྱུགས་གཉིས་ཀྱི་འཐུང་ཆུ་དང་འཁྲུས་ཆུ། ཐ་ན་ཚོད་གྲྭའི་ནང་དུའང་ཆུ་བཏང་ཆོག་པས་དངོས་ནས་དམངས་ལ་ཕན་པའི་ལས་གཞི་ཞིག་ཡིན་པས། མང་ཚོགས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། ཡིན་ཡང་། ཡུལ་མི་ཚོས་ཆུ་དོང་གི་ཁ་གཅོད་རྒྱུ་བརྗེད་དེ་ནང་དུ་བྱིས་པ་དང་ར་ལུག་སོགས་ལྷུང་བའི་དོན་རྐྱེན་རྒྱུན་མི་ཆད་པར་བྱུང་དང་འབྱུང་བཞིན་འདུག   
ཆུ་དོང་གི་ཁ་དོག་ཅིང་ནང་ཡངས་ལ། ཆུའི་གསོག་ཚད་ཉུང་བའི་སྐབས་སུ་ནང་དུ་ལྷུང་བའི་ར་ལུག་སོགས་ལ་ཉེན་ཁ་ཅི་ཡང་མེད་པའི་གནས་ཚུལ་ཡང་ཡོད་པས། ང་རང་གིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་དོང་ངོས་སུ་འཛེར་བའི་ལྕགས་སྐས་ལས་མར་བབས། རྐང་ལ་གཟན་པའི་ཆུ་འཁྱག་དང་རྣ་བར་གཟན་པའི་ངུ་སྒྲ། སྙིང་ལ་གཟན་པའི་སྐྲག་སྣང་བཅས་ཀྱིས་ང་རང་ལ་གྲང་འདར་དང་དངངས་འདར་གཉིས་ཅིག་ཅར་དུ་སྐྱེས་ཏེ་ལྷ་པ་ཞིག་དང་འདྲ་བར་གྱུར།
  ཨ་ཁུ་རྟ་མགྲིན་གྱིས་འཚབ་འཚུབ་ངང་དོང་ནང་དུ་འཁོར་ནས“ཨ་རོགས་B.L ཁྱོས་གསལ་པོར་ཉོན། ཁྱོས་དཀོན་མཆོག་གསུམ་པོར་གསོལ་བ་ཐོབས། རིན་པོ་ཆེ་ཚང་སྒོམས་ལ་སོང་།  ཁྱོད་འཇིག་རྟེན་འདིར་ཞེ་མ་ཐོགས་པར་སོང་། ཁྱོད་བདེ་བ་ཅན་ནས་སྐྱེས་པར་ཤོག ཁྱོད་ཕ་འཛོམས་མ་འཛོམས་ཀྱི་ཁྱིམ་གཞིས་ཤིག་ནས་སྐྱེས་པར་ཤོག དཀོན་མཆོག་གསུམ་པོ”ཞེས་གསལ་འདེབས་དང་གསོལ་འདེབས་གཉིས་མཉམ་དུ་བསྲེས་ཏེ་སྐད་བརྒྱབ་པས། ང་རང་ལ་རྣམ་རྟོག་སྐྱེས་ནས་ས་ན་ཡོད་པ་དང་གནམ་ན་ཡོད་པའང་མི་ཤེས་པའི་ཚད་དུ་སླེབས།
   ང་རང་ཆུ་ཞབས་ནས་ཡར་ལངས་པ་ན། ངའི་མ་ནེ་ཡི་མཚམས་སུ་ནུབ་པས་ཁ་ནས་རང་དབང་མེད་པར“ཨུ་ཧུ་ཧུ། ཨ་ཤིག་ཤིག”ཅེས་ཤོར། ཆུ་རླབས་རེ་རེ་ལས་དོང་ཁའི་འོད་ལྡོག་འཕྲོ་བྱེད་པས་ཆུ་ཁར་གཡེང་བའི་དངོས་པོ་དེ་འགུལ་བཞིན་པའི་འཁྲུལ་སྣང་ཞིག་སུ་ལ་ཡང་སྟེར། ངས་སྐྲག་མ་དངངས་ཀྱིས་ལག་སྙོབ་གཅིག་བྱས་པ་ན། ཨ་ཁུ་ B.Lཡི་ལྭ་རིང་དེ་ཡིན་པ་ཤེས།  
  ཨ་ཁུ་རྟ་མགྲིན་གྱིས་དོང་ཁ་ནས་ང་ལ“ཚེ་བྷ། འཁྱག་ཨེ་ཡོད”ཅེས་དྲིས་བྱུང་། ངས་འདའ་མ་འདར་གྱིས“B.Lམ་རེད། ཁོའི་ལྭ་རིང་དེ་རེད”ཅེས་ལན་བྱིན། ཨ་ཁུ་རྟ་མགྲིན་གྱིས“ཁྱོས་བཙལ་ཡག་བྱོས། མདང་དགོང་གི་རྨི་ལམ་ལ་བརྟགས་ན་ཁོ་རང་ཡིན”ཅེས་བཤད།  
  ང་ཆུ་ནང་དུ་ཐེངས་འགར་འཛུལ་ཏེ་བཙལ་བ་ན། ཁོའི་ཀོ་ལྷམ་ཡ་གཅིག་ལས་ཅི་ཡང་མ་རྙེད།  སྐབས་དེར། སྡེ་དཔོན་དང་སྡེ་མི་ཡོངས་ཐོན་ཏེ་ཚང་མས་ང་རང་དོང་ཁར་བླངས། ཁོའི་ལྭ་རིང་གི་ཕུ་རུང་ཡ་གཅིག་གཏོར་ཡོད་པ་དང་ཀོ་ལྷམ་གཅིག་ཆུ་དོང་ནང་དུ་ལྷུང་ཡོད་པར་བལྟས་ན། ཁོ་རང་གིས་འཕག་འཚག་ཇི་འདྲ་མང་བོ་ཞིག་བརྒྱབ་པ་དང་སྐྲག་སྣང་ཇི་འདྲ་ཞིག་མྱངས་པའང་ཤེས་ཐུབ།
  མི་ཚེ་རིང་མོར་སྐྱིད་གསུམ་དང་སྡུག་གསུམ་ཞེས་པ་ཅི་མ་བདེན། ཨ་ཁུ་B.Lལ་མཚོན་ན། ཁ་སང་དཔོན་པོ་ཞིག་དང་འདྲ་བར་ཡོང་སྟེ་ཤ་ཟ་བ་དང་ཆང་འཐུང་ཞོར་དུ། རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་མི་ཚེ་ལ་སྤྱི་སྡོམ་ཐེངས་གཅིག་བྱས། མདང་དགོང་སྐྲག་སྣང་ཡ་ང་བ་ཞིག་མྱངས་རྗེས་ཆུ་ནང་དུ་ལྷུང་བའི་བྱ་ཕོ་ཇི་བཞིན་བྲོས་སོང་བ་མ་ཡིན་ནམ།  
  ཨ་ཁུ་B.Lཡི་གཏམ་རྒྱུད་བཤད་མ་ཚར་བར་འདི་ལྟར་ཉན་མཚམས་འཇོག་དགོས་པ་ནི་དངོས་ནས་བར་ཆད་ཆེན་པོ་ཞིག་རེད། གོ་ཐོས་ལ་ཨ་ཁུ་B.Lཁོ་དཔོན་པོ་རྫུན་མ་བྱས་པ་དང་མག་པ་རྫུན་མ་བྱས་པ། སྒོར་མོ་རྫུན་མ་བཀོལ་བ། ཐམ་ག་རྫུན་མ་བཟོས་པ། དངོས་པོ་རྫུན་མ་བཙོང་བ། དུག་འཚོང་བརྒྱབ་པ། ཤོ་བརྒྱབ་པ་སོགས་ཀྱི་གཏམ་རྒྱུད་མང་པོ་མང་པོ་ཞིག་མི་ཁ་ན་རླུང་ལྟར་གྲགས་མོད། ང་ཡིས་གཞན་ཁ་བརྒྱུད་ནས་འབྲི་མ་ཕོད་པས་དགོངས་འགལ་མེད་པ་ཞུ།
ངའི་སེམས་བསམ་པའི་སྟེང་ནས་ཨ་ཁུ་B.Lཡི་ཚེ་སྨད་བདེ་ཞིང་སྐྱིད་པའི་སྨོན་ལམ་ཡང་ཡང་བརྒྱབ་མོད། ཉིན་དེ་ནས་བརྩིས་པའི་ལོ་ངོ་ཉི་ཤུ་ཡི་རྗེས་སུ། ཨ་ཁུ་B.Lདང་ཁོའི་གྲོགས་པོ་གཉིས་ཕྱི་མར་གཤེགས་སོང་བའི་སྐད་ངན་ཞིག་ངའི་རྣ་རྩར་གྲགས་འོང་། བརྩད་གཅོད་ནན་མོ་བྱས་ཀྱང་ཞིབ་ཏུ་ཤེས་མཁན་ཞིག་མེད། ལ་ལས་བཤད་ན་ཁོ་གཉིས་ཀྱིས་ཆང་འཐུང་རྒྱུ་མང་སྟེ་ཤི་སོང་ཟེར། ལ་ལས་ཁོ་གཉིས་དོམ་པ་ཚོས་གཅར་ཏེ་བསད་ཟེར། ལ་ལས་ཁོ་གཉིས་རྒྱལ་སྤྱིའི་འཇིགས་སྐུལ་ཚོགས་པའི་ཚོགས་གཙོར་གྱུར་འདུག་ཟེར།  ལ་ལས་ཁོ་གཉིས་གྲྭ་བ་བྱས་འདུག་ཟེར།  ལ་ལས་་་་་་་།
        
                ༼རྫོགས་སོ།།༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

B.Lཡི་ལས་དབང་།༨

2012-05-18 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།