ཁ་པར་ནང་གི་བཙན་གཏམ།

བཀྲ་ཤིས་རྒྱལ།༼ཟི་ལིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-17

  བཅོ་ལྔའི་དུང་ཟླ་ནི་གསལ་ཞིང་སྒོར་ལ་མིའི་ཡིད་དབང་འཕྲོག་པ་ཞིག་རེད།རྩྭ་ཐང་གི་ཕོ་ཉལ་བ་ཞིག་ལ་མཚོན་ན།དུས་འདི་ནི་ཁོ་རང་འགུལ་སྐྱོད་བྱེད་བདེ་བའི་གོ་སྐབས་ལེགས་པོ་ཞིག་དང་སློབ་ཆེན་པ་ཞིག་ལ་མཚོན་ནའང་སྐབས་འདི་ནི་དུས་ཆད་ཀྱི་གོ་སྐབས་བཟང་བོ་ཞིག་ཅི་ལ་མིན།ལྷག་པར་དུ་དེ་རིང་ནི་གཟའ་སྤེན་པར་འཁེལ་ཡོད་སྟབས།དུས་ཆད་ལ་སྤྲོ་བའི་སློབ་ཆེན་པའི་གསར་བུ་གསར་མོ་ཚོར་མཚོན་ན་འདོད་ཐོག་ལ་རྟ་རྒྱུག་པ་མ་ཡིན་ནམ།
  དོན་འགྲུབ་དང་སྒྲོལ་མཚོ་གཉིས་ནི་འདང་བརྩེ་ཅན་དེ་ཚོའི་ཁྲོད་ཀྱི་དཔེ་མཚོན་མི་སྣ་གཉིས་སུ་བགྲང་ཆོག དོ་དགོང་དུང་མདོག་གི་ཟླ་བའི་འོག་ཏུ་ཁོ་གཉིས་ཀྱིས་བརྩེ་གཏམ་ལྷུག་པོར་བརྗོད་རྗེས།དོན་འགྲུབ་ཀྱིས“ད་སློབ་གྲྭའི་མལ་ཁང་གི་སྒོ་གཏན་ཟིན་པས་འུ་གཉིས་སྲང་གི་མགྲོན་ཁང་དུ་འདུག་པར་འགྲོ”
  “ ཆོག་གི ཁྱོས་བཤད་པ་བཞིན་དུ་སྒྲུབ”སྒྲོལ་མཚོས་ཐེ་ཚོམ་མེད་པར་གོམས་ལོབས་སུ་སོང་བའི་སྐད་ཆ་ཞིག་དེ་ལྟར་བཤད།ཕྱི་ཉིན་ཞོགས་པའི་ཉི་ཟེར་མགྲོན་ཁང་གི་སྒེའུ་ཁུང་བརྒྱུད་ནས་ཁོ་ཉིས་ཀྱི་མལ་ཁྲིའི་སྟེང་འཕྲོ་དུས།ད་གཟོད་ནམ་ལངས་ནས་ཅུང་འགོར་ཡོད་པ་རྟོགས།“ཨ་བ་ཨ་མ།སྒོར་བརྒྱ་ཡོད་པ་མགྲོན་ཁང་ལ་སྤྲད་ཟིན་པས།ད་ནི་ཟ་མ་ཟ་སྤྱད་ཅིག་མ་གཏོགས་ལྷག་མི་འདུག”“གླེན་པ་ཁྱོད།ཡུལ་ལ་སྒོར་མོ་སྐུར་ཟེར་མི་ཤེས་སམ”་སྒྲོལ་མཚོས་མ་དགའ་བའི་ཉམས་ཀྱིས་དེ་ལྟར་བཤད། “འོ། བདེན་འདུག ཁྱོས་བཤད་པ་འགྲིག་འདུག”དོན་འགྲུབ་མྱུར་དུ་ཚད་མཐོ་མགྲོན་ཁང་དེའི་སྤྱི་སྤྱོད་ཁ་པར་གཏོང་དུ་སོང་།“ཝེ།ཨ་ཕ་ཡིནནམ།ང་བདེ་མོ་ཡིན།ངའི་ཟླ་འདིའི་ཟས་རིན་ཚར་གྲབས་ཡོད་པས།ཁྱོད་ཀྱིས་མྱུར་དུ་སྒོར་སུམ་བརྒྱ་ལྷག་བསྐུར་དགོས།སྔོན་གྱི་སྒོར་ཉིས་བརྒྱ་བསྐུར་བ་དེ་སྔར་ནས་ཚར་ཟིན།ཁྱོད་ཀྱིས་ང་ལྟོགས་ནས་འཆི་རུ་འཇུག་བསམ་མམ།”དོན་འགྲུབ་ཀྱིས་ཁ་པར་ཁྲོག་སེ་བཞག་རྗེས།རང་གི་མཛའ་མོའི་གམ་དུ་བཅར་སོང་།ལོ་རྒན་ལྔ་བཅུར་ཉེ་བའི་ཨ་ཕར་དང་ཐོག་སྐྱོ་མདོག་ཅིག་མངོན་སོང་ནའང་།བུ་ཕྲུག་ལ་བཅངས་པའི་བརྩེ་སེམས་ཀྱིས་ཁོས་སླར་ཡང་སྒོར་ཉིས་བརྒྱ་ལྷག་བསྐུར་གྲབས་མི་བྱེད་ཀ་མེད་དུ་གྱུར།སྒོར་དེ་ནི་ཏག་ཏག་དེ་སྔོན་ཁོས་ཞོར་ལས་བྱས་ནས་བཙལ་བ་དེ་ཡིན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་པར་ནང་གི་བཙན་གཏམ།

2012-04-17 བཀྲ་ཤིས་རྒྱལ།༼ཟི་ལིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།