འཇའ་ཚོན།

དགའ་བཀྲ་ཤིས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-17

  ཁ་བ་ཆེན་པོ་ཞིག་བབས་འདྲའི་ལྷིང་འཇགས་ཀྱི་ཁོར་ཡུག་དེ་དང་དེའི་ཁྲོད་ན་ཤོག་སྐྱ་བཞིན་འཁུར་བའི་“དཀོན་མཆོག་གི་ཐུགས་སྲས་”དག་གིས་“སྒྲ་དབྱངས་སྙན་མོ་”ཞིག་མི་ཡུལ་ལ་འཇོག་ཆེད་དུ་“བྱིས་པ་”དམར་རྗེན་དག་ཕྱི་རོལ་ལ་བསྐྲད་རྗེས་གནམ་མཁའ་ལ་“ཁ་བའི་སྐས་གདེང་”རིང་མོ་ཞིག་འཛུགས་རྒྱུའི་འཆར་གཞི་ གང་མང་འཐེན།
  རྩམ་པ་སྐྱིད་ལམ་ལ་བུད་རྗེས་ཁ་བཏགས་ཀྱི་སྣེ་མོ་དེ་སྒོ་ཁ་རེ་རེའི་ཀ་གདུང་གི་མཐོ་ས་ན་བཏེགས་ཡོད།ལག་རྟེན་ཐོགས་པའི་རྒད་པོ་་ཞིག་གིས“གཤིན་རྗེའི་ཐག་པ་ས་ལ་ཐུག་འདུག་པས་མི་ཡུལ་ནས་འཚོ་བ་རོལ་ཐུབ་རྒྱུ་མ་རེད།  ང་ཁྱིམ་དུ་ལོག་ནས་བུ་ཆུང་གི་ཞལ་རས་བཀྲུ་དགོས།  གཤིན་རྗེའི་ཆོས་རྒྱལ་ལགས།ང་ལ་ཉིན་གཅིག་གི་གནང་བ་སྟེར་རོགས།བདག་གི་བྱ་བ་འགྲུབ་རྗེས་སྙན་ཞུ་འབུལ”།དེ་ལྟར་བརྗོད་རྗེས་རྐང་བ་གཉིས་ས་ལ་བཙུགས་ཏེ་ལག་པ་གཅིག་ཡར་བསྒྲེང་ནས་བྲོས་སོང༌།རྒད་པོ་དེར་གཞོན་ནུ་མཛེས་མ་ཞིག་གིས་ཅི་ལྟར་བོས་རུང་ཕྱིར་ལྡོག་ཐབས་མ་བྱུང་བ་མ་ཟད་དེའི་སྣང་བ་ཞིག་ལ་“བདག་པོས་”འབོད་པ་ལྟར་དངངས་ སྐྲག་ཚད་མེད་སྐྱེས།
  ཁ་བཏགས་ཡུག་ཅིག་གི་སྣེ་མོ་ས་ལ་མ་ཐུག་པས་མི་བུ་ཚད་ལྡན་དག་ལ་སྔར་བྱུང་མ་མྱོང་བའི་་བསམ་གཞིག་གང་མང་གི་ལམ་སྣ་དྲངས།དེ་དང་ཆབས་ཅིག་ཏུ་ངའི་གཏམ་རྒྱུད་འདིའི་མི་སྣ་རྩམ་པ་སྐྱིད་ཀྱང་ཁ་བཏགས་བཞིན་མི་ཆེན་དག་གི་ངོ་གདོང་ནས་འབབ་སྲིད།གནམ་མཁའ་ལ་ཁ་བའི་སྐས་གདེང་རིང་མོ་ཞིག་འཛུགས་རྒྱུའི་འཆར་གཞི་གང་མང་གི་ཉེ་འཁོར་ན་བྱིས་པ་དང་ལོ་ལོན།གྲྭ་བ།སློབ་མ་སོགས་འཚང་ཁ་ཤིག་ཤིག་གིས་འདུར།
  གློ་བུར་དུ་གཡུ་འབྲུག་གི་སྒྲ་ཆེན་ལྟ་བུའི་སྐད་སྒྲ་ཞིག་མཆེད་ཡོང་“ལ་ལས་དུས་ལ་ཐོན་སོང༌།ལ་ལས་གང་དུ་འགྲོ།ལ་ལས་སྐྲག་མི་དགོས་”སོགས་གང་ཡིན་ཆ་མི་འཚམ་པའི་ལབ་གླེང་སྣ་ཚོགས་བྱ།   དོན་ངོ་མར་དེ་ནི་ཅི་ཡང་མ་ཡིན་ཏེ་དངངས་འཚུབ་སྐྱེས་དོན་ཅི་ཡང་མི་འདུག ར་ལོའི་རུམ་ནང་གི་“ཤིག་”སྒྲ་ ཙམ་རེད།  
  མི་རྣམས་ཀྱིས་ཐག་པ་དེ་མཐོང་རྗེས་ད་གཟོད་རང་ཉིད་ཀྱི་“བདག་པོ་”ངོ་མ་དེ་གསལ་བོར་ཤེས་སོང་བ་དང༌།དེའི་གཞུག་གི་སྒྲ་གཟུགས་མེད་བའི་ཁེ་གྲི་ཆུང་ཆུང་གི་ཟིལ་ཤུགས་དང་འགྲན་ཟླ་ཡང་མཐོང་བྱུང༌།མི་བུ་ངོ་མ་ཞིག་གི་ཚེ་སྲོག་གི་རིན་ཐང་དུས་ཚོད་ཀྱིས་གཞལ་ཞིང་དུས་ཚོད་གྱི་རྒྱ་མའི་སྟེང་གི་ལྗིད་ཚད་རེད།རྩམ་པ་སྐྱིད་དང་ལག་རྟེན་ཐོགས་པའི་རྒད་པོ་དག་གིས་ཀྱང་དུས་ཚོད་ཀྱི་རིན་ཐང་གསལ་བོར་རྟོགས་ཡོད༌།དུས་ཚོད་ཀྱི་རིན་ཐང་གླེང་བཞིན་དུས་ཚོད་ལས་ལྗིད་ཚད་འཇལ་གྱིན་འདུག 
   མི་ལོ་གཅིག་ཕར་འདས་སོང༌།མི་ལོ་གཉིས་ཕར་འདས་སོང༌།མི་ལོ་གསུམ་ཕར་འདས་སོང༌།……
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇའ་ཚོན།

2012-04-17 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།